Skip to main content Skip to search
ཁམས་ཕྱོགས་དཀར་མཛེས་ཁུལ་དགོན། དེབ་གསུམ་པ།
ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་། དེབ་གསུམ་པ།
ཚེ་རིང་ཐར། གདུགས་དཀར་ཚེ་རིང་། བློ་གྲོས་དང་། འཇིགས་མེད་བསམ་གྲུབ་ཀྱིས་བརྩམས།
འཇིགས་མེད་བསམ་གྲུབ་ཀྱིས་རྩོམ་སྒྲིག་བྱས།
THL ID: T5742, oclc: 48810539
Original Print Publisher:ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
Digital Reprint Publisher:Tibetan & Himalayan Library
Copyright © 2011 by ཚེ་རིང་ཐར།, གདུགས་དཀར་ཚེ་རིང་།, བློ་གྲོས།, and འཇིགས་མེད་བསམ་གྲུབ།
Reproduced with permission from the authors
under the THL Digital Text License.
ཀླད།
མཚན་བྱང་།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ལོ་རྒྱུས་ཞིབ་འཇུག་སོའོ་དང་།

ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་།

ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཆོས་ལུགས་ཅུད།

དཀར་མཛེས་ཁུལ་ཡིག་བསྒྱུར་ཅུད་བཅས་ལས་ཁུངས་བཞི་ནས་བསྡུ་སྒྲིག་བྱས།

(ནང་ཁུལ་ཡིག་ཆ་ཡིན་པས། ཉར་ཚགས་བྱེད་རྒྱུར་ཡིད་གཟབ་བྱེད་དགོས།)

1995ལོའི་ཟླ་10ཚེས་25ལ།

ཐོག་མའི་སྙན་སྒྲོན།

[page i] དེ་ཡང་བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཆེན་པོའི་ནང་གི་དགེ་ཚན་ཁྱད་དུ་འཕགས་པའི་རིག་གནས་ཤིག་ཡིན་པར་མ་ཟད། འཛམ་གླིང་རིག་གནས་ཀྱི་བང་མཛོད་ཆེན་པོའི་ཁྲོད་དུའང་ཆེས་སྔོན་ཐོན་གྱི་མ་ལག་ཆ་ཚང་བའི་རིག་གནས་ཤིག་ཡིན། བོད་དུ་ནང་བསྟན་ཆོས་ལུགས་དར་བ་ནས་བཟུང་བོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་ལོ་རྒྱུས་ཕལ་ཆེར་བ་ཆོས་ལུགས་དང་དགོན་པ་ཁག་གི་ལོ་རྒྱུས་དང་འབྲལ་བ་ངེས་ཅན་ཞིག་ཆགས་ཡོད་པར་བརྟེན། ང་ཚོའི་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཆབ་སྲིད། ཆོས་ལུགས་བཅས་བོད་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དངོས་ལ་ཞིབ་འཇུག་བྱེད་ཚེ། ངེས་པར་དུ་བོད་ཁམས་ཡོངས་ཀྱི་དགོན་པ་སོ་སོའི་ལོ་རྒྱུས་ཤེས་དགོས་པ་དང་། བོད་ཀྱི་དགོན་པ་ནི་བོད་ཀྱི་རིག་གནས་དང་རིག་དངོས་ཀྱི་གནས་ཡུལ་ལྟེ་གནས་ལྟ་བུ་ཞིག་ཡིན་པར་མ་ཟད། བོད་ཀྱི་ལོ་རྒྱུས་སྟེང་ཆོས་སྲིད་བཟུང་འབྲེལ་གྱི་ལམ་ལུགས་ཆགས་པ་ནས་བཟུང་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱལ་སོགས་ལའང་ཤུགས་རྐྱེན་ཟབ་མོ་ཞིག་ཡོད་པ་ཡིན།

དེར་བརྟེན་བོད་ཀྱི་དགོན་སྡེ་ཕལ་མོ་ཆེ་ཞིག་གི་ལོ་རྒྱུས་ནི་ཡིག་ཐོག་ཏུ་ཆ་ཚང་ཙམ་རེ་བཀོད་ཡོད་པ་དང་། འགའ་ཞིག་གི་ལོ་རྒྱུས་ནི་ཤོག་དྲེལ་ཙམ་མམ་ཡང་ན་མི་རབས་ནས་མི་རབས་བར་རྒན་པོ་དག་གི་ངག་རྒྱུན་ཙམ་ལ་བརྟེན་པ་ལས་ཡེ་གེར་བཀོད་ཡོད་པ་ནི་མི་སྣང་། བར་སྐབས་སུ་དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཟང་ཟིང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དགོན་པའི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་ཕལ་ཆེར་འཐོར་བརླག་དང་། ངག་རྒྱུན་ཤེས་པའི་རྒན་རབས་རྣམས་ཀྱང་ཕལ་ཆེ་བ་དུས་ལས་འདས་ཟིན་པར་བརྟེན། དགོན་པ་ཁག་གི་ལོ་རྒྱུས་གནས་ཚུལ་ཕལ་ཆེར་མི་མངོན་པའི་དབྱིངས་སུ་ཐིམ་ལ་ཉེ་བའི་སྐབས་འདིར། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་གྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལགས་ནས་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་སོ་སོའི་ལོ་རྒྱུས་ཕྱོགས་སྒྲིག་བྱ་རྒྱུར་དངོས་སུ་ཁྲིད་གནང་བར་མ་ཟད། ད་དུང་ཉིད་ཀྱི་འཆར་གཞི་ནན་ཏན་བཟོས་ཏེ་སྤྱི་ལོ་1994ལོ་ནས་བྱ་ལས་འདི་སྒྲུབ་པའི་ལས་འགོ་བརྩམས་པ། དེ་ནས་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཆོས་དོན་ཁང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཁང་། བཅས་ལས་ཁུངས་བཞི་མཉམ་འབྲེལ་བྱས་ཏེ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་བོད་ཀྱི་གྲུབ་མཐའ་སོ་སོའི་དགོན་པའི་ལོ་རྒྱུས་དང་དཔལ་འབྱོར་ཡོང་ཁུང་སོགས་ཀྱི་གནས་ཚུལ་ངོ་མ་རྣམས་སྒྲོ་སྐུར་དང་བྲལ་བའི་སྒོ་ནས་ཁ་གསལ་དོན་འདུས་པ་ཞིག་བྲིས་[page ii] ཡོད་པ་འདིས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་རྣམས་སླར་གསོ་དང་མ་ཉམས་པ་གོང་འཕེལ་གཏོང་བ། བོད་ཀྱི་ཤེས་རིག་ཞིབ་འཇུག་གནང་མཁན་རྣམས་ལ་དཔྱད་གཞིའི་ཡིག་ཆ་མཁོ་འདོན་དང་། རྒྱ་ཆེ་བའི་ཆོས་དད་མང་ཚོགས་རྣམས་ཀྱི་རེ་འདོད་ཀྱང་སྐོང་ཐུབ་པ་བཅས་ཀྱི་དགེ་མཚན་མང་དུ་ཐོན་ཡོད།

ལོ་རྒྱུས་འབྲི་སྟངས་ཀྱི་ཐད་ནས་ཡིག་ཚོགས་བསྐྱུང་བའི་ཕྱིར་མཆོད་བརྗོད་ཀྱི་རྒྱས་སྤྲོས་མང་པོའི་ཚོགས་བཅད་དང་། སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ། སྟོན་པའི་ཆོས་འཁོར་བསྐོར་ཚུལ། ས་དཔྱད་དང་གནས་བཤད་སོགས་དོར་ཡོད་པར་མ་ཟད། ད་དུང་རང་རང་གང་ལ་དད་མོས་བྱེད་པའི་བླ་མ་དེ་ལ་སྙན་ངག་གི་ལམ་ནས་རབ་བཏགས་སོགས་ཀྱི་བསྟོད་པ་སྣ་ཚོགས་དང་། བླ་མ་དེས་གྲུབ་རྟགས་སྣ་ཚོགས་བསྟན་ཚུལ་དང་ལྷ་འདྲེ་བཏུལ་ཚུལ་སོགས་འཇིག་རྟེན་ཆོས་ཉིད་ལས་བརྒལ་བའི་ལྷ་སྒྲུང་གི་གཏམ་རྒྱུད་ལྟ་བུའི་བཤད་ཚུལ་རྣམས་དང་། དགོན་པའི་ལོ་རྒྱུས་དངོས་བརྗོད་པ་ལ་དགོས་པ་ཆེར་མེད་པའི་ཚིག་ཉོག་མང་པོའི་ལོ་འདབ་རྣམས། འདིར་དཔེ་སྒྲིག་གི་སྐབས་སུ་འདོར་ཐུབ་བྱས་ཏེ། སྐབས་དོན་གྱི་ལོ་རྒྱུས་སྙིང་པོ་རྣམས་ཁ་གསལ་ཞིང་གོ་བདེ་བར་བསྒྲིགས་ཡོད་པ་ཡིན།

འོན་ཀྱང་ཐེངས་འདིའི་ལོ་རྒྱུས་འབྲི་མཁན་གྱི་རྩོམ་པ་པོ་སོ་སོའི་ཤེས་ཡོན་ཀྱི་ཆུ་ཚད་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་འདུག་པས། ལོ་རྒྱུས་འབྲི་སྐབས་ལ་ལས་དཔྱད་གཞིའི་ཡིག་ཆའམ་ཆོས་འབྱུང་ལོ་རྒྱུས་སོགས་ཀྱི་དགོངས་དོན་ཇི་བཞིན་མ་ལོན་པའམ། ཡང་ན་དཔྱད་གཞིའི་ཡིག་ཆ་ཚད་ལྡན་མེད་པར་རང་བཟོས་ལོག་བཤད་སྣ་ཚོགས་དང་། ཚིག་སྦྱོར་དང་ཡིག་ནོར་སོགས་ཀྱི་ཐད་ལ་ནོར་འཁྲུལ་མི་ཉུང་བ་ཞིག་མཆིས་པས། དེ་རེ་རེ་ནས་ཞུ་དག་ཞིབ་མོ་ཞིག་བྱ་ཐབས་བྲལ་བས། རྗེས་ནས་གཟུར་གནས་བློ་ལྡན་རྣམས་ཀྱིས་དག་བཅོས་ལེགས་པོ་ཞིག་གནང་བར་དགོངས་འཇགས་ཞུ།

ཞེས་རྩོམ་སྒྲིག་པ་འཇིགས་མེད་བསམ་གྲུབ་ཀྱིས།

༡༩༩༥ལོའི་ཟླ༡༡ཚེས་༡ལ།

ཟུར་ཞུ།

[page iii] ཐེངས་འདིར་དཀར་མཛེས་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་བྲི་བར་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ལོ་རྒྱུས་ཞིབ་འཇུག་སོ་ཡི་བློ་མཐུན་ཚེ་རིང་ཐར་དང་གངུགས་དཀར་ཚེ་རིང་བློ་གྲོས། འཇིགས་མེད་བསམ་གྲུབ་བཅས་ཀྱིས་སྤྱི་ལོ་1994ལོའི་ཟླ་དྲུག་པ་ནས་བཅུ་པའི་བར་དཀར་མཛེས་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་དང་། དགོན་སྡེ་སོ་སོར་དངོས་སུ་ཕྱིན་ཏེ་གནས་ཚུལ་ངོ་མ་བཅར་འདྲི་གནང་སྐབས་དཀར་མཛེས་རྫོང་གི་རིམ་པ་སོ་སོའི་འགོ་ཁྲིད་བློ་མཐུན་རྣམས་དང་། ལྷག་པར་དུ་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་(ཞན་ཀྲང་གཞོན་པ་)རྒྱལ་བསྟན་བློ་བཟང་བྱམས་པ་མཆོག་དང་། རྫོང་ཆོས་ལུགས་ཅུད་ཀྱི་(ཅུད་ཀྲང་གཞོན་པ)ཚེ་དབང་དངོས་གྲུབ་རྣམ་གཉིས་ཀྱིས་ང་ཚོ་དགོན་པ་སོ་སོར་འགྲོ་སྐབས་རླངས་འཁོར་བཀོད་སྒྲིག་དང་། དཔྱད་གཞིའི་ཡིག་ཆ་མཁོ་འདོན་སོགས་ཐེངས་འདིའི་བྱ་ལས་ཐད་མགོ་ནས་མཇུག་བར་རྒྱབ་སྐྱོར་བླ་ན་མེད་པ་ཞིག་གནང་བ་ལ་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། ཞེས་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་རྣམ་གྲངས་འདིའི་ཞིབ་འཇུག་ཚན་ཆུང་ནས།

དཀར་ཆག
[page i] ཁམས་ཕྱོགས་དར་མདོ་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

སྙན་ལམ་དགོན་པའི་ལོ་རྒྱུས།རྙིང་མ། (2)

ཉི་འོད་དགོན་གྱི་ལོ་རྒྱུས།རྙིང་མ། (4)

མི་ཉག་སེང་གེ་དགོན་གྱི་ལོ་རྒྱུས།རྙིང་མ། (4)

བྲག་མཁར་དགོན་གྱི་ལོ་རྒྱུས།རྙིང་མ། (9)

རཱ་ཏི་དགོན་གྱི་ལོ་རྒྱུས།རྙིང་མ། (12)

རྡོ་རྗེ་བྲག་དགོན་གྱི་ལོ་རྒྱུས།རྙིང་མ། (16)

དཔལ་རིས་དགོན་གི་ལོ་རྒྱུས།རྙིང་མ། (19)

དཀར་མཛའ་རི་ཁྲོད་ཀྱི་ལོ་རྒྱུས།རྙིང་མ། (20)

ནཱ་ཐ་དགོན་པའི་ལོ་རྒྱུས།རྙིང་མ། (21)

བཱཿགནས་དགོན་པའི་ལོ་རྒྱུས།རྙིང་མ། (22)

ར་ལུ་དགོན་གྱི་ལོ་རྒྱུས།རྙིང་མ། (25)

དཔལ་ལྷ་སྒང་དགོན་གྱི་ལོ་རྒྱུས།རྙིང་མ། (26)

སྐྱེད་ཚལ་དགོན་གྱི་ལོ་རྒྱུས།ས་སྐྱ། (28)

ཕྱུག་མོ་དགོན་གྱི་ལོ་རྒྱུས།ས་སྐྱ། (29)

བཀའ་བཞི་དགོན་པའི་ལོ་རྒྱུས།ས་སྐྱ། (30)

རི་ཁུད་དགོན་གྱི་ལོ་རྒྱུས།ས་སྐྱ། (36)

བྱང་ཆུབ་དགོན་གྱི་ལོ་རྒྱུས།ས་སྐྱ། (41)

ཁུ་འབྱོར་དགོན་གྱི་ལོ་རྒྱུས།ས་སྐྱ། (41)

ས་སྐྱ་དགོན་གྱི་ལོ་རྒྱུས།ས་སྐྱ། (42)

སེའུ་དགོན་གྱི་ལོ་རྒྱུས།ས་སྐྱ། (43)

ལྷ་མོ་རྩེ་དགོན་གྱི་ལོ་རྒྱུས།དགེ་ལུགས། (43)

ལྔ་མཆོད་དགོན་གྱི་ལོ་རྒྱུས།དགེ་ལུགས། (57)

མི་ཉག་འགེ་ཁ་དགོན་པའི་ལོ་རྒྱུས།དགེ་ལུགས། (67)

གནས་འགོ་དགོན་གྱི་ལོ་རྒྱུས།དགེ་ལུགས། (83)

[page ii] སྐྱིད་ལེགས་དགོན་པའི་ལོ་རྒྱུས།དགེ་ལུགས། (87)

གངས་དཀར་དགོན་པའི་ལོ་རྒྱུས།བཀའ་བརྒྱུད། (91)

ཁམས་གསུམ་གྲགས་དགོན་པའི་ལོ་རྒྱུས།བཀའ་བརྒྱུད། (92)

སྤང་རི་དགོན་གྱི་ལོ་རྒྱུས།བོན་པོ། (94)

ཁམས་ཕྱོགས་དཔལ་ཡུལ་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

ཀཿཐོག་དགོན་གྱི་ལོ་རྒྱུས།རྙིང་མ། (97)

ཇོ་མོ་དགོན་གྱི་ལོ་རྒྱུས།རྙིང་མ། (135)

ཨ་འཛོམས་དགོན་གྱི་ལོ་རྒྱུས།རྙིང་མ། (140)

ཁྲོམ་དགེ་དགོན།རྙིང་མ། (147)

ཛཿཀ་དགོན་གྱི་ལོ་རྒྱུས།རྙིང་མ། (157)

སྨྱོ་ཤུལ་ལྗོན་པ་ལུང་དགོན་པའི་ལོ་རྒྱུས།རྙིང་མ། (161)

སྒོམ་ཕུག་དགོན་གྱི་ལོ་རྒྱུས།རྙིང་མ། (169)

ཉིན་དགོན་དགོན་གྱི་ལོ་རྒྱུས།རྙིང་མ། (171)

དྲུང་ཡི་དགོན་གྱི་ལོ་རྒྱུས།རྙིང་མ། (174)

ཁང་དམར་དགོན་གྱི་ལོ་རྒྱུས།རྙིང་མ། (176)

འོ་ཐང་དགོན་གྱི་ལོ་རྒྱུས།རྙིང་མ། (180)

ཡ་ཆེན་དགོན་གྱི་ལོ་རྒྱུས།རྙིང་མ། (184)

ཀློང་ཐང་དགོན་གྱི་ལོ་རྒྱུས།རྙིང་མ། (186)

རྒྱ་ཤོད་དགོན་གྱི་ལོ་རྒྱུས།རྙིང་མ། (188)

བྲག་དམར་དབང་ཆེན་གླིང་དགོན་གྱི་ལོ་རྒྱུས།རྙིང་མ། (194)

བར་ཁྱིམ་དགོན་གྱི་ལོ་རྒྱུས།རྙིང་མ། (202)

ཁམས་དབུས་དགོན་གྱི་ལོ་རྒྱུས།རྙིང་མ། (204)

སྨྱོ་ཤུལ་ཡུལ་ལེ་དགོན་གྱི་ལོ་རྒྱུས།རྙིང་མ། (213)

མདའ་ཁོ་དགོན་གྱི་ལོ་རྒྱུས།རྙིང་མ། (218)

རབ་ཁྱབ་དགོན་གྱི་ལོ་རྒྱུས།རྙིང་མ། (221)

འཛིན་སྟག་མོ་དགོན་གྱི་ལོ་རྒྱུས།རྙིང་མ། (225)

བརྡ་གོ་དགོན་གྱི་ལོ་རྒྱུས།རྙིང་མ། (233)

[page iii] དཔལ་འཛོམས་དགོན་གྱི་ལོ་རྒྱུས།ས་སྐྱ། (237)

སྒ་རྗེ་བདེ་ཆེན་དགོན་གྱི་ལོ་རྒྱུས།རྙིང་མ། (242)

ཨ་རིག་ཡང་ལེ་དགོན་གྱི་ལོ་རྒྱུས།རྙིང་མ། (245)

སེང་རི་དགོན་གྱི་ལོ་རྒྱུས།རྙིང་མ། (246)

དཔལ་ཡུལ་དགོན་གྱི་ལོ་རྒྱུས།རྙིང་མ། (248)

གྱ་གྱུས་དགོན་གྱི་ལོ་རྒྱུས།ས་སྐྱ། (282)

འཛིངས་རྣམ་རྒྱལ་མགོན་ཁང་གི་ལོ་རྒྱུས།ས་སྐྱ། (290)

རྡོ་ཁོ་དགོན་གྱི་ལོ་རྒྱུས།ས་སྐྱ། (293)

རབ་མཐོ་དགོན་གྱི་ལོ་རྒྱུས།ས་སྐྱ། (298)

རྫོང་ཤོད་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད། (310)

ཟླ་འོད་དགོན་གྱི་ལོ་རྒྱུས།བོན་པོ། (312)

ཁ་རག་དགོན་གྱི་ལོ་རྒྱུས།བོན་པོ། (316)

གཙུག་འོད་དགོན་གྱི་ལོ་རྒྱུས།བོན་པོ། (321)

ལྕང་ལུང་དགོན་གྱི་ལོ་རྒྱུས།བོན་པོ། (324)

ཁམས་ཕྱོགས་བྲག་འགོ་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

སེང་གེ་དགོན་གྱི་ལོ་རྒྱུས།རྙིང་མ། (330)

བཱཿགནས་དགོན་གྱི་ལོ་རྒྱུས།རྙིང་མ། (344)

ལྕམ་བླ་དགོན་གྱི་ལོ་རྒྱུས།རྙིང་མ། (351)

མདོ་མང་དགོན་གྱི་ལོ་རྒྱུས།རྙིང་མ། (353)

ཆ་ནང་དགོན་གྱི་ལོ་རྒྱུས།རྙིང་མ། (366)

འཇང་སྒང་དགོན་གྱི་ལོ་རྒྱུས།རྙིང་མ། (371)

ཅོང་སྟེང་དགོན་གྱི་ལོ་རྒྱུས།རྙིང་མ། (374)

ར་ཧོར་དགོན་གྱི་ལོ་རྒྱུས།རྙིང་མ། (378)

མི་མྱ་དགོན་གྱི་ལོ་རྒྱུས།རྙིང་མ། (392)

ཤུག་སྒང་དགོན་གྱི་ལོ་རྒྱུས།རྙིང་མ། (398)

འཁོར་ལོ་གདོང་དགོན་གྱི་ལོ་རྒྱུས།རྙིང་མ། (409)

རྩེ་མདའ་དགོན་གྱི་ལོ་རྒྱུས།རྙིང་མ། (418)

[page iv] བྲག་འགོ་དགོན་གྱི་ལོ་རྒྱུས།དགེ་ལུགས། (423)

མཁར་གཉའ་ནང་དགོན་གྱི་ལོ་རྒྱུས།དགེ་ལུགས། (436)

ལྕོག་རི་དགོན་གྱི་ལོ་རྒྱུས།དགེ་ལུགས། (444)

ངང་སྒང་ཇོ་མོ་དགོན་གྱི་ལོ་རྒྱུས།དགེ་ལུགས། (468)

བྲག་དཀར་རི་ཁྲོད་ཀྱི་ལོ་རྒྱུས།དགེ་ལུགས། (478)

མྱིག་རྗེ་དགོན་གྱི་ལོ་རྒྱུས།ས་སྐྱ། (481)

རྦ་མདའ་དགོན་གྱི་ལོ་རྒྱུས།བོན་པོ། (484)

གཞུང་རིང་དགོན་གྱི་ལོ་རྒྱུས།བོན་པོ། (486)

རྒྱ་རོང་དགོན་གྱི་ལོ་རྒྱུས།བོན་པོ། (487)

ཁམས་ཕྱོགས་འདབ་པ་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པར་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

རྫ་དགོན་ལྟག་གྲྭ་ཚང་གི་ལོ་རྒྱུས།བཀའ་བརྒྱུད། (491)

བྲག་མགོ་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད། (492)

མཚོ་སྟེང་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད། (493)

འབྲུག་རྗེ་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད། (496)

སྤང་ཕུག་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད། (500)

ཀ་ར་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད། (507)

གནས་སྒོ་ཟིལ་གནོན་ལྷ་ཁང་གི་ལོ་རྒྱུས།དགེ་ལུགས། (509)

ཡང་སྟེང་དགོན་གྱི་ལོ་རྒྱུས།དགེ་ལུགས། (510)

མཚོ་མགོ་དགོན་གྱི་ལོ་རྒྱུས།དགེ་ལུགས། (518)

ཆོས་གླིང་དགོན་གྱི་ལོ་རྒྱུས།དགེ་ལུགས། (519)

ས་འདུལ་རི་ཁྲོད་ཀྱི་ལོ་རྒྱུས།དགེ་ལུགས། (520)

གངས་དཀར་དགོན་གྱི་ལོ་རྒྱུས།དགེ་ལུགས། (520)

བྲག་ནག་དགོན་གྱི་ལོ་རྒྱུས།ས་སྐྱ། (525)

རྫ་དགོན་ཞབས་གྲྭ་ཚང་གི་ལོ་རྒྱུས།ས་སྐྱ། (528)

འཕྲིན་ལས་བསམ་འཕེལ་གླིང་གི་ལོ་རྒྱུས།རྙིང་མ། (528)

དར་མདོ་རྫོང་།

[page 1]

སྙན་ལམ་དགོན་པའི་ལོ་རྒྱུས།

[page 2] སྙན་ལམ་གྲོད་པ་ཕུག་ནི་སྤྱི་ལོ་༨༩༦ལོ་མེ་འབྲུག་ལ་ལྷ་ལུང་དཔལ་གྱི་རྡོ་རྗེས་དགོན་པ་གསར་དུ་བཞེངས། ཁོང་གིས་མཎྜལ་ལྡེམ་གྱི་གནས་སྒོ་ཕྱེས། གནས་ཀྱི་མིང་ལ་རབ་སྙིང་དཔལ་ལུང་ཞེས་གསོལ་ནས་གནས་ནང་གི་ལྷ་ཁང་ནང་དུ་རང་བྱུང་གི་ཁྲོ་རྒྱལ་སྨེ་བརྩེགས། རྟ་མགྲིན། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། སྤྲུལ་སྐུ་ཐུབ་པ་དྲུག་སོགས་བཞེངས། རྗེས་སུ་ཉི་འདྲ་མཐུ་སྟོབས་དཔལ་ལྡན་ཞེས་པ་དེས་གདན་ས་སྐྱོང་ནས་བོད་ཟླ་ལྔ་པའི་ཚེས་བཅུ་གསུམ་ལ་བསང་མཆོད་བྱེད་སར་བྱོན་སྐབས། ཁོང་དང་ཐུགས་ཤིན་ཏུ་མཐུན་པའི་སྒོམ་པ་བཞུགས་ཡོད་པ་དེར་སོང་ནས་འཚམས་འདྲི་ཞུས་མཐར། ཁོང་རྣམ་གཉིས་ཀྱིས་ས་དཔྱད་ཀྱི་ལོ་རྒྱུས་སྐོར་བཤད། སྐབས་དེར་སྒོམ་པས་ས་དཔྱད་ང་རང་ཤིན་ཏུ་མཁས་གསུངས་ནས་“སྙན་ལམ་”གྱི་ས་དཔྱད་ཅིག་གསུང་ཡོད་པ་འདི་ལྟར། ཤར་ཕྱོགས་ཉི་མ་རྒྱ་སྒོ་ཕྱེས་འདྲ་ལྟ་བུ་ཡིན་པས། ཤེས་རབ་ཆེ་བ་རིག་པའི་གནས་ལྔ་ཤེས་མཁན་འབྱུང་ས་ཡིན་པའི་རྟགས། ལྷོ་ཕྱོགས་རྨ་བྱའི་སྒྲོ་གུར་ཕུབ་འདྲའི་རྫ་དང་། ནོར་མཆོག་གཅལ་དུ་བཀྲམ་ས་ཡིན་པས། གཞན་ནས་ཐོབ་ཆེན་དང་སྐྱེས་མཆོག་འགའ་གནས་འདིར་ཆོས་ཞུ་འོང་བའི་རྟགས། ནུབ་རི་བརྟན་ལ་བརྗིད་ཆགས་པ་ཡིན་པ་ནི། དགེ་བཅུའི་ཆོས་ཀྱི་གང་ཟག་མང་པོར་ཕན་འདོགས་ཡོང་བའི་རྟགས། བྱང་ཕྱོགས་ཟ་འོག་གི་ཡོལ་བ་ལྟར་མཛེས་པ་ཡིན་པས། ཀུན་གྱི་ས་ལ་ཆོས་སྡེ་བཙུགས་ཐུབ་པའི་རྟགས། རྒྱབ་རི་གླང་ཆེན་གདན་ལ་ཉལ་བ་འདྲ། བླ་རབས་རྒྱུད་མི་ཆད་པའི་རྟགས། མདུན་རི་གླང་ཆེན་བག་ཕེབས་ཉལ་བ་འདྲ྄། སྟོབས་ཆེན་ཟིལ་གྱིས་སྣོན་པའི་རྟགས། མདོར་ན་སའི་སྲུང་བ་དང་གདན་གསུམ་བཅས་ཚང་བ་ཤིན་ཏུ་ལེགས། སྐྱོན་གསུམ་ཡོད་ཀྱང་བཅོས་ཐབས་གནས་ཡིག་ནང་དུ་གསལ་ལོ།།

གདན་རབས་དང་མཁན་རབས་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་མན་ཆད་ཅུང་ཟད་ཞུས་ན། གསེར་ཁ་བླ་མ། དགེ་ལེགས། ཡེ་ཤེས། པདྨ་ལྷུན་གྲུབ། གཞན་ཕན་སོགས་དང་། སྟོང་དཔོན་པ་པ། ས་ཁུ་བན་ཤེས། ར་ལི་གྲོ་རས། བན་མ་དཔལ་བཟང་། གསེར་ཁ་དགེ་འདུན་བཟང་། ཉི་ཚ་བློ་གྲོས། རྫོགས་ཆེན་ཐུབ་བསྟན་སྙན་གྲགས། ཚ་བཤུས་བློ་གསལ། གདན་རབས་པ། གསེར་ཁ་བ། ཉན་ཤུལ་སྤྲུལ་སྐུ་པདྨ་འོད་འབར། བེར་རྩང་སྤྲུལ་སྐུ། བླ་མ་གྲགས་རས། གདུང་རབ་ཉི་འདྲ་དང་གསེར་བ་སོགས་སོ། མཁན་པོ་ཐུབ་སྙན་གྱིས་རྒྱབ་སྐྱོར་ལ་བརྟེན་ནས་བླ་མ་གྲགས་རས་ཀྱིས་ཐུགས་ཁུར་མཛད་ནས་བཤད་གྲྭ་དང་སྒྲུབ་གྲྭ་ཡང་དར་རྒྱས་ཕུན་ཚོགས་པ་བྱས་ཟིན། གྲུབ་མཐའ་ནི་གནའ་སྔ་མོར་བོན་པོ་ཡིན་དེ་ཅིའི་ཕྱིར་ཞེ་ན། གསོན་པོའི་སྐུ་རིམ་ལ་སྲི་གནོན་པ་དང་། ཕྱག་གཡང་འགུག་པ། མོ་རྩིས་བྱེད་རྒྱུ།[page 3] དུར་འདེབས་དང་བགེགས་འདུལ་སོགས་བོན་ལུགས་མང་པོ་བྱེད་སྲོལ་དེང་སང་གི་བར་དུ་ཡོད། རྗེས་སུ་གྲུབ་མཐའ་རྙིང་མ་བ་ཡིན་ལ་དགེ་ལྡན་པ་ཡང་ཡིན་པ་ཞིག་ཏུ་གྱུར། རྗེས་སུ་སྔགས་རྙིང་མའི་གྲུབ་མཐའ་ལ་འགྱུར། མ་དགོན་ནི་རྫོགས་ཆེན་ཡིན་པར་བཤད། ཁང་བའི་འཛུགས་སྐྲུན་སྐོར་ལ་འདུ་ཁང་དང་མགོན་ཁང་གཉེར་ཁང་གྲྭ་ཤག་བླ་བྲང་ཁང་སོགས་དགོན་པ་བཟང་ཤོས་ཚོ་དང་འདྲ་མཚུངས་ཡིན་ནོ།།

མཆོད་ཆ་དང་རོལ་ཆས་མཆོད་རྫས་རིན་ཐང་བྲལ་བའི་དངོས་པོ་མང་པོ་ཡོད། སྐུ་གསུང་ཐུགས་རྟེན་གྱི་སྐོར། སྨན་འདམ་སྐུ་གུ་རུ་གཙོ་འཁོར་གསུམ་མཁན་སློབ་ཆོས་གསུམ། སྟོན་པ་གཙོ་འཁོར་གསུམ། རྗེ་ཡབ་སྲས་གསུམ། འོད་དཔག་མེད་གཙོ་འཁོར་གསུམ། རིག་གསུམ་མགོན་པོ། བཅུ་གཅིག་ཞལ། ཐང་ག་ཆེ་ཆུང་ཉི་བརྒྱ་ལྷག གསེར་སྐུ་ཆེ་ཆུང་རྒྱ་ལྷག་ཙམ། བཀའ་བསྟན་ཚར་གཉིས། རྙིང་མ་རྒྱུད་འབུམ། རིན་ཆེན་གཏེར་མཛོད། རིན་འབྱུང་བརྒྱ་རྩ་གྲུབ་མཐའ་རིས་མིད་ཀྱི་དཔེ་ཆ་གྲངས་མང་བཞུགས། མཆོད་རྟེན་མང་པོ་བཅས་བཞུགས་སོ།།

རྟེན་གཙོ་རྩ་ཆེན་སྐོར་ལ། ཚོགས་ཤུལ་བླ་མའི་ཐུགས་དམ་གྱི་རྟེན་ཐུབ་སྐུ་ལི་མ་གཅིག་རྡོ་རྗེ་འཆང་ཁྱད་པར་ཅན་གཅིག ཉི་འདྲའི་སེང་ལྡེང་གི་སྒྲུབ་ཕུར་དང་བསྒྲལ་ཕུར་གཉིས། མགོན་པོའི་རྟེན་མདུན་དང་རལ་གྲི། ཞྭ་ནག་བྱ་རོག་གདོན་ཅན་དང་དར་ནག འཁོར་གསུམ། རྐང་གླིང་ཁྱད་པར་ཅན། སྐུ་འབོག་སོགས་བཞུགས།།

ཆོས་ར་དང་དུས་མཆོད་ཚོགས་རྒྱུའི་སྐོར། བོད་ཟླ་དང་པོའི་ཚེས་གསུམ་ལ་ཚེ་སྒྲུབ་མཆོད་ཉིན་བདུན་ལ་འཚོགས། ཚེས་དགུ་དང་བཅུ་ལ་གུ་རུ་ཆོས་དབང་གི་དགོངས་དོན་དག་སྣང་འཁྲུལ་མེད་ཀྱི་ཚེས་བཅུའི་འཆམ་གུ་རུ་མཚན་བརྒྱད་དང་བཅས་པ་ཡོད། ཟླ་བ་གཉིས་པའི་ནང་མ་ཎི་བུམ་སྒྲུབ་ཉིན་བདུན་ལ་འཚོགས། ཟླ་བ་གསུམ་པའི་ནང་ཕུར་བ་ཡང་སྙིང་སྤུ་གྲིའི་སྒྲུབ་མཆོད་ཉིན་དགུ་ཚོགས། ཟླ་བ་བཞི་པའི་ནང་སྙུང་གནས་ཆེ་བ་ཆ་བཅུ་བན་སྐྱ་སེར་གཉིས་ཀྱིས་ཉིན་ཉི་ཤུ་ལ་འཚོགས། ཟླ་བ་ལྔ་པའི་ནང་ཞིང་སྒྲུབ་ཉིན་བདུན་དང་། ཐོས་གྲོལ་གཏེར་གསར་སྨོན་ལམ་ཉིན་གཉིས། རྡོར་སེམས་ཉིན་གཅིག ལྟུང་བཤེགས་ཉིན་གཅིག་བཅས་ཁྱོན་ཉི་མ་བཅུ་གཅིག་འཚོགས། ཟླ་བ་དྲུག་པའི་ནང་དབྱར་གནས་ཟླ་བ་གཅིག་དང་ཕྱེད་ཚོགས་དགོས། སྐྱེས་ཆེན་དམ་པ་མཁས་དབང་འཇམ་གྲགས་དང་ཀ་བཞི་པ་རིག་པའི་སེང་གེ་རྣམ་གཉིས་གདན་ས་འདིར་བྱོན་ནས་ཆོས་འཆད་མང་པོ་མཛད་མྱོང་། སྤྱིར་གདན་ས་འདིར་སྐྱེས་ཆེན་མང་པོ་བྱོན་ཡོད་པ་གནས་ཡིག་དུ་གསལ་བས་འདིར་མ་བྲིས་སོ། སྦྱིན་བདག་གི་དུད་གྲངས་ནི་གནའ་སྔ་མོ་ཆིག་སྟོང་ཙམ་ཡོད། དཔལ་འབྱོར་གྱི་ཡོང་ཁུངས་ནི་སེར་མོ་ཚོའི་རང་ཁྱིམ་དང་ཡོན་ཁ་བཅས་ཡིན་ནོ།། ངོ་རྒོལ་བཞི་དང་རིག་གནས་གསར་རྗེ་ཆེན་པོས་སྐབས་དགོན་པ་འཇིག་ཟིན།།

དེང་སང་གི་གནས་ཚུལ་སྐོར། རྙི་ཚ་མཐུ་སྟོབས་ལགས་ཀྱིས་གཙོ་འགན་བཞེས་ནས་ད་སྐབས་དགོན་པ་དང་གྲྭ་ཤག་བཅས་འཛོམས་ཡོད། སྨན་འདམ་སྐུ་ཡང་ཁ་ཤས་བཞེངས་ཡོད། སྐུ་གསུང་[page 4] ཐུགས་རྟེན་དང་མཆོད་ཆ་དང་རོལ་ཆས་སྐོར་ཅུང་ཟད་ཅིག་བླུས་ཡོད། དཔལ་འབྱོར་གྱི་ཡོངས་ཁུངས་ནི། ཨ་ཇ་རུ་གསར་གྱི་སྡེ་ཤོག་བཞིའི་ཤི་བོ་དགེ་བསྔོ་དང་གསོན་པོའི་སྐུ་རིམ་བྱེད་སའི་ཡོན་ལ་བརྟེན་དགོས། སྦྱིན་བདག་དུད་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད། གྲྭ་བའི་ཞལ་གྲངས་བརྒྱད་ཅུ་གྱ་གཅིག་ཡོད། ཞེས་པ་འདི་ནི་འཇུ་བསྟན་གྱི་བཤད་སྒྲོས་ལ་བརྟེན་ནས་རིག་བསྟན་གྱིས་༡༩༩༧ལོར་བྲིས།

ཉི་འོད་དགོན་པའི་ལོ་རྒྱུས།

ལྕམ་པ་ཉི་འོད་དགོན་པ་ནི་རབ་བྱུང་བཅུ་གསུམ་པའི་མེ་འབྲུག་སྤྱི་ལོ་(༡༧༩༦)བླ་མ་ཀློང་གསལ་ཚང་གིས་བཏབ། གྲྭ་པ་ལྔ་བཅུ་ལྷག་ཙམ་ཡོད། གྲུབ་མཐའ་ནི་གནའ་ནས་ད་བར་དུ་རྙིང་མ་པ་ཡིན། རྫོགས་ལུགས་ཞི་ཁྲོ་དང་། སྙིང་ཐིག སྨོན་གླིང་རྡོར་སེམས། ཉི་གྲགས་ཀྱི་འདོན་ཆ་ཆ་ཚང་བ་ཡོད། སྤྱིར་ལྕམ་པ་སྡེ་བ་འདིར་མི་ཉག་ཕྱོགས་ལ་ཐོན་ནས་ལོ་ཉིས་བརྒྱ་ཙམ་སོང་ཟིན། སྐུ་གསུང་ཐུགས་རྟེན་དང་མཆོད་ཆ། རོལ་མོ། འཆམ་གོས་སོགས་ཆ་ཚང་བ་ཡོད། རྗེས་སུ་བཞི་རྒོལ་དང་རིག་གནས་གསར་བརྗེ་སྐབས་དགོན་ཕྱི་ནང་ཐམས་ཅད་རྩ་མེད་དུ་བཏང་ངོ་།། དེང་སང་ཡང་དགོན་པ་ཞིག་གསོ་ལེགས་པོ་ཞིག་བྱས་ཡོད།།

ལྷ་ཁང་ནང་དུ་གུ་རུ་མཚན་བརྒྱད་སོགས་སྐུ་ཆེ་ཆུང་ཉི་ཤུ་ཙམ་དང་། གྱང་ལྷག་ཀ་ཐག་བཞི། ཐང་མོ་ཆེ་འཐག་དྲུབ་མ། བཀའ་འགྱུར་སོགས་དཔེ་ཆའི་རིགས་གྲངས་མང་ཙམ། དུང་འཁོར་གསུམ། མཆོད་རྟེན་ལྔ་བཅས་ཡོད། དགོན་པའི་དངོས་རྫས་སྐོར་ནི། སྦུག་ཆལ་དང་། སིལ་སྙན། རྒྱ་གླིང་། དུང་དམར། དུང་དཀར། མཁར་རྔ་སོགས་ཆ་ཚང་བ་ཡོད། གྲྭ་ཉི་ཤུ་རྩ་བརྒྱད་ཙམ་ཡོད། དུས་མཆོད་འཚོགས་རྒྱུའི་སྐོར། དབྱར་ཁ་ཞིང་སྒྲུབ་ཉིན་ལྔ། སྒྲུབ་མཆོད་ཉིན་ལྔ། ཚོགས་བསྐང་ཉིན་གསུམ། དགུན་ཁ་སྨོན་ལམ་ཉིན་ལྔ་དང་ཕུར་སྒྲུབ་ལྔ་བཅས་ལོ་གཅིག་ལ་ཆོས་ར་ཐེངས་ལྔ་རེ་འཚོགས་སྲོལ་ཡོད། གྲྭ་པ་སུམ་ཅུ་ལྷག་ཙམ་ཡོད། དཔལ་འབྱོར་གྱི་ཡོང་ཁུངས་ནི་གྲྭ་པ་རང་རང་གི་ཁྱིམ་དང་ལྕམ་པ་སྡེ་བའི་དུད་གྲངས་བརྒྱ་དང་བརྒྱད་ཅུས་ཡོན་ཕུལ་བ་སོགས་ཡིན། མི་གྲངས་བརྒྱད་བརྒྱ་དང་བཅོ་ལྔ་ཡོད། ཅེས་པ་འདི་ནི་དགོན་འདིའི་བླ་གྲྭ་ཚོས་བྲིས་པ་ལྟར་དུ་རིག་བསྟན་གྱིས་བྲིས་པ་དགེའོ།།

མི་ཉག་སེང་གེ་དགོན་གྱི་ལོ་རྒྱུས།

སེང་གེ་དགོན་ཞེས་པའི་རྒྱུ་མཚན་ནི་རྒྱབ་རི་“སེང་གེ”འགྱིང་བ་ལྟ་བུ་ཞིག་ཡོད་པས་མིང་དེ་ལྟར་བཏགས་སོ།། སྤྱི་ལོ་༩༧༠སྐོར་ལ་ལྷ་ལུང་དཔལ་གྱི་རྡོརྗེ་གནས་དེ་རུ་བྱོན་ནས་སྒྲུབ་གནས་མཛད། རི་ཁྲོད་འགའ་རེ་བཏབ། དེར་བཞུགས་ཀྱི་སྒྲུབ་པ་བ་རྣམས་ཆོས་ཀྱི་ཚིམས་པར་བྱས་པ་དང་གནས་འདི་འཇམ་དཔལ་གྱི་རིག་གནས་ཡིན་གསུངས། གནས་དེར་རྡོའི་སེང་གེ་རང་བྱུང་དང་རྒྱབ་རི་སེང་གེ་དགུང་ལ་འགྱིང་[page 5] འདྲ་ཡོད་པའི་དབེན་གནས་སེང་གེ་འགྱིང་རྫོང་ཞེས་མཚན་གསོལ། གཞན་ཡང་གནས་རྟགས་འབྲུ་དྲུག་རང་བྱུང་སོགས་མང་ཡང་གནས་ཡིག་ལས་གསལ་བ་མ་བྲིས། ཕྱིས་སུ་རབ་བྱུང་བཞི་པའི་ས་ལུག་སྤྱི་ལོ་༡༢༥༤ལ་གྲུབ་ཆེན་ཀརྨ་པ་པཀྴི་གནས་དེར་བྱོན་ནས་དགོན་པ་ཞིག་བཏབ། ནང་དུ་ཀརྨ་པའི་སྐུ་འདྲ་གཙོས་རྟེན་གསུམ་མང་དུ་བཞེངས་ནས་ཆོས་རྒྱུད་བཀའ་བརྒྱུད་དུ་བསྒྱུར། དེར་བཞུགས་ཀྱི་སྒྲུབ་པ་བ་བརྒྱ་ཕྲག་ལྷག་ཡོད་པ་བྱུང་། དེའི་རྟགས་སུ་དེང་སང་རྩིག་ཤུལ་ཡོད་པ་མངོན། དེ་ནས་རབ་བྱུང་དྲུག་པའི་ལྕགས་བྱི་ལོ་སྤྱི་ལོ་༡༣༦༠ལོར་ཀརྨ་པ་རོལ་བའི་རྡོ་རྗེ་བྱོན་ནས་གཙུག་ལག་ཁང་སོགས་ལ་རབ་གནས་མཛད་ཚུལ་སོགས་ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པའི་དེབ་ཐེར་དམར་པོ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ནང་གསལ་བ་ལྟར་ལགས། གཞན་ཡང་མི་ཉག་མཁས་པ་མི་ལྔ་བྱོན་ནས་སྒྲུབ་གནས་མཛད་ཚུལ་སོགས་ཡོད་ཀྱང་དུས་ཚིགས་གསལ་བོར་མ་ངེས། ཕྱིས་སུ་བཀའ་བརྒྱུད་ཀྱི་བསྟན་པ་ཅུང་ཟད་ཉམས་དམའ་བར་གྱུར། དེ་ནས་མདོ་མཁྱེན་བརྩེ་ཤེས་ཡེ་ཤེས་རྡོ་རྗེས་གནས་དེར་སྒྲུབ་གནས་མཛད་ནས་བཞུགས་པ་གྲུབ་ཆེན་དེ་ཉིད་ཀྱི་རྣམ་མཐར་ལས་གསལ། ཀཿཐོག་སི་ཏུ་རིན་པོ་ཆེས་གནས་དེར་ཐུགས་རྟེན་བྱང་ཆུབ་མཆོད་རྟེན་ཐོག་བརྩེགས་གཉིས་ལས་མཐོ་བ་ཞིག་བཞེངས་པ་དང་ཚོགས་འཁོར་དང་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་བཞུགས་པ་སོགས་དམ་པ་དེ་ཉིད་ཀྱི་རྣམ་མཐར་ལས་གསལ།

ཡང་སྔོན་གཙང་ནས་འགྲོ་མགོན་ཆོས་འཕགས་ཀྱིས་བེར་གནང་ནས་བེར་གཙང་བླ་རུང་ཞེས་པ་བྱུང་། དེ་ལས་གྱེས་པ་དེང་སང་ཁྲོམ་ཁོག་དགོན་དུ་གྲགས་པ་དང་དེ་ལས་གྱེས་པ་ཁྲོ་ཟུར་བླ་བྲང་ཞེས་པ་འདི་ཡི་ཐོག་མ། འོད་གསལ་ལྷ་ཡི་གདུང་རྒྱུད་དཔལ་ལྡན་ས་སྐྱ་པའི་རྒྱུད་ལས་ཆེད་པ་དཔལ་གྱི་ཡེ་ཤེས་རྣམ་རོལ་འགྲོ་མགོན་འཇའ་ཚོན་སྙིང་པོ་ནི་ཆུ་ཕོ་རྟའི་ལོ་ལ་སྐུ་འཁྲུངས། མེ་མོ་སྤྲུལ་གྱི་ལོ་ལ་མ་དང་མཁའ་འགྲོས་ལུང་བསྟན། དཔའ་བོ་མཁའ་འགྲོས་གདན་དྲངས་ཏེ་ཟངས་མདོག་དཔལ་རིར་ཕེབས་ནས། ཨོ་རྒྱན་རིན་པོ་ཆེས་རིག་རྩལ་རྫོགས་པ་ཆེན་པོའི་དབང་བསྐུར། དགོངས་གཏེར་ནམ་མཁའ་མཛོད་ཀྱི་བཀའ་གཏད། བ་གནས་འཇའ་ཚོན་བྲག་དང་། མི་ཉག་གནས་ལྔ། ཕོ་བྲང་ལྔ་བརྩེགས། གང་པོ་འོད་གནས། ལྷོ་ཀ་འབུར་གནས། སྟོང་ར་མཁའ་འགྲོའི་གནས་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ། ཀ་ཀོང་། རྒྱལ་མོ་མུ་རྡོ་སོགས་ནས་ཟབ་གཏེར་དུ་མ་གདན་དྲངས། ཐུགས་རྗེ་ཆེན་པོ་དུང་མཛོད་འགྲོ་བ་རང་གྲོལ་སྤྱི་དཔལ་གྱི་གཙོ་བོ་རྟ་མགྲིན་མེ་འཕྲོས་རྩལ་སོགས་ཟབ་ཆོས་མང་དུ་མཛད། སློབ་མ་རྣམས་ལ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་གནང་། སྲུང་བཟློག་གི་མན་ངག་སོགས་བསྟན་འགྲོ་ལ་ཕན་པའི་མཛད་པ་མཐར་ཕྱིན་པར་མཛད་ནས། དེ་ཡི་ཐུགས་སྲས་ཅོག་རོ་ཀླུ་ཡི་རྒྱལ་མཚན་གདུལ་བྱའི་དོན་དུ་བསམ་བཞིན་ཏུ་སྐྱེ་བ་ཞེས་པ་ཆོས་རྗེ་བསྟན་སྲུང་སྐལ་བཟང་ལྡེའུ་བཙན་ནམ། མཚན་གཞན་གཏེར་ཆེན་རྒྱལ་སྲས་ངྷརྨ་བཛྲ་ཞེས་པ་གཏེར་གྱི་བཀའ་བབ་བཞིའི་ནང་ནས་མཁའ་འགྲོ་དགོངས་འདུས་ཀྱི་བཀའ་བབ་གཏེར་འབྱིན་གྱི་འཁོར་ལོས་བསྒྱུར་བ་ཆེན་པོ་འདི་ཉིད་ནི། པད་མ་བཀའ་ཐང་ལས། ཚེ་ལོ་བཞི་བཅུ་པ་ལ་དགྲའི་སྐལ་བ་སོང་ནས་[page 6] པད་འབྱུང་སྤྲུལ་པ་ཤར་གྱི་ཕྱོགས་ནས་འོད་གསུངས་པ་དང་། གཏེར་ཆེན་ཀརྨ་གླིང་པའི་ལུང་བསྟན་ཞི་ཁྲོ་ལས། མ་འོང་རང་སྤྲུལ་རྒྱལ་ཚབ་ངྷརྨའི་མིང་། བོད་ལ་ཕན་པའི་ཟབ་ཆོས་དུ་མ་བཏོན། ཞེས་དང་། བླ་མ་འདིར་འདུས་ལས། སུམ་ཅུའི་དུས་ལ་མཁའ་འགྲོ་དགོངས་འདུས་ཀྱི། ཟབ་ཆོས་ཅོག་རོའི་སྤྲུལ་པས་བཏོན་པར་འགྱུར་ཞེས་དང་། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱིས་གསུང་ཤོག་བཀའ་རྒྱ་ཕྱག་དམ་དང་བཅས་སློབ་བུ་འཇིག་མེད་བཟོད་པ་སྐྱེལ་དུ་བཏང་བའི་ནང་ཨེ་མ་ཧོ། ཕྱོགས་བཅུ་དུས་བཞིའི་རྒྱལ་ཀུན་སྤྱི་གཟུགས་མཆོག སྐྱབས་བསླུ་མེད་ཀྱི་པད་མ་ཀ་ར་རྗེ། མགོན་བརྗོད་མེད་ཀྱི་དཔལ་ལྡན་བླ་མ་མཁྱེན། གང་མངལ་སྐྱེས་ཀྱི་ཚུལ་བཟུང་གཏེར་ཆེན་རྗེ།། ཐུགས་གསང་གསུམ་གྱི་བྱིན་རླབས་བུ་ལ་སྩོལ།། གསུངས་པ་དང་། གཞན་ཡང་རས་པ་དམ་ཚིག་རྡོ་རྗེ། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། མི་ཉག་ཀུན་བཟང་བསོད་ནམས་སོགས་དམ་པ་དུ་མའི་བསྟོད་བསྔགས་ཀྱི་མེ་ཏོག་ཆར་ཆེན་པོ་བབ་པ་དང་ལུང་ཟིན་གྱི་གཏེར་མང་དུ་ཡོད་ཀྱང་མ་བྲིས། གཏེར་ཆེན་འདི་ཉིད་ཀྱིས། མཁའ་འགྲོ་དགོངས་འདུས་དང་། བླ་རྫོགས་ཐུགས་གསུམ་སོགས་ཟབ་ཆོས་མང་དུ་གཏེར་ནས་བཏོན་པ་སོགས་འགྲོ་དོན་རྒྱ་ཆེན་མཛད་པ་རྣམ་ཐར་ལས་གསལ།

འདི་ཉིད་ཀྱི་སློབ་བུར་གྱུར་པ་ཡང་། འཇའ་ལུས་པ་ཉག་བླ་པད་མ་བདུད་འདུལ། མདོ་སྤྲུལ་བླ་མ་ཅོག་སྟེང་། འོད་གསལ་རྡོ་རྗེ། མཁལ་བ་སྤྲུལ་སྐུ་སོགས་དམ་པ་དུ་མའི་སྤྱི་བོའི་གཙུག་རྒྱན་དུ་གྱུར། དེ་གནས་བླ་སྤྲུལ་མང་པོས་གཏེར་ཆེན་ཁྱེད་ཀྱིས་དགོན་པ་ཞིག་ལ་བརྟེན་ནས་ཟབ་ཆོས་མཐའ་དག་ཡུན་དུ་གནས་པ་ཞིག་བྱེད་དགོས་ཞེས་ཡང་ཡང་བསྐུལ་བ་ལྟར། རྫོགས་ཆེན་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་མདུན་དུ་བྱོན་ནས། རང་དགོན་པ་ཞིག་ལ་བརྟེན་དགོས་སྡེ་དགེ་དང་། ལི་ཐང་། རྒྱལ་ཐང་། ལྕགས་ལའི་ས་ཕྱོགས་སོགས་གང་དགའ་ཞེས་ཐུགས་བརྟག་ཞུས་པས་ལྕགས་ལའི་ཕྱོགས་དགའ་གསུངས། དེ་ཡི་བྲག་མཁར། ལྷ་སྒང་རི་ཁྲོད། ག་མོ་རི། སེང་གེ་དགོན། བྱ་རྒོད་ཆུ་མིག ཕོ་བྲང་ལྔ་བརྩེགས་སོགས་གང་ལ་དགའ་ཞུས་པས། སེང་གེ་དགོན་དགའ་གསུངས་ནས་ལུང་བསྟན་ལ། རྩ་གསུམ་དཔའ་བོ་མཁའ་འགྲོ་གུས་འདུད་དོ།། དམ་པའི་རྣམ་འབྱོར་བཞུགས་གནས་སེང་གེ་ཡི།། རི་ཁྲོད་བརྟེན་པ་འཕྲལ་ཕུག་དགེ་ལྟས་ཤར།། ཞེས་དང་། རྩ་གསུམ་སྒྲུབ་པའི་གནས་ནི་སེང་གེ་དགོན།། ཐེག་པ་ཆེན་པོའི་ང་རོ་སྒྲོགས་པ་དང་། འདྲེ་གདོན་ནུས་སྟོབས་དྲག་པོའི་སྔགས་ཀྱི་བཟློག སོགས་གསུངས་པ་ལ་བརྟེན་ནས་སེང་གེ་དགོན་དུ་དགོན་པ་སླར་གསོས་ཆེ་བ་གཅིག་བཞེངས། ཁྱད་པར་དུ་རབ་བྱུང་བཅུ་བཞི་པའི་སྤྱི་ལོ་༡༨༥༢ནས་གཏེར་ཆེན་དེ་ཉིད་ལྕགས་ལ་རྒྱལ་པོའི་དབུ་བླར་གྱུར་ནས་ཐོབ་ཐང་ཀུན་གྱི་ཆེ་བའི་རྟགས་སུ་དགོན་པའི་སྟེང་དུ་གསེར་གྱི་རྒྱ་ཕིབས་ཤིན་ཏུ་མཛེས་པ་ཞིག་རྒྱལ་པོ་དེ་ཉིད་ཀྱིས་རོགས་དང་བཅས་ལེགས་པར་བཙུགས། ནཊ་ལུང་མ་སྡེ་བ་ཡོངས་ཀྱིས་ཁྲལ་དང་འུ་ལག་གང་ཡང་མི་དགོས་པར་བླ་མ་དེ་ཉིད་ལ་ཞབས་ཏོག་གི་ཆེད་དུ་བཞག་པའི་ཁྲོ་ཟུར་ནགས་ལུང་མ་བླ་མ་ལྷ་སྡེ་ཞེས་མིང་ཐོགས་པ་བྱུང་། དེའི་སྐབས་ནས་[page 7] ཆོས་རྒྱུད་རྙིང་མ་པ་ཀཿཐོག་དགོན་པའི་བུ་དགོན་དུ་གྱུར། དགོན་པའི་ནང་དུ་སྒྲུབ་མཆོད་མང་དུ་འཚོགས་རྒྱུ་དང་ཁྱད་པར་དུ་དགུན་གྱི་དུས་སུ་ལོ་ལྟར་རྩ་རླུང་དང་ཕྱག་རྫོགས་དབུ་གསུམ་སོགས་ཁྲིད་འཆད་ཉན་ཡོད་པའི་བླ་མ་འོད་གསལ་རྡོ་རྗེ། དོ་སྤྲུལ་ཅོག་སྟེང་། མཁར་བ་སྤྲུལ་སྐུ། ལྔ་བརྩེགས་བླ་མ་སོགས་ཀྱིས་རང་སློབ་བདུན་ཅུ་ཙམ་དང་བཅས་དེར་བཞུགས་པའི་ཆོས་ཞུ་བ་སུམ་བརྒྱ་ནས་ལྔ་བརྒྱའི་བར་ནས་ལོ་ལྟར་འདུས་པ་བྱུང་། དབང་སྐུར་སྐབས་འདུས་པ་སྟོང་ཚོ་ལྔ་ལྷག་བྱུང་། དེ་ལྟ་བུ་ཁམས་མི་ཉག་ཕྱོགས་ནས་ཆེ་དགུའི་གཙུག་རྒྱན་དུ་གྱུར་ཚུལ་མདོ་ཙམ་མོ། རྒྱས་པ་ཁྲོ་ཟུར་རྣམ་ཐར་ན་གསལ། གཏེར་ཆེན་འདི་ཉིད་ལ་མཆོག་ཏུ་གྱུར་བའི་སྲས་བཞི་ཡོད་པའི་ཐོག་མར། སྔོན་ཀཿཐོག་དུ་བྱོན་སྐབས། རྨོག་སྤྲུལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེའི་ཞལ་ནས། ཆུ་འབྲུག་ལོ་ལ་ཤེས་རབ་ཅན།། བདེ་ཆེན་དཔལ་གྱི་སྐྱེ་བ་བརྒྱུད།། དམ་ལྡན་སྣོད་ལྡན་འཕྲད་པས་ན།། དབང་གི་བུམ་པ་ལེགས་པ་འཐོབ།། གསུངས་ནས་ཊ་མ་རུ་དང་། རྡོར་དྲིལ་བཅས་གནང་ནས་རྟེན་འབྲེལ་ལེགས་པར་མཉམ་པར་ཞོག་གསུངས་པ་དུས་ལ་བབ་ནས་དམ་པ་དེ་ཉིད་ཀྱི་ཡང་སྲིད་ཆུ་ཕོ་བྱི་ལོ་ལ་སྐུ་བལྟམས། མཚན་ཡང་སྐལ་བཟང་དབང་གི་རྒྱལ་པོར་གསོལ། འདི་སྐུ་ན་ཆུང་དུས་ནས་ཛ་ཀཿདགོན་སོགས་དགོན་པ་མང་པོའི་སྒྲུབ་མཆོད་ཀྱི་རྒྱལ་པོ་མཛད།། དེ་ནས་ཀཿཐོག་རྒྱུད་སྡེ་ནང་བཞུགས་ཡོད་སྐབས་རྟེན་འབྲེལ་ཉེས་ནས་སྐུ་ན་ཆུང་ཡང་ཞིན་གཞན་དུ་གཤེགས། གཉིས་པ་སྔོན་མཚོ་ཕུག་སྒྲུབ་ཆེན་མདུན་དུ་བྱོན་སྐབས་སྒྲུབ་ཆེན་ཞལ་ནས་ཁྱེད་འདིར་བྱོན་པ་ངོ་མཚར་ཆེ་རྟེན་འབྲེལ་ལེགས་པའི་ཉི་མ་གཅིག་རྗེས་གཅིག་མཐུད་དུ་འཆར་བའི་ལུང་བསྟན་ཤེལ་གྱི་ཨ་དར་ཤ་དག་ལ་ཡོད་གསུངས་པ་སོགས་ཞལ་བཀོད་མང་དུ་གསུངས་པ་དུས་ལ་བབ་ནས་ཤིང་སྟག་ལོར་ཀཿཐོག་དམ་པ་བདེ་གཤེགས་ཀྱི་རྣམ་རོལ་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཡང་སྲིད་སྲོང་བཙན་དཔལ་གྱི་རྡོ་རྗེའམ་ཁྲོ་ཟུར་སྒྲུབ་ཆེན་སྐུ་བལྟམས། ཀཿཐོག་སོགས་ནས་ཁྲི་སྟོན་རྒྱ་ཆེར་བྱས། ཀཿཐོག་ནས་ལོ་འགའ་བཞུགས་པས་མཁས་གཉིས་ལྡན་གྱི་རིག་འཛིན་ཆེན་པོར་གྱུར། དེ་ནས་རང་དགོན་དུ་བྱོན། ཡང་རྗེས་རྒྱལ་སྲས་ཀྱི་གཏེར་ཆ་པོད་བཅུ་ཕྲག་ཙམ་ཆོག་སྒྲིགས་བྱས། སྔོན་འགྲོ་དང་རྩ་རླུང་སོགས་ལ་འགྲེལ་བ་མང་པོ་བརྩམས། གསེར་ཟངས་ཀྱི་འདྲ་སྐུ་མང་པོ་ཕྱག་བཟོ་དང་གཞན་ཡང་བྲིས་འབུར་སོགས་ཀྱི་རྟེན་བཞེངས་པའི་འབྲི་མི་ལང་བ་བྱས་པ་སོགས་ལོ་རྒྱུས་མདོ་ཙམ་མོ།།

གསུམ་པ་ཐུགས་སྲས་རིག་ལྡན་བདེ་བའི་རྡོ་རྗེ་ནི། མེ་སྦྲུལ་ལོ་སྐུ་བལྟམས། སྐུ་ན་ཆུང་དུས་ནས་རྫུ་སྤྲུལ་ཡ་མ་ཟུང་སྟོན་པས་ངོ་མཚར་བའི་ལོ་རྒྱུས་མང་པོ་དང་ལྡན་པ་སྤྲུལ་སྐུ་མཆེད་ཀུན་གྱི་གཙུག་རྒྱན་དུ་གྱུར་བ་ཞིག་ཡིན་ཡང་དགུང་གྲངས་ཆེར་མ་བཞུགས་པ་གཤེགས། བཞི་པ་ཚ་ཉག་བླ་མ་རྒྱ་མཚོའི་ཡང་སྲིད་བདུད་འདུལ་རྡོ་རྗེ་ཆུ་ཕག་ལོ་ལ་སྐུ་བལྟམས། འདི་ནི་གངས་ཅན་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར། དེ་ཉིད་ཀྱི་རང་དགོན་དུ་རྟེན་གསུམ་བཞེངས་པ་གཞལ་དུ་མེད་པ་དང་གཞན་ཀཿཐོག་དང་མི་ཉག་སོགས་ལ་ལྷ་[page 8] ཁང་མང་པོ་བཞེངས་པའི་མཛད་རྗེས་གཞལ་དུ་མེད་པ་ཡོད་ཀྱང་མ་བྲིས་སོ།། སྤྲུལ་སྐུ་དེ་རྣམས་ཀྱི་རིང་ལ་མི་ཉག་སོགས་ནས་བྲག་མཁན་དགོན་དང་ལྔ་བརྩེགས་ཕྱོགས་ནས་དགོན་པ་རེ་འགའི་མ་དགོན་དུ་གྱུར། ཉག་རོང་ཕྱོགས་ནས་དགོན་ཁག་མང་པོའི་སྒྲུབ་མཆོད་ལྷ་འཆམ་སོགས་དགོན་པ་འདི་ཡི་ཆོས་རྒྱུན་ལྟར་གྱུར་པ་ད་ལྟའང་མ་ཉམས་པར་ཡོད། དེའི་རྗེས་སུ་ཁྲོ་ཟུར་སྒྲུབ་ཆེན་གྱི་ཡང་སྲིད་དམ་པའི་ལི་ཐང་གཡོན་རུ་དཔོན་གཏེན་ཆེན་འཆི་མེད་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། མཚན་ལ་བཞད་པ་རྡོ་རྗེ་ཞེས་མཁས་བཙུན་གྱི་གྲགས་པ་ཕྱོགས་ལ་ཁྱབ། འདི་ཡི་རིང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་མཁན་ངག་ཆུང་གཉིས་ཀྱི་ཞལ་བཀོད་ལྟར་དགོན་པའི་ཁ་ལྷོར་བསྐོར། སླར་གསོས་རྒྱ་ཕིབས་དང་བཅས་ལེགས་པོར་བྱས། རྟེན་གསུམ་རིན་ཐང་དང་བྲལ་བ་མང་དུ་སྤྱན་དྲངས། ཁྱད་པར་དུ་རབ་བྱུང་ངུར་སྨྲག་གི་སྡེ་ཚུལ་དང་མཐུན་པ་ཤིན་ཏུ་དར་བ་བྱས། དགོན་པའི་ནང་དུ་འདུས་པ་ཉིས་བརྒྱ་ལྷག་ཙམ་བྱུང་ངོ་།། ཡང་ཁྲོ་ཟུར་རྡོ་རྗེ་བདུད་འདུལ་གྱི་ཡང་སྲིད་དམ་པ་དེང་སང་ཁྲོ་ཟུར་རྡོ་ལོ་ཞེས་མཁས་གྲུབ་གཉིས་ལྡན་གྱི་དམ་པ་དེ་ཉིད་ལགས། གཞན་ཡང་མཆོག་སྤྲུལ་རིག་འཛིན་དཔལ་ལྡན་བཟང་པོ། འོད་དཀར་སྤྲུལ་སྐུ། རྡོ་ཞི་སྤྲུལ་སྐུ། མཁན་ཆོས་དབྱིངས་རྡོ་རྗེ། མཁན་ཆོས་རྗེ་སོགས་སྐྱེས་ཆེན་མང་དུ་བྱོན་ཡང་རེ་རེ་ནས་ལོ་རྒྱུས་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་སོ།།

གཉིས་པ་དུས་མཆོད་ནི་ཟླ་བ་གསུམ་པོ་ཟླ་བ་གཅིག་ལ་ཐོས་གྲོལ་དོང་སྤྲུགས་རྟ་མགྲིན་གསང་འཁོར་སོགས་སྒྲུབ་མཆོད་དང་ཟླ་བ་བཞི་པའི་ཚེས་བརྒྱད་ནས་ཚེས་བཅུ་གཅིག་བར་ལྷ་འཆམས་བྱས་ནས་མཇུག་དྲིལ། ཟླ་དྲུག་པ་ནས་དབྱར་གནས་ཟླ་གཅིག་ཕྱེད་དང་ཟླ་བ་བཅུ་པའི་ནང་ཐོས་གྲོལ་དུས་མཆོད་འཚོགས་རྒྱུ་དང་དེ་མིན་སྡེ་བ་ལ་བདེ་ཆེན་ཞིང་སྒྲུབ་སོགས་རིམ་གྲོ་མང་དུ་འཚོགས་སྲོལ་ཡོད། གསུམ་པ་དེ་ཡི་སྐབས་སུ་རྟེན་གསུམ་བཞེངས་པ་ནི། སྐུ་རྟེན་ལ་འཇིམ་བཟོ་བྱས་པ་དུས་གསུམ་སངས་རྒྱས། པད་མ་འབྱུང་གནས། རྟ་མགྲིན་རིག་འཛིན་བརྒྱད། གནས་བརྟན་བཅུ་དྲུག་སོགས་དང་ཤིང་ལས་བྱས་པའི་གྲུབ་ཆེན་བརྒྱད་ཅུ་དང་གསེར་སྐུ་ཐུབ་བསྟན་ཁྱད་འཕགས་གསུམ་དང་བདེ་གཤེགས་སོ་ལྔ། གནས་བརྟན་བཅུ་དྲུག གུ་རུ་མཚན་བརྒྱད་སོགས་མདོར་ན་གསེར་སྐུ་སྟོང་ལྷག་ཙམ་དང་ཐུབ་སྐུ་དང་གུ་རུ་རྗེ་གཟིགས་པ་ལྔ་ལྡན་རྣམས་ཐང་མོ་ཆེ་དང་དེ་མིན་ཐང་ཀ་ལྔ་བརྒྱ་ཙམ་ཡོད། གསུང་རྟེན་ལ་ཡུམ་རྒྱས་འབྲིང་བསྡུས་གསུམ་གསེར་བྲིས་དང་། བཀའ་འགྱུར་བསྟན་འགྱུར་རྙིང་མ་རྒྱུད་འབུམ་རིན་ཆེན་གཏེར་མཛོད། འཇིགས་གླིང་ཡབ་སྲས་བཀའ་འབུམ། ཁྲོ་ཟུར་ཡབ་སྲས་བཀའ་འབུམ་པོད་ཞེ་གཉིས། གཡོན་རུ་འཆི་མེད་རྣམས་ཀྱི་སྐུ་གདུང་གསེར་གྱི་མཆོད་རྟེན་རིན་པོ་ཆེའི་ཕྲ་ཤན་ཅན་བཞི་དང་ཤིང་གི་མཆོད་རྟེན་མཐོ་ཚད་མ་བརྒྱ་དང་བརྒྱད་བཞུགས་པ་སོགས་རྟེན་གསུམ་བཞེངས་པ་རགས་བསྡུས་ཙམ་ཡོད་པ་ལགས། གཞན་ཡང་པར་ཤིང་སྐོར་ལ་ཁྲོ་ཟུར་སྔོན་འགྲོ་དང་རྩ་རླུང་། [page 9] དེ་ཡི་འགྲེལ་བ་དང་གུ་རུ་ཞི་དྲག་སེང་གེ་གསུམ། རྟ་ཕྱག་ཁྱུང་གསུམ་སོགས་དང་། ཕུར་བ་འཇམ་དབྱངས་བཅས་སོ་སོའི་ཡི་དམ་རྒྱུན་ཁྱེར་བསྡུས་པ་དང་གཡོན་རུ་ཆོས་སྐོར་ནས་མཁའ་ཁྱབ་སོགས་ཀྱི་པར་ཤིང་ཡོད། དེ་ལྟ་བུའི་གོང་བྱས་ཀྱི་ལས་རྣམས་ནི་དུས་དབང་གི་ཤུགས་རྐྱེན་དང་རིག་གནས་གསར་བརྗེའི་སྐབས་གཙུག་ལག་ཁང་མེ་ལ་སྦར་ནས་མེད་པར་བཟོས་པ་མཁྱེན་གསལ་ལྟར་ལགས།

དེང་གསང་གི་གནས་ཚུལ། སྤྱི་ལོ་༡༩༨༤ལོར་དགོན་པ་སླར་གསོ་བྱེད་རྒྱུའི་ཆོག་མཆན་སྲིད་གཞུང་གིས་གནང་པ་ནས་བཟུང་ད་ལྟའི་བར་དུ་དགོན་པའི་ཕྱི་ཁོག་དང་ནང་དུ་ལྡེབ་རིས་བཅས་གྲུབ་ཟིན་པ་དང་མ་ཚད་སྐུ་རྟེན་ཡང་དུས་གསུམ་སངས་རྒྱས། པད་མ་འབྱུང་གནས། བོད་ཀྱི་འཇམ་དབྱངས་རྣམ་གསུམ། རྒྱན་དྲུག་མཆོག་གཉིས། གནས་བརྟན་བཅུ་དྲུག་སྟོན་པ་གཙོ་འཁོར་དང་བཅས། རྟ་མགྲིན་མཁན་སློབ་ཆོས་གསུམ་སོགས་འཇིམ་བཟོའི་ལྷ་བདུན་ཅུ་ཙམ་དང་གུ་རུ་ཐང་མོ་ཆེ་གཅིག་བཅས་དང་ཐང་ཀ་སུམ་ཅུ་ཙམ་གྲུབ། གསུང་རྟེན་ལ་བཀའ་འགྱུར་ཚར་གཉིས་བསྟན་འགྱུར་དང་ཀློང་ཆེན་བཀའ་འབུམ། དཔལ་སྤྲུལ་བཀའ་འབུམ། སྤྱོད་འཇུག་འགྲེལ་པ་ཚར་ལྔ་བཅུ་བཅས་དང་། ཐུགས་རྟེན་ལ་གཡོན་རུ་སྤྲུལ་སྐུའི་གདུང་འཚོབ་གསེར་གདུང་གཅིག་གཞན་མཆོད་རྟེན་ཆེ་བ་རེ་འགའ་གྲུབ་ཟིན། གཞན་ཡང་ཡིག་བརྒྱ་དུང་དྲུག་དང་ས་ཏྭ་དུང་བརྒྱད། ཕུར་བསྙེན་དུང་། མ་ཎི་དུང་འཁོར་བཅས་ཀྱང་ལེགས་གྲུབ་བྱུང་ཡོད། དུས་མཆོད་རྣམས་ནི་སྔར་ལྟར་གནས། བླ་གྲྭ་ཡང་བརྒྱད་ཅུ་ནས་དགུ་བཅུའི་བར་ཡོད། དེ་ཡི་ནང་དགེ་ཚུལ་སློང་དྲུག་ཅུ་ཙམ་བཞུགས། དཔལ་འབྱོར་ཡོང་ཁུངས་ནི་ཡོན་བདག་ཚོས་འབུལ་བ་ལ་བརྟེན་དགོས། འགན་ཁུར་འཁན་བླ་མ་གཙོ་བོ་ནི་ཉ་ངོས་འཇིགས་མེད་བསྟན་འཛིན་དང་རྒྱ་ཡོན་ཏན་སོགས་ཡིན་ནོ།། དར་མདོ་ནས་རྒྱ་རིའི་བློ་བཟང་རྒྱ་མཚོ་དང་རིག་བསྟན་ཟུང་གིས་བྲིས་སོ།།

བྲག་མཁར་དགོན་པའི་ལོ་རྒྱུས།

སྔ་འགྱུར་རྙིང་མའི་ཆོས་གྲྭ་ཐུབ་བསྟན་ཡོངས་འདུས་དགའ་ཚལ་བྲག་མཁར་སྨིན་གྲོལ་ནོར་བུ་གླིང་གི་བྱུང་བ་དོ་ཙམ་བརྗོད་པ། དང་པོ་དགོན་པ་འདིའི་ཆགས་ཡུལ་གྱི་སྐོར་མདོ་ཁམས་སྒང་དྲུག་གི་ནང་ཚན་མི་ཉག་རབ་སྒང་གི་ཆར་གཏོགས་ཤར་སྟོད་བཞག་བྲ་དཀར་པོའི་ཉེ་ཞོལ་དུ་ཆགས་པ། ད་ལྟའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། དར་མདོ་རྫོང་ལྷ་སྒང་ཆུས་ནང་སྐོར་ཤིང་གི་ཁོངས་གཏོགས། བྲག་ཁར་དགོན་ཞེས་པའི་གནས་ཡིན་ལ། རྒྱལ་དབང་ཀརྨ་པཀྴི་སོགས་སྔོན་བྱོན་དམ་པ་རྣམས་ཀྱི་གཏེར་ལུང་ལས་ཁྲག་འཐུང་དཔལ་ཆེན་ཧེ་རུ་ཀའི་སྒྲུབ་གནས་དམ་པར་བསྔགས་ཤིང་། བྲག་མཁར་ཞེས་པའི་རྒྱུ་མཚན་གནས་ཡུལ་བྲག་རིའི་མཁར་ལྟ་བུའི་དཀྱིལ་ན་ཡོད་པས་ན་དེ་ལྟར་གྲགས།

དགོན་འདི་ཇི་ལྟར་ཆགས་ཚུལ་གྱི་སྐོར། རབ་བྱུང་བཞི་པའི་ནང་ཚན་ཤིང་སྟག་སྤྱི་ལོ་༡༢༥༤ལོ་རྒྱལ་[page 10] དབང་ཀརྨ་པཀྴི་མཆོག་རྒྱ་ནག་ཏུ་ཕེབས་སྐབས་མི་ཉག་གི་ཡུལ་ཁམས་ནས་ཟླ་བ་དྲུག་བདུན་ཙམ་ལ་བཞུགས། དེའི་སྐབས་སུ་གནས་དེར་ཕེབས་ནས་མ་འོངས་མངོན་སུམ་གཟིགས་པའི་ལུང་བསྟན་ལས། ད་ལྟ་འདི་ཀར་དགོན་པ་ཞིག་བཞེངས་དང་མ་འོངས་པ་ན་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་པོ་དར་རྒྱས་སུ་བྱུང་བ་ལུང་བསྟན། ཁོང་གིས་རི་ཁྲོད་ཞིག་ཕྱག་བཏབ་མཛད། གང་དེའི་སློབ་མཆོག་གནུབས་ཟུར་བླ་མ་དམ་པ་ཀརྨ་དབང་འཛིན་ཞབས་ཀྱི་རི་ཁྲོད་དེ་ལ་གཞི་བྱས་གཙུག་ལག་ཁང་ཀ་བ་བཞི་པ་ཅན་ཞིག་བཞེངས་གྲུབ་བྱུང་། དེའི་སྐབས་གྲུབ་མཐའ་བཀའ་བརྒྱུད་པ་ཡིན། ཆོས་གའི་ཕྱག་ལེན། མཁན་རབ་དང་སྤྲུལ་རབ་དགེ་འདུན་པའི་ཞལ་གྲངས་བཅས་འདིའི་ཡན་ཆད་ལ་རེ་རེ་བཞིན་ཞུས་མེད་ཀྱང་མང་པོ་ཡོད་ངེས་སོ།། རབ་བྱུང་བཅུ་གཅིག་པའི་ནང་ཚན། ལྕགས་ཁྱི་སྤྱི་ལོ་༡༦༧༠ལོར་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་རྫོགས་ཆེན་པདྨ་རིག་འཛིན་ཞབས་ཀྱི་དངོས་སློབ་ཇོ་ཁུ་ཀརྨ་བཀྲ་ཤིས་འོད་ཟེར་གྱི་སྐུ་རིང་ལ་ཁམས་རྫོགས་ཆེན་ཚང་གིས་རྙིང་དགོན་ཏུ་བསྒྱུར། ཆོས་ལུགས་རྙིང་མའི་གྲུབ་མཐའ་དངོས་སུ་དབུ་བཙུགས་དེ་ད་ལྟའི་བར་ཏུ་བཞུགས་པ་ལགས།

གཉིས་པ་དགོན་འདིའི་དུས་མཆོད་ཚོགས་རྒྱུའི་སྐོར། རྙིང་ཕྱོགས་ལ་བཤད་སྒྲུབ་གཉིས་ལས་གྲུབ་པ་གཙོ་བོར་མཛད་སྲོལ་ལྟར་རང་ལུགས་གཙོ་བོར་གྱུར་བའི་རྒྱུད་སྡེ་བཞིའི་ཡ་གྱལ། བཀའ་མའི་སྒྲུབ་ཁག་བཅུ་གསུམ་གྱི་ནང་ཚན་ལུང་ཨ་ནུ་ཡོ་ཀ་མདོ་ཚོགས་ཆེན་འདུས་པའི་སྒྲུབ་མཆོད། སྨིན་གླིང་དོར་སེམས་ཀྱི་བུམ་སྒྲུབ་བཀའ་བརྒྱད་བདེར་འདུས་ཀྱི་དགུ་ཆེན། བླ་མ་གསང་འདུས་བ་ལ་བསྟེན་ནས་ཚེས་བཅུའི་གར་འཆམས་སོགས་ར་བ་བཞིའི་ནང་དུས་ཚིག་ཐོག་རྫོགས་ཆེན་དགོན་པའི་ཕྱག་སྲོལ་ལྟར་བཞུགས་པ་ཡིན། གདན་རབ་བྲིས་ན་ཤིན་ཏུ་མང་པོ་ཡོད་ཀྱང་། སྐུ་ཕྲེང་རིམ་བྱོན་མཁས་ཤིང་གྲུབ་པ་བརྙེས་པའི་དབང་ཕྱུག་དམ་པ་གྲུབ་དབང་རྒྱལ་རོང་དཔལ་འབྱོར་གྱི་ཡང་སྤྲུལ་ཀུན་འཕེལ་སྤྲུལ་སྐུ་རིན་པོ་ཆེ་དམ་ཆོས་བསྟན་རྒྱས་ཞེས་པ་དམ་པའི་ཡོན་ཏན་གྱིས་བརྒྱན་པ་སྨད་མི་ཉག་ཕྱོགས་ཀྱིས་བསྟན་འགྲོའི་དཔལ་མགོན་དམ་པ་ཞིག་བཞུགས་པ་ཡིན། སྐྱབས་རྗེ་གང་རིན་པོ་ཆེ་ལྕགས་ལ་ཚང་གི་དབུ་བླ་མཛད། མི་ཉག་བཀའ་བཞི་དགོན་དུ་སྨད་ཀྱི་དགོན་ཁག་བཞི་ཙམ་གྱི་བླ་གྲྭ་རྣམ་ལ་བཀའ་ཆོས་དང་། བསྙེན་རྫོགས་རབ་བྱུང་མང་དུ་བསྒྲུབ་དབྱར་ནས་ཀྱི་ཐོག་མར་དབུ་བཙུག་པ་ཡིན། རང་དགོན་ཏུ་གཞི་གསུམ་ཆོ་གའི་བསྟན་པ་ཆེར་རྒྱས་སུ་སོང་བའི་ཚུལ་ནི། མི་ཉག་མཁས་པ་ཀུན་བཟང་བསོད་ནམས་ཞེས་པ་འཕགས་པའི་གནས་བསྟན་བ་ཀུ་ལའི་སྐུ་སྐྱེ་དེ་མ་ཐག་པ་ཉིད། སྐྱབས་རྗེ་དམ་ཆོས་རིང་པོ་ཆེའི་གདན་དྲངས་ཏེ་རབ་བྱུང་བཅུ་ཕྲག་བདུན་ལྷག་ཙམ་ཞིག་བསྒྲུབས། འདུལ་བ་གཞི་གསུམ་གྱི་ཆོ་ཀ་མི་དམན་པ་སྡོམ་གསུམ་རྣམ་ངེས་སོགས་ཀྱི་བཤད་ཁྲིད་ཀུན་ལ་གནང་ནས་ཐམས་བཅད་བླ་སློབ་ཏུ་གྱུར། དེ་ནས་བཟུང་དགེ་ཚུལ་སློང་གི་རྒྱུན་མ་ཆད་པར་མཁན་རབ་རྣམས་ཀྱིས་སྔར་གྱི་ཕྱག་སྲོལ་ལྟར་དམ་ཆོས་འདུལ་བའི་ཕྱག་ལེན་རྣམ་པར་དག་པ་རྨང་གཞིར་བྱས་པའི་སོར་བྱང་སྔགས་གསུམ་དང་ལྷག་པར་དུ་དམ་ཆོས་འདུལ་བའི་བཤད་ཁྲིད་ཟབ་ནན་[page 11] གསུངས་ནས་དགག་སྒྲུབ་ཀྱི་གནས་རྣམས་ལེགས་པོ་ཀུན་གྱིས་ཤེས་བྱེད་རྒྱུ་དང་། གྲྭ་ཚང་རྣམ་ལ་བྲིས་གཟུགས་སུམ་རྟགས་དག་གསུམ་དང་། སྙན་ངག་སོགས་གང་ལ་སྦྱང་འདོད་ཡོད་པ་རྣམས་ལ་དེ་དང་དེ་ཁྲིད་བཞིན་ཡོད། སྨད་ཕྱོགས་ཀྱི་རྙིང་དོགན་ཐམས་ཅད་ལས་ཆེ་ཤོས་ཤིག་ཡིན་སྟབས་དགེ་འདུན་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་ལྷ་ལྷག་ཙམ་སྔོན་དུས་སུ་ཡོད་པ་ཡིན། རྟེན་གྱི་གཙོ་བོ་གཙང་ཁང་དུ་རྒྱལ་བ་བྱམས་པ། སློབ་དཔོན་ཆེན་པོ། གདུགས་དཀར་ཕྱག་སྟོང་སྤྱན་སྟོང་། ཆོས་སྐུ་འོད་དཔག་མེད་སོགས་རྩེག་གཉིས་ཐོག་ཅན། འཚོགས་ཁང་དུ་མཁན་སློབ་ཆོས་གསུམ་གཞནཡང་སྟེང་ཤོད་བར་གསུམ་དང་ཕྱོགས་སོ་སོར་རྒྱལ་བའི་བཀའ་བསྟན་འགྱུར་ཚར་བཞི་སོགས་གསུངས་རབ་སྣ་ཚོགས་དང་གསེར་ཟངས་ཀྱི་སྐུ་སོགས་རྟེན་གསུམ་གྱི་རྣམ་གྲངས་ཤིང་ཏུ་མང་པོ་པར་ཤིང་ཡང་མང་པོ་བཞུགས་ཀྱང་། ཡུལ་དུས་རྐྱེན་དབང་གི་འཕོ་འགྱུར་ལས་རིག་གནས་གསར་བརྗེའི་ནང་སྣོད་བཅུད་ཡོངས་རྫོགས་སླར་ཡང་ཐལ་བའི་ཕུང་པོ་གཅིག་ཏུ་གྱུར་སོང་བའི་སྐབས་སུ་དགོན་ཤུལ་ཙམ་ལས་མེད་པ་ཀུན་གྱི་མཁྱེན་གསལ་ལྟར་ལགས་སོ།།

དེང་སང་གི་གནས་ཚུལ་སྐོར། བླ་མ་ལི་ཐར་དང་སྤྲུལ་སྐུ་པདྨ་རྡོ་རྗེ་སོགས་ཀྱིས་གཙོ་བོ་བྱས་ནས་འདུ་ཁང་དང་། མགོན་ཁང་། ཇ་ཁང་། གཉེར་ཁང་སོགས་ཞིག་གསོ་བྱས་ཡོད། སྐུ་གསུང་ཐུགས་རྟེན་དང་། མཆོད་ཆས། རོལ་མོ། དུས་མཆོད། འཆམ་རྒྱག་རྒྱུ། དབྱར་གནས་བཅས་འཛོམས་ཡོད། དགོན་པ་འདིའི་ཁོངས་གཏོགས་སུ་མཁན་པོ་ཆོས་གྲགས་ཚང་གིས་བཤད་གྲྭ་མིང་གྲགས་ལྡན་པ་ཞིག་རྒྱབ་ཡོད། ནང་བསྟན་སློབ་གྲྭ་འདིའི་ཆགས་ཡུལ་ནི་ནང་སྐོར་ལུང་མདའི་གཡོན་ཟུར་གནས་རི་འཇམ་དབྱངས་རི་ངོས་སུ་བརྗིད་ཆགས་མཛེས་སྡུག་དང་ལྡན་པའི་ཚོགས་ཁང་ཆེན་པོ་རྒྱབ་ཡོད་པ་ནི་མི་ཉག་གི་སའི་མཛེས་རྒྱན་ལྟ་བུ་ཞིག་གྱུར་ཡོད།

བྲག་མཁར་དགོན་པའི་དཔལ་འབྱོར་གྱི་འོང་ཁུངས་ནི་གྲྭ་བ་རང་རང་གི་ཁྱིམ་དང་མི་སེར་སྦྱིན་བདག་ཚོས་ཤི་གསོན་གྱི་དགེ་རྩའི་ཆེད་དུ་ཡོན་ཕུལ་བའི་རྒྱུ་རྫས་རྣམས་ཡིན་ནོ།། དགེ་འདུན་པའི་ཞལ་གྲངས་དྲུག་ཅུ་ལྷག་ཙམ་སྦྱིན་བདག་གི་དུད་གྲངས་བརྒྱ་དང་ལྷག་ཡོད། བཤད་གྲྭ་བའི་གྲྭ་པ་དྲུག་ཅུ་ལྷག་ཙམ་ཡོད། སྤྱིར་གཞན་སྔ་མོའི་བླ་མ་ཚོ་གདུལ་བྱའི་སློབ་མ་ཚོས་བླ་མ་ཚུར་བཙལ་སྲོལ་ཡོད་མོད། འོན་ཀྱང་དེང་སང་བླ་མ་འགས་གདུལ་བྱ་ཕར་འཚོལ་བཞིན་ཡོད་ཀྱང་མཁན་པོ་ཆོས་གྲགས་ཀྱི་སློབ་མ་ཚུར་མང་པོ་བསྡུ་འདོད་མེད་པས་ཕར་རྒྱ་བོད་ཀྱི་སློབ་ཅི་ཙམ་མངགས་ཀྱང་ཚུར་འདུས་འོང་བས་ཐབས་ཤེས་མེད་པ་ལྟ་བུ་ཞིག་ཆགས་ཡོད། ཁོ་བོས་བལྟས་ན་མཁན་ཆོས་གྲགས་ཟེར་བ་དེ་ནི་རྒྱུ་ནི་མཁོ་བའི་བྱ་བྲལ་ཞིག་དང་སྙན་གྲགས། སྟོབས་འབྱོར། མངའ་ཐང་སོགས་མི་མཁོ་མཁན་གྱི་ཆོས་ལུགས་པ་ཞིན་ཡིན་པའི་རྐྱེན་གྱིས་རྒྱ་ཆེའི་སློབ་མ་རྣམས་ཀྱིས་དད་གུས་བྱེད་པ་རེད་སྙམ་བྱུང་ལགས་སོ།།

ཞེས་པ་འདི་ནི་དགོན་འདིའི་བླ་གྲྭ་ཚོགས་གསུངས་པ་ནང་བཞིན་དུ་རིག་བསྟན་གྱིས་བྲིས་སོ།།

རཱ་ཏཱི་དགོན་གྱི་ལོ་རྒྱུས།

[page 12] ཐོག་མར་གནས་འདིར་མཚན་ཇི་ལྟར་ཐོག་ཚུལ་ནི་གནས་དེ་རུ་ཕྱིན་པ་ཙམ་གྱི་རང་བཞིན་གྱི་ཁམས་དྭངས་ཤིང་རིགས་པ་གསལ་བས་ཉོན་མོངས་མེད་ཅིང་དགའ་བ་དང་བདེ་བས་རབ་ཏུ་སིམ་པར་བྱེད་པའི་ནུས་པ་དང་ལྡན་པས་ཐོག་མར་མིང་ཡང་དགའ་བ་ལུང་ཞེས་པར་གྲགས། གནས་བདག་ནི་གནས་འདིས་ཕུག་གམ་རྩེ་མོ་ལྟ་བུ་དེ་ཡིན་པས་དགའ་བ་འབུམ་དང་ལྡན་པའི་རྩེ་མོ་ཞེས་གསོལ་བ་ཡིན་སྐད། དེ་ནས་རིམ་བཞིན་ཚིག་ཚུར་བསྡུས་ནས་དགའ་ལྡན་འབུམ་རྩེ་ཞེས་ཐོག དེ་རྗེས་རྨ་སྟོན་གྱི་དགོན་པ་བཏབ་ནས་དགའ་བ་ཞེས་པའི་ཡིག་འབྲུ་གཉིས་པོ་དེ་ལེགས་སྦྱར་གྱི་སྐད་དུ་བསྒྱུར་ནས་རཱ་ཏཱི་ཞེས་འབྱུང་བས་རིམ་བཞིན་གནས་འདིར་རཱ་ཏཱི་ལུང་དང་རཱ་ཏཱི་འབུམ་རྩེ་ཞེས་མིང་ཆགས། རྣམ་ཐར་ལ་ལར་འབུམ་རྩེ་ལ་འབོ་རྩེ་ཞེས་འབྱུང་བས་དེ་ནི་འབུམ་ལ་འབོ་ཟེར་བ་ཡུལ་འདིའི་ཡུལ་སྐད་ཡིན་པ་དེང་གི་བར་དུ་ཡང་དེ་བཞིན་ལགས། རཱ་ཏཱི་ལ་རིང་ཆ་དོར་བ་དང་རཱ་ཐི་ཞེས་པ་སོགས་ནི་ནོར་བའོ།།

རྫོགས་ཆེན་པའི་ཡང་དགོན་རཱ་ཏཱི་ཆོས་འཁོར་གླིང་ཞེས་པའི་ཆོས་སྡེ་དེ་ཉིད་ཆགས་ཡུལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་བཞི་སྟོང་བདུན་བརྒྱ་ལྷག་གི་གྲང་ངར་ཆེ་བའི་མཐོ་སྒང་ཞིག་ཡིན། དེ་ཡང་རབ་བྱུང་དྲུག་པའི་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་སྤྱི་ལོ་༡༣༦༤ལོ་ལ་རཱ་ཏཱི་བྱམས་པ་གླིང་ཞེས་བཀའ་བརྒྱུད་པའི་ཆོས་རྒྱུད་འཛིན་པའི་ཆོས་སྡེ་ཆེན་པོ་ཞིག་བཏབ། འདི་འདེབས་པ་པོ་ནི་སྙན་པའི་མི་ཉག་མཁས་པ་མི་ལྔའི་ཡ་གྱལ་མཁན་ཆེན་རྨ་སེ་སྟོན་པ་རིན་ཆེན་བཟང་པོ་ཞེས་པ་དེ་ཡིན། ཁོང་ཉིད་རབ་བྱུང་ལྔ་པའི་དམར་སེར་ཅན་ཞེས་པ་མེ་མི་སྦྲུལ་སྤྱི་ལོ་༡༣༡༧ལོར་མི་ཉག་རབ་སྒང་དུ་སྐུ་འཁྲུངས་ནས་རབ་བྱུང་དྲུག་པའི་ཁྲག་སྐྱུག་ཞེས་པ་ཆུ་མོ་ཕག་སྤྱི་ལོ་༡༣༨༣ལོའི་བར་དགུང་ལོ་དྲུག་བཅུ་རེ་དྲུག་གི་རིང་རཱ་ཏཱི་ལུང་བར་གདན་ས་འདེབས་པ་དང་འཆད་ཉན་སྤེལ་བ། ཡུལ་གྱི་འཁྲུགས་པ་བསྡུམས་པ་སོགས་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་དང་སེམས་ཅན་ལ་བདེ་སྐྱིད་ལྡན་པའི་བྱ་བས་དུས་འདའ་བར་མཛད། སྐུ་ཉིད་དང་དགུང་ལོ་ཞེ་བརྒྱད་བཞེངས་པའི་རབ་བྱུང་དྲུག་པའི་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་ལོར་སྤྱི་ལོ་༡༣༦༤ལོ་དེའི་སྐབས་ཀྱི་དགོན་པའི་རྒྱ་ཁྱོན་དང་སྐུ་གསུང་ཐུགས་རྟེན་བླ་གྲྭའི་གྲངས་ཀ་སོགས་ཞིབ་གསལ་གྱི་དཔྱད་གཞིའི་ཡིག་ཆ་མ་རྙེད་ཀྱང་ཧ་ལམ་རང་དགོན་སླར་གསོའི་སྐབས་ཀ་བ་བརྒྱ་ལྷག་གི་ཀ་རྨིང་བྱུང་པ་ལ་གཞིགས་ན་གཙུག་ལག་ཁང་རྒྱ་ཆེན་ཡིན་ཚོད་རེད། རྨ་སྟོན་རྣམ་ཐར་དུ་འབྲུག་སྤྱི་ལོ་༡༣༧༦ལོ་ལ་ཚོགས་པ་རྒྱ་ཆེར་བསྐྱངས། ཞེས་འཁོད་འདུག་སོགས་ལ་དཔག་ན་དགེ་འདུན་པའི་ཞལ་གྲངས་ཡང་ཧ་ཅང་མང་ཚོད་རེད། དེ་ནས་ཧ་ལམ་མི་ལོ་སུམ་བརྒྱ་ལྷག་གི་རིང་གནས་འདིར་བསྟན་པ་དར་ན་ཡང་འདུས་བྱས་ཐམས་ཅད་མི་རྟག་པ་ཇི་བཞིན་ཕལ་ཆེར་རབ་བྱུང་བཅུ་གཉིས་པའི་མི་མི་བྱ་སྤྱི་ལོ་༡༧༡༧ལོར་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་རྟ་དམག་དྲུག་སྟོང་ལྷག་བོད་དུ་བཏང་ནས་ལྷ་བཟང་དང་ལོ་ཆེན་ངྷརྨ་ཤྲི་སོགས་བཀྲོངས་ནས་[page 13] བོད་སྤྱིའི་སྲིད་དང་ཆེས་ཁྱད་པར་དུ་ཆོས་ལ་གཏོར་གཤིགས་ཚབ་ཆེན་ཐེབས་ཡོད་པས་དེ་སྐབས་ཙམ་ལ་འདིར་ཁམས་མི་ཉག་ཕྱོགས་ཀྱི་གངས་དཀར་དགོན་མ་གཏོགས་དགོན་གནས་ཐམས་བཅད་བརླག་པས་འདི་དགོན་ཡང་དེ་སྐབས་ཉམས་པ་འདྲ། དེའི་རྗེས་ཙམ་ན་སྐྱིད་ལེགས་དགོན་ཡང་ཐོག་མར་འདི་ནས་ཆགས་སྐད་ཀུང་ཁ་རྒྱུན་ཙམ་ལས་འདེབས་པ་པོའི་བླ་མ་དང་འདེབས་དུས་ཀྱི་རབ་བྱུང་སོགས་ཁ་གསལ་གྱི་ལོ་རྒྱུས་ཡིག་ཆ་དེ་སྔོན་མ་རྙེད་པས་ཞིབ་ཆ་རང་མི་འདུག རྨ་སྟོད་གདན་ས་འདི་ཉམས་པ་སླར་གསོ་མཛད་ནས་གྲུབ་མཐའ་རྙིང་མ་བསྒྱུར་ཚུལ། རྨ་སྟོད་གདན་ས་འདི་བཏབས་ནས་ལོ་འཁོར་ལྔ་བརྒྱ་བཞི་བཅུ་འཁོར་ཞིང་མཆོག་སྤྲུལ་འཇམ་དཔལ་ཡེ་ཤེས་གང་ཉིད་དགུང་ལོ་སོ་བདུན་བཞེས་སྐབས་རབ་བྱུང་བཅོ་ལྔ་བའི་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་ལོ་༡༩༠༤ལོ་ལ་རྨ་སྟོད་གྱི་གདན་ས་འདིར་རྫོགས་ཆེན་དགོན་པའི་ཡང་དགོན་དུ་གཏོགས་པའི་གྲུབ་མཐའ་རྙིང་མ་བའི་ནག་དགོན་ཆུང་ངུ་ཞིག་བཏབ། དེ་སྐབས་ལྷ་སྡེ་རྒྱ་ཆུང་ཞིང་འབྱོར་བ་དམན་པས་གཙུག་ལག་ཁང་དངོས་ཀྱི་ཨར་ལས་རེ་ཞིག་མ་འགྲུབ་ཀྱང་། གཙུག་ལག་ཁང་གི་ཚབ་ཏུ་ནག་ཚང་ཆེ་བ་གཅིག་དང་དེ་མིན་སྦྲ་གུར་འགའི་གྲ་བསྒྲིགས་ཏེ། ཡང་གསང་བླ་མེད་ཐེག་པ་མཆོག་གི་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཆེས་ཆེར་དར་བའི་སྨོན་ལམ་དང་ཏེན་འབྲེལ་གྱི་མཐུན་རྐྱེན་གསར་དུ་བསྒྲིགས་ཤིང་རྫོགས་ཆེན་ལྟར། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་སིདྡྷིའི་སྒྲུབ་མཆོད་དང་ཚེ་བཅུའི་དུས་མཆོད། ཡི་དམ་དགོན་པོ་དང་སེང་གདོང་། གུ་དྲགས་སོགས་ཀྱི་སྒྲུབ་མཆོད། མ་ཎིའི་དུང་སྒྲུབ་དང་བརྙེན་གནས་སོགས་རྒྱུན་འཛུགས་མཛད། ཁྱད་པར་དུ་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས་རྡོ་རྗེ་ཐེག་པའི་འདུལ་བ་བསྐྱེད་རྫོགས་ཁོ་ན་ལས་ཉན་ཐོས་ཀྱི་ཐེག་པ་ལྟར་རྟགས་དང་ཆོ་གར་སྟེས་གྲུབ་ཏུ་མ་ངེས་ཀྱང་ལམ་གནད་ཐམས་ཅད་བསླབ་པ་གསུམ་ལ་རག་ལས་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་འདུལ་བ་གཞི་གསུམ་གྱི་ཆོ་གའི་ཉམས་ལེན་རྒྱུན་བཙུགས་ནས། མཁན་ཆེན་པདྨ་བཛྲ་གྱིས་བྲིས་པའི་ཤྲི་སེང་ཆོས་གྲྭའི་གཞི་གསུམ་ཟིན་བྲིས་ལས་དཔེ་བཤུས་མཆོག་སྤྲུལ་སྐུ་ངོ་མས་ཕྱག་བྲིས་མཛད་པ་ཇི་བཞིན་ཕྱག་ལེན་དུ་བརྡལ་བའི་རྒྱུན་ཚུགས་པ་དེང་གི་བར་དུ་གནས།

སྐུ་གསུང་ཐུགས་རྟེན་ནི་གསེར་སྐུ་དང་བཀའ་གདམས་མཆོད་རྟེན་སོགས་སྐོར་ཅིག་དང་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཚར་གཅིག་དང་བསྟན་འགྱུར་ཚར་གཅིག་དེ་མིན་གསུང་འབུམ་སྐོར་སོགས་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད། མཆོད་ཆ་སྐོར་ནི་ཧ་ལམ་ཅི་དགོས་ཆ་ཚང་ཡོད། སྦྱིན་བདག་ནི་མགོ་བཏེགས་ལྷ་སྡེ་ཡོངས་རྫོགས་དང་ཆེས་གཙོ་བོ་ནི་སེང་སེང་ཚང་ཡིན། བླ་གྲྭ་སུམ་ཅུ་སྐོར་ལ་སྤྲུལ་སྐུ་གཅིག་དང་མཁན་པོ་གཅིག དགེ་བསྐོས་གཅིག དབུ་མཛད་གཅིག གཉེར་པ་གཉིས་བཅས་ཡོད། དེ་ནས་རབ་བྱུང་བཅུ་དྲུག་པའི་འབྲུ་མང་པོ་ཞེས་པ་ས་ཕོ་སྟག་སྤྱི་ལོ་༡༩༣༨ལོ་ལ་མཆོག་སྤྲུལ་སྐུ་ཕྲེང་གཉིས་པ་པདྨ་བསྟན་འཛིན་དགུང་གྲངས་དྲུག་ལ་བཞེས་སྐབས་གང་ཉིད་ཀྱི་ཡོངས་འཛིན་དང་འགན་བཞེས་པ་གཙོ་བ་སེང་སེང་སྟོབས་ལྡན། བཙུན་པ་དཔལ་ཆེན་སོགས་གྲོས་འདྲི་དང་བཅས་སྐུ་སྔ་མའི་ཞལ་ཆེམས་ཀྱི་བཀོད་[page 14] པ་ཇི་བཞིན་གཙུག་ལག་ཁང་ཀ་བ་གཉིས་སྒོ་འཕྱོར་ཀ་བ་

གཉིས་ཀྱིས་ཨར་ལས་བསྐྲུན་པའི་རྨིང་གཞི་བཏང་། བསྟུད་མར་ལོ་གསུམ་གྱི་རིང་མ་ཎིའི་དུང་འཁོར་གཅིག མཆོད་རྟེན་ཆ་བརྒྱད། ཇ་ཁང་དང་གཉེར་ཁང་ཁང་མིག་བརྒྱད་ཅན། གྲྭ་ཤག་སུམ་ཅུ་སྐོར་བཅས་གྲུབ་ཟིན། ནང་རྟེན་ལ་གཏོང་ཕོད་ཀྱི་ལག་པ་རྣམ་པར་ཡངས་པའི་མཆོག་སྤྲུལ་སྔ་མའི་སྐུ་ཚ་མཐུ་སྟོབས་རྡོ་རྗེ་ནས་སྦྱིན་བདག་ཞུས་ནས་འཇིམས་སྐུ་ཐོག་ཚད་མ་གུ་རུ་གཙོ་འཁོར་གསུམ་དང་། དེ་མིན་སྦྱིན་བདག་རྣམས་རང་རང་གི་འབྱོར་བ་དང་དཔག་ནས་རྒྱུ་སྦྱོར་ཞུས་ཏེ་གཡས་སུ་མཁན་ཆེན་བྷོ་དྷི་ས་ཏྭ་དང་། སྟོན་པ་གཙོ་འཁོར་གསུམ། སྒྲོལ་མ་དཀར་མོ། རྡོ་རྗེ་གྲོད་ལོད་བཅས་རིམ་པ་བཞིན་དང་། གཡོན་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་། རྡོ་རྗེ་སེམས་དཔའ། སྒྲོལ་མ་སྔོ་ལྗང་བཀའ་བསྟན་གྱི་གླེགས་བམ་བཀོད་པའི་དྲྭ་མིག་གི་དབུས་སུ་གུ་རེ་སེང་གེ་སྒྲ་སྒྲིགས་བཅས་རིམ་པ་བཞིན་དང་། དེ་མིན་གསེར་སྐུ་དང་བཀའ་གདམས་མཆོད་རྟེན་སྐོར་སོགས་བཞུགས། ཁྱད་པར་དུ་རྫོགས་སྤྲུལ་ལྔ་པས་མཆོག་སྤྲུལ་འཇམ་དཔལ་ལ་གནང་བའི་ཐུབ་སྐུ་རྒྱ་གར་མ་དང་། ཡང་རྫོགས་སྤྲུལ་ལྔ་པས་སྤྲུལ་སྐུ་སྨིན་གྲོལ་ལ་གནང་བའི་རྡོར་དྲིལ་ཆ་གཅིག་རི་ཁུད་སྐུ་ཞབས་ཀྱིས་གནང་བའི་གསེར་ཐང་སྐོར་སོགས་བཞུགས། རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོ་སྤྱི་ལོ་༡༩༧༦ལོ་བར་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་འགུལ་སྐྱོད་སྔ་ཕྱི་གཉིས་ཀྱི་རིང་ལ་རྟེན་དང་བརྟེན་པ་དང་བཅས་པ་རྨེག་མེད་དུ་བཏང་ནས་གྱང་རལ་སྐོར་ཅིག་ལས་ཅི་ཡང་མ་ལུས། ད་སྐབས་ཀྱི་ཉམས་པ་སླར་གསོའི་སྐོར་ནི། མཧ་སྐྱིད་ལུང་དགོན་གྱི་སྤྲུལ་སྐུ་ཨ་དཔལ་གྱིས་རང་དགོན་གྱི་མཁན་ནམས་ཁོ་དང་བླ་མ་ནམ་མཁའ་ཟུང་ལ་ད་ནི་སྲིད་ཇུས་ལེགས་སོང་བ་དང་བསྟན་པ་སླར་དར་གྱི་དུས་ལ་བབས་པ་ཡིན་པས། ཁྱེད་རྣམ་གཉིས་ཀྱི་འགན་གཙོ་བོ་བཞེས་ཏེ་རཱ་ཏཱི་དགོན་འདི་ཉམས་པ་སླར་གསོ་མཛོད་དང་། བྱ་བ་ལེགས་ལམ་དུ་འགྲོ་བ་འི་དགོན་མཆོག་གིས་གདོང་གྲོགས་མཛད་པ་བན་རྒན་ངེས་ཁེག་ཁུར་ཞེས་འབྱོར་བའི་གནང་བ་ལ་རྟེན་འབྲེལ་ལྷ་རེག་གི་བརྒྱན་ནས་བསྩ་ཏེ་བཀའ་བསྐུལ་མཛད། དེ་ལ་བརྟེན་ནས་ཁོང་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་ལས་ཀའི་གྲོས་མོལ་མཛད་ནས་མི་སེར་གྱི་བསམ་ཆར་རང་མོས་དང་འབྱོར་བའི་དངོས་འབུལ་ཡོད་མེད་སོགས་དཔག་སྐབས། ཀུན་ལ་འདོད་མོས་ཡོད་པ་དང་འབྱོར་བའི་དངོས་པོ་ཡང་མི་དམ་ཙམ་དུ་འབྱོར་བ་ལ་གཞིགས་ནས་ཐོག་མར་གོང་རིམ་ལ་ཆོག་མཆན་ཞུ་བ་སོགས་བཞེངས་པའི་གྲབས་ལ་བརྩོན། དེ་ནས་གོང་རིམ་གྱི་ཆོག་མཆན་ཐོབ་པ་དང་རང་དགོན་གྱི་སྤྲུལ་སྐུའི་སྐུ་ཕྲེང་གསུམ་པ་འགྱུར་མེད་མཆོག་ཀྱང་ཁྲི་ཁར་འཁོད་ནས་བཀའ་སློབ་ཀྱི་བདག་རྐྱེན་བསྩལ་བ་ཇི་བཞིན་རབ་བྱུང་བཅུ་དྲུག་པའི་ཤིང་མོ་གླང་སྤྱི་ལོ་༡༩༨༥ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་དུས་ཆེན་དང་གཟའ་སྐར་དགེ་བའི་ཉིན་དེར། མཁན་ནམས་ཁོ་དང་ནོར་འཕེལ་གཉིས་ཀྱིས་སྔར་རྨ་སྟོད་གྱིས་བཏབས་པའི་གཙུག་ལག་ཁང་གི་སྒོ་འཕྱོར་གྱི་ཐད་ནས་ས་ཆོག་ལེགས་པར་མཛད་ཏེ་གཙུག་ལག་ཁང་གི་རྨིངས་གཞི་བཏིང་། རྒྱ་ཁྱོན་ཀ་བ་[page 15] བཅུ་གཉིས་ལ་ཀ་རིང་གཉིས་དང་སྒོ་འཕྱོར་ཀ་བ་བཞི་གློ་འབུར་དང་བཅས་པ་མཐོ་ཚད་ཐོག་རྩེག་གསུམ་ལ་རྫ་གཡམ་གྱི་རྒྱ་ཕུབ་དང་གཉྫི་རའི་ཏོག་དང་ལྡན་པ། ཕྱོགས་བཞིར་རྫ་གཡམ་གྱེན་དུ་འདེགས་པའི་ཆུ་སྲིན་གྱི་ཁ་རུ་རླུང་དྲིལ་བཞི་རླུང་གི་བསྐྱོད་པའི་སིང་སྒྲ་འཁོར་བ། མཐའ་སྐོར་དུ་ལྕགས་རིའི་འཁོར་བའི་བར་དུ་ཇ་ཁང་ཀ་མིག་དྲུག་གི་རྒྱ་ཁྱོན་དང་བཅས་པ་ལེགས་པར་བསྐྲུན། ད་དུང་ཡིག་བརྒྱ་དུང་འཁོར་གཅིག མ་ཎིའི་དུང་འཁོར་གཅིག མཆོད་རྟེན་ཆ་བརྒྱད་ཆ་གཉིས་དང་། དེ་མིན་རང་དགོན་གྱི་མཁན་བསོད་བཀྲ་དང་བསོད་གྲགས་གཉིས་ཀྱི་སྐུ་གདུང་མཆོད་རྟེན་གཉིས་དང་བཅས་ཁྱོན་མཆོད་རྟེན་ཆེ་ཆུང་ཉེར་གསུམ་དང་། གྲྭ་ཤག་སུམ་ཅུ་སོ་གསུམ་བཅས་ཀྱི་ཨར་ལས་ཀྱི་འཛུགས་སྐྲུན་གྲུབ་ཟིན། དེ་དག་གི་རྒྱ་ཁྱོན་ནི་རྨི་རྒྱ་དཔང་གྲུ་བཞི་མ་ཉིས་སྟོང་ལྔ་བརྒྱ་ཙམ་ཟིན་ནོ།།

ནང་རྟེན་སྐོར། གཙུག་ལག་ཁང་གི་གཙང་ཁང་དབུས་མར་རྒྱུ་འཇིམ་པ་ལས་གྲུབ་པའི་གུ་རུ་པདྨའི་སྣང་བརྙན་ཐོག་རྩེགས་གཉིས་ཀྱི་ཚད། དེའི་གཡས་གཡོན་དུ་ཐོག་རྩེགས་གཅིག་གི་ཚད་ཀྱི་ལྷ་ལྕམ་མནྡྷ་ར་བ་དང་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱི་འཇིམ་སྐུ་དང་། མདུན་དུ་རིགས་འཛིན་འཇིགས་མེད་གླིང་བ་དང་དེའི་གཡས་གཡོན་དུ་གུ་རུ་དྲག་པོ་དང་མཁའ་འགྲོ་མ་སེང་གེ་གདོང་བ་ཅན་བཅས་མཐོ་ཚད་སྤྱི་ཁྲི་གང་ལྷག་རེ་ཡོད་པ། གཙང་ཁང་གི་གཡོན་ཕྱོགས་སུ་མགོན་པོ་འོད་དཔག་མེད། རྡོ་རྗེ་སེམས་དཔའ། སྤྱན་རས་གཟིགས། མཁན་ཆེན་བྷོ་དྷི་ས་ཏྭ་བཅས་རིམ་པ་བཞིན་དང་། གཙང་ཁང་གི་གཡོན་ཕྱོགས་སུ་སངས་རྒྱས་ཤཱཀྱ་ཐུབ་པ། མར་མེ་མཛད། སྒྲོལ་མ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བཅས་བཞུགས། དེ་བཞིན་གཙང་ཁང་སྟེང་མའི་གཡས་གཡོན་དུ་བཀའ་བསྟན་ཆ་གཅིག་དང་དེ་མིན་བཀའ་འབུམ་སྐོར་སོགས་ཀྱི་གླེགས་བམ་བཀོར་པའི་དྲྭ་མིག་གི་དབུས་སུ་རྒྱལ་ཚབ་བྱམས་པ་མགོན་པོ་དང་། ཀུན་མཁྱེན་ཀློང་ཆེན་པ་རྣམ་གཉིས་ཐོག་ཚད་རེ་དང་། གཙང་ཁང་སྟེང་མའི་བྱང་ཕྱོགས་སུ་མགོན་ཁང་དུ་རྡོ་རྗེ་སེམྶ་དཔལ་དང་དཔལ་ལྡན་ལྷ་མོ་གཉིས་ཀྱི་འཇིམས་སྐུ་ཐོག་ཚད་རེ་དང་ཙིའུ་དམར་དང་གྲི་བཙན་སོགས་ཀྱི་ཞལ་འབགས་རེ་དང་སྤྱན་གཟིགས་སྐོར་རོ། དེ་མིན་རྟེན་རྙིང་བྱིན་ལྡན་གྱི་ཐང་ཀ་གནས་བརྟན་བཅུ་དྲུག་དང་། གྲུབ་ཐོབ་བརྒྱད་ཅུ། ལྟུང་བཤགས་ལྷ་སོ་ལྔ། མི་འཁྲུགས་པའི་ཞིང་བཀོད་སོགས་དང་། གསར་བཞེངས་ལ་སྐྱེ་རབས་དཔག་བསམ་འཁྲི་ཤིང་དང་། དམ་པ་རིགས་བརྒྱ། བདེ་ཆེན་ཞིང་བཀོད། སྒྲོལ་མ་ཉེར་གཅིག་སོགས་དང་། གཙང་ཁང་འོག་མའི་ཕྱོགས་བཞིར་སངས་རྒྱས་བྱང་སེམས་ཀྱི་ཀློག་རིས་ཀྱི་འཁོར་བའོ།།

སྒྲུབ་མཆོད་དང་ཆོས་ར་འཚོགས་པའི་དཔལ་འབྱོར་ཡོངས་ཁུངས་ནི། འབྲུ་རིགས་འོང་ཁུངས་ནི་ཞིང་ར་ཆུང་ཤས་ཙམ་ཡོད་པས་དེའི་ཞིང་ལས་ཐོན་རྫས་ཕྲན་བུའི་གཙོར་བྱེད། དཀར་རིགས་ནི་རང་དགོན་གྱི་ལྷ་སྡེ་ལ་འབྲོག་དུད་བརྒྱ་ལྷག་ཙམ་ཡོད་པས་དེས་རང་རང་གི་ཚོགས་བསགས་སུ་སེམས་ཏེ་རང་ཤུགས་ཀྱི་གོམ་སྲོལ་དུ་ཆགས་པ་ནང་བཞིན་རང་རང་གི་འབྱོར་བ་དང་དཔག་ནས་ལོ་རེ་བཞིན་མར་ཕྱུར་དང་འོ་ཞོ་སོགས་ཅི་ལྕོག་ཕུལ་འོང་བས་དེ་གཞི་བྱས། དེ་མིན་དགོན་པ་རང་ལ་ཆོས་འགྱེད་ཟོག་ལུག་དང་[page 16] བལ་ལྤགས་སོགས་འབྲོག་པའི་ཐོན་རྫས་སྐོར་ཕུལ་འོང་བ་སོགས་བཙོང་བའི་རིན་སོགས་ཀྱི་གཙོར་བྱས་ནས་འཚོགས་པ་ལས་གཞན་འོང་སྒོ་ཅི་ཡང་མེད། ཡིན་ན་ཡང་བཟའ་བཏུང་ཐམས་བཅད་བླ་གྲྭ་ཡོངས་ཀྱི་རང་ཁྱིམ་ནས་འོང་དེ་འཚོགས་པ་ཡིན།

རྡོ་རྗེ་དགོན་པའི་ལོ་རྒྱུས།

རྡོ་རྗེ་བྲག་ཅེས་པའི་རྒྱུ་མཚན་ནི་གསང་སྔགས་སྔ་འགྱུར་བའི་གདན་ས་ཆེན་པོ་ལྷ་སའི་ཐུབ་བསྟན་རྡོ་རྗེ་བྲག་གི་བུ་དགོན་ཆེ་གྲས་ཤིག་ཡིན་པས་མཚན་དེ་ལྟར་གསོལ། བོད་རབ་བྱུང་དགུ་བའི་ཤིང་བྱི་སྤྱི་ལོ་༡༥༦༤ལོ་དགོན་པ་འདི་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་གི་སྤྲུལ་པ་གུ་རུ་ཆོས་དབང་གི་རྣམ་སྤྲུལ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱིས་གསར་དུ་བཏབ། དགོན་མིང་ལ་ཨེ་ཝཾ་ལྕོག་སྒར་དང་སྒར་གྲྭ་ཚང་ཡང་ཟེར། གྲུབ་མཐའ་ནི་བྱང་གཏེར་གྱི་ཆོས་རྒྱུན་འཛིན་མཁན་སྔ་འགྱུར་རྙིང་མ་བ་རེད།

མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཚང་དང་ལྕགས་ལ་རྒྱལ་སྲས་པདྨ་ཐེག་མཆོག་བཅས་ཀྱི་གཙོ་འགན་བཞེས་ནས་ལྕགས་ལ་རྒྱལ་པོའི་བློན་ཆེན་དང་དཔལ་གསས་སྐྱབས་པ། ཨ་ཇ་ཁ་པ་འབྱོར་ལྡན་ཁག་གིས་ལྷ་ཁང་ཐོག་བརྩེགས་གཉིས་ཀྱི་མཐོ་ཚད་ཅན་གསེར་ཟངས་ལས་གྲུབ་པའི་གུ་རུ་གཙོ་འཁོར་གསུམ་དང་། གོས་ཆེན་ཚེམ་དྲུབ་མའི་གུ་རུ་མཚ་བརྒྱད་ཀྱི་ཐང་མོ་ཆེ། གུ་རུ་མཚན་བརྒྱད་བྲིས་མའི་ཐང་མོ་ཆེ། གསེར་ཟངས་དང་ལི་མའི་ལྷ་སྐུ་ཆེ་ཆུང་སུམ་བརྒྱ་ལྷག་ཙམ་དང་། མི་ལུས་མཐོ་ཚད་ཅན་གྱི་ཙན་དན་དམར་པོར་བརྐོས་པའི་ཕུར་བའི་ལྷ་ཚོགས་ཀྱི་སྐུ་བརྙན། གསེར་བྲིས་ཀྱི་བཀའ་འགྱུར་དང་མཚལ་དཔར་གྱི་བསྟན་འགྱུར། བྱང་གཏེར་གྱི་དཔེ་ཆ་ཆ་ཚང་དང་། རྒྱལ་བ་ཀཿཐོག་དགེ་རྩ་མ་ཧཱ་པཎྚི་ཏས་མཛད་པའི་《ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་》སོགས་ཀྱི་པར་ཤིང་། གོས་ཆེན་དང་བ་སོའི་རུས་རྒྱན་ཅན་གྱི་འཆམ་གོས་སོགས་ཤིན་ཏུ་མང་པོ་ཡོད།

འགན་ཁུར་མཁན་བླ་གྲྭའི་སྐོར། དགོན་བདག་གཅིག་ཁྲི་བ་གཅིག དབུ་མཛད་གཅིག དགེ་སྐོས་གཅིག མཆོད་དཔོན་གཅིག ཕྱག་མཛོད་གཅིག གཉེར་པ་གཅིག ཁང་བའི་འཛུགས་སྐྲུན་སྐོར། འདུ་ཁང་གཅིག གསེར་ཁང་གཅིག གཉེར་ཁང་གཅིག དཔེ་མཛོད་ཁང་གཅིག ཇ་ཁང་གཅིག བླ་བྲང་ཁང་གཅིག མགོན་ཁང་གཅིག མགྲོན་ཁང་གཅིག དུང་འཁོར་ཁང་གཅིག གྲྭ་ཤག་བརྒྱད་ཅུ་ལྷག་ཙམ་ཡོད། སྐུ་གསུང་ཐུགས་རྟེན་གྱི་རྣམ་གྲངས་སྐོར། དགོན་པ་འདི་ཉིད་ཆགས་ནས་ལོ་བརྒྱ་ཕྲག་ཁ་ཤས་སོང་བའི་དུས་རིང་། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རིམ་བྱོན་དང་ལྕགས་ལ་རྒྱལ་རབས་དུ་མས་གཙོས་པའི་སྦྱིན་བདག་སོགས་ཀྱིས་བཞེས་པའི་རྟེན་དང་བརྟེན་པའི་གྲངས་དང་བཀོད་པ་འདི་ཙམ་མོ་ཞེས་སྨྲ་མི་ནུས་ཀྱང་སྤྱི་ལོ་༡༩༥༠ལོའི་ཡས་མས་སུ་བཞུགས་ཡོད་པའི་སྐུ་གསུང་ཐུགས་རྟེན་སྐོར་རགས་ཙམ་བཀོད་པ་གཤམ་གསལ་ལྟ་ལགས།[page 17] རྒྱ་བོད་མཚམས་སུ་ལུང་གི་ཟིན་པ་བཞིན་བསྟན་འགྲོའི་ཕན་བདེའི་ཆེད་དགོན་པའི་གཙུག་ལག་ཁང་གི་དཀྱིལ་གཞུང་དུ་གསེར་ཟངས་ལས་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གཙོ་འཁོར་གསུམ་གྱི་འདྲ་བརྙན་བཞེངས་ཡོད། གཙོ་སྐུའི་མཐོ་ཚད་ཐོག་བརྩེགས་གཉིས་ཡོད་པ་དང་སྨིན་མཚམས་སུ་རྡོ་རྗེ་ཕ་ལམ་སྟར་གའི་ཚད་ཙམ་ཞིག་གིས་ཕྲ་རྒྱན་བཀོད་པ་དང་ཐུགས་ཀར་དུང་དཀར་གཡས་འཁྱིལ་དང་། གསེར། དངུལ། གཟི། གཡུ། བྱུ་རུ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པས་སྐུ་ལུས་མཚན་དཔེ་ལྡན་ལ་བརྗིད་ཉམས་ཆེ་ཞིང་ཐད་ཀའམ་ཟུར་གང་ཕྱོགས་ནས་ཞལ་མཇལ་ཡང་སྤྱན་གྱིས་ཐད་ཀར་མཇལ་མཁན་གྱི་ཕྱོགས་སུ་གཟིགས་པ་ལྟ་བུ་ཡོད། ཤིན་ཏུ་རྩ་ཆེན་ཞིག་ལ་སྐུ་འདྲའི་གཟུངས་གཞུག་ནང་ཨོ་རྒྱན་སྐུ་དངོས་ཀྱི་དབུ་ལོ་ཆུན་པོ་ཞིག་དང་རིན་ཐང་བྲལ་བའི་བྱིན་རྟེན་མང་པོ་བཞུགས་ཡོད་པ་གྲགས། ལྷ་ལྕམ་མཎྜ་ར་བ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་རྣམ་གཉིས་ཀྱི་འདྲ་སྐུ་ནི་ཞི་དུལ་ལྷོད་བག་ཆགས་པའི་མཛེས་སྒེག་དང་ལྡན་པ་དེས་བོད་ཀྱི་ལྷ་བཟོའི་ཕུལ་དུ་བྱུང་བའི་སྒྱུ་རྩལ་མཚོན་ཐུབ། འདྲ་སྐུ་གཙོ་འཁོར་གསུམ་ལ་གངས་ཅན་གསང་སྔགས་རྙིང་མ་པའི་ཤིང་རྟ་ཆེན་པོ་འཇིགས་མེད་གླིང་པའི་རྣམ་རོལ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་མཆོག་གིས་རབ་གནས་མཛད། གཙུག་ལག་ཁང་ནང་གི་གཡོན་ཕྱོགས་སུ་རིན་པོ་ཆེ་སྣ་མང་གིས་ཕྲ་རྒྱན་བཀོད་པའི་རྒྱལ་སྲས་པདྨ་ཐེག་མཆོག་གི་སྐུ་གདུང་མཆོད་རྟེན་དངུལ་ལས་གྲུབ་པ་དེ་ནི་ཁོང་གི་བལ་ཡུལ་གྱི་སློབ་མ་ཞིག་གིས་བཞེངས་པ་ཡིན་པ་སྐད། གཡས་ཕྱོགས་སུ་རིན་པོ་ཆེ་སྣ་མང་གི་ཕྲ་རྒྱན་བཏང་པའི་བླ་མ་གསང་སྔགས་བསྟན་པའི་རྒྱལ་མཚན་གྱི་སྐུ་གདུང་མཆོད་རྟེན་དངུལ་ལས་གྲུབ་པ་བཞུགས། གཡང་སྒམ་གྱི་ནང་དུ་རྒྱལ་དབང་ལྔ་པ་མཆོག་གི་ཆོས་གོས་དང་པན་ཆེན་གྱི་གནང་བའི་ཐམ་ཀ་དང་། བྱ་ཁྱུང་གི་སྒོ་ང་། མི་རྒོད་ཀྱི་མཆན་རྡོ། གཡང་ཊིའི་བུམ་པ། བྱུ་རུའི་ཤིང་གདོང་སོགས་རིན་པོ་ཆེ་མང་པོས་བཀང་། མཐའ་སྐོར་གྱི་གྱང་ལ་ཚོན་མདངས་བཀྲ་ཤིས་འབྲི་རྩལ་ཁྱད་དུ་འཕགས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལྡེབས་རིས་མཆིས། གཙུག་ལག་ཁང་གི་རྒྱབ་ངོས་ཀྱི་ཇོ་ཁང་ནང་དུ་གསེར་ཟངས་ཀྱི་གུ་རུ་གཙོ་འཁོར་གསུམ་དང་། སྐུ་འདྲ་ལི་མ་བརྒྱ་ལྷག་ཙམ་བཞུགས། དེ་དག་གི་ནང་དུ་ཆེས་རིན་ཐང་ལྡན་པའི་གསེར་ཟངས་ཀྱི་གུ་རུ་གཙོ་འཁོར་གསུམ་དང་། སྐུ་འདྲ་ལི་མ་བརྒྱ་ལྷག་ཙམ་ནི་སྤྱི་ལོ་དུས་རབས་བཅུ་གཉིས་པའི་ཡས་མས་སུ་དར་མདོའི་གདན་ཐོག་རི་བོ་ལ་བཏབ་པའི་བཀའ་བརྒྱུད་ཀྱི་ཆོས་རྒྱུན་འཛིན་པའི་ལ་མོ་རྩེ་དགོན་པ་ཆེན་པོ་དེ་ཕྱིས་སུ་མེས་འཇིག་པའི་ཤུལ་དུ་ལྷག་པའི་རྟེན་གསུམ་དེ་དག་ལྕགས་ལ་རྒྱལ་པོས་དར་མདོ་རྡོ་རྗེ་བྲག་དགོན་ལ་གནང་བ་ཡིན་སྐད། གཙུག་ལག་ཁང་གི་གཡོན་ཕྱོགས་ཀྱི་མགོན་ཁང་དུ་སྔ་འགྱུར་གསང་སྔགས་རྙིང་མ་པའི་སྤྱིའི་ཆོས་སྐྱོང་མ་གཟའ་དམ་གསུམ་སོགས་དང་བྱང་གཏེར་གྱི་གཏེར་སྲུང་ཆོས་སྐྱོང་རྣམས་ཀྱི་འདྲ་བརྙན་དང་། སྟག་གཟིག་དོམ་དྲེད་སོགས་གཅན་གཟན་གདུག་པ་ཅན་གྱི་སྐོགས་ཤུན་དང་སྔར་གྲུབ་ཐོབ་རྣམས་ཀྱིས་རལ་གྲི་མདུད་པར་བརྒྱབ་པ་དང་བདུད་འདྲེ་དམ་ཉམས་སོགས་བཏུལ་བའི་གྲུབ་རྟགས་སྟོན་པའི་བྱིན་རྟེན་མང་པོ་བཞུགས་པ་དང་།

[page 18] མགོན་ཁང་གི་ཐོག་བརྩེགས་གཉིས་པའི་ནང་དུ་རྒྱ་ནག་གི་དར་གོས་སྤུས་ལེགས་ཚེམ་དྲུབ་བྱས་པ་ལ་ལབ་སོའི་རུས་རྒྱན་སྤྲས་པའི་འཆམ་གོས་གསར་རྙིང་ཆ་ཚང་ཆ་གསུམ་དང་ཤང་ཤང་ཡུལ་དང་ལི་ཡུལ། རྒྱ་ནག་སོགས་ལས་ཐོན་པའི་སིལ་སྙན་དང་ཆ་ལང་སྤུས་ལེགས་སོགས་མཆོད་ཆས་མང་པོ་བཞུགས། གཙུག་ལག་ཁང་གི་རྒྱབ་ངོས་ཀྱི་གཡོན་ཕྱོགས་སུ་ཐང་རྒྱལ་ལྷ་ཁང་དང་ཆོས་མཛོད་ཁང་བཞུགས། ཆོས་མཛོད་ཁང་དུ་བྱང་གཏེར་སྐོར་གྱི་དཔེ་ཆ་ཆ་ཚང་དང་མཧཱ་པཎྚི་ཏ་ཆེན་པ་དགེ་རྩེ་རིན་པོ་ཆེའི་གསུང་ལམ་རིམ་གྱི་འགྲེལ་བ་སོགས་ཀྱི་པར་ཤིང་མང་པོ་དང་། གསེར་བྲིས་ཀྱི་བཀའ་འགྱུར། མཚལ་པར་གྱི་བསྟན་འགྱུར། སྔ་འགྱུར་བཀའ་གཏེར་སྐོར་གྱི་དཔེ་ཆ་བཅས་མང་པོ་བཞུགས། དེའི་ནང་བྱང་གཏེར་སྐོར་གྱི་དཔེ་ཆ་ཆ་ཚང་གི་པར་ཤིང་ནི་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྲས་པོའི་མདུན་ཐབས་སུ་ལྕགས་ལ་ཚང་གི་སྲས་མོ་གཅིག་གནང་བར་བརྟེན། སྲས་མོ་དེས་ཁུ་བོའི་བཀའ་བཞིན་པར་ཤིང་སོགས་བསྐྲུན་བཅུག་པ་རེད་འདུག ལྕགས་ལ་རྒྱལ་པོ་མི་དབང་རྒྱལ་མཚན་རྡོ་རྗེ་དང་ཡུམ་ཆེན་བཀྲ་ཤིས་མཚོ་ཡབ་ཡུམ་ནས་སྦྱིན་བདག་མཛད་ནས་ལྷ་བཟོ་མཁས་པ་གདན་དྲངས་པའི་ཐོག རྟེན་བཞེངས་ཀྱི་དགེ་རྩ་ཆེན་པོ་ལ་ལྷག་བསམ་རྣམ་དཀར་མཚོན་པའི་ཆེད་དུ་ཡུམ་ཆེན་རང་ཉིད་ཀྱི་གཙོས་པའི་བཙུན་མོ་འཁོར་དང་བཅས་རྣམས་ཚེམ་དྲུབ་ཀྱི་ལས་སྒོར་ཞུགས་ཏེ་སྔར་ཡོད་ཀྱི་ཤིན་ཏུ་སྤུས་དག་ཚད་ལྡན་གྱི་གུ་རུ་མཚན་བརྒྱད་ཀྱི་ཐང་མོ་ཆེ་བྲིས་མ་དེ་ལ་དཔེ་བྱས་ནས་དཔལ་བརྗིད་ཉམས་ལྡན་ཞིང་སྒྱུ་རྩལ་ཕུལ་དུ་བྱུང་བའི་གོས་ཆེན་ཚེམ་དྲུབ་མའི་ཐང་མོ་ཆེ་ཞིག་བཞེངས་པ་རེད། ལོ་རེའི་དགུན་ཉིན་ལྡོག་གི་དུས་ཚིགས་ལ་དགོན་པས་ཆོས་ཀྱི་མཛད་སྒོ་བྱེད་པའི་ཉིན་གསུམ་རིང་ལ་གཙུག་ལག་ཁང་གི་ཐོག་བརྩེགས་གསུམ་པའི་ཐོག་ནས་ཚེམ་དྲུབ་ཀྱི་ཐང་མོ་ཆེ་བཤམས་ཏེ་ཚོགས་མཆོད་དུ་ཞུགས་མཁན་རྣམས་ལ་མཇལ་ཁ་གནང་བ་དང་། ལོ་རེའི་བོད་ཟླ་བདུན་པའི་ཚེས་བཅུའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་དུས་ཆེན་སྐབས་བྲིས་ཐང་ཆེན་མོ་བཤམས་ནས་ཚོགས་ཆེན་འཚོགས་པ་དང་འཆམ་རྒྱག་རྒྱུ་སོགས་མཛད་སྒོ་སྤེལ། གཞན་ཡང་གཙུག་ལག་ཁང་གི་མདུན་གྱི་བདེ་ཡངས་ཀྱི་མཐའ་སྐོར་ཕྱོགས་གསུམ་ལ་གྲྭ་ཤག་དང་དགོན་པའི་སྒོ་ཆེན་གྱི་དགོན་ཞབས་སུ་མཚམས་ཁང་ཁང་མིག་ཁ་ཤས་དང་། མ་ཎི་དང་སིདྡྷི། རྣམ་འཇོམས་ཡིག་བརྒྱ། ཕུར་བ་སོགས་ཀྱི་དུང་འཁོར་སོགས་དང་། གཡས་ཕྱོགས་ཀྱི་ནགས་ཚལ་དུ་གནམ་གྱི་ཉེར་འཚེ་བཀག་འགོག་དང་ཆར་འབེབས་ཀྱི་ཆོ་ག་བྱེད་ཡུལ་ཀླུའི་ཆུ་མིག་གཉན་པོ་ཞིག་དང་། གཡོན་ཕྱོགས་ཀྱི་རྩ་ཐང་ཐོག་མཆོད་རྟེན་ཆ་བརྒྱད་དང་། རྒྱབ་ངོས་ཀྱི་རི་སྐེད་ལ་ཡུལ་ལྷ་གཞི་བདག་མཆོད་སའི་གནས་ཆེན་བཅས་ཡོད། དགོན་པའི་ལྷོ་འདབས་རི་སྐེད་ཀྱི་སྲས་གདུང་ཞེས་པའི་ས་ཆ་ལ་ཡུལ་ལྷ་གཞི་བདག་མཆོད་སའི་གནས་ཆེན་བཅས་ཡོད། དགོན་པའི་ལྷོ་འདབས་རི་སྐེད་ཀྱི་སྲས་གདུང་ཞེས་པའི་ས་ཆ་ལ་ལྕག་སླ་རྒྱལ་པོའི་དབྱར་ཁ་བཞུགས་གནས་ཀྱི་ཕོ་བྲང་དང་ཕུར་པ་ལྷ་ཁང་བཞུགས། ལྷ་ཁང་ནང་དུ་མི་ལུས་མཐོ་ཚད་ཀྱི་ཙན་དན་དམར་པོ་ལ་བརྐོས་པའི་ཕུར་བའི་ལྷ་ཚོགས་ཀྱི་སྐུ་བརྙན་དང་སྐུ་གསུང་ཐུགས་རྟེན་མང་པོ་བཞུགས་སོ།།

དཔལ་འབྱོར་འོང་ཁུངས་ནི། དར་མདོ་དང་མི་ཉག་སོགས་ཀྱི་དགོན་པའི་ས་ཞིང་སོགས་ལ་ས་[page 19] ཞིང་གི་བོགས་བསྡུ་ལེན་དང་དགོན་པའི་འབྲོག་པའི་ཤེ་མར། གྲོང་ཆོག་སོང་བའི་ཡོན་སྦྱོར་བཅས་ཡིན། ཡི་གེ་པར་ཤིང་ནི། བྱང་གཏེར་གྱི་དཔེ་ཆ་ཚང་མ་དང་། འཁོར་ལོ་དཔེ་རིས་སྣ་ཚོགས། ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་བ་སོགས་ཡོད་དོ།། རྗེས་སུ་སྤྱི་ལོ་༡༩༦༨ལོ་ནས་༡༩༧༦ལོའི་བར་དུ་དུས་འགྱུར་བ་བར་ཆད་ཀྱིས་རིན་ཐང་བྲལ་བའི་རྟེན་གསུམ་སོགས་དགོན་པའི་ཕྱི་ནང་ཐམས་ཅད་རྩ་མེད་བཏང་ངོ་།།

དེང་སང་གི་གནས་ཚུལ་སྐོར། འདུ་ཁང་ཆེ་ཆུང་གཉིས། མགོན་ཁང་གཅིག དཔེ་མཛོད་ཁང་གཅིག བཤད་གྲྭ་ཁང་། ཇ་ཁང་གཅིག གྲྭ་ཤག་ལྔ་བཅུ། འཁོར་ཁང་གཉིས། གྲྭ་པ་བཅོ་བརྒྱད་ཙམ་ཡོད། སྐུ་གསུང་ཐུགས་རྟེན་དང་། མཆོད་ཆས། རོལ་མོ། སྣོད་ཆས་སོགས་ཆ་འཛོམས་ཙམ་ཡོད། ཆོས་ར་འཚོགས་རྒྱུ་ནི་ལོ་གཅིག་གི་ཟླ་རེའི་ནང་ཚེས་བཅུ་ལ་རིག་འཛིན་གདུང་སྒྲུབ་དང་། ཚེས་བཅོ་ལྔ་ལ་བསང་དང་གསོལ་ཁ། ཚེས་ཉི་ཤུ་ལྔ་ལ་ཐུགས་སྒྲུབ་སོགས་འཚོགས་དགོས། དཔལ་འབྱོར་གྱི་འོང་ཁུངས་ནི་སྦྱིན་བདག་གི་དུད་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད། དུས་ཕྱིས་སུ་འབྲུག་རྒྱལ་རྒྱལ་པོའི་དབུ་བླ་དུས་འཁོར་མཁྱེན་བརྩེ་སོགས་སྐྱེས་ཆེན་མང་པོ་ཡོད་འདུག

ཅེས་པ་འདི་ནི་དཔལ་གསས་སྐྱབས་པའི་བླ་མ་བུ་ཕྲུག་གི་གསུང་སྒྲོས་ལྟར་སྔགས་པ་རིག་བསྟན་གྱི་བྲིས་སོ།།

དཔལ་རིས་དགོན་པའི་ལོ་རྒྱུས།

ཤིང་བྱིའི་ལོར་བླ་མ་ག་ཟི་ཉི་ཟླ་སྙིང་པོས་དགོན་པ་བཏབ། གྲུབ་མཐའ་ཐོག་མ་བཀའ་བརྒྱུད་པ་ཡིན་རྗེས་སུ་སྔགས་རྙིང་མ་བ་ལ་འགྱུར་སོང་། དར་མདོ་ལྕགས་ལ་རྒྱལ་པོའི་ཞབས་རྟེན་དགོན་པའི་གྲས་ཤིག་ཡིན། འདུ་ཁང་དང་སྲུང་མ་ཁང་དང་གྲྭ་ཤག་བཅས་ཆ་ཚང་། སྐུ་གསུང་ཐུགས་རྟེན་དང་། མཆོད་ཆས། འཆམ་གོས་སོགས་ཆ་ཚང་བ་ཡོད། གདན་ས་འདི་ལ་སྐྱེས་ཆེན་མང་པོ་བྱོན་མྱོང་། མདོ་མཁྱེན་བརྩེ་དང་ཌཱ་ཀི་བློ་གསལ་དབང་མོ་བཅས་ས་ཆ་འདིར་ཡུན་རིང་བཞུགས། རྣམ་གླིང་པཎ་ཆེན་དང་མདོ་རིན་པོ་ཆེ་སོགས་བྱོན་ཡོད་པར་བཤད་འདུག་གོ དགོན་འདིའི་ཆོས་འདོན་རྒྱུ་སྐོར་ནི། ག་ཟིའི་ཆོས་སྐོར་དང་དེའི་སྟེང་དུ་བྱང་གཏེར་གྱི་ལུགས་ཀྱང་དར་ཡོད། མ་དགོན་ནི་ལྷ་སའི་རྡོ་རྗེ་བྲག་དགོན་ཡིན། དུས་མཆོད་ཆེ་བ་དེ་དབྱར་ཆོས་འཚོགས་རྒྱུ་དེ་ཡིན། སྐབས་དེར་མི་སེར་རྣམས་མཇལ་བ་ཤིན་ཏུ་མང་ངོ་།། གྲྭ་པ་རྣམས་དབྱར་ཆོས་ཚོགས་ཚར་རྗེས་ལོ་གཅིག་གི་ནང་དུས་རྒྱུན་དགོན་ནང་དུ་འདུག་མཁན་དཀོན་པོ་ཡིན། དཔལ་རིས་དགོན་པའི་ཁྲི་བ་འོད་གསལ་ཉི་མ་ཡིན། སྤྲུལ་སྐུ་ནི། དཔལ་རིས་རྒྱ་སྤྲུལ་སྐུ་དགོན་བདག་གཙོ་བོ་ཡིན། བླ་མ་ཨུ་རྒྱན་རང་གྲོལ། བལ་སད་བླ་མ་མདོ་ལོ། སྤྲུལ་སྐུ་མཁྱེན་རབ་འོད་གསལ་སོགས་[page 20] བཞུགས། གནའ་སྔ་མོའི་སྦྱིན་བདག་གི་སྡེ་བ་ལྔ་ཡོད་དེ། ཤིང་ཉག་བ་དང་། ཐར་སྐེད་བ། དཔལ་རིས་སྡེ་བ། འབུཡུལ་གཤིས་པ། བལ་སད་སྟོད་པ་བཅས་སྡེ་ཤོག་ལྔ་ཡོད། དུད་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད། རྗེས་སུ་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེས་རྩ་མེད་མཐར་ཕྱིན་པ་བཏང་ངོ་།།

དེང་སང་གི་གནས་ཚུལ་ནི་འདུ་ཁང་དང་། ཇ་ཁང་། མགོན་ཁང་། གྲྭ་ཤག་སོགས་ཆ་ཚང་བ་ཞིག་གསོ་བྱས་ཡོད། རོལ་མོ། མཆོད་ཆས་དུས་མཆོད། སྐུ་གསུང་ཐུགས་རྟེན་བཅས་ཆ་ལྡན་ཙམ་འཛོམས་ཡོད། གྲྭ་པ་བཞི་བཅུ་ལྷག་ཙམ་བཞུགས། བླ་མ་ཨུ་རྒྱན་རང་གྲོལ་གྱི་སྤྲུལ་སྐུ་ངོས་འཛིན་བྱས་ནས་བཞུགས་ཡོད། དགོན་པ་ཞིག་གསོ་བྱེད་སར་སྤྲུལ་སྐུ་མཁྱེན་རབ་ཀྱིས་ཤོག་སྒོར་མང་པོའི་རྒྱབ་སྐྱོར་གནང་མྱོང་ཞེས་ཁོང་རང་ཉིད་ཀྱིས་རང་ལ་བཤད་མྱོང་། དེང་འགན་ཁུར་མཁན་གཙོ་བོ་བླ་མ་རིག་ལོ་སོགས་ཡིན། སྦྱིན་བདག་བྱེད་མཁན་ནི། གཙོ་བོ་ཤིང་ཉག་བ་དང་ཐར་སྐེད་བ་གཉིས་ཡིན་ནོ།། ཞེས་པ་འདི་ནི་མཁས་པ་མཁྱེན་རབ་འོད་གསལ་གྱི་བཤད་སྒྲོས་ལས་རིག་བསྟན་གྱིས་ལེགས་བར་བྲིས་སོ།།

དཀར་མཛའ་རི་ཁྲོད་ཀྱི་ལོ་རྒྱུས།

སྔ་འགྱུར་གྲུབ་རིགས་འཛིན་པའི་ཁྱུ་མཆོག་གཅིག་པུ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའམ། ཧེ་རུ་ཀཿདཔལ་ཡེ་ཤེས་རོལ་བའི་རྡོ་རྗེ་དེ་ཉིད་གྱི་གདན་སའི་གཙོ་བོ་དཀར་མཛའ་རི་ཁྲོད་དམ་ཇོ་སྒང་རི་ཁྲོད་ནི། རིག་འཛིན་འཇིགས་བྲལ་གླིང་པ་ཞེས་བ་དེའི་ཡང་སྲིད་དེ། ཁོང་གི་སྐྱེ་འཕྲེང་གསོལ་འདེབས་ཞལ་གསུང་མ་ལས། འདི་འོག་ཡེ་ཤེས་རྡོ་རྗེ་རོལ་བ་སྩལ། ཞེས་གསུངས་པས། ཁོང་ནི་བོད་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་སྨིན་དྲུག་ཟླ་བའི་ཡར་ཆེས་བཅོ་ལྔ། སྤྱི་ལོ་ཆོག་སྟོང་བརྒྱད་བརྒྱ་ལོར་སྐུ་བལྟམས། ཐོག་མར་གྲུབ་བརྙེས་ཀྱི་རིག་འཛིན་ཆེན་པོ་རྡོ་བླ་འཇིགས་མེད་འཕྲིན་ལས་འོད་ཟེར་སོགས་སྐྱེས་ཆེན་དུ་མའི་ཞབས་བསྙེན་ཏེ། མདོ་སྔགས་རིག་གནས་ཉམས་ལེན་དམར་ཁྲིད་དང་བཅས་པ་ལ་སྦྱངས། ལས་ལྡན་གྱི་སློབ་མ་རྗེས་སུ་འཛིན་པའི་མཛད་པ་ནི། མ་ཧཱ་སྐྱིད་ལུང་དགོན། རྦ་ཟི་སིང་སིང་དགོན། མི་ཉག་དཀར་མཛའ་རི་ཁྲོད། ཤར་བཞག་བྲའི་གཡུ་མཚོའི་རི་ཁྲོད་སོགས་དང་། མཚོ་སྔོན་ཕྱོགས་ནས་ཀྱང་དགའ་བདེ་ལུང་སྔོན་དགོན། ཆོས་སྐོར་སྒར་སོགས་སུ་གདན་ས་མཛད། དེ་ལས་ཁྱད་པར་དཀར་མཛའ་རི་ཁྲོད་ནི། རབ་བྱུང་བཅུ་བཞི་པའི་ལྕགས་བྱི་སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བཞི་བཅུ་ལོར། དར་མདོ་ལྕགས་ལ་མི་དབང་མཆོག་གིས་ཁོང་གི་མངའ་ཁོངས་སུ་གཏོགས་པའི་ཡུལ་འབྲོག་ས་ཁུལ་གང་ཡིན་རུང་གདན་སའི་མཐིལ་མཛད་དེ་བཞུགས་དགོས་པའི་བཀའ་ནན་ཡང་ཡང་ཕུལ་བར་བརྟེན། མི་ཉག་གསེར་ཕྱི་ཐང་ལ་ཚུར་བྱོན་སྐབས། ཤར་གནས་བདག་བཞག་བྲ་ལྷ་རྩེ་མི་དཀར་རྟ་དཀར་གྱི་རྣམ་པས་མདུན་དུ་ཕེབས་ནས། དེང་སྐྱེས་བུ་ཆེན་པོ་ཁྱེད་ཀྱིས་སྙིགས་དུས་འདིར་ཡང་གསང་ཐུགས་ཐིག་བསྟན་པ་སྤེལ་བའི་གནས་མཆོགདེ།[page 21] ངའི་གནས་ཀྱི་ཉེ་འདབས་སུ་གཞན་ལས་ཁྱད་པར་འཕགས་པ། སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ་བརྟེན་པའི་གནས་མཆོག་དཀར་མཛའ་ཞེས་པར་དུས་བབ་ཀྱི་རྟེན་འབྲེལ་ཁྱད་པར་བ་ཡོད་པས་དེ་བྱོན་ཅིག ཅེས་པའི་ལུང་བསྟན་དང་རྟེན་འབྲེལ་འགྲིགས་པས། དེར་གདན་སའི་གཙོ་བོ་མཛད་དེ་ཁམས་ཕྱོགས་ཀྱི་བླ་དཔོན་རྣམས་ཀྱི་ཞབས་ཞུ་མཐུན་རྐྱེན་བསྒྲུབས་ནས། གཟིམ་ཤག་དང་། གཙུག་ལག་ཁང་། གསུང་ཆོས་གནང་བའི་ཀུན་དགའ་ར་བ་སོགས་ལེགས་གྲུབ་མཛད། ལས་ལྡན་སློབ་མའང་ལྕགས་ལ་ཆོས་རྒྱལ་ཆེན་པོ་དང་། ཡ་ཐང་རྒྱལ་པོ། དགེ་བཤེས་རྒྱལ་པོ། ཁྲོ་སྐྱབས་རྒྱལ་པོ་སོགས་དང་། གཞན་ཕྱོགས་སོ་སོ་ནས་འོང་བའི། འགོ་ལོག རྒྱལ་རོང་། མི་ཉག ཡུ་ཐང་། འབའ་ཐང་། རྒྱ་ནག ཧོར་ཁོག འབྲུག་ཡུལ་སོགས་རྒྱལ་ཁབ་ཕྱི་ནང་གི་ཆོས་མཇལ་བ་ཚད་ལས་བརྒལ་བ་བྱུང་ཞིང་། དེ་སྐབས་རིག་འཛིན་དྲི་མེད་གྲགས་པས། དབུ་མ། ཕར་ཕྱིན། འདུལ་བ། མངོན་པ། ཚད་མ་སོགས་བཀའ་པོད་ལྔ་དང་། སྒྲ་སྙན་དངགས་སོགས་ཐུན་མོང་གི་རིག་གནས་ཀྱང་འཆད་སྤེལ་མཛད།

ད་ལྟ་ནི་དགོན་པར་ཆོག་མཆན་མ་ཐོབ་རྐྱེན། འཚོགས་གུར་ཆེ་བ་གཅིག་དང་། ཐབ་ཚང་སྦྲ་གཅིག གྲྭ་པ་ཁྱོན་སུམ་ཅུ་ཙམ། དེ་ལ་བདག་གཉེར་མི་བཞི་སྟེ། བླ་མ་ནི་རྗེ་བཙུན་མ་ཟླ་གསལ་དབང་མོ་ལགས་ཏེ། སྐྱབས་མགོན་མཁྱེན་བརྩེའི་གདུང་རྒྱུད་འཁྲུལ་མེད་དང་། དབུ་མཛད་ཐ་སྐར། དགེ་བསྐོས་རིག་པ། བདག་གཉེར་ཨུ་རྒྱན་སྐྱབས། ཁྲི་ཚབ་མི་ལ་སོགས་ཡིན། མཆོད་མ་སྐོར་ལ་དུང་མར་ཆ་གཅིག རྒྱ་གླིང་ཆ་གཅིག རྐང་དུང་ཆ་གཅིག དུང་དཀར་ཆ་གཅིག་རོལ་མོ་སིལ་སྙན་སོགས་དང་། སྐྱབས་མགོན་རིན་པོ་ཆེའི་སྐུ་གདུང་བྱིན་ཅན་གཅིག རྒྱལ་བའི་བཀའ་འགྱུར་ཚར་གཅིག་སོགས་བཞུགས། དུས་མཆོད་སྐོར་ལ། ཞི་ཁྲོའི་གནས་བརྒྱ་དང་། བསང་གསོལ་རྒྱས་པ། ཚེས་བཅུ་སོགས་ལས། སྔོན་མའི་ཆོས་འཚོགས་ཇི་བཞིན་འཚོགས་ཐུབ་མེད་པས། ང་ཚོའི་སྔོན་མའི་ལམ་ལུགས་བཞིན་རང་ཁ་རང་སོས་དང་། དད་མདངས་རང་མོས་ཀྱིས་ཆོས་ཀྱི་བྱེད་སྒོ་སྤེལ་བ་ལ། འཚོགས་ཁང་སོགས་བསྐྱར་གསོ་ཞུས་ཆོག་པའི་རེ་འདུན་ཆེ་བས། དེ་ལུགས་འབྲེལ་ཡོད་གོང་རིམ་ནས་ཆོག་མཆན་སྩོལ་བའི་རེ་སྒུག་བཅས་ཞུས་ལགས་སོ།།

ནཱ་ཐ་དགོན་པའི་ལོ་རྒྱུས།

དགོན་པ་འདི་ནི་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ལོ་སྤྱི་ལོ་༡༩༡༦ལོ་རི་ཁུད་ཀྱི་རོགས་རམ་ལ་བརྟེན་ནས་གླག་ཐ་མ་ལྔ་བཅུ་སྡེ་བའི་བླ་གྲྭ་དང་མི་སེར་ཚོས་བཏབ། དགོན་འདིའི་མིང་ལ་གླག་ཐ་དགོན་པ་ཐུབ་བསྟན་རྣམ་རྒྱལ་ཆོས་འཁོར་གླིང་བཅས་ཀྱི་མཚན་གསོལ་ཡོད། གྲྭ་པ་བཞི་བཅུ་ཙམ་ཡོད། ལྷ་ཁང་ཀ་བཅུ་གཉིས་ཅན་གཅིག གུ་རུ་མཚན་བརྒྱད་སོགས་ཀྱི་ཐང་ཀ་དང་མདོར་ན་སྐུ་གསུང་ཐུགས་རྟེན་སོགས་ཆ་ཚང་བ་ཡོད། ལོ་གཅིག་གི་ཟླ་རེ་ལ་ཆོས་རའམ་དུས་མཆོད་ལྔ་རེ་ཚོགས་དགོས། གྲུབ་མཐའ་ནི་[page 22] སྔགས་རྙིང་མ་བ་རེད། དེ་རྗེས་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེས་བྱས་ནས་དགོན་པ་ཕྱི་ནང་ཐམས་ཅད་རྩ་མེད་དུ་བཏང་ངོ་། དེང་སང་གི་གནས་ཚུལ་སྐོར། བྲག་ཞབས་སུ་ཏ་རྣི་ཟོག་སྤྲུལ་སྐུ་དང་བླ་མ་དཔལ་སྐྱབས་གཉིས་ཀྱིས་དགོན་པ་ཞིག་གསོ་བྱས། ལྷ་སྐུ་ཆེ་ཆུང་ཉི་ཤུ་ལྷག་དང་ཇ་ཁང་། མགོན་ཁང་དང་དུས་མཆོད་བཅས་ཆ་ཚང་བ་ཡོད། མཆོད་ཆས། རོལ་མོ། སྐུ་གསུངས་ཐུགས་རྟེན་སོགས་ཆ་ཚང་བ་ཡོད། དཔལ་འབྱོར་འོང་ཁུངས་ནི་གྲྭ་པ་རང་རང་གི་ཁྱིམ་ཚང་དང་གླག་ཐ་མའི་མི་སེར་བཅས་ཡིན་ནོ།། གྲྭ་པ་སུམ་ཅུ་ལྷག་ཙམ་ཡོད། ཅེས་པ་འདི་ནི་བླ་མ་ཨ་ཁྱུག་ཚང་གི་བཤད་སྒྲོས་ལྟར་རིག་བསྟན་གྱིས་བྲིས།

བཱཿགནས་དགོན་པའི་ལོ་རྒྱུས།

ཆགས་པའི་ཡུལ་ནི་སྔོན་ཇོ་བོ་བཀའ་བརྒྱུད་པའི་གདན་ས། བོད་རབ་བྱུང་དགུ་པའི་མཇུག་ས་རྟ་ལོར་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་སྐེ་སྤྲུལ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་དངོས་སློབ་ཨོ་རྒྱན་རིག་འཛིན་ཞེས་པ་དེས་ཤེས་རབ་དགོན་ཟེར་བའི་དགོན་ཆུང་ཞིག་བཏབ་པ་ཡིན། སྔ་འགྱུར་རྙིང་མའི་གདན་ས་བཱཿགནས་བསམ་གཏན་ཆོས་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་ལ། གུ་རུ་སྐུ་གསུང་ཐུགས་རྟེན་འཕྲིན་ལས་ལྔ་ཡི་གནས། ཁམས་ཀྱི་གནས་ལྔའི་ཡ་གྱལ། གུ་རུའི་གསུང་གིས་བྱིན་གྱིས་བརླབས་པའི་གསུང་བཱཿགནས་བསམ་གཏན་ཆོས་གླིང་ཞེས་ཡོངས་སུ་གྲགས། བཱཿགནས་ཟེར་དོན་ནི་ལོ་ཆེན་བཻ་རོའི་དབང་རྟེན་གྱི་གཟུང་མ་ཡིད་འཛིན་དབང་མོའམ་མཁའ་འགྲོ་སི་ཀ་སདྷི་བ་མོའི་གཟུགས་སུ་སྤྲུལ་བ་ཉིད་བ་ལངས་སུམ་མདོའི་གནས་དེ་ལས་ལངས་འོང་བས་ན་བ་ལངས་ཞེས་གྲགས་པ་ཡིན།

ཐོག་མར་ཕྱག་འདེབས་ཚུལ་ནི་སྔོན་གྱི་དུས་རྒྱལ་བ་ཀཱཿཐོག་པའི་དྲུང་རབས་བཅུ་གསུམ་སྤྱི་ལོ་༡༧༨༠ནང་ལ་བྱ་བྲལ་པདྨ་རྒྱལ་མཚན་ཞེས་པ་དེ་བླ་མའི་ལུང་བསྟན་མདོ་ཁམས་བཱཿགནས་ཞེས་གྲགས་པའི་ཕྱོགས་སུ་བསྟན་འགྲོའི་དོན་དུ་ཕེབས་ནས་ཆོས་སྡེ་བཏབ་པར་གྲགས། བཱཿགནས་སྤྲུལ་སྐུ་རང་གི་རིགས་ནི་ཉག་རོང་གི་ཡུལ་བཟང་རོང་ཞེས་པར་གོ་ཐེག་ཆེན་ལྷུན་གྲུབ་ནས་བྱུང་བའི་ཕྱག་མི་རིགས་གསུམ་ཡོད་དེ། ཕྱག་ཐེབས་ཕྲན། ཕྱག་མི་བདུན་རྣམས་ཡིན། དང་པོ་སྒ་ཆ་བླ་མ་ཚང་དང་། གཉིས་པ་ནི་གོ་ཡུས་གཉེར་པ་ཚང་ཡིན། གསུམ་པ་ནི་བཱཿགནས་ཚང་སྟེ་བཟོ་རིག་བདུན་ལ་མཁས་པས་ན་མི་བདུན་ཞེས་འོད་གསལ་ལྷ་ལས་ཆད་པའི་ཆོས་རྒྱལ་གྱི་གདུང་རྒྱུད་ཞིག་ཡིན་པར་གྲགས། བཱཿགནས་རིག་འཛིན་རྒྱ་མཚོ་ཞེས་སྐུ་ཕྲེང་ཐོག་མར་ཕྱོགས་པ་དེ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་སློབ་དཔོན་ཧཱུ་ཀ་ར་དང་། བོད་གངས་ཅན་ལྗོངས་ཀྱི་གཉགས་ཛྙ་ཀུ་མ་ར་དང་། ལོ་ཆེན་བཻ་རོ་གཅིག་བསྡུས་ཀྱི་སྤྲུ་པ་འདི་ཉིད་ཀྱིས་བྱ་བྲལ་པདྨ་རྒྱལ་མཚན་དང་གུ་རུ་རིག་འཛིན་སོགས་བླ་མར་བརྟེན་ནས་ཆོས་སྡེ་འདིའི་བསྟན་བདག་མཛད།

གདན་རབས་ནི་སྐུ་དེ་ཉིད་ཀྱི་ཡང་སྤྲུལ་ཐེག་མཆོག་པདྨ་བསྟན་འཛིན་རྟེན་རབ་བྱུང་དེ་སྐབས་གོང་[page 23] མའི་ལྷ་སྲས་བཅུ་བདུན་པ་དང་ཏཱ་ལའི་བདུན་པ་སྐལ་བཟང་རྒྱ་མཚོར་མཆོད་ཡོན་གཉིས་མགར་ཐར་དུ་ཞལ་འཛོམས་སྐབས། ཐེག་མཆོག་པདྨ་བསྟན་འཛིན་རྒྱལ་མཆོག་དེ་ཉིད་ཀྱི་མདུན་དུ་བསྙེན་པར་རྫོགས་ཏེ་སྐལ་བཟང་པདྨ་བསྟན་འཛིན་ཞེས་མཚན་གྱི་ཅོད་པན་བསྩལ། ལྷ་ས་ཐུབ་བསྟན་རྡོ་རྗེ་བྲག་རིག་འཛིན་སྐུ་འཕྲེང་ལྔ་པ་སྐལ་བཟང་དབང་ཕྱུག་གི་དངོས་སློབ་ཡིན་པས། ཆོས་ལུགས་སྔོན་ཆད་ཀཿཐོག་དགོན་ཡིན་མོད་ཀུང་སླར་རྡོ་རྗེ་བྲག་ཏུ་བསྒྱུར་བ་རེད། ཀཿཐོག་ཧོར་པོ་ཤཱཀྱ་རྒྱལ་མཚན་གྱིས་མཛད་པའི་ཐུན་མོང་སྔོན་འགྲོ་བློ་སྦྱོང་སྦྱོར་བ་བདུན་མ་ད་ལྟའང་འཚོགས་འདོན་བྱེད་སྲོལ་ཡོད། དེ་སྐབས་ཏཱ་ལའི་བླ་མ་ནས་མགར་ཐར་སྡེ་པ་ཚ་ཉག་སྨད་པའི་གྲྭ་ཡོངས་རྫོགས་བདག་རྐྱེན་བྱས་ཏེ་གནང་། དེའི་སྐུ་དྲིན་གསོ་ཆེད་བཞི་རྒོལ་མ་ཐུག་བར་དུ་རྟག་པར་ལོ་གསར་ཚེས་དུས་ཇ་འཁོར་གཅིག་དང་མཇལ་དར་ཞིག་མགར་ཐར་དགོན་པར་ཕུལ་སྲོལ་ཡོད།

བཤད་སྒྲུབ་ཀྱི་སྲོལ་ཚུགས་ཚུལ་ནི་དམ་པ་དེ་དག་གི་སྐུ་རིང་ལ་ཧོར་པོ་ཤཱཀྱ་རྒྱལ་མཚན་དང་བྱ་བྲལ་པདྨ་རྒྱལ་མཚན་རྣམ་གཉིས་ཀྱིས་ཞབས་ཀྱི་བཅགས་ནས་བློ་སྦྱོང་སྦྱོར་བ་བདུན་མ་སོགས་སློབ་ཁྲིད་མཛད། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དང་། སྐུ་སྲས་རིག་འཛིན་ངག་གི་དབང་པོ་རྣམ་གཉིས་ཀྱིས་དམ་ཆོས་དགོངས་པ་ཟང་ཐལ་གཙོས་བྱང་གཏེར་གྱི་དབང་ཁྲིད་ཟབ་རྒྱས་བསྩལ་བ་དང་། རིག་འཛིན་ཆེན་མོ་སྐལ་བཟང་པདྨ་དབང་ཕྱུག་དང་། རིག་འཛིན་ཁམས་གསུམ་ཟིལ་གནོན། རིག་འཛིན་ཆོས་དབང་ངག་གི་དབང་པོ་རྣམ་གཉིས་ཀྱི་དམ་ཆོས་དགོངས་པ་ཟང་ཐལ་གཙོས་བྱང་གཏར་གྱི་དབང་ཁྲིད་ཟབ་རྒྱས་བསྩལ་བ་དང་། རིག་འཛིན་ཆེན་མོ་སྐལ་བཟང་པདྨ་དབང་ཕྱུག་དང་། རིག་འཛིན་ཁམས་གསུམ་ཟིལ་གནོན། རིག་འཛིན་ཆོས་དབང་མཉམ་ཉིད་དེ་རྣམས་བྱོན་ནས་བྱང་གཏེར་གྱི་དབང་ལུང་ཁྲིད་གསུམ་དགྱེས་པར་གནང་། སྒྱུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་སྐུ་སྐྱེ་ཆུ་བཟང་རིན་པོ་ཆེ་དང་། རྒྱལ་སྲས་རིན་པོ་ཆེ་རྣམ་གཉིས་ཀྱང་འདིར་བྱོན་ནས་བྱང་གཏེར་གྱི་དབང་ལུང་ཅི་རིགས་ཞིག་གནང་། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་གདན་ས་འདིར་བྱོན་ནས། ཟབ་ཁྲིད་སོགས་དགྱེས་པ་གནང་།

སྐུ་གསུང་ཐུགས་རྟེན་ནི་སྐལ་བཟང་པདྨ་བསྟན་འཛིན་ནམ་མཚན་གཞན་ཚ་ཉག་ཤེས་རབ་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་དབུ་བླ་འཁོད་ནས། བརྒྱ་འབུལ་བྱས་པའི་སྐབས་སུ། སྐུ་གསུང་ཐུགས་རྟེན་ལས་སྐུ་རྟེན་ཇོ་བོ་གསེར་ཟངས་མ་ཐོག་བརྩེགས་གཅིག་ལ་མཉམ་པ་ཞིག་ད་ལྟའང་བཞུགས། གསུང་རྟེན་རྒྱལ་བའི་བཀའ་བསྟན། ཨ་ལོ་ཀེ་ཤོག་ལ་མཚལ་སྤར་བྱས་པ་ཆ་གཅིག་ཕུལ། སྨན་སྐུ། མཁན་སློབ་ཆོས་གསུམ། སྤྱན་རས་གཟིགས་ཀྱི་སྐུ་གཉིས། གུ་རུའི་སྐུ། བྱེ་མ་ཨ་འགྲུང་ལས་གྲུབ་པའི་གསུང་འབྱོན་གཅིག ཇོ་བོ་ཐུབ་དབང་གི་སྐུ། གནས་བརྟན་བཅུ་དྲུག་སོགས་དང་། བླ་སྐུ་འགའ་ཤས་ཀྱང་བཞུགས། གཞན་བྱམས་ཁང་ནང་བྱམས་པ་ཐོག་བརྩེགས་གཉིས་པ་ཅན་གཙོས་པའི་ཉེ་སྲས་བརྒྱད། རྡོ་རྗེ་འཆང་། འོད་དཔག་མེད། བཅུ་གཅིག་ཞལ་སོགས་བཞུགས། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཚར་གཉིས། བསྟན་བཅོས་དང་གསེར་དངུལ་ལས་བྲིས་པའི་འབུམ་ཆ་གསུམ། སྐལ་བཟང་གཅིག བརྒྱད་སྟོང་སུམ་ཕབ་གཅིག རྙིང་མའི་རྒྱུད་འབུམ། སྙིང་ཐིག་ཡ་བཞི། དུམ་གཉིས། མཛོད་བདུན། རིན་ཆེན་གཏེར་[page 24] མཛོད། བཀའ་མ། ལྷག་པར་དུ་བྱང་གཏེར་གྱི་དམ་ཆོས་དགོངས་པ་ཟང་ཐལ་གཙོས་པའི་དབང་ཁྲིད་སྒྲུབ་སྐོར་སོགས་ཆོས་སྐོར་ཡོངས་རྫོགས་བཞུགས། ཁྲོ་ཟིའི་ཆོས་སྐོར་ཆ་ཚང་། ས་སྐྱ་དང་རྙིང་ཕྱོགས་ཀྱི་བཀའ་འབུམ། རྣམ་ཐར་གྱི་སྐོར། རྩིས་དང་སྙན་ངག་སྒྲ་ཚད་སོགས་དཔེ་ཆའི་སྐོར་མང་དུ་བཞུགས། ཐུགས་རྟེན་ཐད་ལ་ཟངས་གསེར་ལས་བྱས་པའི་རིག་འཛིན་རྒྱ་མཚོའི་གདུང་རྟེན་མུ་ཏིག་དང་གཡུ་བྱུར་གྱི་ཁྲ་རྒྱན་ཅན་ཞིག བླ་མ་རྒྱ་མཚོའི་གདུང་རྟེན་ཟངས་ཟངས་གསེར་ལས་བྱས་པ་དང་གཡུ་བྱུར་གྱི་ཁྲ་རྒྱན་ཅན་ཞིག་སྡེ་དགེ་རྫོང་དམར་སྐུ་ཞབས་ཀྱི་གདུང་རྟེན་ཟངས་གསེར་ལས་གྲུབ་ཅིང་ཕ་ལམ་དང་། གཟི། གཡུ་བྱུར་སོགས་ཀྱིས་སྤྲས་པའི་སྤུས་ལྡན་གཅིག གོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གདུང་རྟེན་གསེར་ཟངས་ཅན་ལ་ཕ་ལམ་དང་གཟི་བྱུར་མུ་མིན་སོགས་ཀྱིས་བརྒྱན་པའི་བྱིན་ལྡན་གཅིག བཱཿགནས་སྐུ་ཕྲེང་ལྔ་པའི་གདུང་རྟེན་ཟངས་གསེར་ཅན་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག དེ་རྣམས་ལས་མཐོ་ཤོས་སུ་ཁྲེ་ཙེ་ལྔ་དང་དམའ་ཤོས་ཀྱང་ཁྲེ་ཙེ་བཞི་རེ་ཡོད། གཞན་སྐུ་ཕྲེང་རིམ་བྱོན་གྱི་གདུན་རྟེན་ཡང་བཞུགས།

དུས་མཆོད་རྒྱུན་སྲོལ་སྐོར་ལ་སྔ་འགྱུར་རྙིང་མའི་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་ཨཾ་ཝམ་ལྕོག་སྒམ་གྱི་མཆོག་གི་སྤྲུལ་སྐུ་རིག་འཛིན་རྒོད་ལྡེམ་རྗེས་ཟང་ཟིང་ལྷ་བྲག་ནས་གཏེར་བྱོན་ཆོས་ཚན་ལྔ་བརྒྱ་ཡན་ལག་དང་བཅས་པ་སྤྱན་དྲངས་པ་འདི། ད་ལྟའི་བར་རིམ་པར་དར་བ་ལ་བྱ་གཏེར་ཞེས་གྲགས་པ་ནི་འདུས་སྡེ་འདིའི་ཉམས་བཞེས་ཀྱི་ཆོས་བཀའ་གཙོ་བོ་ཡིན། རྙིང་ཕྱོགས་ལ་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ་བོར་མཛད་པ་ལྟར་ཟླ་དང་པོའི་ཚེས་བཞི་ནས་གཉིས་པའི་ཚེས་བཞི་བར་གྲྭ་ཡོངས་རྫོགས་ཟླ་གཅིག་ལ་མཚམས་སྒྲུབ་བཞུགས་དགོས། ཟླ་གསུམ་པ་ནང་གུ་རུ་གྲགས་མཐིང་དང་བླ་མ་མཆོད་པ་ཉིན་དྲུག་འཚོགས་དགོས། ཟླ་གསུམ་པའི་པའི་ཚེས་བཅོ་ལྔ་ནས་མཆོད་བཞེངས་ཟླ་ཕྱེད་བྱས་ནས་ཟླ་བ་བཞི་པའི་ཚེས་གཅིག་ནས་ཚོགས་ཐིག་རྡུལ་མཚོན་སོགས་དངོས་གཞི་སྒྲུབ་པའི་ལྟ་གོན་ཆ་ཚང་བཅས་ཉིན་བཅོ་ལྔ་འཚོགས་ནས་ཚེས་བཅུར་གར་འཆམ་ཟབ་རྒྱས་ཡོད། བོད་ཟླ་དྲུག་པའི་ཚེས་གཅིག་ནས་མ་ཎི་འབུམ་སྒྲུབ་ལྟ་གོམ་བཅས་ཉིན་བཅུ་ཡོད། བོད་ཟླ་དྲུག་པའི་ཚེས་བཅུ་བཞི་ནས་དབྱར་གནས་ཟླ་གཅིག་ཕྱེད་འཚོག་དགོས། ཟླ་བ་བཅུ་གཅིག་པའི་ནང་དགུན་ཆོས་ཀརྨ་གླིང་པའི་ཐར་གྲོལ་ཉིན་བཅུ་འཚོག་དགོས།

ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་པའི་གོ་རིམ་ནི་དམུ་འཛི་གཤམ་ཞེས་པའི་ས་ཁུལ་དུ་ནས་འབོག་སུམ་བརྒྱ་ལྷག་ཙམ་གྱི་ས་ཞིང་། རྒྱ་སྡེ་བོད་སྡེ་ནོར་པ་གསུམ་གྱིས་འཚོ་བའི་མཐུ་རྐྱེན་སྦྱོར་བར་བརྟེན་ནས་བཞི་རྒོལ་ལ་མ་ཐུག་བར་དུ་གནས་པ་ཡིན།

དགོན་སྡེ་འདིའི་འགན་བཞེས་པའི་གོ་རིམ་ནི་རིག་འཛིན་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན་གཙོས་པའི་དབོན་སྔགས་ཀྱི་སྐྱེ་སྤྲུལ་གྱིས་བསྟན་བདག་གི་འགན་བཞེས། དེ་འགོ་སྡེ་གསུམ་གྱི་རྒན་ཆེན་གསུམ་དང་དགེ་སྐོས་གཉིས། དབུ་མཛད་བཅས་ལྔ་ནས་འགན་བཞེས།

[page 25] དེང་གི་གནས་ཚུལ་ནི། གསར་དུ་ཉམས་གསོ་བཞེས་པའི་བཱཿགནས་དགོན་པའི་འདུ་ཁང་ཀ་ཐག་སུམ་བཅུ་སོ་གསུམ། བྱམས་ཁང་ལ་ཀ་ཐག་དགུ དུང་འཁོར་ཀ་ཐག་དགུ། གཉེར་ཁང་ཀ་ཐག་བཅུ་བཞི་བཅས་ཕྱིའི་རྣམ་པ་དེ་འདྲ་ཞིག་གྲུབ་ཙམ་དུ་གནས། ནང་དུ་གསེར་ཟངས་ཀྱི་ཇོ་བོ་ཐོག་བརྩེགས་གཅིག མཐོ་བའི་ཆོས་རྒྱལ་བསྟན་པ་ཚེ་རིང་ནས་གནངས་བ་ད་ལྟའང་བཞུགས། གཞན་སྨན་སྐུ་སོགས་ལྷ་ཆེན་བཅུ་ལྷག་བཞུགས། རྒྱལ་བའི་བཀའ་གྱུར་ཚར་གཉིས། བསྟན་བཅོས་ཚར་གཅིག བཀའ་མ་གླེགས་བམ་ལྔ་བཅུ་ལྷག་གཏེར་མཛོད་པོད་བརྒྱ་ལྷག སྤ་སྤྲུལ་བཀའ་འབུམ། མཛོད་བདུན་སོགས་དཔེ་ཆའི་བསྐོར་བཞུགས། གཞན་ཡང་དམ་ཆོས་དགོངས་པ་ཟང་ཐལ་སོགས་བྱང་གཏེར་གྱི་ཆོས་བསྐོར་བ་དང་། སྒྱུ་མའི་བེའུ་བུམ་སོགས། འབུམ་གསེར་དངུལ་ལས་བྲིས་པ་ཆ་གཅིག བརྒྱད་སྟོང་སུམ་ཕབ་གཅིག་བཅས་བཞུགས། མཆོད་ཆས་བསྐོར་ལ་རོལ་མོ་སིལ་སྙན་ཆ་བཅུ་དྲུག ཁར་རྔ། དུང་དཀར། རྒྱ་གླིང་། དུང་དམར། སྤོས་ཕོར། བུམ་པ། སྨན་རག གའུ་མ། བདུན་ཚར། རྐོང་བུ་སོགས་ཆ་ལྡན་བཞུགས། དུས་མཆོད་ཀྱང་དགུན་བཅའ་ཟླ་དང་པོར་ཚེས་བཅུ་ཉིན་བཅུ་དྲུག དགུན་ཆོས་ཉིན་བཅུ་གཉིས་བཅས་ཚོགས་སྲོལ་ཡོད། སྤྲུལ་སྐུ་གཅིག མཁན་པོ་ཁྲི་པ་སོགས་གྲྭ་ཁྱོན་བཞི་བཅུ་ཞེ་དྲུག་བཞུགས།

ར་ལུ་དགོན་གྱི་ལོ་རྒྱུས།

བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་སྤྱི་ལོ་༡༩༨༦ལོ་བླ་མ་རྡོར་པ་སོགས་ཀྱིས་གཙོ་འགན་ཁུར་ནས་དགོན་པ་གསར་དུ་བཞེངས། སྤྱིར་ར་ལུ་བ་ཞེས་པ་དེ་ཉག་རོང་གི་ཁོངས་གཏོགས་ཏ་ལུ་དགོན་ནས་དགོན་སྡེ་ཡར་དར་གྱི་སྐབས་སུ་སྡེ་བ་ནང་མ་མཐུན་པས་མར་མི་ཉག་ལ་མགོ་བཏགས། སྐབས་དེར་དགོན་པའི་ཚབ་ཏུ་གུར་ཞིག་ཕུབ་རྒྱུ་ཡོད། གྲྭ་པ་ཉི་ཤུ་ཙམ་ཡོད། གྲུབ་མཐའ་ནི་སྔགས་རྙིང་མ་བ་ཡིན། གྲྭ་ས་འགྲོ་སའི་མ་དགོན་ནི་ཤར་རྒྱལ་བ་ཀཿཐོག་བ་ཡིན། སྤྱི་ལོ་༡༩༩༥ལོ་ཚེ་པ་དང་རྡོར་པ་མཁས་པ་སོགས་ཀྱིས་དགོན་པ་རྒྱ་ཆེར་བཏང་ནས་ཁང་བའི་སྐོར་རྣམས་ལེགས་འགྲུབ་བྱུང་ཡོད། སྐུ་གསུང་ཐུགས་རྟེན་དང་། མཆོད་ཆས། རོལ་མོ། དུས་མཆོད་དང་འཆམ་རྒྱག་རྒྱུ། སྣོད་ཆས་སོགས་ཆ་ཚང་བ་འཛོམས་ཡོད། རིག་འཛིན་ཆོས་རྒྱལ་གླིང་པའི་ཆོས་རྒྱུན་འཛིན་མཁན་གྱི་གཙོ་བོ་ལྟ་བུ་ཞིག་ཀྱང་ཡིན། དཔལ་འབྱོར་གྱི་འོང་ཁུངས་ནི་བླ་གྲྭ་རང་རང་གི་ཁྱིམ་དང་ར་ལུ་རང་སྡེའི་དུད་ཚང་བརྒྱ་ཡར་མར་ཙམ་ཡོད། གྲྭ་པ་ལྔ་བཅུ་ལྷག་ཙམ་ཡོད། རྗེས་སུ་གུར་དཀར་པོ་དགོན་པའི་རྟེན་གསུམ་སོགས་ཐམས་ཅད་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེའི་སྐབས་རྩ་མེད་བཏང་ངོ་།། ཞེས་པ་འདི་ནི་བླ་མ་ཨ་བསོད་དང་རྒན་པ་ཚོས་བཤད་སྒྲོས་ལྟར་[page 26] གོ་རོ་མ་རིག་བསྟན་གྱིས་བྲིས་སོ།།

དཔལ་ལྷ་སྒང་དགོན་གྱི་ལོ་རྒྱུས།

སྤྱིར་གདན་ས་འདི་གནས་བྱིན་རླབས་ཅན་ལྷ་ཐམས་ཅད་ཤིན་ཏུ་དགའ་ས་ཡིན་པས་ལྷ་དགའ་ཞེས་འབོད་སྲོལ་ཡོད། རྗེས་སུ་ལྷ་སྒང་ཞེས་ཡི་གེ་འབྲི་སྲོལ་ཆགས་ཡོད་ཀྱང་དོན་ལ་ལྷ་དགའ་ཡིན་པ་ཤེས་དགོས། ཡང་འགྲེལ་ལུགས་འགའ་རེ་ན་ལྷ་དགའ་སའི་གནས་ཁྱད་པར་ཅན་དེ་མི་ཉག་ར་སྒང་དུ་གཏོགས་ཡོད་པས་ལྷ་སྒང་ཞེས་བྲིས་ཀྱང་ཟེར། ལྷ་སྒང་དགོན་མཐོང་གྲོལ་བསམ་གྲུབ་གླིང་ཆོས་སྡེ་ཆེན་པོ་ཞེས་པ་ནི་དར་མདོ་མི་ཉག་རབ་སྒང་གི་ཆར་གཏོགས་ཤར་སྟོད་བཞག་བྲ་དཀར་པོའི་མདུན་ཞོལ་དུ། ལྕགས་གླང་སྤྱི་ལོ་༦༤༡ལོར་བོད་རྒྱལ་སྲོང་བཙན་སྒམ་པོས་སྒོ་མིག་རྒྱ་ནག་ཏུ་བསྟན་པའི་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ཐ་མར་མི་ཉག་རབ་སྒང་དུ་ཡོངས་རྫོགས་རབ་དགའི་ལྷ་སྒང་དོགན་འདི་ཉིད་བཞེངས་པར་གྲགས་སོ།

གྲུབ་མཐའ་སྔོན་མ་བཀའ་བརྒྱུད་པ་ཡིན། ཕྱིས་སུ་ས་སྐྱ་བ་ལ་འགྱུར་ཡོད། གྲྭ་ས་རྫོང་གསར་སོགས་ལ་འགྲོ་སྲོལ་ཡོད། ཆོ་ག་ཕྱག་ལེན་ནི་ངོར་པ་དཔོན་སློབ་ཀྱིས་ཁྲིད་པར་བཤད། དང་པོ་དགོན་པ་འདེབས་མཁན་ནི་ཕ་བླ་མ་ཚང་ཟེར་བ་དེས་བཏབ་པ་ཡིན་ཟེར། རྟེན་གཙོ་བོ་ནི་བློན་པོ་མགར་དང་རྒྱ་བཟའ་ཀོང་ཇོ་གཉིས་བོད་དུ་བྱོན་སྐབས་ཡུལ་འདིར་བཞུགས་ཏེ་ཇོ་བོ་ཤཱཀྱ་མུ་ནེའི་ཞལ་སྐྱིན་དུ་ཁོང་རྣམ་གཉིས་ཀྱིས་བཞེངས་པར་བཤད་སྲོལ་ཡོད། མདོར་ན་ཇོ་བོ་འདི་ཁྱད་པར་ཅན་ཡིན། ཇོ་བོ་འདིའི་ཡན་ལ་མི་འགྲོ་གསུངས་ནས་གསུང་བྱོན་པས་ཇོ་བོའི་མཚན་ལ་ཇོ་བོ་མི་འགྲོ་གསུན་བྱོན་ཟེར། ལྷ་ས་ཇོ་བོས་དང་ངོས་མཉམ་པར་བཤད་པས་ལྷ་ས་འགྲོ་རྒྱུའི་ཁས་ལེན་ཡོད་ན་ལྷ་སྒང་ཇོ་བོ་མཇལ་ན་ཁས་ལེན་སོད་པར་གསུངས་སོ།།

འགན་འཁུར་སྐོར། དགོན་བདག་གཅིག ཁྲི་བ་གཅིག དབུ་མཛད་གཅིག དགེ་བསྐོས་གཅིག མཆོད་དཔོན་རྒན་གཞོན་བཞི། ཕྱག་མཛོད་གཉིས། གྲྭ་པའི་ཞལ་གྲངས་བརྒྱ་དང་བདུན་ཅུ་ནས་ཉིས་བརྒྱ་ལྷག་ཙམ་བཞུགས། ཁང་པའི་གྲངས་ཀའི་སྐོར། གཙུག་ལག་ཁང་གཅིག་འདུ་ཁང་། གཉེར་ཁང་། དཔེ་མཛོད་ཁང་གཉིས། ཇ་ཁང་། གྲུབ་ཐོབ་མཆོད་རྟེན་ལྷ་ཁང་། ཨུ་རྒྱན་ལྷ་ཁང་། བླ་བྲང་ཁང་། སྲུང་མ་ཁང་། ཇོ་བོའི་ལྷ་ཁང་། འཁོར་ཁང་བརྒྱད། སྐུ་གསུང་ཐུགས་རྟེན་སྐོར། ཇོ་ཁང་ནང་དུ་རྟེན་གཙོ་ཇོ་བོ་མཐོང་བ་དོན་ལྡན་ཆེ་བ་གཅིག ཐོག་བརྩེགས་གཅིག་ཅན་གྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཁྱད་པར་བ་གཅིག བློན་པོ་མགར་གྱིས་བཟོས་པའི་སྟོན་པའི་སྐུ་གཅིག ལུས་ཚད་མ་གསེར་ཟངས་ལས་གྲུབ་པའི་རྒྱལ་དབང་ཀརྨ་པའི་སྐུ་གཅིག་ཐོག་བརྩེགས་གཅིག་ཅན་གྱི་རྒྱལ་བ་བྱམས་པ། གུ་རུ་མཚན་བརྒྱད། དུས་གསུམ་སངས་རྒྱས། ས་པཎ། སྟོན་པ་བདུད་རྩི་འབབས་མཁན་དང་བཅས་མང་ངོ་།།

[page 27] བཀའ་འགྱུར་ཁང་དུ་ཆོས་རྒྱལ་འཕགས་པས་གནང་བའི་བྱམས་པ་ལུས་ཚད་མ་གཅིག ཙན་དན་གྱི་བྱམས་པ་སོགས་ཡོད། བཀྲ་ཤིས་སྒོ་མང་མཆོད་རྟེན་ནང་དུ། ཐོག་བརྩེགས་གཅིག་ཅན་གྱི་དུས་གསུམ་སངས་རྒྱས། རྒྱ་བཟའ་ཀོང་ཇོ་བུའི་སྐུ་གདུང་རུས་པ་ཆ་ཚང་བ་ཡོད། སྐུ་གདུང་ཆ་བརྒྱད། རྒྱ་བཟའ་ཀོང་ཇོའི་སྐུ། གསེར་སྐུ་བཅས་མང་པོ་ཡོད།

སྲུང་མ་ཁང་ནང་དུ། གུར་ཞལ་ལྷ་གསུམ། ལས་མགོན་སྡེ་ལྔ། བྲག་ལྷ། རྟ་མགྲིན། གསེར་སྐུ་ཆེ་ཆུང་ལྔ་བཅུ་ལྷག་ཙམ་ཡོད། ཐང་མོ་ཆེ་གཅིག དེ་མིན་ཐང་ག་ཆེ་ཆུང་ལྔ་བཅུ་ལྷག་ཙམ་མོ།། བཀའ་བསྟན་གཉིས་ཚར་གཉིས་རེ། དགོན་པའི་རྒྱབ་ཀྱི་ཕྱོགས་བཞི་ལ་མཆོད་རྟེན་ཆེན་པོ་བཞི་ཡོད་དེ། ཤར་དཀར་རིས། ལྷོ་སེར་རིས། ནུབ་དམར་རིས། བྱང་ལྗང་རིས་བཅས་བཞི་ཡོད། དེའི་དཀྱིལ་དུ་མཆོད་རྟེན་བརྒྱ་དང་བརྒྱད་ཡོད། དགོན་པའི་མཐར་སྐོར་དུ་རིགས་གསུམ་མགོན་པའི་གནས་རིས་བརྒྱན་ཡོད། སྒོ་ཆེན་རྒྱབ་རུ་མཆོད་རྟེན་ཆེ་བ་གཅིག་ཡོད།

རྟེན་གནའ་རྫས་རྩ་ཆེན་སྐོར། གསེར་སྐུ་རྒྱ་ནག་ལི་མ་མེ་ཐར་མ་ཟེར་བ་གཅིག རྣམ་རྒྱལ་མ། རྒྱ་གར་ཤར་ལིའི་སྟོན་པ་སྐུ། དེ་མིན་ཐུབ་པ་གཅིག བཀའ་གདམས་མཆོད་རྟེན་བཞི། ཇོ་བོའི་དབུ་རྒྱན་གསེར་དངུལ་ལས་མགར་བ་ཆ་གསུམ། སྙན་རྒྱན་ཆ་གཉིས། མགུལ་རྒྱན་ཆ་གཉིས། གཡུ། བྱུ་རུ། མུ་ཏིག སྤོས་ཤེལ་སོགས་ཕྲ་ཚོམ་རོལ་སྐོར། དངུལ་གིར་ཏིང་ཕོར་ཆ་ལྔ་ཡོད། ལིའི་ཏིང་ཕོར་ཆ་ལྔ་ཡོད། ནང་མཆོད་ཆ་གསུམ། མཎྜལ་ཆ་བཞི། དངུལ་ཀོང་ཆེ་ཆུང་སུམ་ཅུ་ཙམ། ཟངས་རག་གི་ཀོང་བུ་བརྒྱད་ཅུ་ལྷག་ཙམ། མུ་ཏིག་གི་དུང་གཤམ་རྒྱུ་ཆ་གཅིག གཡུའི་སེང་གེ་ཆ་གཅིག དུང་ཆ་གསུམ། དུང་ཆོས་དང་གཟུངས་ཐག་རྡོ་རྗེ་ཆ་གཉིས། སིལ་སྙན་ཆ་ལྔ། སྦུ་ཆལ་ཆ་སུམ་ཅུ་ཙམ། རྡོར་དྲིལ་ཆ་གསུམ། རྐང་གླིང་ཆ་བཞི། རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གསུམ། གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་མཆོད་རྫས་ཆ་ཚང་བ་ཡོད།

དུས་མཆོད་འཚོགས་རྒྱུའི་སྐོར། ཟླ་བ་དང་པོའི་ཚེས་གཅིག་ནས་ཉིན་བཅོ་ལྔ། ཟླ་བ་གཉིས་པའི་ནང་ལོ་གཏོར་ཉིན་ལྔ། ཟླ་བ་གསུམ་པའི་ནང་འདས་མཆོད་ཉིན་གཅིག བཞི་པའི་ནང་ཀུན་རིག་སྒྲུབ་མཆོད་ཉིན་བཅུ། བསྙེན་གནས་ཉིན་ལྔ། ལྔ་པའི་ནང་ཀྱཻ་རྡོར་སྒྲུབ་མཆོད་ཉིན་བདུན། དྲུག་པའི་ཚེས་གཅིག་ནས་བཅོ་ལྔ་བར་དུ་དབྱར་ཆོས་ཚོགས། འཆམ་རྒྱག་རྒྱུ་དང་བཅས་པ་ཆ་ཚང་བ་ཡོད། དེ་རྗེས་དབྱར་གནས་ཟླ་བ་གཅིག་ཕྱེད་ཚོགས་དགོས། བཅུ་གཅིག་པའི་ནང་ས་པཎ་འདས་མཆོད་ཉིན་གཅིག བཅུ་གཉིས་པའི་ནང་དགུན་ཆོས་ཉིན་བཞི། བཤད་གྲྭ་དང་སྒྲུབ་གྲྭ་ཡང་ཡག་པོ་ཡོད།། གྲྭ་ས་གཙང་ངོ་རུ་དགོན་ཡིན། སྦྱིན་བདག་དུད་ཁ་ཉི་ཤུ་ལྷག་ཙམ་ལས་མེད། དཔལ་འབྱོར་གྱི་འོང་ཁུངས་ནི་ཞིང་པ་དུད་ཚང་གསུམ་དང་ནོར་པ་ཁྱིམ་ཁ་དྲུག་བཅས་དགོན་པར་ཡོད། དབྱར་ཁ་དཀར་གསོ་དང་སྟོན་ཁ་ནས་གསོ་བྱེད་དགོས། གདན་ས་འདིར་སྐྱེས་ཆེན་དམ་པ་ཆོས་རྒྱལ་འཕགས་པ་དང་། རྒྱལ་བ་ཚང་། པཎ་ཆེན།[page 28] ས་སྐྱ་གོང་མ། བཻ་རོ་ཙཱ་ན། ངག་དབང་ལེགས་པ། གཅུང་རིན་པོ་ཆེ། ཀརྨ་བ། མདོ་མཁྱེན་བརྩེ་སོགས་དམ་པའི་སྐྱེ་བུ་མང་པོ་བྱོན་མྱོང་ཡོད། དེ་རྗེས་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེའི་སྐབས་ལ་དགོན་ཕྱི་ནང་ཐམས་བཅད་གཏོར་བརླགས་མཐར་ཕྱིན་པ་བྱས་སོ།།

ཡང་སྐྱར་འདུ་ཁང་དང་། སྲུང་མ་ཁང་། གཉེར་ཁང་། ཇ་ཁང་། བླ་བྲང་ཁང་། གྲྭ་ཤག་བརྒྱད་ཅུ་གྱ་ལྔ། འཁོར་ཁང་སོགས་ཞིག་གསོ་བྱས་ཡོད། འདམ་སྐུ་དང་གསེར་ཟངས་ལས་གྲུབ་པའི་སྐུ་འདྲ་ཆེ་ཆུང་དྲུག་ཅུ་ལྷག་ཙམ། བཀའ་བསྟན་ཚར་གཉིས་རེ་ཡོད། བཀའ་འབུམ་སྐོར་མང་པོ་བཞུགས། དུས་མཆོད་སོགས་སྔར་བཞིན་ཡོད། མཆོད་ཆས། རོལ་མོ། མཆོད་རྟེན་ཆེ་བ་བཞི་གཙོ་བོ་དང་གཞན་ས་རྡོ་ལས་གྲུབ་པའི་མཆོད་རྟེན་བརྒྱ་དང་བརྒྱད་ཡོད། དགོན་བདག་བླ་མ་ཨ་རྡོས་ལོ་བཅུ་བཞི་ཙམ་བྱས་ནས་རྟེན་བཞེངས་ཀྱི་བྱ་བ་རྒྱ་ཆེན་བྱས་ཡོད། ཁྲི་བ་རྒྱ་ཁྲོའི་བླ་མ་དོན་གྲུབ་ལོ་བཅུ་གཅིག་བྱས། མཁན་པོ་ལོ་གཉིས་བྱས་དང་བྱེད་བཞིན་པ་ཡོད་དོ། དེང་སང་བླ་མ་ཡོན་ཏན་གྱིས་དགོན་བདག་འགན་འཁུར་མཛད་ནས་འཛུགས་བསྐྲུན་ལེགས་པོར་བྱེད་བཞིན་མཆིས་སོ།། གྲྭ་པ་བརྒྱད་ཅུ་ལྷག་ཙམ་བཞུགས། དཔལ་འབྱོར་གྱི་འོང་ཁུངས་ནི་གྲྭ་པ་རང་རང་གི་ཁྱིམ་དང་མི་སེར་གྱིས་ཕུལ་བའི་ཡོན་ཤིག་གསོན་གྱི་དགེ་རྩ་བྱེད་པའི་དངོས་རྫས་རྣམས་ཡིན་ནོ།། ཞེས་པ་འདི་ནི་དགོན་འདིའི་འགན་ཁུར་འགའ་དང་བླ་མ་ཨ་རྡོ་ལ་དྲིས་ནས་ལེགས་པར་བཤད་པ་རྣམས་རིག་བསྟན་གྱིས་བྲིས་པའོ།།

སྐྱེད་ཚལ་དགོན་གྱི་ལོ་རྒྱུས།

དགོན་པ་འདི་ནི་རབ་བྱུང་བདུན་པའི་མེ་སྟག་སྤྱི་ལོ་༡༤༤༦ལོ་སྟོན་པ་བླ་མ་སངས་རྒྱས་རྒྱ་མཚན་གྱིས་བཏབ། གྲུབ་མཐའ་ནི་ས་སྐྱ་བ་ཡིན། དགོན་འདིའི་མིང་ལ་ལྕེ་བཙུན་འགག་དགོན་པ་ཡང་ཟེར། གཙང་ངོར་དགོན་ནི་གྲྭ་ས་འགྲོ་ས་གཙོ་བོ་ཡིན། སྦྱིན་བདག་གི་མི་གྲངས་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་ཡོད། གྲྭ་པ་བདུན་ཅུ་ལྷག་ཡོད། ལྷ་ཁང་ནང་དུ་སྐུ་གསུང་ཐུགས་རྟེན་དང་། མཆོད་ཆས། མཆོད་རྫས། རོལ་མོ། རིན་པོ་ཆེ་སྣ་ཚོགས། འཆམ་གོས་སོགས་ཤོག་སྒོར་ཁྲི་ཚོ་ལྔ་བརྒྱ་ལྷག་གི་རིན་ཐང་ཅན་ཡིན། དུས་མཆོད་སོགས་འཆམ་དང་བཅས་པ་ཡོད། ཁང་བའི་སྐོར་ལ་འདུ་ཁང་དང་གྲྭ་ཤག་བཅས་ཆ་ཚང་བ་ཡོད། རྗེས་སུ་ངོ་རྒོལ་བཞིས་གཏོར་བརླགས་བཏང་།

དེང་སང་གི་གནས་ཚུལ་ནི་སྤྱི་ལོ་༡༩༨༥ལོར་དགོན་པ་ཞིག་གསོ་བྱས་ཡོད། སྐུ་གསུང་ཐུགས་རྟེན་དང་མཆོད་རོལ་སོགས་ཆ་ཚང་ཙམ་ཡོད། གྲྭ་པ་ཉེར་བཞི་ཡོད། སྦྱིན་བདག་མི་གྲངས་ཉིས་སྟོང་ཙམ་ཡོད། བླ་མ་གཙོ་བོ་ནི་དཔོན་རོང་དབང་ཕྱུག་སོགས་ཡོད་ཞེས་པ་ནི་རྒྱ་ཨ་འཛིན་དང་ཚེ་རིང་རྡོ་རྗེའི་བཤད་སྒྲོས་ལྟར་རིག་བསྟན་གྱིས་བྲིས་སོ།།

ཕྱུག་མོ་དགོན་གྱི་ལོ་རྒྱུས།

[page 29] དེ་ཡང་མི་ཉག་གཡུ་རྩེ་གཤིས་རིག་ལྡན་མངོན་དགའི་གླིང་མཆོག་ཕྱུག་མོ་དགོན་པ་ནི་ཕྱུག་མོ་གཞོན་ནུ་སྟོན་པས་བོད་རབ་བྱུང་དྲུག་པའི་ལྕགས་བྱ་སྤྱི་ལོ་༡༣༨༡ལོ་དགོན་པ་གསར་དུ་བཏབ། བླ་འདིའི་རྣམ་ཐར་ཤེས་འདོད་ན་མི་ཉག་མཁས་པ་མི་ལྔའི་རྣམ་ཐར་ལ་གཟིགས་ན་ཤེས། སྤྱིར་ཕྱུག་མོ་དགོན་ཞེས་པའི་ཕྱུག་ནི་དགོན་པ་འདེབས་པ་པོའི་ཆེ་བརྗོད་ཀྱི་མིང་སྙན་ཞིག་ཡིན་ཏེ་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་གྱི་ཕྱུག་པའམ་ལུང་རིགས་པའི་ཤེས་ཡོན་གྱི་ཕྱུག་པས་སོ།། ཁོང་ལྷ་ལྡན་གྲྭ་སར་བྱོན་ནས་མཁས་པར་གྱུར་སྐབས་ཤར་མི་ཉག་གི་པཎྜི་ཏ་ཆེན་པོ་ཞེས་མཚན་སྙན་ཐོབ་ཡོད། གྲུབ་མཐའ་ནི་ས་སྐྱ་བ་རེད། དགོན་པ་ཆགས་ས་དེར་སའི་སྲུང་བཞི་སོགས་ཆ་ཚང་བ་འཛོམས་ཡོད། གནའ་སྔ་མོའི་བཤད་སྒྲུབ་ཀྱི་སྡེའང་དར་ཡོད་པར་བཤད། སྐུ་གསུང་ཐུགས་རྟེན་གྱི་རྣམ་གྲངས་སྐོར། ཐུབ་དབང་གི་གསེར་སྐུ་ལུས་ཚད་ཆེན་པོ་གཅིག བྱམས་པ་ཁང་གི་ནང་ལ་རྗེ་བཙུན་བྱམས་མགོན་སྐུ་གསེར་ཟངས་ལས་གྱུབ་པ་ཐོག་བརྩེགས་གསུམ་ཅན་སྤུས་ཚད་དང་ལྡན་པ་གཅིག་རྡོ་རྗེ་འཆང་གསེར་ཟངས་ལས་གྲུབ་པ་ལུས་ཚད་མ་གསུམ། ཇོ་བོ་གཅིག དུས་གསུམ་སངས་རྒྱས། རྣམ་པར་སྣང་མཛད་བཅས་ཡོད། དེ་མིན་གསེར་སྐུ་རྒྱ་ནག་ལི་མ་དང་རྒྱ་གར་ལི་མ་བཞི་བཅུ་ལྷག་ཙམ་ཡོད། སྨན་འདམ་སྐུ་ཆེ་ཆུང་སུམ་བརྒྱ་ལྷག་དང་ཐང་ག་ཆེ་ཆུང་ལྔ་བརྒྱ་ཙམ་བཞུགས།། བཀའ་འབུམ་སྐོར་པོད་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་བཞུགས། གསེར་དངུལ་གྱི་བྲིས་པའི་དཔེ་ཆའམ་པོད་མང་པོ་ཙམ་ཡོད། གསེར་ཟངས་ལས་གྲུབ་པ་དང་བཀའ་གདམས་མཆོད་རྟེན་ལུས་ཚད་མ་བརྒྱད། དེ་མིན་བཀའ་གདམས་མཆོད་རྟེན་དགུ་ཡོད། གཞན་ཡང་རོལ་མོ། མཆོད་ཆ་དང་མཆོད་རྫས། འཆམ་གོས། དུས་མཆོད་འཆམ་དང་བཅས་པ། དབྱར་གནས་སོགས་ས་སྐྱ་དགོན་པ་གཞན་དང་འདྲ་མཚུངས་ཡོད་དོ།། གྲྭ་པ་བརྒྱ་དང་བརྒྱད་ཅུ་ཙམ་ཡོད། དགོན་འདིའི་སྦྱིན་བདག་དུད་གྲངས་བརྒྱ་ལྷག་ཙམ་གྱི་དཔོན་པོ་ཁའུ་ཚང་ཡིན། དགོན་པའི་བདག་པོ་དང་པོ་མཁས་ཆེན་ཕྱུག་མོ་གཞོན་ན་སྟོན་པ། གཉིས་པ་བླ་མ་ཤཱཀྱ་རྒྱལ་མཚན། དེ་རྗེས་སུ་གསུམ་པ་དར་མདོའི་དཔལ་གསས་སྐྱབས་པའི་སྤྲུལ་སྐུ་རི་ཁུད་དགོན་པས་བདག་པོ་རྒྱབ། སྤྲུལ་སྐུ་ས་སྐྱ་དགོན་པ་བཅུ་གསུམ་དགོན་དེའི་བུ་དགོན་ཡིན་དགོས་པའི་བཀའ་སྲོལ་གསར་དུ་བཙུགས་ནས་དགོན་འདི་དང་གཞན་དགོན་བཅུ་གཉིས་ཀྱི་མ་དགོན་ནི་རི་ཁུད་དགོན་པ་ཡིན། བུ་དགོན་རྣམས་ལ་མཁན་པོ་ནི་རི་ཁུད་བླ་བྲང་གིས་མངགས་དགོས་པའི་སྲོལ་རྒྱུན་ཐོག་མར་བྱུང་བའོ།། དེ་རྗེས་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེས་མི་རྒྱུ་ཚང་མ་རྩ་མེད་བཏང་ངོ་།།

དེང་སང་ཡང་འདུ་ཁང་ཀ་བ་བཅུ་དྲུག་ཅན་ཐོག་བརྩེགས་གསུམ་པ་གཅིག་བཞེངས་ཡོད། བྱམས་པ་ཁང་དང་མགོན་ཁང་གྲྭ་ཤག་བཅས་ཆ་ཚང་འཛོམས་ཡོད། སྐུ་གསུང་ཐུགས་རྟེན་ཆ་ཚང་ཙམ་བཞུགས། མཆོད་རོལ་སྐོར་ལ། སིལ་སྙན། སྤུག་ཆལ། དུང་། རྒྱ་གླིང་། དུང་ཆེན། རྐང་གླིང་། བདུན་ཚར་[page 30] སོགས་མཆོས་ཆས་བཅས་ལྡན་ཡོད། གདན་ཆས་ཆ་ཚང་བ་ཡོད། དུས་མཆོད་ཚོགས་རྒྱུ་ཟླ་བ་དང་པོའི་ནང་དགུན་ཆོས་ཉི་མ་བཞི་ཡོད། ཟླ་བ་བཞི་པའི་ནང་ཀྱཻ་རྡོར་སྒྲུབ་མཆོད་ཉིན་ལྔ་འཚོགས་དགོས། ཟླ་བ་ལྔ་བའི་ནང་སེར་སྲུང་ཉིན་གསུམ་འཚོགས་དགོས། ཟླ་བ་དྲུག་པའི་ནང་ལ་དབྱར་ཆོས་ཟླ་ཕྱེད་དང་འཆམ་ཉིན་ལྔ་བཅས་འཚོགས་དགོས། ཟླ་བ་བདུན་པའི་ནང་དབྱར་གནས་ཟླ་བ་གཅིག་ཕྱེད་ཚོགས་དགོས། ཀུན་རིག་སྒྲུབ་མཆོད་དང་མགོ་པོ་དྲུག་ཅུའི་གཏོར་བཟློག་འཚོགས་སྐབས་མི་སེར་དང་ལྡན་ཤིན་ཏུ་མང་པོ་འདུས། ཟླ་བ་དགུ་པའི་ནང་དུ་ཆོས་ར་ཉིན་བརྒྱད་ཚོགས། བླ་མ་མཆོད་པ་དང་མགོན་པོ་སྟོང་ཚར་བཅས་འདོན་དགོས། ཟླ་བ་གཅིག་པའི་ནང་དུ་ས་པཎ་འདས་མཆོད་ཉིན་གསུམ་ཚོགས། མགོན་བླ་གཅིག་ཆད་མེད་ཡོད། རྒྱུན་དུ་དགོན་པ་སྲུང་མཁན་བླ་གྲྭ་བརྒྱད་ཟླ་བ་རེར་རེས་སྐོར་ནས་འདུག་དགོས།

མཁན་ཆེན་ཀུན་དགའ་ཕུན་ཆོགས་ཀྱི་སློབ་མ་ནང་དོན་རིག་པ་ལ་སྦྱངས་བ་བྱས་མྱོང་མཁན་བླ་མ་ཆུ་ཁ་གྲགས་པ། ཉི་མ་རྒྱལ་མཚན། སྐལ་བཟང་དར་རྒྱས། འཇམ་དབྱངས་རྡོ་རྗེ་སོགས་བླ་མ་ལྔ་དྲུག་ཙམ་ཡོད། གྲྭ་བ་བདུན་ཅུ་ལྷག་ཙམ་ཡོད། སྦྱིན་བདག་གི་དུད་གྲངས་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་ཡོད། དཔལ་འབྱོར་གྱི་འོང་ཁུངས་ནི་གྲྭ་པ་རང་རང་གི་ཁྱིམ་དང་མི་སེར་གྱི་ཤི་གསོན་ལ་དགེ་བ་བྱེད་སའི་རྒྱུ་ནོར་རྣམས་ཁོ་ན་ཡིན་ནོ། དགོན་པའི་འགན་ཁུར་མཁན་ཧོ་འདྲ་བསོ་རྒྱལ་དང་པད་དབང་སོགས་བླ་གྲྭ་འགའ་ཤས་ཡོད།

ཅེས་པ་འདི་ནི་དགོན་འདིའི་བླ་གྲྭ་ཚོས་བྲིས་པའི་ལོ་རྒྱུས་ཡི་གེར་གཞི་བྱས་ནས་རིག་བསྟན་གྱིས་དར་མདོ་ནས་བྲིས།།

བཀའ་བཞི་དགོན་པའི་ལོ་རྒྱུས།

དགོན་པ་འདི་ནི་སྤྱི་ལོ་༡༣༦༠ལོར་ཀརྨ་རོལ་པའི་རྡོ་རྗེ་རྒྱ་ཡུལ་ནས་ཕྱིར་ལོག་སྐབས་ཞབས་ཀྱིས་བཅགས་ཏེ་གནས་འདིར་དགོན་གཞི་ཚུགས་པ་ནས་ཐོག་མར་འདུལ་བ་ཉན་པ་ལ་བསྐུལ་ཏེ་དགེ་འདུན་རྣམས་འདུལ་བའི་ཕྱག་ལེན་ལ་ཐེབས་པ་མ་ཟད་ད་དུང་ཚད་མ་དང་། མཛོད། དབུ་མ། ཤེར་ཕྱིན་རྣམས་ཉིན་ལྟར་གོང་དུ་སྤེལ། དེ་ལྟར་བཀའ་བཞི་པ་ས་ལ་འདིར་ཕེབས་ཙ་ན་དགོན་གཞི་འཛུགས་པའི་གྲ་སྒྲིག་བྱེད་མུས་གློ་བུར་དུ་སྤང་ལ་མེ་དཔུང་མཆེད་པ་དང་རི་ནས་རྦབ་རྡོ་འགྲིལ་བ་སོགས་མ་རུངས་པའི་རྟགས་མང་དུ་བྱུང་ཡང་བླ་མ་དེའི་བདེན་སྟོབས་ཀྱིས་རང་ཞིར་འགྲོ་བ་མ་ཟད་སྡེ་བརྒྱད་ནག་ཕྱོགས་ལ་དགའ་བ་ཐམས་ཅད་དམ་ལ་མནན་ནོ། གཉན་ཆེན་གངས་དཀར་རྡོ་རྗེ་གྲོལ་ལོས་ཨར་མོ་ནི་གཱའི་གཡུ་རྡོ་སྔོན་པོ་སྒོ་སྟེགས་སུ་གཏེར་གྱི་རྩིས་ཐོ་ནང་གསལ་ཕུལ་ལྟ་བུ་མང་དུ་ཡོད་ཀྱང་ཕྱོགས་ཙམ་བསྟན་ཟིན།།

དགོན་འདེབས་པ་པོ་མཁན་ཆེན་རིན་པོ་ཆེ་བཀའ་བཞི་པ་རིག་པའི་སེངྒེ་ཞེས་ངུར་སྨིག་འཛིན་པ་[page 31] ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་བ་བྱང་ཆུབ་དཔལ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ནི་རབ་བྱུང་ལྔ་པ་མེ་མོ་ཕག་གི་སྤྱི་ལོ་༡༢༨༧ལོར་ཡབ་མེས་ཀྱི་འཁྲུངས་ཡུལ་ནི་སྔོན་རྒྱལ་བློན་བྱང་སེམས་རྣམས་ཀྱིས་ཡང་འདུལ་གྱི་གཙུག་ལག་ཁག་བརྒྱ་རྩ་བརྒྱད་བཞེངས་པའི་གནས་ཡིན་པས་ན། རབ་སྟོང་ཚར་སྒང་རིང་མོ་ཞེས་བྱ་བ་ཡིན་ལ། གདུང་ནི་རུས་ཆེན་ནང་མཚན་སྦས་མོ་ཆ་སྨོ་སུམ་མཁར་འགུ་བོ་ལུ་ཞེས་པའི་ཁྱིམ་བདག་གི་རིགས་ཤིང་སྭ་ལ་ལྟ་བུའི་རྒྱུན་ཡོད། དེ་ཡང་ཡབ་ཡོན་བདག་རྐང་རིང་། ཡུམ་རོང་ཟ་དགེ་བ་སྨན་ཞེས་བྱ་བས་སྲས་སུ་འཁྲུངས། དེ་ནི་ཡབ་ཡུམ་གསུམ་པོ་འགུ་ཐོམ་ནས་བརྒྱུད་དེ་དགུང་ལོ་བཅུ་པར་ར་རྔ་ཁ་འཇི་པོ་ཨ་འལ་གྲོང་དུ་བཞུགས། བཅུ་བཞི་བར་ཡུལ་གྱི་རྫི་བོ་བྱས་ཤིང་ཡི་གེ་འབྲི་ཀློག་ལ་མཁས་པ་སྦྱངས་པས། དེ་ནས་དགུང་ལོ་ཉི་ཤུ་ཡས་མས་སུ་དབུས་གཙང་དུ་ཕེབས་ཏེ། རིགས་གཏེར་དང་། ཚད་མ་རྣམ་འགྲེལ། འདུལ་བ་མདོ་རྩ་བ། མངོན་པ། ཤེར་ཕྱིན། སྦྱོར་དྲུག དབུ་མ། དུས་འཁོར་རྣམས་སྦྱངས་པའི་མཐར་སོན་པའི་བཀའ་གཞི་པ་རིག་པའི་སེངྒེ་ཞེས་གྲགས། ཁྱད་པར་ས་སྐྱ་ལོ་ཙཱ་བ་བསོད་ནམས་གྲགས་པའི་དྲུང་དུ་བསྙེན་པར་རྫོགས་པ་དང་མདོ་སྔགས་ཀྱི་གཞུང་མ་ལུས་པ་གསན། རབ་སྒང་དུ་བསྟན་པའི་རྩ་བས་འཆད་ཉན་འཛུགས། ཐག་མ་འགོ་ལོག་ཐང་ཡག་བཟང་གི་ལུང་པ་ཆོས་སྒང་ཆགས་ཏེ་མི་ལོ་ཉི་ཤུ་རྩ་བཞི་བར་མི་ཉག་ཡུལ་གྱི་སྟོད་སྨད་བར་གསུམ་དུ་ཆོས་ཀྱིས་སྦྱིན་པ་རྒྱ་ཆེན་བྱས། སློབ་གཉེར་བ་མང་དུ་འདུས་ཏེ་རྒྱལ་བསྟན་སྤེལ་བའི་རྨང་གཞི་བཏིངས། གདུལ་བྱ་ཡུལ་སྣ་ཚོགས་ནས་བྱུང་བ་དཔེར་ན་སྤོར་འབོ་སྒང་ནས་ངྷརྨ་ཀིརྟི་སོགས་སློབ་མ་མང་དུ་རབ་སྒང་དུ་བྱོན། དེ་བཞིན་བྱང་མདོ་སྨན་ནས་བླ་མ་མཛེས་ཏོག་པ་དང་། སེངྒེ་དཔལ་སོགས་བྱུང་། རྒྱ་རོང་ནས་ཡེ་ཤེས་དབང་ཕྱུག་དཔལ་སོགས་དང་། རྒྱ་ཡུལ་ནས་རིན་ཆེན་དཔལ་སོགས་དང་ས་སྡེ་སོག་ཡུལ་ནས་སེངྒེ་བཟང་པོ་སོགས་དང་། རིམ་བཞིན་སྐྱ་ཀི་གནས་མགོ་སྐྱིད་ལེགས་ཕྱུག་མོ་ར་ཐིག་སོགས་སློབ་མ་བརྒྱ་ཕྲག་ཁ་ཤས་བྱུང་བ། ཡང་དགུང་ལོ་བདུན་ཅུ་ཐོག་རབ་བྱུང་དྲུག་པ་སྤྱི་ལོ་༡༣༥༧ལོར་དགོན་གཞི་ཚུགས་ནས་རབ་བྱུང་དགེ་འདུན་ལ་འདུལ་བ་དང་རིག་གཏེར་སོགས་རྒྱུན་ཆགས་སུ་འཆད་ཉན་བྱེད། གདུལ་བྱ་རིགས་ཅན་གསུམ་དང་། ཁྱད་པར་ཕྱོགས་ནས་ཡོང་བའི་དངོས་སློབ་དགེ་འདུན་པ་ལྔ་སྟོང་ལྷག་ཙམ་ལ་གཙོ་བོ་འདུལ་བའི་ཕྱག་ལེན་དང་། ཚད་མ་མངོན་པ། སྤྱོད་འཇུག སྦྱོར་དྲུག དུས་འཁོར། ཤེར་ཕྱིན་སོགས་ས་ག་ཟླ་བའི་ཚེས་གཅིག་ནས་བཅོ་བརྒྱད་བར་རང་རང་བློ་དང་འཚམ་པར་བསླབས། གསུང་འབུམ་ནི་ཚད་མའི་འགྲེལ་ཆེན་དང་ཤེར་ཕྱིན་ཊིཀྐ། ཀླགས་པའི་དོན་འགྲུབ། རིག་གཏེར་ཊིཀྐ། གྲུབ་མཐའ་རྒྱ་མཚོ་རྦ་རླབས། མཐའ་གཉིས་སྤང་བ་ལ་སོགས་མང་དུ་ཡོད་ཀྱང་དེང་སང་ནི་འཇའ་མཚོན་གྱི་རྗེས་བསྙེགས་པར་གྱུར་ཏོ།། དགུང་ལོ་གྱ་དགུ་བྱོན་པའི་དབྱུ་གུ་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པའི་ཉིན་གཤེགས་པའི་སྐུ་ཚེ་རིལ་པོ་བསྟན་དང་འགྲོ་བའི་དོན་ལ་དཀའ་བ་ཁྱད་བསད་ཀྱི་ཞབས་ཡ་གཅིག་སྤོས་ཏེ་ལྗོངས་འདིའི་བླ་མ་ཇི་སྙེད་ཀྱི་དྲུང་དུ་ཆོས་མ་ལུས་པ་ཐུགས་སུ་ཆུད་ནས་ལུང་རྟོགས་བདག་ཉིད་དུ་གྱུར་པ། ཁོང་ཉིད་ཀྱི་རྟོག་པ་[page 32] བརྗོད་པ་ལས་རང་གི་བདེ་སྐྱིད་ཀྱི་ཕྱིར་ལྷ་ཡི་ལུས་ཀོཀ་པོ་ལེན་པའི་མདུན་པ་མེད་གསུང་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་རྒྱ་མཚོའི་རྡུལ་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་རྗེས་སུ་བཞུགས་ཏེ་སྐུ་ཤིན་ཏུ་བགྲེས་ཀྱང་གདན་གཅིག་སོགས་བཙུན་ཚུགས་ཅུང་ཟད་ཀྱང་ལྷོད་པའི་སྐབས་མེད་ཅིང་རབ་ཏུ་བྱུང་བ་རྣམས་ལ་གདམས་པ་འདོད་པ་ཆུང་ཞིང་ཆོག་ཤེས་པ་དགོས། སྟོད་སྨད་ཀྱི་བུ་གའི་དབང་དུ་མ་སོང་བ་གལ་ཆེ། རང་རེ་ལའང་བསྟན་པའི་སྐལ་བ་དྲག་པོ་ཞིག་ལག་ཏུ་ཕྱིན་པས་བདག་པོ་ནུས་པ་ཞེས་གསུང་པའི་ཁྲིམས་ཡིག་རྒྱས་པ་བཀོད། ཟུར་དུ་གསལ། རིན་པོ་ཆེ་པས་གླིང་འདི་ནི་དབྱིབས་ཕུན་སུམ་ཚོགས་པ་རྡོ་རྗེས་གདན་དང་དབྱེར་མ་མཆིས་བས་གནས་སྐབས་སུ་དགོས་འདོད་འབྱུང་བའི་གཏེར་ལྟ་བུ་མཐའ་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་འབྲས་བུ་སྨིན་པ་ན་བསམ་འགྲུབ་ནོར་བུ་གླིང་ཞེས་གསོལ་བའི་བཀའ་བཞི་བསམ་འགྲུབ་ནོར་བུ་གླིང་འབོད་པའི་གྲུབ་མཐའ་ཐོག་ཚུལ་ནི། མཁན་ཆེན་ཉིད་ནི་རིས་མེད་ཀྱི་སློབ་དཔོན་མང་དུ་བསྟེན་ཡོད་པའི་ནང་གཙོ་བོ་ས་སྐྱ་རུ་ལོ་ཙཱ་བ་བསོད་ནམས་གྲགས་པའི་དྲུང་དུ་བསྙེན་པར་རྫོགས་པ་དང་། ཆོས་མང་ཆེ་བ་འདི་གར་གསར་པར་གནང་། ཁྱད་པར་དགེ་འདུན་ལྔ་སྟོང་ལྷག་ཙམ་གྱི་འདུས་ཚོགས་ཆེན་པོར་ཕྱིན་ཆད་ལྟ་བ་སེམས་འབྲེལ་སྐོར་གསུམ་གྱི་དབང་དུ་གྱིས་གསུང་གིས་གདམས་ཡོད་པ་དེས་ཤེས་པར་བྱའོ། དུས་ཕྱིས་རབ་བྱུང་བརྒྱད་པ་ཡས་མས་སུ་གོ་བོ་རབ་འབྱམས་པའི་དྲུང་དུ་ཕྱིན་ཏེ་དཀྱིལ་འཁོར་སྒྲུབ་མཆོད་དང་ཆོ་ག་ཕྱག་ལེན་ཡོངས་རྫོགས་ས་སྐྱ་ནས་གྱེས་པའི་ཚར་བའི་ལུགས་སུམ་འགྱུར་བ་དེང་སང་གི་བར་དུ་གནས། ས་དེར་གྲྭ་སར་བཞུགས་མཁན་ལ་ས་ཞིང་ཡོད་པ་དང་། ཕོག་ཁང་ཆེན་བཅས་ཡོད་པར་བཤད།

ཡང་སྤོར་འབོར་སྒང་ནས་བྱུང་བའི་གདུལ་བྱའི་ཡན་ལག་ཏུ་དགེ་སློང་མ་བཀྲ་ཤིས་དཔལ་སོགས་གདུལ་བྱ་མང་དུ་བྱུང་ཞིང་སྡེ་བསྐྱངས་ཏེ་དགོན་པའི་འདབས་སུ་སྤྱི་ལེ་དྲུག་ཙམ་ན་ཆགས། དེ་ལྟར་ལི་ཐང་དང་ཉག་ཆུ། དར་མདོ། མུར་གྱི། གཱ་ཏ། གྷི་རི་སོགས་ནས་བྱུང་བའི་གྲྭ་ས་འདི་གར་བྱོན་དགོས་པ་ངག་རྒྱུན་དུ་བཤད་སྲོལ་ཡོད། དེ་མ་ཟད་ཉག་ཆུ་རྫོང་གི་འགྲ་ཡར་ལྡན་དགོན་པའི་ཆོས་རྒྱུད་བཀའ་བཞི་དགོན་པའི་སྒྲུབ་མཆོད་དང་ཕྱག་ལེན་འཁྲུལ་མེད་དུ་བསྒྱུར་བའང་བཤད་སྲོལ་འདུག

༡༩༣༠ལོའི་སྔོན་དུ་བྲག་མགོ་ནས་བླ་མ་ཀེའུ་ཚང་རྡོ་རྗེ་འཆང་རིན་པོ་ཆེ་ཉིད་ཆེད་དུ་དགོན་པའི་གདན་འདྲེན་ཞུས་སྟེ་བཀའ་འགྱུར་གཏེར་མའི་ལྗགས་ལུང་སྒྲ་དྲུག་གི་སྒོ་ནས་དག་པར་ཚར་གཅིག་གསུང་བའི་ཚེའང་ཕྱོགས་སུ་བྱོན་པའི་དགེ་འདུན་སྟོང་ཕྲག་དུ་མ་ལ་བཀའ་ལུང་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་སེམས་ཅན་རྣམས་ཡིད་ཚིམ་པར་བྱས། མཐའ་འཁོབ་མུན་པའི་ཡུལ་དུ་སྒྲོན་མེ་སྤར་བ་དང་། ལོ་གཅིག་མ་ལོང་ཙམ་བཞུགས་པའི་དབང་ཡོན་ཡོད་དོ་ཅོག་ཐམས་ཅད་དགོན་པའི་རྟེན་གསུམ་བཞེངས་ཚུལ་གྱི་ཞལ་ཏ་གནང་། དེ་རྗེས་འབྲས་བུ་རྣམས་ཟ་འོག་སོགས་གོས་ཆེན་སྣ་ཚོགས་ཀྱི་ཐང་མོ་ཆེ་བཙེམ་པ་འདི་ཁྲི་རྩེ་ཞེ་ལྔ་ཡོད། གོང་གི་ལོ་དེའི་ཡས་མས་སུ་སྒ་སྟོད་རྡོ་རྗེ་འཆང་ངག་དབང་ལེགས་པ་རིན་པོ་ཆེ་ཉིད་མ[page 33] ཎི་དུང་སྒྲུབ་རིལ་བུ་སྐབས་ཆེད་ཕེབས་ཀྱི་མུར་ཉིད་ལ་འཁོར་བའི་སྐྱོན་གྱི་ཆ་ཕྲ་མོ་ཙམ་མགོས་པ་ཁོང་ཉིད་དག་པའི་སྣང་ལ་གནས་འདི་ནི་ངོ་མཚར་ཅན་ཐུགས་རྗེ་ཆེན་པོའི་ཞིང་ཁམས་པོ་ཏ་ལའི་རྗེས་སུ་ཟིན་པས་ཤིང་དང་ཆུ་ལ་སོགས་པའི་འབྱུང་བ་ལྔས་མ་ཎི་གསུང་པའི་གདངས་དབྱངས་རྒྱང་ནས་བྱོན་དུ་སྒྲ་གསལ་པོར་ཐོས་བྱུང་གསུངས།།

བཀའ་བཞི་ཟེར་བ་དེ་གྲགས་ཆེ་བས་ངས་ཆེད་དུ་འབྱོར་བས་ད་ཁྱོད་ཚོའི་ཁྱད་ཆོས་དང་རྟགས་གང་ཡིན་རྟོག་དཔྱོད་བྱེད་པ་ཡིན་གསུང་། ཞེས་འདྲི་བའི་ལན་དུ་སྐད་གཉིས་སྨྲ་བ་བློ་བཟང་རབ་འབྱོར་གྱི་ཇི་མ་ཇི་བཞིན་ཞུ་འཕུལ་རྟེན་གསུམ་རེ་རེ་ནས་ངོ་སྤྲད། བྱུང་ཚུལ་དང་རྒྱལ་རབས་རིམ་བྱོན་གྱི་བཀའ་ལུང་དང་སའི་ཆེད་བརྗོད། དམག་རྣམས་ཞིབ་མོ་གཟིགས་ཞིང་ཡང་ཐོག་མ་སུ་འདྲ་ཞིག་གི་བཞེངས་ཡོད། མཚན་ལ་ཅི་ཟེར་ཁྱད་པར་བ་ཞིག་ཡིན་ཚེ་འདི་ལ་མཚན་མ་ཅི་ཡོད་ཞེས་དྲི་བ་ལ་ལན་གསལ་པོ་འདེབས། འོ་ན་ད་ལྟར་ཉིད་ནས་ངས་ཉམས་ཀྱི་སད་དགོས་པའི་ཁྱོད་རང་འགྱོགས་པོ་སྐུ་ཁང་དང་ན་བཟའ་རྣམས་ཕྱེ་ཤིག་གསུང་ནས་ཐུགས་ཀར་ལག་པས་རེག་ཙམ་གྱི་མེའོ་དྲོད་ཀྱི་ཚོར་སྣང་ཧ་ཅང་ཆེ་བ་ཞིག་བྱུང་ འོ་དེ་ཚོ་མ་འཁྲུལ་བ་འདྲ་གསུང་། ཞིང་ཕྱི་ནས་བརྡ་ཡོང་བ་ཡིན་ཞེས་པའི་ངང་ནས་ཞལ་བསྒྱུར་ཏོ།། དེ་ལྟར་མི་ཆེན་གྱི་གསུང་ལ་འགྱུར་བ་མེད། རི་ཆེན་པོ་ལ་གཡོ་བ་མེད། ཞེས་པ་ལྟར་ཕྱི་ལོ་དར་མདོ་ནས་ཇ་འཁོར་བརྒྱ་ཐམ་པ་གནང་བ་མ་ཟད་ས་གནས་སོ་སོ་ནས་གྲབས་ཀྱིས་ཞིང་མོའུ་བརྒྱ་དང་ལྔ་བཅུ་ཡས་སུ་འབྱུང་རྒྱུ་ཡིན་གསུང་པའི་བཀའ་ཤོག་གསལ་པོ་བྱུང་། ཡང་དེ་མ་ཟད་ས་སྐྱོང་མི་ཡི་དབང་པོ་ལྕགས་ལ་རྒྱལ་པོའི་སྐུ་ཕྲེང་རིན་བྱོན་གྱི། འདིར་གར་བསྟན་པ་བསྐྱངས་པ་ནི་བརྗོད་ཀྱི་མི་ལང་བ་ཡིན།

གདན་རབས་ཉུང་ངུ་བཤད་པ། ཡང་དེའི་ཚེ་བཀའ་བཞི་པ་སྐུ་མ་གཤེགས་པའི་གོང་དུ་རིན་པོ་ཆེ་ལ་ཉམས་སྣང་ཁྱད་པ་ཅན་ཞིག་བྱུང་བ་ཅིའི་རྟགས་སུ་འདུག་དགོངས་པའི་ཚེ། མནལ་ལམ་དུ་ཕྱིན་ཆད་ཁྱོད་ཀྱིས་ཚུལ་ཁྲིམས་རྣམ་དག་གི་སྒོ་ནས་སྐྱེ་བ་བཅུ་དྲུག་ལ་རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་སོགས་མཛད་པ་ལ་སྐྱེ་བ་གཞན་གྱི་བར་ཆོད་པ་མི་འགྱུར་བ་རྟོགས་སོ།། ཞེས་སྒྲ་ཞིག་གིས་ལུང་སྟན་གསུངས་སོ།། སྤྱིར་སྐྱེ་བུ་ཅཧེན་པོ་ཉིད་ཀྱི་རྒྱལ་ཚབ་ཏུ་ངྷརྨ་ཀིརྟི་སོགས་རྒྱལ་སྲས་ཐུ་བོ་ཆེ་དྲུག་དང་། བསྟན་པའི་གསལ་བྱེད་སངས་རྒྱས་འབུམ་པ་སོགས་གསལ་ཁ་བྱུང་། ཉེ་བའི་སྤྱི་ལོ་༡༨༢༠ནས་བཤད་ན་ཡང་བཀའ་བཞི་བའི་ལུང་གིས་ཚུལ་བཞིན་འདོམས་པའི་མཁན་པོ་ཡང་ཡང་མཛད། སླར་ཡང་འཕྲིན་ལས་དེ་ཉིད་གཏུགས་པར་མིན་གསུང་པ་ལྟར།༡༩༣༠ལོར་འཕྲིན་ལས་ཀྱི་ཡང་སྤྲུལ་དམ་ཆོས་ནམ་མཁའ་ལེགས་པ་ཞེས་སྐུ་འཁྲུངས་པ་ལ་མཁས་གྲུབ་དུ་མས་འཕྲིན་ལས་ཀྱི་ཡང་སྤྲུལ་ཡིན་པ་གདོན་མི་ཟ་ཞེས་ཞལ་འཆམ་མོ། དམ་པ་འདིའི་མཛད་པ་ཅུང་ཟད་བརྗོད་ན། ༡༨༨༤ལོར་སྔོན་གྱི་གཙུག་ལག་ཁང་གསར་བསྐྲུན་བྱ་བའི་ཐབས་ལ་དཔོན་ཁག་ལྔ་དང་། ལས་ཁག་བཞི་རུ་བགོ་སྟེ་དཔེར་ན་སྤེ་སོ། འགོ་ལོག་ཐོག ར་རྔ་ཁ་བ། ཉག་ཆུའི་ཨོ་རང་ཤི་དང་[page 34] གླ་གླིང་གཉིས་ཀྱི་གཅིག་ཏུ་རྩིས་ཏེ་ལས་ཁག་བཞི་རུ་བགོས་ཏེ་སྔ་མེད་ཀྭ་རིང་བཞི་དང་རྒྱ་ཕིབས་གཉྫིར་དང་གཙུག་ལག་ཁང་གི་དབྱིབས་བོད་ལྗོངས་དགོན་པ་བཞེངས་སྟངས་གསར་དུ་བསྐྲུན། ཐང་ག་རྒྱ་ལྷག་གི་སྐུ་བརྟེན་བཞེངས་པ་སོགས་དང་མཆོས་རྫས་རྣམས་ནང་དུ་བཞེངསཏེ་ཕྱིན་ཆད་བསྟན་པའི་བྱ་བ་གང་ལའང་སྙོག་འཛིངས་མེད་པའི་སྒོ་ནས་ལས་ཁག་བཞི་ཡི་གོ་རིམ་ལྟར་༡༩༥༨བར་གནས་སོ། སླར་ཡང་རྐྱེན་དབང་གི་རབ་བྱུང་བཅུ་དྲུག་ཆུ་མོ་ཕག་སྤྱི་ལོ་༡༩༨༣ལོར་གྱང་རལ་ཁང་གོག་རྣམས་སྐྱར་གསོ་བྱེད། དེ་སྔ་དང་ཕྱོགས་མཚུངས་པ་བྱས་པའི་འབྲས་བུ་ནི་ཏང་གི་དྲང་བདེན་གྱི་མགོ་ཁྲིད་བཟང་པོས་བཀའ་དྲིན་གཞལ་དུ་སྨོས་ཅི། དེ་མི་ཡང་དམངས་ཚོགས་བྱེ་བྲག་དགེ་བཤེས་པདྨ་ཆོས་གྲུབ་ལོ་ན་གྱ་དྲུག་ལོན་པའི་སྤོས་ཀྱི་གླང་པོའི་ཁར་བོ་བྱི་བས་འདེགས་པའི་སྙིང་སྟོབས་གི་གོ་ཆ་བླ་ལྷག་ཏུ་བགོས་ཏེ་བླ་མ་འཕྲོ་རྣམས་རུབ་སྟེ་ས་ངོ་མ་ཤེས་པ་བྱུང་བའི་རྡོ་གཅལ་སྟེང་ལུད་རུལ་སྤུངས་བར་པུ་མོ་ནུབ་པ་ཙམ་ལ་གུར་ཧྲུལ་གཡར་ནས་ཕུབ་ཅིང་བཀྲ་ཤིས་སྨོན་ལམ་དང་བསྟན་རྒྱས་དང་མཚན་བརྗོད་གསུང་པ་ནི་ཚངས་པའི་དབྱངས་ཀྱི་གནམ་ས་ཁེངས་པ་ཞིག་བྱེད་དོ། བགྲེས་པོ་འདི་ཡིས་གོང་འོག་ཀུན་ལ་བསྐུལ་སློང་འཕྲོད་ཞིང་སྔར་ལྷག་གི་ཀྭ་རིང་བརྒྱད་བཙུགས་པའི་ཚེ་སྐལ་ལྡན་གདུལ་བྱ་འགའ་ཞིག་གི་མེ་ཚག་འཕྲོ་བ་མཛའ་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་དུ་མཐོང་བ་བཤད། དེ་མ་ཟད་རང་དགོན་དང་ལྷ་འབྲི་གཉིས་སུ་གཞི་གསུམ་གྱི་ཕྱག་ལེན་ལ་ཐེབས་པ་མཛད་ནས་རབ་སྒང་གླིང་དུ་དབྱར་གནས་པའི་གཎྜི་བརྡུང་བའི་ཐོག་མའོ།། དེ་མ་ཟད་སྐུ་རྟེན་ཐུབ་པ་སོགས་ལྔ་བཞེངས་པ། གསུང་རྟེན་བཀའ་བསྟན་གཉིས་དང་། ཡིག་དྲུག་དུང་བདུན་གྱི་འཁོར་ཕྲེང་བཞེངས་པ་དང་དུང་སྒྲུབ་རིལ་བུ་སྒྲུབ་ཞིང་ཆོས་འཁོར་བསྐོར་བ་ནི་བསམ་གྱིས་མི་ཁྱབ་པོ། གཞན་ཕྱི་མའི་བསྟན་པ་རྒྱས་པའི་ཕྱིར་དུ་བཙུན་ཆུང་༣༥ལ་སློབ་གྲྭ་འཛུགས་པ་སོགས་མཛད་འཕྲིན་རྣམས་བརྗོད་ཀྱིས་མི་ལང་ངོ་། མཆོག་སྤྲུལ་པདྨ་ཆོས་འཕེལ་གྱི་མཛད་པར་རགས་ཙམ་བརྗོད་ན་དགུང་ལོ་བཅོ་ལྔ་ཙམ་ལ་ཡོན་བདག་ནས་ལོན་པའི་འབྱོར་པས་དཀར་མོ་སྟོང་ཤོང་བཙེམ་པ་དང་རྒྱ་གླིང་སོགས་ཉོ་བ། ཡང་དགུང་ལོ་ཉེར་བདུན་ལ་བྱམས་པ་མཐོང་གྲོལ་མ་སྤྱི་ཁྲི་བདུན་ལྷག་བཞེངས་པའི་ཡོངས་རྫོགས་ཀྱི་སྦྱིན་བདག་བྱེད། སྨན་འདམ་ལ་མཁོ་དགུ་འདང་བ་དང་གཟུངས་འབུལ་ནང་བཤད་པ་ལྟར་མ་ཚང་བ་མེད་པའི་གཟུངས་རྣམས་ཞུགས། ༡༩༩༠ཡང་མཁན་པོ་རྡོ་རྗེའི་ཐང་མོ་ཆེ་དང་ལ་ཐང་དུང་ཆེན་སོགས་བཞེངས་པ་མ་ཟད་ཀུན་རིག་སྒྲུབ་མཆོད་བཙུགས་པའི་ཉིན་བདུན་གྱི་སྙེན་བཀུར་དང་ཕྱིས་སུ་སྒྲུབ་པའི་གཏན་འཇགས་ཀྱི་ནོར་ཕུལ་བའོ།།

དུས་དེ་དང་མཉམ་དུ་ཡོན་གྱི་སྦྱིན་བདག་ཞུ་ནི་ལྷ་སྐུ་ཞེས་གཉིས་ཙམ་བཞེངས། བཤད་སྒྲུབ་ཀྱི་བསྟན་པ་བྱུང་ཚུལ། བློ་བཟང་རབ་འབྱོར་ཞེས་པའི་སློབ་དཔོན་དེས་དགེ་འདུན་གྱི་སྡེ་མང་པོ་ཚོགས་པ་ལ་སྤྱོད་འཇུག་དང་འདུལ་བ་ཀཱ་རི་ཀ་དང་ལམ་རིམ་ཆེན་མོ་ལེགས་བཤད་སོགས་བརྡ་སྤྲོད་རིག་མཐའ་དག་གི་མཛུབ་ཁྲིད་ལ་སོགས་པ་ཡུན་རིང་དུ་བསྐྱངས་པ་ནི་ཤེས་གསལ་རེད། དགོན་འདི་ཉིད་ཁྱད་ཆོས་ལྟར་[page 35] ཆོས་ཁྲིམས་ཀྱི་རིམ་པ་ལྟར་བཀོད་པ་ནི། སྤྲུལ་སྐུ། མཁན་པོ།

མཁན་ཟུར། དབུ་མཛད། དགེ་སྐོས། དགོན་གཉེར། སྤྱི་གཉེར། མཛོད་བདག ཆོས་དཔོན། དུང་པ། དགེ་རྒན། ཕྱག་བདེ། ཇ་མ། ནོད་པ་རྣམས་སྔར་དུས་སུ་རང་རང་གི་ཐད་ཀྱི་ལས་བྱ་རྣམས་བྱང་ཆུབ་པ་ཞིག་མ་ཡིན་ན་དེ་ལ་མིང་འདོགས་མི་སྲིད་དོ།།

དགོན་པའི་རྒྱ་མཁྱོན་དང་རྟེན་གྱི་གྲངས་ཀ། གཙུག་ལག་ཁང་ཕུར་སྒྲུབ་ཁང་གཉིས་ནི་རྒྱ་ཕིབས་དང་བཅས་ཐོག་བརྩེགས་ལྔ་པ་ཡིན། དེ་མིན་བྱམས་པ་ཁང་། ཚེ་དཔག་མེད་ལྷ་ཁང་། མཛོད་ཁང་། དཀོན་གཉེར་ཁང་། སྒོ་འབྱོར་རྣམས་གསུམ་རྩེགས། རིལ་བུ་སྒྲུབ་ཁང་གཉིས་རྩེགས། མགོན་པོ་ལྷ་ཁང་བཞི་རྩེགས། ཇ་ཁང་གཉིས་རྩེགས། སྒོ་བྲེ་བསྐོར་བ་གཅིག་རྩེགས་ཡིན། ལྷ་ཁང་ནང་དུ་བྱ་ལག་རྒྱལ་པོའི་གཟིམ་འབྱོར་ཁང་ཕུད་པའི་ལྷ་ཁང་ཆུང་བ་༡༣ཡོད། རྟེན་གྱི་གྲངས་ནི་གསེར་ཟངས་ཀྱི་བཞེངས་པའི་བྱམས་པ་མཐོང་གྲོལ་མ་སྤྱི་ཁྲི་བདུན་ལྷག་ཙམ་ཡོད་པ་ལིའི་བླུག་མ་ཐུབ་པའི་སྐུ་ལ་ཁྲི་རྩེ་དྲུག་ལས་མི་དམན་པ་ངོ་མཚར་ཅན། གསེར་ཟངས་ཀྱི་བཞེངས་པའི་ས་པན་དང་རྡོ་རྗེ་འཆང་གི་སྐུ་འདྲ་གཉིས་ཁྲི་རྩེ་བདུན་ཙམ་ཡོད་པ་བཞུགས། སྨན་འདམ་ལ་གསེར་རྩི་ཅན་གྱི་བཀའ་བཞི་སྐུ་འདྲ་ལ་ཁྲི་རྩེ་ལྔ་ལས་མི་དམན་པ། ཡང་དེ་ལས་ཆུང་བ། ཡང་སྨན་འདམ་གསེར་རྩི་ཅན་རྗེ་ཡབ་སྲས་གསུམ་གྱི་སྐུའདྲ་ལ་ཁྲི་རྩེ་བཞི་ལྷག་ཙམ་ཡོད། ཆོས་འཕགས་ཀྱི་སྐུ་འདྲ་ལིའི་བླུག་མ་ཁྲི་རྩེ་བཞི་ལྷག་ཙམ་ཡོད་སྨན་འདམ་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་སྐུ། གཤིན་རྗེ་གཤེད་སྐུ། མགོན་པོ་ཁྲོ་བཅུ། རྒྱལ་པོ་སྐུ་ལྔ། བཙན་མ་སྤུན་བདུན། རྣམ་སྲས་རྟ་བདག་བརྒྱད། ཚེ་དཔག་མེད་ལྷ་དགུ། ཨོ་རྒྱན་གཙོ་འཁོར་གསུམ། རིག་གསུམ་མགོན་པོ། གཞན་གསེར་ཟངས་དང་ལིའི་བླུག་མ་བླ་མ་ཡི་དམ་སོགས་ཀྱི་སྐུ་འདྲ་སུམ་བརྒྱ་ལས་མི་ཉུང་བ་ཡོད། སྨན་སྐུ་ཆུང་རིགས་ཅན་འདི་འགོད་མི་ནུས། ཡང་གྱང་ངོའི་སྡེབས་རིས་ཀ་ཐག་ཁྱོན་སྡོམས་བདུན་བཅུ་དོན་གསུམ། ཟ་འོག་སོགས་གོས་ཆེན་ཁ་དོག་ཚང་བ་བཙེམ་པའི་ཐང་མོ་ཆེན་ཁྲི་རྩེ་ཞེ་ལྔ་ཡོད། ཡང་ཚོན་རྩི་ཐང་མོ་ཆེ། ཡང་རིན་ཐང་ཆེ་བའི་ཞལ་ཐང་བརྒྱ་དང་ཉི་ཤུ་ཡས་མས། དི་མིན་མི་འགོད། གསུང་རྟེན་བྱ་ལག་རྒྱལ་པོ་བཞེངས་པའི་གསེར་རྐྱང་གི་འབུམ་རྒྱས་འབྲིང་བསྡུས་གསུམ། ཡང་འདྲེས་མ་བྲིས་པའི་བཀའ་བསྟན་ཆ་ཚང་གཅིག དེ་མིན་དངུལ་གཙོ་བོ་བྱེད་པའི་བཀའ་བསྟན་ཆ་ཚང་གཅིག གཞན་སྔ་མ་དོ་སྣང་ཆེས་བྱེད་མ་མྱོང་བ་པོད་ཏི་གྲངས་མེད་པ་བཞུགས། གོང་མཐུད་གོང་མ་ཡུས་ལོས་གནང་བའི་བཀའ་འགྱུར་གཏེར་མ་ལ་སྒམ་དང་བཅས་པ་བརྒྱ་དང་བརྒྱད། འདི་ནི་ནན་ཅིན་དུ་དཔར་རྒྱབ་པར་གྲགས། ཐུགས་རྟེན་ལིའི་བླུག་མ་ཀཿགདན་མཆོད་རྟེན་ཆེ་ཆུང་གཉིས་སྡོམ་པའི་༣༠ལོ་རྒྱུས་ལྡན་པའི་དུང་དཀར་རྒྱང་གྲངས་ཚངས་དབྱངས་ཅན། ཉེ་བའི་ལོ་རྒྱུས་ཙམ་བཤད་ན། འདི་འགོ་ལོག་ཐང་ལ་བཞུགས་དུས་དུང་ཕལ་ཆེ་བ་བཅགས་ནི་ཞིབ་མོར་བྱས། དུང་དཀར་ཐོག་ཏུ་མི་ཞིག་གིས་སྟ་རེས་ལན་མང་གཡུག་རྗེས་ས་ལ་ཡར་འདྲེལ་[page 36] མར་འདྲིལ་མ་གཏོགས་བཅགས་མ་ནུས་པ་དེར་ལུས་འཕྲལ་ཚན་ཀྲང་ཚུལ་ཁྲིམས་ཀྱི་ད་སྐྱུར་ཤིག་འདི་སྐད་གྲགས་ཅན་དེ་མ་རེད་ཚོགས་བརྡ་གཏོང་སར་མཁོ་ཆེ་ཞེས་ལུས་ཡོད་པ་ལ་ཁ་དོག་སྨུག་པོར་གྱུར་བ་མ་ཟད་རྒྱབ་ཏུ་སེར་ག་མང་པོ་གས་འདུག དགོན་པས་ཁྲུས་གསོལ་ཡང་ཡང་ཕུལ་རྗེས་དཀར་པོར་སོང་། གོང་མ་ཡུལ་ལོས་ཕུལ་བའི་བཀའ་འགྱུར་དང་མཉམ་དུ་ནོར་བུ་ཆ་བདུན་དང་། དམ་ག ཏོང་མོ་ཙུ་ཞེས་པ་ཆ་ཚང་། རོལ་མོའི་སྤུས་ལ་ཏྭ་མིང་གསེར་དངུལ་འདྲེས་མ་ཞེས་པའི་ཡིག་དྲུག་རོལ་མོ་ཆ་བདུན། ཆ་ད་ལྟ་ལོན་ཡོད། ནོར་བུ་ཆ་བདུན་ནི། ཡུ་མོའི་རྭ། བསེ་རུའི་ར། བཻཌཱུརྱའི་རྡོ་རྗེ། དྲུང་གཡས་འཁྱིལ་གཡོན་འཁྱིལ། གླང་ཆེན་གྱི་མཆེ་བ། རྟ་མཆོག་གི་ནོར་བུ། གནམ་ལྕགས་ཕུར་བ་སོགས་རེད། འདི་མན་གཞན་དག་ནས་བྱུང་བ་གསེར་གྱི་མཎྜལ་བམ་རིམ་སོགས་གཟུགས་བརྙན་དང་བཅས་པ་ལ་ཞེང་ཁྲི་རྩེ་གང་ལྷག་ཡོད་པ་གཉིས། མེ་ལོང་འབྲུག་བརྒྱ་མར་ཞེང་ཁྲི་རྩེ་གང་ཡོད་པ་ཞེས་པ་དང་། ལྕག་ལ་དགོན་པ་ཞེས་པའི་དགོན་ཆུང་ཟུར་དུ་ཡོད་ཞིག་དང་། དུང་སྒྲུབ་རིལ་བུ་དེའི་དུས་ཚུགས་པ་མ་ཟད་རྒྱལ་པོ་འདིའི་དགེ་འདུན་གྱི་འཚོ་རྟེན་ཕྱིར་ས་ཞིང་མོའུ་ཉིས་བརྒྱ་ལྷག་ཙམ་ཡོད་པ་བཤད། དུས་མཆོད་དང་། ཡོན་གྱི་འབྱུང་ཁུངས་ཡོན་བདག་གི་དུད་གྲངས། ས་ག་ཟླ་བའི་ཆོས་ཚོགས་ཉིན་སུམ་ཅུ་ཕུར་བའི་སྒྲུབ་མཆོད། ཕུར་འཆམ་དྲུག་པ་ནང་ཉིན་བཅོ་ལྔ་ལོ་གཅིག་རིལ་སྒྲུབ་ལོ་གཉིས་མགོན་པོ་ཁྲི་ཚར་དབྱར་གནས་པ་ཉིན་བཞི་བཅུ། གོང་སེར་ཉིན་སུམ་ཅུ་སྟོན་ཀ་དགུན་པ་ཉེར་ལྔ། ཀྱེ་རྡོ་ར་དང་ཀུན་རིག་སྒྲུབ་མཆོད། བཅུ་པ་ལྔ་མཆོད་ཉིན་བཅུ། བཅུ་གཅིག་པ་ཉིན་ཉི་ཤུ་གཙོ་བོ་རིམ་གྲོ་རྒྱུན་ཇ་སོགས་སོ།།

འདི་ནི་དགོན་པའི་ལོ་རྒྱུས་བླ་གྲྭ་ཚོས་བཤད་པ་ལྟར་རིག་བསྟན་གྱིས་བྲིས་པའོ།

རི་ཁུད་དགོན་གྱི་ལོ་རྒྱུས།

ཐོག་མར་བོད་རབ་བྱུང་བཞི་པའི་ལྕགས་བྱི་སྤྱི་ལོ་༡༢༤༠ལོ་བཏབ། རི་ཁུད་དགོན་པའི་ལོ་རྒྱུས། དགོན་མིང་། དཔལ་ལྡན་བསམ་གྲུབ་ཆོས་དར་གླིང་། ཆོས་རྒྱུད་བཤད་སྲོལ་ལྟར་ན་ཐོག་མར་ཇོ་བོ་རྗེའི་ཆོས་རྒྱུད་འཛིན་པའི་འཇམ་དབྱངས་པདྨ་རིན་ཆེན་གྱིས་དགོན་ཆུང་ཞིག་བཏབ་པར་བཤད་པས་བཀའ་གདམས། དེ་རྗེས་དེའི་སྤྲུལ་སྐུ་སྐྱེས་མཆོག་འཇམ་དབྱངས་གྲགས་པ་བྱོན་པར་བཤད་པས་བཀའ་རྒྱུད་དང་འདྲེས། དེ་རྗེ་དེའི་སྤྲུལ་སྐུ་སྦས་སྟོན་ཡིན་པ་དང་། ཁོང་གིས་དགོན་པ་རྒྱ་བསྐྱེད་དུ་བཏབ་པར་བཤད་པས། ཁོང་གི་ཆོས་རྒྱུད་ནི་ས་སྐྱ་པའི་ནང་གསེར་མདོག་ཅན་གྱི་ལུགས་ཡིན་པས་ད་བར་ས་སྐྱའི་ལུགས་ཡིན། དེའང་འཇམ་དབྱངས་པདྨ་རིན་ཆེན་ནི་ས་སྡེ་ཤོག་མིའུ་སྨད་ལྕགས་མོ་ཚང་ལ་འཁྲུངས། སྐུ་གཞོན་དུས་ནས་ཐུགས་རབ་ཤིན་ཏུ་ཆེ་ཞིང་ནར་སོན་ཏེ་མཁས་པར་གྱུར། ཐུགས་ཐོག་ན་ཡོད་པའི་གཞུང་[page 37] ཚིག་འདོན་རྒྱང་བྱེད་ནའང་ཟླ་བ་ཕྱེད་ལ་ཚར་གཅིག་མ་གཏོགས་འདོན་མི་ཚར་ཞིང་ཡར་མར་ཕེབས་དུས་འཕུར་ནུས་པ་སོགས་གྲུབ་རྟགས་ཀྱང་ཡོད་པ་བཤད། 《སྐྱེས་མཆོག་འཇམ་དབྱངས་གྲགས་པ》ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དཀྱིལ་ནས་བཅོ་ལྔ་པའི་སྟོད་ཀྱི་བར། འཁྲུངས་ཡུལ་ནི་ད་ལྟ་ས་སྡེ་ཆུས་བླུག་པ་མོ་བྱིའི་སར་འཁྲུངས། ཁོང་གི་བླ་མ་ཡེ་ཤེས་རྡོ་རྗེ་དང་རྣམ་པ་གཉིས་རི་ཁུད་དུ་བཞུགས་པ་ནི། ཡང་ཐོག་སྒང་དུ། བླ་མ་ཡེ་ཤེས་རྡོ་རྗེའི་བཞུགས་ཁྲི། སྐྱེས་མཆོག་འཇམ་དབྱངས་གྲགས་པའི་བཞུགས་ཁྲི་ཟེར་ནས་རྡོ་ལ་ཡི་གེ་བརྐོས་པ་འཇལ་རྒྱུ་ཡོད། རྒྱུ་མཚན་གཞན་ཡང་རྒྱབ་རི་བསང་ཡིག་ལས། ཁྱ་པར་གྲུབ་ཐོབ་སེངྒེ་རྒྱལ་མཚན་དང་། སྙིང་པོ་རྒྱལ་མཚན་ཡབ་སྲས་འཇམ་གྲགས་སོགས། རིམ་པར་བྱོན་ནས་བྱིན་གྱིས་བརླབས་པའི་གནས།། ཞེས་འབྱུང་བས་སྦས་སྟོན་མ་བྱོན་པའི་སྔོན་དུ་དགོན་ཆུང་ཞིག་ཡོད་དགོས་པར་གྲུབ། གཞན་ཡང་གྲུབ་ཐོབ་སེངྒེ་རྒྱལ་མཚན། སྙིང་པོ་རྒྱལ་མཚན། སྦས་སྟོན་ཤེས་རབ་རྒྱལ་མཚན། ཞེས་བླ་མའི་མཚན་རྒྱལ་མཚན་མཐའ་ཅན་དང་། གཞི་བདག་གི་མཚན་ལའང་རྡོ་རྗེ་རྒྱལ་མཚན་ཞེས་འབྱུང་བ་འདྲ་བའི་འབྲེལ་བ་འདིར་དཔྱད་འོས་པ་ཞིག་ཡིན་ཡང་དེང་སང་དེ་ལས་གཤན་དཔྱད་གཞིའི་ཡིག་ཆ་མ་རྙེད་པས་གསལ་པོར་བྲི་རྒྱུ་མ་ལོན་ལགས། བཤད་ཚུལ་གཞན་སྦས་སྟོན་འཁྲུངས་པ་དང་ལྷ་ས་ཕེབས་པ་སོགས་ཀྱི་ལོ་ཚིགས། ཆོས་རྒྱལ་འཕགས་པ་དང་བླ་སློབ་འབྲེལ་ཚུལ། སྒྲོལ་མ་གསུང་བྱོན་དང་ཆོས་རྒྱལ་འཕགས་པའི་ཆིབས་སྒ་སོགས་ཀྱི་ལོ་རྒྱུས་བཤད་ཚུལ་མི་འདྲ་བ་ཡོད་ཀྱང་མཐའ་གཅིག་འདི་ཡིན་དེ་མིན་གྱི་ཁུངས་གསལ་པོ་མ་རྙེད་པས་བཀོད་མེད་ལགས། 《སྦས་སྟོན་ཤེས་རབ་རྒྱལ་མཚན》ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་སྟད་ཙམ་ན་འཁྲུངས། འཁྲུངས་ཡུལ་ནི་ཤར་མི་ཉག་གི་སྟོན་པ་ཤེས་རབ་རྒྱལ་མཚན་ཞེས་འབྱུང་བས། རི་ཁུད་ཀྱི་དགོན་པ་འདེབས་པ་པོའམ་རྒྱ་བསྐྱེད་དུ་བཏང་པ་པོ་ནི་པ་ཤཱཀྱ་དར་རྒྱས་ཀྱི་རྣམ་ཐར་ལས། རྒྱལ་བའི་རྣམ་འཕྲུལ་སྦས་སྟོན་གྱིས་བཏབ་པའི། བསྟི་གནས་མཆོག་ཕེབས་ཡོངས་འཛིན་མཆོག་དང་མཇལ། ཞེས་འབྱུང་བས། འཁྲུངས་ཡུལ་མི་ཉག་ཡིན་པ་དང་ དགོན་པ་འདེབས་མཁན་ཡིན་པར་ཡང་གྲུབ། ཁོན་གྒི་རྣམ་ཐར་རིག་གནས་གསར་བརྗེའི་སྐབས་བསྲེགས་ནས་མེད་པར་གྱུར། དེའི་རྐྱེན་གྱིས་ལོ་ཚིགས་སོགས་ཁ་གསལ་བྲི་རྒྱུ་མ་བྱུང་། རི་ཁུད་དབོན་པོ་ནི་སྦས་སྟོན་གྱི་སྤྲུལ་བརྒྱུད་ཡིན། ཤཱཀྱ་བསམ་གྲུབ། བསམ་གྲུབ་བཟང་པོ་ནི། སྤྱི་ལོའི་དུས་རབས་བཅོ་ལྔ་ནས་བཅུ་དྲུག་པའི་སྟོད་བར་བྱོན་པའི་པན་ཆེན་ཤཱཀྱ་མཆོག་ལྡན་གྱིས་རི་ཁུད་དགོན་དུ་མཁན་པོར་མངགས་པ་ཞིག་སྟེ་མདོ་སྨད་ཆོས་འབྱུང་ལས། མི་ཉག་རི་ཁུད་བསམ་གྲུབ་ཆོས་གླིང་མཁན་པོ། གཙང་གསེར་མདོག་ཅན་དང་ཉེ་བར། དཀར་པོ་གྲགས་པ་བསམ་འགྲུབ་བཟང་པོ་ཞེས་འབྱུང་བ་དང་། རང་གིས་དགེ་རྒན་ལས་ཐོས་མྱོང་བའི་དོན། ཤཱཀྱ་བསམ་འགྲུབ་རི་དགོན་དུ་མ་སླེབས་པའི་ལམ་ཁར་རྨི་ལམ་དུ་སྦས་སྟོན་རིན་པོ་ཆེ་དགུང་ལོ་བགྲེས་ཤིང་དབུ་སྐྲ་དཀར་སིང་ངེ་བ། དབུ་ཞྭ་བཞེས་མེད་པ་ཞིག་མཇལ་སྣང་བྱུང་བས། ད་རྨིས་ལྟས་མ་བཟང་བླ་མ་སྦས་སྟོན་མཇལ་ཐུབ་རྒྱུ་མ་རེད་གསུངས་པ་བཞིན་རི་དགོན་དུ་སླེབས་སྐབས་བླ་མ་གཤེགས་[page 38] ཚར་འདུག་པས། དགོངས་རྫོགས་ཀྱི་བྱ་བ་ཐམས་ཅད། ཤཱཀྱ་བསམ་འགྲུབ་ཀྱིས་མཛད་པ་རེད་གསུངས་པ་གཉིས་དོན་གཅིག་ཏུ་མཐུན། དེས་ན་ཁོང་ནི་དུས་རབས་བཅུ་དྲུག་པ་ནས་བཅུ་བདུན་པའི་སྟོད་བར་བྱོན་པ་ཞིག་རེད། དེས་ན་ཁོང་ནི་རི་ཁུད་སྐུ་ཞབས་ཀྱི་སྤྲུལ་རྒྱུ་སྟེ། སྐུ་ཞབས་ཀྱི་ཞབས་བརྟན་གསོལ་འདེབས་ལས། མཁས་གྲུབ་ཆེན་པོ་ཤཱཀྱ་བསམ་འགྲུབ་སོགས། སྐུ་ཕྲེང་རིམ་པར་བྱོན་ལ་གསོལ་བར་འདེབས། ཞེས་འབྱུང་བ་ལས་གོ་ཐུབ།

མཁས་གྲུབ་ཤཱཀྱ་དར་རྒྱས་ནི་༡༦༠༧སྐུ་འཁྲུངས་༡༦༧༢ལོར་འདས་བོད་རབ་བྱུང་བཅུ་པའི་མེ་ལུག་ལོར་འཁྲུངས། འཁྲུངས་ཡུལ་ནི་དཀར་མཛེས་ཁུལ། བརྒྱད་ཟིལ་རྫོང་སྒང་པ་ཟེར་བའི་གྲོང་དུ་ཡིན། དགུང་ལོ་བཅུ་བཞིའི་ཐོག་ཁོང་སི་ཁུག་དགོན་དུ་བཞུགས་ཡོད་པ་ན། བླ་མ་སྦས་སྟོན་གྱི་མཚན་ཐོས་པ་ཙམ་གྱི་དེའི་གདན་ས་རི་ཁུད་དུ་ནམ་ཕེབས་གྲུབ་སྙམ་པའི་ཚེ་རི་ཁུད་དགོན་གྱི་ཕྱག་མཛོད་དེར་ཕེབས་པ་དང་མཉམ་དུ་གྱང་ལུང་ཤིས་བརྒྱུད་ནས་བྱོན་ཏེ་རི་ཁུད་དུ་ཕེབས། ཟླ་དྲུག་ཚེས་བརྒྱད་ཉིན། མཁས་གྲུབ་བསམ་གྲུབ་བཟང་པོ་དང་མཇལ། དབང་ལུང་དུ་མ་གནང་། མཚན་ཤཱཀྱ་དར་རྒྱས་སུ་གསོལ། དེ་ནས་དགུང་ལོ་བཅུ་དགུའི་ཐོག་ཟླ་བ་གསུམ་པ་ནང་ལྷ་སར་ཕེབས། ཇོ་བོ་མཇལ། ཟླ་བ་༡༠ཚེས་༢༥ལ། མཉན་ཡོད་གསེར་མདོག་ཅན་དུ་ཕེབས། པཎ་ཆེན་ཤཱཀྱ་མཆོག་པའི་རྒྱལ་ཚབ་འཇམ་དབྱངས་ཤཱཀྱ་བསྟན་འཛིན་དང་མཇལ། བཅོས་མིན་གྱི་དད་པ་སྐྱེས། དགེ་ཚུལ་གྱི་སྡོམ་པ་བཞེས། དེར་རིག་པ་སྨྲ་བའི་གཙུག་རྒྱན་བསོད་ནམས་ཆོས་འཕེལ་སོགས་ཡོངས་འཛིན་དུ་མའི་མདུན། སྒྲ་ཚད་སོགས་ཕྱི་ནང་རིག་གནས་ཀུན་ལ་སྦྱངས། གོང་གསལ་ཡོངས་འཛིན་རྣམས་དང་། ཀུན་དགའ་མཆོག་ལྡན་གྱི་དྲུང་དུ་དགེ་སློང་གི་སྡོམ་པ་བཞེས། ཤཱཀྱ་བསྟན་འཛིན་དྲུང་ནས་ལམ་འབྲས་སོགས་གསན་ཏེ་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་མངའ་འོག་ཏུ་གྱུར། གཞན་ཡང་ས་སྐྱའི་འཇམ་དབྱངས་མཐུ་སྟོབས་པ་དང་། ཀརྨ་ཆོས་དབྱིངས་རྡོ་རྗེ། ཇོ་ནང་རྗེ་བཙུན་རིན་པོ་ཆེ། རྟག་བརྟན་ཆོས་གླིང་དུ་སྒྲོལ་བའི་མགོན་པོ། གཞན་ཡང་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མ་མཇལ་ཞིང་ཆོས་འབྲེལ་ལེགས་པར་ཐོབ། དགུང་ལོ་སོ་དྲུག་ཐོག་གདན་ས་རི་ཁུད་དུ་ཕེབས། ཀྱེ་རྡོར་སྒྲུབ་མཆོག་དང་། མཁའ་སྤྱོད་སྒྲུབ་ཆོག་ཀྱང་དེའི་དུས་སུ་བཙུགས། ཕྱུག་མོ་དགོན་པས་ཁྲི་འཛིན་ལ་གདན་འདྲེན་ཞུས་ཀྱང་བླ་མས་མ་གནང་། ལྷ་སྒང་ལ་ཆོས་འཁོར་ཐེངས་མང་བསྐོར། དགུང་ལོ་ལྔ་དྲུག་ཐོག རབ་བྱུང་བཅུ་གཅིག་པའི་ཆུ་སྟག་༡༦༦༢ལོར་ཕྱོགས་ཀྱི་དགོན་སྡེ་སོ་སོ་ནས་འདུས་པའི་དགེ་འདུན་བརྒྱད་བརྒྱ་ཙམ་ལ་ལམ་འབྲས་ཟླ་བ་གསུམ་ཙམ་གསུངས། ལྷ་ཁང་ལ་ཡང་རྩེ་བཅོས་པ་སོགས་འཁོར་ལོ་གསུམ་གྱི་མཛད་པ་རྒྱ་ཆེན་གྲུབ། དེ་ནས་དགུང་ལོ་རེ་ལྔའི་ཟླ་བ་གཉིས་པའི་ཚེས་ཉེར་བཞིའི་ཐོ་རངས་ལ་ཞིང་དུ་གཤེགས་པའོ།། ཤཱཀྱ་ཀུན་དགའ་ནི་ཤཱཀྱ་དར་རྒྱས་ཀྱི་སློབ་ཡིན་ཅིང་དེའི་རྣམ་ཐར་ཡང་ཁོང་གིས་བརྩམས་པ་སྟེ་ད་ལྟར་སྲུང་སྐྱོབ་ཐུབ་ཡོད། དེར་བརྟག་ན་དུས་རབས་བཅུ་བདུན་པའི་ནང་(༡༦༣༠---༡༦༧༢)ད་རུང་བཞུགས་ཡོད་ཐག་ཆོད། དེ་ལྟ་ནའང་ཁོང་རང་གི་རྣམ་ཐར་དུ་ད་ལྟ་མི་བཞུགས་པས་ཁ་གསལ་[page 39] ཞུ་རྒྱུ་མི་ལོན་མོད། མཁས་གྲུབ་ཀྱི་སྐྱེས་ཆེན་ཞིག་ཡིན་པ་ནི་རྣམ་ཐར་རྩོམ་ཚུལ་སྙན་ངག་གི་བཅད་ལྷུག་སྤེལ་མའི་རང་བཞིན་ཧ་ཅང་ལེགས་པ་ཡིན་པ་དེས་ཤེས་ཐུབ། ཀུན་དགའ་མཁས་གྲུབ་དབང་པོ། ཁོང་ནི་དུས་རབས་བཅུ་བདུན་པའི་དཀྱིལ་ནས། བཅོ་བརྒྱད་པའི་(༡༦༦༠༡༧༣༣)བར་བྱོན་པ་སྟེ། རྒྱལ་བ་ལྔ་པ་ཆེན་པོ་དང་བླ་སློབ་འབྲེལ་ཞིང་ལྔ་བ་ཆེན་པོས་སྒྲོལ་མ་གསུང་འབྱོན་སོགས་གནང་སྦྱིན་དང་མཐོང་ཆེན་མཛད་ཅིང་སོག་པོའི་དམག་ལ་འཇིག་པའི་སྨད་ཕྱོགས་ཀྱི་དགོན་སྡེ་རྣམས་ཀྱིས་ཀྱང་སྐྱབས་གནས་སུ་གྱུར་པ་དང་། ཁོང་གི་སྐུ་རིམ་ལ་རི་ཁུད་དགོན་པ་ཆོས་སྲིད་གཉིས་ཀ་ཤིན་ཏུ་དར་ཡོད་པར་བཤད། (སྔར་དགེན་འཆི་མེད་ཀྱིས་མཚན་ནོར་ནས་ངག་དབང་ཀུན་དགའ་བློ་གྲོས་ཞེས་གསུངས་པ་དེ་རེད།)ཀུན་དགའ་མཁས་གྲུབ་དབང་པོ་ཁོང་གི་མཁས་གྲུབ་གཉིས་ལྡན་གྱི་བླ་ཡོངས་གྲགས་ཤིག་ཡིན་པ་ལམ་འབྲས་དང་སྒྲུབ་ཐབས་མང་པོའི་བླ་བརྒྱུད་ནང་དུའང་མི་ཉག་རི་ཁུད་སྐུ་ཀུན་དགའ་མཁས་གྲུབ་དབང་པོ་ཞེས་བཀོད་འདུག་དེར་བརྟག་ན་བྱོན་ལོ་དང་། འཕྲིན་ལས་རྒྱ་ཆེ་བའི་ཚུལ་རྣམས་ད་ལྟར་རྣམ་ཐར་དངོས་སུ་མེད་ཀྱང་རྒྱུ་མཚན་ཡོད་པ་ཞིག་རེད་སྙམ་མོ།། བཤད་ཚུལ་འགའ་ཞིག་ལས། དགོན་མ་ལག་མང་པོའང་དེ་དུས་བྱུང་བ་བཤད་ཀུང་ལྷ་སྒང་དང་། ཕྱུག་མོ། སྲོའུ་རོང་སིལ་ཁུག་དགོན་པ་རྣམས་ནི་ཤཱཀྱ་དར་རྒྱས་ཀྱི་རྣམ་ཐར་ལས་བྱུང་བ་ལྟར་ན་སྦས་སྟོན་གྱི་དུས་ནས་ཀྱང་བུ་དགོན་ཡིན་པར་གྲུབ་པའོ། སྤྲུལ་སྐུ་བསོད་ནམས་དབང་ཕྱུག ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དཀྱིལ་ན་བྱོན་ཅིང་། ༡༨༣༢སྐབས་ན་བཞུགས་པའི་འགུ་ཐོམ་དབོན་པོ་བདག་འཛིན་མཛད་མཁན་ཡང་ཁོང་ཡིན། འཁྲུངས་ས་དར་མདོ་དབབ་གསས་སྐྱབས་ཚང་ཡིན་པས་འགུ་ཐོམ་རྒྱལ་པོ་ཚང་དང་དབོན་ཞང་གི་ཉེ་ཚེན་ཡིན། རྒྱུ་མཚན་དེའི་དབང་གིས་འགུ་ཐོམ་དབོན་པོ་ཟེར་བའི་མཚན་ཆགས་པ་དང་། ཞང་པོ་ལ་སྐུ་ཞང་ཟེར་བའི་མཚན་པས། དེ་ཕྱིན་ཆད་རི་ཁུད་སྐུ་ཞང་། རི་ཁུད་དབོན་པོ་བ་ཟེར་བ་རེད། ཕུར་སྒྲུབ་ཀྱང་ཁོང་གི་རིང་ལ་བཙུགས་པར་བཤད།།

འགུ་ཐོམ་དབོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། ཁོང་ནི་འགུ་ཐོམ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ཤིང་། བོད་རབ་བྱུང་བཅུ་བཞི་པའི་ཆུ་འབྲུག སྤྱི་ལོ་༡༧༣༢ལོར་མདོ་མཁྱེན་ཡེ་ཤེས་རྡོ་རྗེ་དགུང་ལོ་སོ་གསུམ་ཐོག་རི་ཁུད་འགུ་ཐོམ་དབོན་པོ་སྐུ་མཆེད་དབོན་སློབ་དང་མཇལ་ཞེས་མདོ་མཁྱེན་བརྩེའི་རྣམ་ཐར་ལས་འབྱུང་། དེས་ན་སྤྱི་ལོའི་དུས་རབས་བཅུ་དགུ་བའི་སྟོད་དུ་བྱོན་པ་ཤེས་ཐུབ་པོ།། རི་ཁུད་སྐུ་ཞང་འཇིགས་མེད་ཆོས་ཀྱི་འོད་ཟེར། ཁོང་ནི་སྤྱི་ལོའི་༡༨༡༢ལོར་དར་མདོ་དབལ་གསས་སྐྱབས་ཚང་ལ་འཁྲུངས། ༡༩༥༦ལོར་སྐུ་གཤེགས་པའི་བར་མཛད་རྗེས་ཤིན་ཏུ་ཆེ་བ་ཞིག་ཡིན་ཏེ། གྲུབ་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་ལུང་གིས་ཟིན་ཅིང་རྟགས་མཚན་ཀྱང་མང་དུ་བཤད་རྒྱུ་ཡོད། བླ་མ་གཞན་དགའ་རིན་པོ་ཆེའི་ཞལ་སྔ་ནས་ཐུགས་དམ་མཛད་པ་བཞིན། རི་ཁུད་སློ་བ་གྲྭ་ཁག་གསར་དུ་བཞེས། བོད་རབ་བྱུང་བཅོ་ལྔ་པའི་མེ་སྟག་སྤྱི་ལོ་༡༩༢༦ལོར་སློབ་གྲྭ་པ་ལྔ་བཅུ་ཐམ་པ་ཡོད་པའི་སློབ་གྲྭ་གསར་དུ་བཙུགས། གྲུབ་མཐའ་རིས་[page 40] མེད་ཀྱི་མཁས་གྲུབ་མང་པོ་སློབ་གྲྭའི་དགེ་རྒན་དུ་གདན་དྲངས། སློབ་དུས་ལོ་ལྔ་རེའི་རིང་ལ་གཞུང་ཆེན་བཅུ་གསུམ་གཙོ་བོའི་རིག་གནས་སྦྱང་རྒྱུ་དང་། སློབ་མ་ཡང་རང་དགོན་རྐྱང་པ་རྩམ་མ་ཡིན་པར་ཕྱོགས་གཞན་ནས་འོང་མཁན་རྣམས་ཀྱང་ཞུགས་ཆོག་པར་མཛད་པ་སོགས་ཕྱོགས་རིས་གཏན་ནས་མེད་ལ། དེ་བཞིན་དུ་ཡིག་ཆའང་ས་རྙིང་ཀར་དགེ་མེད་པ་གྲུབ་མཐའ་རིས་མེད་ཀྱི་སྐྱེས་མཆེད་རྣམས་ཀྱི་གསུང་འབུམ་སྐོར་སོགས་གྲངས་ཀྱིས་མོ་ཆོད་པ་ཡོད་པ་དང་། དེ་བཞིན་དུ་སྒྲུབ་གྲྭ་ཁང་དང་སྒྲུབ་གྲྭ་ཡང་གསར་དུ་འཛུགས་པ་སོགས་མདོར་ན་ཆོས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་མདོ་སྨད་མི་ཉག་གི་ཕྱོགས་འདིར་འགྲན་ཟླ་མེད་པ་དར་བར་མཛད། འཇིག་རྟེན་སྲིད་ཕྱོགས་ནས་བཤད་ན་སྐུ་ཞང་རིན་པོ་ཆེ་ཁོང་ནི་སྤྱི་ཚོགས་རྙིང་པའི་གནས་སྐབས་སུ་སྐད་གྲགས་ཆེ་ཞིང་། བདེ་འཇགས་ཀྱི་དོན་དུ། མི་སྲུན་པའི་དགྲ་ཇག་ཚར་བཅད་དེ་མགོ་མནན་པས། ཕན་ཚུན་རྩོད་འཕྲོག་གི་བྱ་ངན་སྤྱོད་ངན་རྒྱུན་བཅད་པ་དང་། རིས་མེད་ཀྱི་དོན་སྡེ་མི་སེར་ཐམས་ཅད་བདེ་འཇགས་ལ་བཀོད་པ་དང་། བུ་དགོན་རྣམས་ལ་ཁྲི་པའང་མ་དགོན་གྱིས་གཏོང་སྲོལ་བཙུགས་པ་དང་མི་སེར་ལ་ཕན་ཐོགས་ཡོད་པའི་བྱེད་ཐབས་གང་མང་བསྒྲུབས་པར་བྱས་ཡོད་པ་བཅས་ནི་ད་ལྟའང་རྒྱུད་དུ་བཤད་བཞིན་ཡོད། དེ་ལྟར་ཆོས་སྲིད་གཉིས་ཀྱི་ཐད་ནས་བྱས་རྗེ་ཆེན་པོར་བཞག་སྟེ་དགུང་ལོ་༥༦ལོར་རབ་བྱུང་བཅུ་དྲུག་པའི་ཟླ་བ་བཅུ་གཉིས་པའི་ཚེས་༡༩༥༦ལོའ་ཟླ་བ་དང་པོའི་ནང་ཞིང་དུ་གཤེགས་སོ།།

སྡེ་དགེ་དབོན་པོ་འཇམ་དབྱངས་བློ་གྲོས། ཁོང་ནི་༡༩༡༣བོད་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོར་སྡེ་དགེ་ཀར་ཐོག་ཏུ་སྐུ་འཁྲུངས། རི་ཁུད་སྐུ་ཞང་གིས་བདག་འཛིན་ནས་རི་ཁུད་དགོན་པའི་བསྟན་པའི་བདག་པོར་མངའ་གསོལ། མདོ་སྔགས་ཆོས་ཀྱི་ཚུལ་ལ་མཁས་པ་ཞིག་བྱུང་ཡང་སྐུ་ཚེ་རྒྱུན་རིང་མ་བཞུགས། ༡༩༤༣ལོ་དགུང་ལོ་སོ་གཅིག་ཐོག་སྐུ་གཤེགས་སོ།།

དར་མདོ་དབོན་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན། ཁོང་ནི་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ། སྤྱི་ལོ་༡༩༤༤ལོར་དར་མདོ་དབལ་གསས་སྐྱབས་ཚང་། ཡབ་ཨ་སྐལ་བཟང་དང་། ཡུམ་པོ་པོ་རྡོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། རི་ཁུད་དབོན་སྤྲུལ་དུ་ངོས་འཛིན་མཛད་ནས་བསྟན་པའི་བདག་པོར་མངའ་གསོལ། དགུང་ལོ་༡༤(1957)ལོར་ལྷ་སར་ཕེབས། ༡༩༥༩ལོ་ནང་རྒྱ་གར་དུ་ཕེབས་དེ་ནས་ད་བར་འབྲུག་པ་རྒྱལ་ཁབ་ཏུ་བཞུགས་ཡོད་པའོ། ཞར་བྱུང་དགོན་མ་ལག་གི་གནས་ཚུལ། ཀུན་དགའ་མཁས་གྲུབ་དབང་པོའི་རིང་ལ་དགོན་མ་ལག་ཉེར་ལྔ་ཡོད་ཚུལ་དང་། སྤྱི་ལོ་༡༩༥༩ལོར་བུ་དགོན་བཅུ་གསུམ་དང་མ་དགོན་གཅིག་ཟེར་བ་ལྟ་བུ་དགོན་བུ་གསུམ་ནི། ལྷ་སྒང་དགོན་པ། མིའུ་སྨད་འཇིགས་རབ་དགོན་པ། སི་ཁུད་དགོན་པ། འཇིག་རྟེན་ཁུག་འགྱུ་དགོན་པ། ཁུ་ཤི་རོང་འདུལ་སྨད་དགོན་པ། ཁམས་གསུམ་གྲགས་ས་སྐྱ་དགོན་པ། ཇི་ཙི་འགག་ཨ་ར་དགོན་པ། ལྷ་ལུང་གཤིས་རི་ལུ་དགོན་པ། འབོ་ཁུད་དགོན་པ།[page 41] ཐང་ཀ་དགོན་པ་བཅས་ཡིན། མ་དགོན་ལ་གྲྭ་པ་སུམ་བརྒྱ་དང་སུམ་ཅུ་ལྷག་ཙམ་ཡོད་དོ། གོང་གི་མིའུ་སྟོད་དགོན་དང་འབོ་ཁུད་དགོན་གཉིས་ཀྱི་གྲྭ་པ་རྣམས་མ་དགོན་དང་མཉམ་འཚོགས་བྱེད་སྲོལ་ཆགས་ཡོད། དེ་མིན་སྐུ་གསུང་ཐུགས་རྟེན་དང་མཆོད་ཆས། མཆོད་རྫས། རོལ་མོ་སྣ་ཚོགས། གནའ་རྫས་ཁྱད་པར་ཅན་རིན་ཐང་བྲལ་བ་མང་པོ་ཡོད་ཀྱང་རྗེས་སུ་དུས་དབང་གི་རྐྱེན་གྱིས་གཏོར་བརླགས་བྱས་སོ།།

དེང་སྐབས་བླ་གྲྭ་དང་མི་སེར་ཚོས་ཞིག་གསོ་ལེགས་པོ་བྱས་ཡོད། གྲྭ་པ་ཉིས་བརྒྱ་ཉི་ཤུ་ལྷག་ཙམ་གྱི་ཞལ་གྲངས་ཡོད། སྦྱིན་བདག་གི་དུད་གྲངས་ལྔ་བརྒྱ་ཁ་ལྷག་སམ་ཡོད། གཙོ་འགན་ཁུར་མཁན་བླ་མ་ཚེ་རིང་དང་མཁན་པོ་རྒྱ་ལོ་པུ་བཅས་ཀྱི་ལོ་རྒྱུས་བྲིས་པ་ལ་གཞི་བྱས་ནས་རིག་བསྟན་གྱིས་བྲིས་པའོ།།

བྱང་ཆུབ་དགོན་གྱི་ལོ་རྒྱུས།

དགོན་པ་འདི་ནི་བོད་རབ་བྱུང་གསུམ་པའི་ལྕགས་རྟ་སྤྱི་ལོ་༡༡༥༠ལོ་ལ་མཁན་པོ་ལྷུན་གྲུབ་གྱིས་བཏབ། གྲུབ་མཐའ་ནི་གནའ་ནས་ད་བར་དུ་ས་སྐྱ་བ་ཡིན། གྲྭ་ས་འགྲོ་སའི་མ་དགོན་ནི་གཙང་ངོ་རུ་དགོན་ཡིན། གྲྭ་པའི་གྲངས་ཀ་སུམ་ཅུ་ཙམ་ཡོད། སྦྱིན་བདག་གི་མི་གྲངས་སུམ་སྟོང་ལྷག་ཙམ་ཡོད། དཔལ་འབྱོར་གྱི་འོང་ཁུངས་ཀྱང་གོང་གི་སྦྱིན་བདག་རྣམས་ཡིན། སྐུ་གསུང་ཐུགས་རྟེན་དང་ལྷ་ཁང་མཆོད་ཆ། རོལ་མོ། དུས་མཆོད་ཆོས་ར་ཚོགས་རྒྱུ་སོགས་ཆ་ཚང་བ་ཡོད། རྗེས་སུ་རིག་གནས་གསར་བརྗེས་སྐབས་དགོན་པ་རྩ་མེད་བཏང་ངོ་།།

དེང་སང་གི་གནས་ཚུལ་ནི་སྤྱི་ལོ་༡༩༨༤ལོར་ཡང་སྐྱར་ཞིག་གསོ་བྱས་ནས། འདུ་ཁང་དང་ཇ་ཁང་འཁོར་ཁང་གྲྭ་ཤག་བཅུ་ཙམ་བཅས་བཞེངས་ཡོད། སྨན་སྐུ་ཐུབ་སྐུ་གཅིག སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གཅིག འཇམ་དབྱངས་གཅིག ཀུན་ཏུ་བཟང་པོ། རྒྱལ་བ་བྱམས་པ། ཀུར་གྱི་མགོན་པོ་གསེར་སྐུ་ལྔ། གདུགས་རྒྱལ་མཚན་ཀ་འཕན་བཅས་ཆ་ཚང་བ་ཡོད། བཀའ་བསྟན་ཚར་གཅིག ཀོང་བུ་ཉིས་བརྒྱ་ལྔ་བཅུ་ཡོད། ཏིང་ཕོར་ཆ་བཅུ། རྒྱ་གླིང་ཆ་གཅིག དུང་ཆེན་ཆ་གཉིས། མཁར་རྔ་གཉིས། སྦུག་ཆལ་གསུམ། སིལ་སྙན་ཆ་གཉིས། རྡོར་དྲིལ་ཆ་གཅིག དུང་དཀར་ཆ་གཅིག གྲྭ་པ་བརྒྱད་ཡོད། སྦྱིན་བདག་གི་མི་གྲངས་ཉིས་སྟོང་ལྔ་བརྒྱ་ཡོད། ཡོན་གྱི་འབྱུང་ཁུངས་ནི་མི་སེར་རྣམས་ཡིན་ནོ།། ཞེས་པ་འདི་ནི་བླ་མ་བསྟན་འཛིན་རྒྱ་མཚན་དང་ཚེ་རིང་རྡོ་རྗེས་གསུང་པ་ལྟར་རིག་བསྟན་གྱིས་བྲིས།།

ཁུ་འབྱོར་དགོན་གྱི་ལོ་རྒྱུས།

ཁམས་མི་ཉག་འཇིག་རྟེན་རོང་གི་ཁུ་འབྱོར་དགོན་པ་ནི་བོད་རབ་བྱུང་གསུམ་པའི་མེ་འབྲུག་སྤྱི་ལོ་༡༡༩༦ལོ་ཁུ་འབྱོར་ཆོས་ཀྱི་རྒྱལ་མཚན་གྱིས་བཏབ། གྲྭ་པ་སུམ་བརྒྱ་ལྷག་ཙམ་བཞུགས། གྲུབ་མཐའ་ནི་ས་སྐྱ་[page 42] བ་ཡིན། རྗེས་སུ་ནང་འཁྲུག་བྱུང་ནས་དགོན་པ་མེ་ལ་འབར། ཤུལ་གྱི་གྲྭ་པ་རྣམས་ནི་མི་འགྱུར་དགོན་པ་ལ་སྐྱབས་བཅོལ་ནས་དགོན་དེའི་ཚོགས་སུ་བཞུགས། དེ་རྗེས་མི་ཉག་མཁས་ཆེན་བཀའ་བཞི་པ་རིག་པའི་སེང་གེ་གདན་ས་འདིར་ཕེབས་ནས་དགོན་པ་གསར་དུ་བཞེངས། སྔོན་གྲྭ་ས་འགྲོ་ས་ནི་གཙང་ངོ་རུ་དགོན་ཡིན་ཡང་རྗེས་སུ་མི་འགྱུར་དགོན་ལ་གྲྭ་ས་འགྲོ་སྲོལ་བཙུགས། དེའི་དུས་སུ་གྲྭ་པ་བཞི་བཅུ་ལྷག་ཙམ་བཞུགས། སྦྱིན་བདག་གི་མི་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་ཡོད། སྤྲུལ་སྐུ་རིམ་བྱོན་གཉིས་ནི་བསམ་གྲུབ་ཐུབ་བསྟན་དང་བསྟན་འཛིན་རྒྱ་མཚོ་གཉིས་ཡིན། སྐུ་གསུང་ཐུགས་རྟེན་དང་། མཆོད་ཆ་དང་མཆོད་རྫས། རོལ་མོ། དུས་མཆོད་ཚོགས་རྒྱུ། འཆམ་རྒྱག་རྒྱུ། འཆམ་གོས་སོགས་ཆ་ཚང་བ་ཡོད་དོ། རྗེས་སུ་རིག་གནས་གསར་བརྗེ་སོགས་ཀྱིས་མི་རྒྱུ་ཐམས་ཅད་མེད་པར་བྱས།

དེང་སང་གི་གནས་ཚུལ་སྐོར། འདུ་ཁང་དང་མགོན་ཁང་ཇ་ཁང་གྲྭ་ཤག་བཅས་ཞིག་གསོ་བྱས་ཡོད། སྐུ་གསུང་ཐུགས་རྟེན་དང་མཆོད་ཆ་རོལ་མོ་འཆམ་གོས་དུས་མཆོད་སོགས་ཆ་ཚང་བ་ཡོད། གྲྭ་པ་སུམ་ཅུ་སོ་ལྔ་ཡོད། དཔལ་འབྱོར་གྱི་འོང་ཁུངས་མི་སེར་རྣམས་ཡིན།

བླ་མ་ཝ་མིང་ཨ་ཐར་ཚང་གི་གསུང་པ་ལྟར་ཚེ་རིང་རྡོ་རྗེའི་བཤད་སྒྲོས་ཇི་བཞིན་རིག་བསྟན་གྱིས་བྲིས་སོ།།

ས་སྐྱ་དགོན་གྱི་ལོ་རྒྱུས།

དགོན་འདིའི་ཆགས་ཡུལ་ནི་གླུ་པ་ཟེར་ས་དེ་ཡིན། བོད་རབ་བྱུང་ལྔ་པའི་ཤིང་གླང་སྤྱི་ལོ་༡༣༢༥ལོ་བླ་མ་སྤོ་པོ་བསོད་ནམས་རིན་ཆེན་གྱིས་བཏབ། དགོན་བདག་ནི། བླ་མ་ངག་དབང་དང་མཁན་པོ་ངག་དབང་ཕན་བདེ་སྐུ་ཆེན་ཀུན་དགའ་བསོད་ནམས། སྤྲུལ་སྐུ་ཀུན་བཟང་སོགས་བཞུགས། སྤྲུལ་སྐུ་ཀུན་བཟང་ལྷ་ལྡན་གྲྭ་ས་ཕེབས་ནས་འབྲས་སྤྲུངས་ཚོགས་ཆེན་སྤྲུལ་པའི་སྐུ་ཡི་མཚན་སྙན་ཐོབ། ཐོས་བསམ་སློབ་གཉེར་མཐར་ཕྱིན་པར་མཛད། རྗེས་སུ་རྒྱ་སྐད་དང་རྒྱ་ཡིག་ཀྱང་ཤིན་ཏུ་མཁས་པར་གྱུར། རྒྱ་བོད་ཀྱི་སློབ་མ་མང་པོ་བསྐྱངས། གྲྭ་པ་བཞི་བཅུ་ལྷག་ཙམ་བཞུགས། གྲྭ་ས་འགྲོ་ཡུལ་ནི་གཙང་ས་སྐྱ་གོང་ཡིན། དཔལ་འབྱོར་གྱི་འོང་ཁུངས་ནི་གནའ་ནས་ད་བར་དུ་སྦྱིན་བདག་དུད་གྲངས་ཉིས་བརྒྱ་ཙམ་ཡོད། སྐུ་གསུང་ཐུགས་རྟེན་དང་། མཆོད་ཆ། རོལ་མོ། མཆོད་རྫས། འཆམ་གོས། རིན་པོ་ཆེ་སྣ་མང་སོགས་རིན་ཐང་བྲལ་བའི་དངོས་རྫས་དུ་མ་ཡོད། རྗེས་སུ་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེས་དགོན་པའི་ཕྱི་ནང་ཐམས་ཅད་རྩ་མེད་བཏང་ངོ་།། དེང་སང་ཡང་དགོན་པ་ཞིག་གསོ་ལེགས་པོ་ཞིག་བྱས་ཡོད། ནང་རྟེན་ཆ་ཚང་དང་དུས་མཆོད་ཆོས་ར་འཆམ་དང་བཅས་པ་འཛོམས་ཡོད། གྲྭ་པ་བཞི་བཅུ་ཙམ་ཡོད། སྦྱིན་བདག་ནི་མི་སེར་རྣམས་ཀྱིས་བྱེད་བཞིན་ཡོད། སྤྱི་ལོ་༡༩༩༤ལོར་མི་ཉག་ཀུན་བཟང་སྤྲུལ་སྐུའི་ཡང་སྲིད་[page 43] དར་མདོ་ལ་འཁྲུངས་པའི་དཀོན་མཆོག་ཚེ་རིང་ཁྲི་སྟོན་བྱས་སོ།།

ཞེས་པ་འདི་ནི་དགོན་འདིའི་བླ་གྲྭ་ཚོའི་བཤད་སྒྲོས་ལྟར་རིག་བསྟན་གྱིས་བྲིས་སོ།།

སེའུ་དགོན་གྱི་ལོ་རྒྱུས།

མི་ཉག་སེའུ་དགོན་པ་ནི་བོད་རབ་བྱུང་བརྒྱད་པའི་ལྕགས་རྟ་སྤྱི་ལོ་༡༤༥༠ལོ་ལ་སེའུ་ཁུལ་ཉི་མ་རྒྱལ་མཚན་ལ་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་ནས་ས་ཆ་དེར་དགོན་པ་བཞེངས་སོ།། ས་ཆ་དེ་ལ་གྲུབ་རྟགས་ངོ་མཚར་ཅན་ཁ་ཤས་ད་ལྟའང་མཇལ་རྒྱུ་ཡོད། སྐབས་དེར་བླ་མ་སྐུ་བསོད་སྙན་གྲགས་ཆེ་བས་དར་རྒྱས་ཆེ་སྐབས་ཕྱོགས་སོ་སོའི་ཐད་ལ་ཁང་ཚན་དྲུག་བགོས། གཅིག གྲ་ལོ་ཁང་ཚན། ཤོག་ལོ་འབོང་སང་ཁང་ཚན། འབྲུག་རྒྱལ་ཁང་ཚན། རི་ཁུད་བླ་བྲང་། ཕྲ་ཀོང་ཁང་ཚན། སྙན་བྲ་ཁང་ཚན་དང་དྲུག་ཡོད། སྦྱིན་བདག་གི་དྲུད་གྲངས་ནི་མི་ཉག་སེའུ་རྒྱལ་པོ་གཙོ་བོ་བྱས་པའི་དུད་གྲངས་མང་། དཔལ་འབྱོར་གྱི་འོང་ཁུངས་ནི་མི་སེར་གྱི་ནོར་རྫས་ཁོ་ན་ཡིན་ནོ།། གདན་ས་འདི་ལ་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་གངས་དཀར་སྤྲུལ་སྐུ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེ་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན་ཡོད། སེའུ་ཁུལ་དགོན་པ་ལ་སྔར་དགོན་མ་ལག་བཅུ་གསུམ་ཙམ་བདག་པོ་བྱེད་མྱོང་ཞེས་གཏམ་རྒྱུད་བཤད་སྲོལ་ཡོད་དོ།། གྲུབ་མཐའ་ས་སྐྱ་བ་ཡིན། མ་དགོན་གྲྭ་ས་འགྲོ་ས་གཙང་ངོར་ཆེན་ཀུན་དགའ་བཟང་པོའི་གདན་ས་ཡིན་ནོ།། གྲྭ་པའི་གྲངས་ཀ་ནི་བཞི་བཅུ་ལྷག་ཙམ་བཞུགས། འགན་ཁུར་མཁན་ནི་མཁན་པོ་ངག་དབང་ཤེས་རབ་ཚང་ཡིན། གནའ་སྔ་མོ་སྐུ་གསུང་ཐུགས་རྟེན་དང་། མཆོད་རོལ། འཆམ་གོས། དངོས་རྫས་རིན་ཐང་བྲལ་བ་མང་པོ་ཡོད།།

ལྷ་མོ་རྩེ་དགོན་གྱི་ལོ་རྒྱུས།

ཐོག་མའི་ཕྱག་བཏབ་ཚུལ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙཱ་བ་ཆེན་པོ་བེ་ཅོ་ཙ་ན། རྒྱལ་རོང་ནས་ཡར་ལོག་སྐབས། དར་མདོའི་གནས་བདག་ལྷ་མོ་མཆེད་བརྒྱད་ཀྱིས་ཆོ་འཕྲུལ་སྣ་ཚོགས་བསྟན་པས་ཁོང་གིས་དེ་དག་ལ་བསང་མཆོད་དང་བསྟོད་བསྔགས་སོགས་ཀྱང་མཛད། བསང་མཆོད་དེ་ད་ལྟ་ཡང་མ་ཉམས་པར་འདོན་བཞིན་འདུག ལྷ་མོ་མཆེད་བརྒྱད་ཀྱི་གནས་ཡིན་པས་ན། ལྟ་མོ་རྩེ་ཞེས་གྲགས། དེང་སང་གདན་ཐོག་ཅེས་འབོད། དེར་ཁོང་བཞུགས་གནས་སྒྲུབ་ཕུག་གཅིག་མ་གཏོགས་དགོན་པ་བཞེངས་མི་འདུག དགོན་པའི་ཕྱག་འདེབས་པ་པོ་དང་པོ་ནི། བླ་མ་སངས་རྒྱས་ཞིང་ཆེན་ཞེས་པ་དབུས་གཙང་མཚོ་སྔོན་སོགས་བརྒྱུད་ནས་མདོ་སྨད་རབ་སྣང་ལ་བྱོན་ནས་སྒྲུབ་པ་མཛད་སྐབས་ནུབ་མོ་ཞིག་ལ་རྗེ་བཙུན་རྡོ་རྗེ་ཕག་མོས་ཁྱེད་མྱུར་དུ་ཕག་མོའི་གནས་ལྷ་མོ་བརྒྱད་ཀྱི་འོག་ཏུ་འགྲོ་ན་ཚེ་འདི་ལ་གྲུབ་པ་བརྙེས་པ་[page 44] དང་བསྟན་པ་ཡུན་རིང་དུ་གནས་པ་ཞིག་ཡོང་ཞེས་རྨི་ལམ་དུ་ལུང་བསྟན། དམིག་ས་མེད་ཐུགས་རྗེ་ཆེན་པོ་གནས་དོན་གྱི་ཁུར་ཆེན་རང་གི་བཞེས་སྟེ་དར་མདོའི་ལྷ་མོ་རྩེར་འབྱོན། གནས་འདི་བདེ་མཆོག་དང་རྗེ་བཙུན་རྣལ་འབྱོར་མའི་གནས་ཁྱད་པར་ཅན་ཡིན་གསུངས་ནས་སྔོན་སློབ་དཔོན་བེ་རོ་ཙ་ན་བཞུགས་གནས་སུ་བསྡད། དྲ་མདོ་ས་ག་དཔོན་གཙོ་བའི་མདོ་པ་བཅུ་གསུམ་གྱིས་ཡོན་བདག་བགྱིས་ཏེ་གཙུག་ལག་ཁང་རྟེན་དང་བཅས་པ་གསར་དུ་བཞེངས། མཚན་ལ་གཞན་ཕན་གླིང་ཞེས་བཏགས་ཀྱང་སྡེ་མི་དམངས་ཀྱིས་ལྷ་མོ་རྩེར་ཡོད་པ་ན་དེ་ལྟར་འབོད། བླ་མ་དེ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིན་ཞེས་བཤད་སྲོལ་ཡོད་པས་དཔྱད་པར་འཚལ།

གདན་རབས་དང་གྲུབ་མཐའ་འགྱུར་ཚུལ། སྔོན་ནས་ད་བར་མི་ལོ་ཆིག་སྟོང་གཅིག་ལྷག་ཙམ་རིང་གདན་རབས་ཚང་མ་བརྗོད་མི་ནུས་མོད། འོན་ཀྱང་དགོན་འདིར་མཛད་རྗེས་གཙོ་བོ་བཞག་མཁན་འགའ་ཞིག་བརྗོད་ན། བླ་མ་སངས་རྒྱས་ཞིང་ཆེན་ནི་མཁས་བཙུན་བཟང་གསུམ་གྱི་མཛད་པ་སྙན་གྲགས་ཆེ་ཞིང་། རིམ་གྱིས་འཕྲིན་ལས་ཕྱོགས་མཐའ་རྒྱས་ནས་མཁས་གྲུབ་བླ་སློབ་མང་པོ་འདུས་ནས་མདོ་སྔགས་ཀྱི་བཤད་སྒྲུབ་དར་ཞིང་རྒྱས་པར་མཛད། སློབ་མ་ཡང་བརྒྱ་ཕྲག་ཁ་ཤས་བྱུང་། དེའི་ནང་ནས་ཚུལ་ཁྲིམས་དོན་གྲུབ་ནི། གཞུང་ལུགས་སོགས་རིག་གནས་ཐ་དག་ལ་གསན་སྦྱངས་ཆེ་སྟབས་དགོན་པའི་སློབ་དཔོན་དུ་སྐོས། དུས་དེར་གྲུབ་མཐའ་རྙིང་མ་དང་། ཁོང་གི་ལོ་བཅུ་བར་བསྟན་འགྲོ་ལ་ཕན་བའི་དོན་མཛད། དེའི་རྗེས་བླ་མ་ཡོན་ཏན་བཟང་པོའི་རྣམ་ཐར་ཉུང་བསྡུས་ཤིག་ཞུ་ན། སྤྱི་ལོ་༡༠༩༧ལོར་ཚྭ་ཐོག་ཅེས་པའི་གནས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་ལ་རབ་ཏུ་བྱུང་། ཐུན་མོང་རིག་གནས་རྣམས་ལ་གསན་སྦྱངས་མཛད་དེ། ལྷ་ལྡན་དུ་ཕེབས་ནས་ར་ས་འཕྲུལ་སྣང་དང་། ར་མོ་ཆེ་སོགས་རྟེན་མཇལ་དང་ཕྱག་སྐོར་སྨོན་འདེབས་སོགས་ལ་དོན་སྣང་ཆེ་མཛད་དེ་གཙང་དང་ལྷོ་ཁ་ལ་ཕེབས། འདི་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་མཇལ་བའི་བླ་མས་ད་ཁྱོད་མདོ་སྨད་རང་དགོན་དུ་ཕེབས་ན་བསྟན་འགྲོ་ལ་ཕན་པ་རྒྱ་ཆེ་བགྱི་ཞེས་ལུང་བསྟན་ནས། ཕྱག་ཕྲེང་དབུ་ཞྭ་བཅས་དང་རྟེན་དུ་བསྩལ། བླ་མའི་བཀའ་བཞིན་རང་དགོན་དུ་བྱོན། གསེར་ཟངས་ལས་གྲུབ་པའི་མི་ཕམ་འགོན་པོ་སོགས་བཞེངས། རྟེན་དེ་དགའ་རབ་གནས་མཛད་སྐབས་དམ་ཚིག་པ་ལ་ཡེ་ཤེས་དངོས་སུ་བཞུགས་པའི་རྟགས་མཚན་བཟང་པོ་བྱུང་། སྐབས་དེར་དགེ་འདུན་གྲྭ་གྲངས་བརྒྱད་བརྒྱ་ལྷག་ཙམ་འདུས། བཀའ་གདམས་པའི་ཆོས་སྐོར་མང་དུ་བསྩལ་ཏེ་གྲུབ་མཐའ་བཀའ་གདམས་ལ་བསྒྱུར།

དེའི་རྗེས་བླ་མ་དད་པ་བཟང་པོ་ནི་རབ་བྱུང་གསུམ་པའི་ཆུ་ཕོ་རྟའི་མདོ་དཔོན་གྲགས་པ་རྒྱ་མཚོའི་ཁྱིམ་དུ་སྐུ་འཁྲུངས། དགུང་གྲངས་དྲུག་ཏུ་གཞན་ཕན་གླིང་དུ་རབ་ཏུ་བྱུང་། དགུང་གྲངས་བཅུ་བཞིར་གྲྭ་ས་གསང་ཕུ་ཞུགས། གཞུང་ཆེན་ལྔར་གསན་སྦྱང་མཛད། དབང་ལུང་མན་ངག་ཞུས། གནས་འདི་དགེ་འདུན་རྣམས་ཀྱིས་བསྔགས་པའི་འོས་སུ་གྱུར། གསང་ཕུ་གླིང་དུ་རབ་ཏུ་བྱུང་། དགུང་གྲངས་བཅུ་བཞིར་གྲྭ་ས་གསང་ཕུ་ཞུགས། གཞུང་ཆེན་ལྔར་གསན་སྦྱངས་མཛད། དབང་ལུང་མན་ངག་ཞུས། གནས་འདི་དགེ་འདུན་རྣམས་ཀྱིས་བསྔགས་པའི་འོས་སུ་གྱུར། གསང་ཕུ་གླིང་སྟོད་མཐོང་སྨོན་གྲྭ་ཚང་གི་མཁན་པོར་བསྐོས།[page 45] གདན་ས་ཆེན་མོ་སྦྱོར་མོ་ལུང་མཁན་པོའང་མཛད། དབུས་ནས་རང་དགོན་དུ་ཕེབས་སྐབས། ཡུལ་དགོན་གྱིས་ཕེབས་བསུ་ཟབ་རྒྱས་གནང་སྟེ་བསྟན་འགྲོར་གཅིག་ཏུ་སྨན་པའི་མཛད་བཟང་བསམ་གྱིས་མི་ཁྱབ་པའོ།།

དེའི་རྗེས་རབ་བྱུང་ལྔ་པའི་སྐབས་འགྲོ་མགོན་འཕགས་པའི་དངོས་སློབ་མར་ཟན་དང་དེའི་སློབ་མ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་དགོན་འདིར་བསྟན་པ་སྐྱོང་ནས་ཆོས་འཆད་ཉན་སྒྲིག་ལམ་ཀུན་སྤྱོད་ཚགས་འཛིན་དང་དོ་དམ་གང་ལེགས་མཛད། གོང་མ་ཡོན་ཧྲི་ཙུའུ་དང་ཧུ་པི་ལི། སེ་ཆེན་ཧན་གྱི་ཀྲེ་ཡོན་ཁྲི་ལོ་བཅུ་དྲུག་པས་གདན་འདྲེན་ཞུས། རྒྱ་ནག་ནས་རང་གདན་དུ་ལོག་ནས་སྔར་ལས་དར་རྒྱས་སུ་མཆིས། གྲྭ་གྲངས་ཀྱང་སྟོང་ལ་ཉེ་བར་ཡོང་། དེའི་རྗེས་སྐྱེས་མཆོག་འཇམ་དབྱངས་གྲགས་པ་སོགས་རིམ་གྱིས་བཤད་སྒྲུབ་ཀྱི་ཕྱག་སྲོལ་མི་ནུབ་པའི་རྒྱལ་མཚན་བསྒྲེངས།

རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ལོར་དགོན་པ་སོག་དམག་གིས་བརླགས་ཏེ་གྲྭ་པ་རྣམས་ཁ་འཐོར་ནས་རྣམ་འབྱོར་ལུང་། བུམ་པ་གཡུ་མཆོ། གཡག་རྭ་བ་མའི་ལུང་། རྒྱལ་མདའ་ལུང་། ཀརྨ་སྒང་སོགས་ལ་སྒྲུབ་པ་ཉམས་ལེན་ལ་བཞུགས། དེའི་ཚེ་བླ་མ་བྱང་ཆུབ་ལྷུན་གྲུབ་ཀྱིས་ཕྱོགས་མཐའ་དག་གི་དགེ་འདུན་རྣམས་ཚུར་བསྡུས་ནས་དགོན་པ་བཞེངས་གྲབས་བྱེད། ཁོང་གིས་གསུངས་དོན་འདིར་ཆགས་ན་ཡར་ངོའི་འོད་དཀར་ཅན་བཞིན་འཕེལ་ཡང་གནས་ཡུན་ཅུང་མི་རིང་། དེ་ལས་འབྲུག་སྒང་ཞེས་པའི་ས་(དེང་སང་ལྷ་མོ་རྩེ་ཞེས་གྲགས)དེར་བཙུགས་ན་ཡར་རྒྱས་དེ་ཙམ་མེད་ཀྱང་ཡུན་རིང་དལ་འགྲོ་བཞིན་དུ་ཡུན་ལོར་འབྲུག་སྒང་ལ་སྤོས་ནས་དགོན་པ་གསར་དུ་བཞེངས། གནས་ཚུལ་དེར་གོང་ས་ལྔ་པ་མཆོག་ལ་སྙན་སེང་ཞུས་སྐབས། གོང་ས་མཆོག་གིས་དགའ་ལྡན་རིང་ལུགས་འཛིན་པ་བསྒྱུར་ནས་ཤར་དར་རྩེ་མདོའི་ལྷ་མོ་རྩེའི་དགའ་ལྡན་འགྲོ་ཕན་གླིང་ཞེས་མཚན་བྱང་གནང་། གཞན་ཕན་གླིང་ཞེས་པ་འགྲོ་ཕན་གླིང་ཞེས་མིང་བསྒྱུར་བ་ལས་དོན་མ་འགྱུར། གོང་ས་མཆོག་གི་དད་རྟེན་དུ་རྗེ་ཡབ་སྲས་གསུམ་དང་། ཡི་དམ་གྱི་རྟེན་དཔལ་རྡོ་རྗེ་འཇིགས་བྱེད་ལི་སྐུ་གཅིག སྲུང་མའི་རྟེན་དཔལ་ལྡན་དམག་ཟོར་མའི་གསེར་ཐང་ལ་གོང་ས་མཆོག་གི་ཕྱག་སྤར་འོག་ཏུ་དམ་ཕྲུག་དང་དངོས་རྫས་ཀྱང་གནང་ནས་རྩེ་རྣམ་རྒྱལ་གྲྭ་ཚང་གི་བུ་དགོན་ཏུ་གཏོགས། དགའ་ལྡན་ཆོས་འབྱུང་བཻ་སེར་ལས་(མདོ་ཁམས་དང་རྒྱའི་མཚམས་ཤར་དར་རྩེ་མདོའི་ལྷ་མོ་རྩེ་དགའ་ལྡན་འགྲོ་ཕན་གླིང་གི་བླ་མ་ངག་དབང་འཇམ་དབྱངས་དང་། ལྗང་བ་བློ་བཟང་བཀྲ་ཤིས་ཕན་བདེ་ལེགས་བཤད་གླིང་གི་བུ་དགོན་ཡིན། འདོན་ཆོས་སྤྱོད་ཧ་ལམ་གྲྭ་ཚང་དང་མཚུངས།)ཞེས་གསུངས་པའི་བླ་མ་ངག་དབང་འཇམ་དབྱངས་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ལུག་རྒྱལ་ཧོང་སྤྲོ་སྣང་དུ་འཁྲུངས། དགུང་ལོ་བདུན་ལ་ལྷ་མོ་རྩེའི་བླ་མ་བྱང་ཆུབ་ལྷུན་གྲུབ་མདུན་རབ་ཏུ་བྱུང་ནས་སློབ་གཉེར་མཛད། དབུས་སུ་གྲྭ་སར་གསང་ཕུ་རུ་སློབ་གཉེར་ལོ་དགུ་གནང་། རྒྱལ་མཆོག་ལྔ་པའི་མདུན་[page 46] བསྙེན་རྫོགས་གྱི་སྡོམ་པ་གནོས། འབྲས་སྤུངས་བློ་གླིང་དུ་ལོ་བདུན་ཙམ་སློབ་གཉེར་མཛད་དེ་རང་དགོན་དུ་བསྟན་འགྲོ་དོན་རྒྱ་ཆེར་མཛད།

དེའི་ཡང་སྤྲུལ་བློ་བཟང་ཆོས་གྲགས་ནི། རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་ལོ་རྫ་ལེགས་ལ་སྐུ་འཁྲུངས། དགུང་ལོ་ལྔར་བཞེས་དུས་དགེ་བཤེས་བློ་བཟང་ཡོན་ཏན་ཡོངས་འཛིན་དུ་བསྟེན། ཐུན་མོང་རིག་གནས་རྣམས་ལ་གསན་སྦྱངས་མཛད། དབུས་སུ་འབྲས་སྤུངས་བློ་གླིང་གི་ཆོས་གྲྭར་བཞུགས། གཞུང་ཆེན་དབུ་ཕར་སོགས་ལ་ཤེན་ཏུ་མཁས་པར་གྱུར་ཏེ། པན་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རང་གདན་དུ་ཕེབས་ནས་ཆོས་འཆད་ཉན་དང་སྒྲིག་ལམ་ཀུན་སྤྱོད་འདུལ་བ་བཞིན་ཚགས་འཛིན་དང་དོ་དམ་གང་ལེགས་མཛད། དེ་ཡི་ཡང་སྲིད་ངག་དབང་འཕྲིན་ལས་དེའི་དུས་འདུ་ཁང་ཉམས་གསོ་སོགས་གནང་ནས་སྐུ་ཚེ་འདས།

དེའི་ཡང་སྤྲུལ་འཇམ་དབྱངས་ལྷུན་གྲུབ་ཀྱི་རྣམ་ཐར་ཉུང་བསྡུས་ཤིག་བྲིས་ན་རྒྱ་ནག་ཅང་ཤིང་། ཇི་ངན་ཞེས་པ་རབ་བྱུང་བཅུ་བཞི་པའི་ཆུ་གླང་ལོར་སྐུ་འཁྲུངས། དགུང་ལོ་གཉིས་ཙམ་ཡབ་དར་མདོ་དཔོན་སར་ཁྲིད་སྐབས་ཉིན་ཞིག་ཡུམ་གྱིས་བུའི་རྒྱབ་ཏུ་ཁུར་ནས་ཁྲོད་ལམ་དུ་དགོན་པའི་ཕྱག་མཛོད་ངག་དབང་གྲགས་པ་ལ་བུ་ཡིས་ངག་དབང་གྲགས་པ་ཞེས་ལེན་གཉིས་བརྗོད་ཚེ་ཁོང་གི་ངོ་མཚར་སྙམ་ནས་གླིང་མོ་བྱེད་མ་ཁོམ་ནས་དེ་ཕྲལ་ཡུམ་གྱིས་ཁྲིད་དོ།། རྗེས་སུ་སྐུ་བདག་བགྱིས་པ་ན་མ་གནང་། དགུང་ལོ་བརྒྱད་ལ་སེར་རྒྱལ་རོང་འབུས་བསྡུ་བ་ཞིག་དང་མཉམ་དུ། ལྷ་ལྡན་དུ་ཕེབས་སེར་སྨད་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་ཆེན་ལྔ་ལ་གསན་སྦྱངས་མཛད། དགེ་བའི་བཤེས་གཉེན་གྱི་མིང་བཏགས་བླངས། དབུས་ནས་དར་མདོར་ཕེབས་ཡབ་ཀྱིས་ལྔ་མོད་དགོན་དུ་སྒྲིག་བཞག མཁན་པོ་ལོ་གཉིས་ཙམ་མཛད་དེ་ཡབ་འདས་པའི་རྐྱེན་རང་དགོན་ལྷ་མོ་རྩེར་གདན་ཁྲི་ལོ་གསུམ་མཛད་ནས་སྐུ་མཚམས་དང་ཐུན་བཞིའི་རྣལ་འབྱོར་ཆད་མེད་མཛད་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ལ་འགའ་རེས་ཅན་ཤིང་དགེ་བཤེས་ཀྱང་འབོད།

འཇམ་དབྱངས་ཆོས་འཕེལ་ནི། རབ་བྱུང་བཅོ་ལྔ་པའི་ཤིང་རྟ་ལོར་རྒྱལ་རོང་བྷོ་ཏོག་ཞེས་པའི་སར་འཁྲུངས། དགུང་ལོ་བཅུ་གཉིས་ལ་ལྷ་མོ་རྩེ་དགོན་དུ་དགེ་བློ་བཟང་བྱང་ཆུབ་ཀྱི་དྲུང་དུ་རབ་ཏུ་བྱུང་། སྦྱོར་ཀློག་འདོན་ཚུལ་སོགས་ལེགས་པར་སྦྱངས་ཏེ་རྒྱ་བླ་མ་བཅུ་གསུམ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཁྲིད་དང་གཞན་ཡང་དབང་ལུང་སོགས་འདོད་ཆོས་དུ་མ་བསྩལ། ཚེ་གང་བོར་ཐུགས་རྩེ་གཅིག་གིས་སྒྲུབ་པ་གཞོལ། དགུང་ལོ་བརྒྱད་ཅུ་གྱ་བདུན་ལ་གསུངས་ཀྱི་ཐ་མ་ལ་བདག་གཉའ་ལུང་འགོར་སྐོར་ནས་འོང་བརྗོད་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་བཞུ་འབུལ་བྱེད་སྐབས་ནམ་མཁའི་ཁྱོན་ཐམས་ཅད་འཇའ་ཚོན་གྱི་དཀོད་པ་སྣ་ཚོགས་ཀྱིས་ཁྱབ། དེའི་ཡང་སྤྲུལ་བློ་བཟང་བསྟན་འཛིན་གྲགས་པ་ནི་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལོར་དར་མདོ་གཉའ་ལུང་འགོའི་ཡུམ་སྒྲོལ་དཀར་ལ་སྐུ་[page 47] འཁྲུངས། དགུང་ལོ་གསུམ་ལ་ཡང་སྲིད་ཁྲི་སྟོན་མཛད། ས་བསམ་དགེ་བཤེས་ཡོངས་འཛིན་ཏུ་བསྟེན་ཏུ་བསྟེན་ནས་རིམ་གྱིས་དབུ་ཀ་མད་སྦྱོར་ཀློག་འདོན་ཚུལ་སོགས་སྦྱངས་ཏེ། དགུང་ལོ་བཅུ་ལ་ལྷ་ལྡན་འབྲས་སྤྲུངས་བློ་གླིང་གྲྭ་ཚང་གི་ཆོས་གྲྭར་བཞུགས། གཞུང་ཆེན་རྣམས་ལ་སློབ་གཉེར་ལོ་ལྔ་ཙམ་བྱས་ཏེ་རང་ཡུལ་དགོན་འདིར་བྱོན་ནས་སྐྱར་དུ་གྲྭ་སར་ཕེབས་ནས་མཚན་བཏགས་བཞེས། དབང་ལུང་རྗེས་གནང་སོགས་ཞུས། དབུས་ནས་རང་གདན་བྱོན་རིམ་གྱིས་སྤྲོ་སྣང་གླིང་ཆེན་དགོན་དུ་ཕེབས་ནས་ལོ་ཤས་བཞུགས་ཏེ་འགྲོ་དོན་སྐྱོང་། མེ་སྤྲེལ་ལོ་རྫོང་ཆབ་གྲོས་ནས་བཞུགས། ཆུ་སྟག་ལོར་པེ་ཅིང་ནང་བསྟན་སློབ་གྲྭར་ལོ་བཞི་བཞུགས། ཡར་བྱོན་ནས་ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཧེའི་ཀྲང་མཛད། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་དང་དགོན་འདིར་ཉམས་གསོ་བགྱིས་པར་ཐུགས་ཁུར་མཛད་ཀྱང་སྐུ་སྙུང་བའི་ཚུལ་བསྟན་ནས་རབ་བྱུང་དྲུག་པའི་མེ་སྟག་ལོར་གཟུགས་སྐུ་ཆོས་དབྱིངས་སུ་གཤེགས།

འཇམ་དབྱངས་ལྷུན་གྲུབ་ཀྱི་ཡང་སྲིད་སྐུ་ཕྲེང་ལྔ་པ་བློ་བཟང་དར་རྒྱས་མཆོག་སྤྲུལ་རིན་པོ་ཆེ་ནི། རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ལོར་ཉག་ཆུ་རྫོང་ཆར་གཏོགས་ཁ་བ་རིང་བོ་ཞེས་པའི་སར་ཡུམ་རྡོ་རྗེ་གཡུ་སྒྲོལ་གྱི་སྲས་སུ་ངོ་མཚར་དང་བཅས་པའི་སྐུ་འཁྲུངས། དགུང་གྲངས་གཉིས་མ་ལོན་གོང་ཉིན་རྟག་པར་དགོན་པར་འགྲོ་གསུངས་པ་ལ་ཡབ་ཡུམ་གྱིས་དོན་སྣང་མ་མཛད། ཡུན་མི་རིང་བར་ཁོང་ལ་སྙུང་གཞི་ཐེབས་པས་སྤྲུལ་སྐུ་རྡོ་རང་གིས་གཞོན་ནུ་འདི་ཆོས་སྒོར་མ་བཅུག་ན་སྙུང་གཞི་ལས་ཐར་དཀའ་གསུངས། ཡུམ་གྱིས་དགུང་གྲངས་གསུམ་ལ་ཕག་མོ་དགོན་དང་བཀའ་བཞི་དགོན་བཅས་ཁྲིད་ཀྱང་མ་རེད་མ་རེད་གསུངས་ནས་བཞུགས། དར་རྩེ་མདོར་ཁྲིད་དེ་རྒོ་སྒར་གྲྭ་ཚང་དུ་འགྲོ་ཡང་མ་བཞུགས་པར་ཡར་སྒམ་དུ་ཕྱག་འཛུབ་འཛུགས་ཏེ་ངའི་དགོན་ཡར་སྟེང་དུ་ཡོད་གསུངས་ཤིང་ཁྲིད་ཕེབས། དགོན་འདིའི་དགེ་བཤེས་འཇམ་དབྱངས་ཆོས་འཕེལ་གྱི་གཟིམ་ལམ་དུ་རྟག་མཚན་བྱུང་ནས་ཞབས་ཕྱི་ལ་དེ་རིང་གཙང་སྦྲ་ཡག་པོ་བགྱི་དང་སྐྱེ་བུ་དམ་པ་ཞིག་བྱོན་ངེས་གསུངས་ནས་སྒུག་བསྡད་དེ། ཕྲི་དྲོ་ཡུམ་གྱིས་དགེ་བཤེས་འཇམ་དབྱངས་ཆོས་འཕེལ་གྱི་དྲུང་ཁྲིད་དང་ད་ང་རང་སྡོད་དགོས་གསུངས་ནས་བཞུགས་ཏེ་སྐྱེ་བ་སྔོན་མ་ཁོང་ནི་གཟིམ་ཤག་གི་ལྡེ་མིག་ངོས་འཛིན་གནང་། འཇམ་དབྱངས་ལྷུན་གྲུབ་ཀྱི་ཡང་སྲིད་ཡིན་པ་ངོས་བཟུང་ཏེ་ཁྲི་སྟོན་གནང་། དགེ་བཤེས་འཇམ་དབྱངས་ཆོས་འཕེལ་ཡོངས་འཛིན་བསྟན་རིམ་གྱིས་སྦྱོར་ཀློག་དང་འདོན་ཚུལ་ཀུན་སྤྱོད་སོགས་གསན་སྦྱངས་མཐར་ཕྱིན་མཛད། དགུང་གྲངས་བཅུར་དར་མདོ་ནས་ཞབས་ཐང་ལྷ་ལྡན་དུ་ཕེབས། འབྲས་སྤུངས་བློ་གླིང་གི་ཆོས་གྲྭར་བཞུགས། དགེ་བའི་བཤེས་གཉེན་གྲགས་པ་དང་། ཉི་མ་གཉིས་ཡོངས་འཛིན་བསྟེན། གཞུང་ཆེན་ལྔ་ལ་གསན་སྦྱངས་མཛད། སྐྱབས་རྗེ་ཁང་གསར་ངག་དབང་བློ་བཟང་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་གི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྐྱབས་རྗེ་ཕ་བོང་ཁ་དང་། ལྷ་བཙུན་རིན་པོ་ཆེ། ཁྲི་བྱང་རིན་པོ་ཆེ། གླིང་ཡོངས་འཛིན་རིན་པོ་ཆེ། སྨེ་ཚ་རིན་ཆེ་སོགས་[page 48] ལས་མདོ་རྒྱུད་ཀྱི་བཤད་ལུང་ཟབ་མོའི་དབང་ཁྲིད་རྗེས་གནང་བུམ་པ་གང་བྱོའི་ཚུལ་གྱི་གནང་ཞིང་། མེ་ཕག་ལོར་ཁྲིན་རྟུན་ལུའུ་ཀྲུའུ་ཞིའི་ལྷ་ཁང་གི་རབ་གནས་གདན་འདྲེན་ཞུས་ནས་ཟླ་བ་བཞི་ཙམ་བཞུགས་ཏེ་ཚེ་ཁྲིན་ཏུན་ཇི་ཚུའུ་པུ་དགོན་པའི་མཁན་པོ་ལན་ཧེ་ཧུ་པུའམ་ཡོན་ཏན་རྒྱ་མཚོ་གདན་འདྲེན་ཞུས་ཏེ་ཉིན་བདུན་བར་འཇིགས་བྱེད་དབང་ཆེན་དང་གཞན་ཡང་འདོད་ཆོས་འགའ་བསྩལ། ལྕགས་ཡོས་ལོར་དར་མདོ་དགེ་འོས་སློབ་གྲྭར་དགེ་རྒན་ལོ་གཉིས་བྱས། མེ་སྤྲེལ་ལོར་རྫོང་ཆབ་གྲོས་ཀྱི་ཨུ་ཡོན་དང་། དེ་ཕྱིའི་ལོར་ལྷོ་ནུབ་མི་རིགས་སློབ་གྲྭར་ལོ་གཅིག་ཙམ་སློབ་གཉེར་གནང་། ཤིང་བྱི་ལོར་རྫོང་མི་དམངས་འཐུས་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བཀོད། འདིའི་འདིའི་མན་ཆན་ནི་དེང་གི་གནས་ཚུལ་འཐུད།

ཡུལ་དགོན་ཆོས་རྒྱུན་གཞན་དང་འབྲེལ་བ། ཡུལ་དགོན་གཞན་དང་འབྲེལ་བ་ནི། ལྷ་མོ་རྩེ་གདན་ཐོག་ཏུ་གནས་སྐབས་གཙོ་བོ་གྲྭ་ས་གསུང་ཕུ་ཡིན་སྟབས། རབ་བྱུང་གསུམ་པའི་ནང་བླ་མ་དད་པ་བཟང་པོས་གསང་ཕུ་གླིང་སྡོད་དུ་མཁན་པོ་མཛད། རྗེས་སུ་ཁོང་རང་དགོན་དུས་བྱོན་ནས་མཁན་པོ་མཛད་སྐབས། འབྲིང་པ་ཡུལ་དང་། འགུ་ཐོམ། འབོ་ཡུལ། བློ་བདེ། རྫ་ལེགས་སོགས་ཀྱི་མཁན་པོ་གདན་ཞུས་ཀྱང་སྐུ་ཚབ་དགེ་བསམ་གཏན་བཏང་ནས། ཆོས་འཁོར་བླ་ན་མེད་པ་བསྐོར། དེར་བརྟེན་སོ་རེར་བླ་མ་ཐེངས་རེ་ཕེབས་པ་རེ་བཞིན་དགོན་པའི་བླ་མ་རེ་ས་གནས་དེ་དག་ཏུ་བཏང་ནས་སྡེ་པའི་དཔོན་དུ་སྡེ་པ་རྣམས་ལ་ལེགས་ཉེས་ཀྱི་དོན་ཅི་འདྲ་ཡོད་ན་དགོན་པས་ཐག་བཅད་པ་སོགས་སྲོལ་འདུག རབ་བྱུང་ལྔ་པའི་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ནས་ཡར་ཕེབས་དུས་དགོན་པས་གདན་ཞུས་ལྟར། རྗེ་བཙུན་རྣམ་འབྱོར་མའི་དབང་ཁྲིད་སོགས་གནང་། རབ་བྱུང་ལྔ་བའི་སྐབས་གནས་བརྟན་ཆེན་པོ་བ་ཀུ་ལའི་རྣམ་རོལ་མཁན་ཆེན་བཀའ་བཞི་རིག་པའི་སེངྒེ་ཐོག་མ་དགོན་འདི་ཉིད་ལས་རབ་ཏུ་བྱུང་ནས་དགེ་ཀུན་དགའ་ལས་ཡི་གེ་བྲིས་ཀློག་སོགས་སྦྱངས་པ་མཛད་ནས་བཀའ་བསྟན་མང་དུ་བྲིས། རྣམ་ཐར་གཟིགས་པ་ཡིག་ཚོགས་ལ་འཇིགས་ཏེ་མ་བྲིས། གཟིགས་འདོད་ན་མི་ཉག་མཁས་པ་རྣམ་ལྔའི་རྣམ་ཐར་གཟིགས་པར་འཚལ། སྐྱེས་མཆོག་འཇམ་དབྱངས་གྲགས་པས་དགོན་འདིར་བསྟན་པ་སྐྱོང་སྐབས། ཀརྨ་རང་བྱུང་རྡོ་རྗེ་དགོན་འདིར་ཕེབས་ནས་བཀའ་ཆོས་གསུངས་སྐབས་དམ་ཅན་མགོན་ཁང་སྟེང་དུ་འཇའ་ཚོན་སྣ་ལྔས་བླ་མའི་དབུ་རྩེར་འཁྲིགས་པ་སོགས་ངོ་མཚར་བའི་རྟགས་དུ་མ་བྱུང་། རབ་བྱུང་བཅུ་གཅིག་པའི་དུས་ལ་རྩེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ། དབུ་མཛད། མཆོད་དཔོན། འཆམ་དཔོན་བཅས་གྲྭ་བཞི་མངགས་ནས་རྒྱུད་སྡེའི་སྒྲུབ་མཆོད་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས། ཐིག་རྡུལ་ཚོན། དུང་རྒྱ་གླིང་གར་འཆམ་རོལ་མོ་སོགས་རྣམ་རྒྱལ་གྲྭ་ཚང་གིས་ཕྱག་བཞེས་ལྟར་སྲོལ་འཛུགས་པ་ཡིན། དེའི་དུས་གྲྭ་ས་འགྲོ་ས་ཕལ་ཆེ་བ་འབྲས་སྤུངས་བློ་གསལ་གླིང་ཡིན་སྟབས་ངག་དབང་འཇམ་དབྱངས་ཀྱི་སྐུ་ཕྲེང་རིན་བྱོན་སོགས་གྲྭ་ས་འབྲས་སྤུངས་ཡིན། རབ་བྱུང་བཅུ་གཉིས་པའི་ལྕགས་ཕག་ལོར་མདོ་པ་ས་ག་འགོ་པ་ཨ་ཀྱ་མགོན་པོ་འདས་མཆོད་ལ་མགར་ཐར་ནས་རྒྱལ་མཆོག་སྐལ་བཟང་རྒྱ་མཚོ་གདན་ཞུས་ཀྱང་སྐུ་མཚམས་ལ་བཞུགས་སྟབས།[page 49] ཡོངས་འཛིན་ཁྲི་ཆེན་ངག་དབང་ཆོས་ལྡན་ཕེབས་སྐབས་དགོན་འདིར་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་ཆེན་དང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཆེན་གནང་། བླ་མ་བྱང་ཆུབ་ལྷུན་གྲུབ་ཀྱི་གསུངས་བཞིན་མཁས་གྲུབ་དུ་མ་ཕེབས་ནས། རྣམ་རྒྱལ་འཕྲིན་ལས་ནི་འབྲས་སྤུངས། བློ་གླིང་གི་མཁན་པོ། བསོད་ནམས་དར་རྒྱས་ནི་ས་ར་མཁན་པོ། རྣམ་རྒྱལ་དགེ་ལེགས་གཙང་བཀྲ་ཤིས་ལྷུན་པོའི་མཁན་པོ། འཇམ་དབྱངས་ཆོས་འཕེལ་ནི་རྒྱུད་སྡོད་མཁན་པོ། བྱམས་པ་ཚུལ་ཁྲིམས་ནི་རྩེ་པོ་ཏ་ལའི་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ། བློ་བཟང་སྨོན་ལམ་ནི་དགའ་ལྡན་ཁྲི་བ། མཁྱེན་རབ་དབང་ཕྱུག་དགའ་ལྡན་ཁྲི་བ་དང་བོད་ཀྱི་རྒྱལ་སྲིད་སྐྱོང་། འཇམ་དབྱངས་དམ་ཆོས་དགའ་ལྡན་ཁྲི་བ་མཛད། དེ་དག་ཐམས་ཅད་ཀྱི་རྣམ་ཐར་བརྗོད་ན་ཡིག་ཚོགས་མང་བས་དགའ་ལྡན་ཁྲི་བ་གསུམ་གྱི་རྣམ་ཐར་ཉུང་བསྡུས་ཤིག་བརྗོད་ན། ཁྲི་ཆེན་བློ་བཟང་སྨོན་ལམ་ནི་རབ་བྱུང་བཅུ་གཉིས་ས་ལུག་ལ་རྒྱལ་རོང་མུ་རྡོ་རི་བོའི་མདུན་སྤྲོ་སྣང་ཞེས་པའི་སར་འཁྲུངས། དགུང་ལོ་བཅུ་བདུན་དགོན་འདིའི་སྤྲོ་སྣང་དགེ་བཤེས་བྱམས་པ་རབ་རྒྱས་ཡོངས་འཛིན་དུ་བསྟེན། དབུ་ཀ་མད་སྦྱོར་ཀློག་སོགས་སློབ་གཉེར་མཛད། དགུང་ལོ་ཉི་ཤུ་ས་སྟག་ལོར་ལྷ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་ཆོས་གྲྭར་བཞུགས། གཞུང་ཆེན་ལྔར་གསན་སྦྱངས་མཐར་ཕྱིན་པར་མཛད་དེ་ལྷ་ལྡན་སྨོན་ལམ་ཆེན་མོ་ལྷ་རམས་དམ་བཅའ་བླངས། རྒྱུད་སྡོད་གྲྭ་ཚང་གི་མཁན་པོ་མཛད། རིམ་གྱི་རབ་བྱུང་བཅུ་གསུམ་ཤིང་ཡོས་ལོར་དགའ་ལྡན་གསེར་ཁྲི་མངའ་གསོལ། ཁྲི་ཐོག་དྲུག་ཅུ་རེ་གཉིས་པ་ཡིན། ཁྲི་པ་ལོ་བརྒྱད་བཟུང་སྟེ་བསྟན་འགྲོའི་དོན་དུ་ཉིན་མཚན་འདའོ། ཁྲི་ཆེན་མཁྱེན་རབ་དབང་ཕྱུག་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་ལོར་དར་རྩེ་མདོ་ཤེས་རབ་རྣམ་པའི་ཁྱིམ་དུ་ཡབ་མགོན་པོ་རྒྱལ་མཚན་དང་ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་ངོ་མཚར་ལྟས་དང་བཅས་པས་སྐུ་འཁྲུངས། དགུང་ལོ་གཉིས་ཙམ་དུས་ཁང་པའི་ཕྱི་ལ་ཕེབས་ནས་ས་དེར་ཕྱག་མཛུབ་བཙུགས་ཏེ་འདི་འོག་ཆུ་མིག་ཡོད་པས་བརྐོས་ན་ཆུ་ཐོན་པ་མ་ཟད་ཤུག་པ་ཞིག་ཀྱང་སྐྱེ་གསུངས། ཡུན་མི་རིང་བར་ཆུ་དང་ཤུག་པ་སྐྱེས་སོ། གཞོན་ནུ་དུས་ནས་སྔོན་གྱི་བག་ཆགས་བཟང་པོ་སད་དེ་རྒྱལ་བའི་བསྟན་པ་ལ་འཇུག་འདོད་ཆེ་སྟབས། དགུང་ལོ་བཅུ་བཞིར་དབུས་ལྷ་ལྡན་འབྲས་སྤུངས་རྒྱལ་རོང་ཁང་ཚན་དུ་དགོན་འདིའི་དགེ་བཤེས་བློ་བཟང་སངས་རྒྱས་ཡོངས་འཛིན་དུ་བསྟེན། གཞུང་པོ་ཏི་ལྔ་སོགས་ལ་དཀའ་བ་ཁྱད་བསད་ཀྱིས་གསན་སྦྱངས་མཐར་ཕྱིན་ནས་མཛད་དོ་དགེ་བཤེས་གཏང་མཚམས་ཡོན་གྱི་མཐུན་རྐྱེན་མ་འཛོམས་པས་རང་དགོན་དུ་ལོག་སྙམ་སྟེ་འབྲས་སྤུངས་ལྷ་ཐོར་དུ་ཅུང་སྐྱོན་ནས་སྡོད་སྐབས། མི་རྒན་སྨ་ར་དཀར་པོ་ཅན་ཞིག་སླེབས་ཏེ་ངའི་འབོག་དྲིལ་འདི་ཉར་ཚགས་བྱས་རོགས་ཟེར་ནས་ཕྱིན་པས། ཡུན་རིང་སྒུག་སྡོད་གནང་ཡང་། འབོག་དྲིལ་ལེན་མཁན་མ་བྱུང་། རྗེས་སུ་མི་རྒན་རྩ་ད་ཆོད་མ་རྙེད་ནས། གནས་ཆུང་ཆོས་སྐྱོང་ལ་ཞུས་ཚེ། ཆོས་སྐྱོང་གིས་ཁྱེད་རང་དགེ་བཤེས་གཏོང་སྒོ་བྱས་གསུངས། རྒྱལ་མཚན་དཀར་པོ་འོག་ཏུ་ལྷ་རམས་དམ་བཅའ་བཞག་གསང་ཆེན་རྒྱུད་སྨད་གྲྭ་ཚང་དུ་བསྐྱེད་རྫོགས་འགྲེལ་བ་བཞི་སྦྲག་སོགས་གསང་སྔགས་ཀྱི་ཆོས་སྐོར་[page 50] སྦྱངས་པ་མཐར་ཕྱིན་པས་རྒྱུད་པ་བླ་མ་དབུ་མཛད་མཁན་པོ་ལོ་གསུམ་བགྱིས་ཏེ་བྱང་རྩེ་ཆོས་རྗེ་མཛད་དོ། རིམ་གྱིས་རྗེ་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲིར་མངའ་གསོལ། ཁྲི་དོན་དྲུག་པ་ཡིན། ཁྲི་ལོ་བདུན་བཞུགས་ཏེ། རྒྱལ་མཆོག་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་ཡི་ཡོངས་འཛིན་དུ་བསྐོས། རབ་བྱུང་བཅུ་བཞི་པའི་ཤིང་བྱི་ལོར་བོད་ཀྱི་རྒྱལ་སྲིད་ཀྱི་ཁྲི་ལ་མངའ་གསོལ། བོད་སྲིད་ལོ་བཅུ་ཙམ་སྐྱོང་། ལོ་བཅུའི་རིང་ལ་ཆོས་སྲིད་གཉིས་ལ་ཐུགས་ཁུར་དཔག་མེད་བསྐྱངས་ཏེ་རབ་བྱུང་བཅོ་ལྔ་པའི་ཆུ་བྱ་ལོར་ནོར་བུ་གླིང་དུ་གཟུགས་སྐུ་ཆོས་དབྱིངས་སུ་གཤེགས། དགོས་རྫོགས་སུ་རྟེན་རྗེ་བཀྲ་ཤིས་རྡོ་ཁ་མའི་སྐུ་གཅིག་དང་། རྗེ་ཡབ་སྲས་གསུམ་གྱི་གསུངས་འབུམ་ཆ་ཚང་། ཕྲུག་ཟླ་གམ་སྤུས་ལེགས་ཉིས་བརྒྱ་དང་གྱ་བརྒྱད། ཕྲུག་སེར་ཁྲི་ཡི་ཚོགས་རིང་བ་ཆ་བཞི་བཅས་གསོལ་རེ་གནང་བསྩལ། དེའི་ཡང་སྤྲུལ་ནི་སྡེ་སྤྲུལ་རིན་པོ་ཆེ་ཡིན། ཁྲི་ཆེན་འཇམ་དབྱངས་དམ་ཆོས་ནི་ཁྲི་དོན་བརྒྱད་པའི་ཁྲི་ཐོག་ལོ་བདུན་བཞུགས། ཁོང་གི་སྐུ་གདུང་མཆོད་རྟེན་དགོན་འདིར་བཞུགས་པ་འདས་རྟེན་ལ་དགའ་ལྡན་ལྷ་བརྒྱ་མའི་ཐང་མོ་ཆེ། ཞིང་ལ་ཁྲི་སོ་ལྔ་དང་རིང་ཐུང་ཁྲི་དོ་གསུམ་མ་ཡོད་པ་ཐང་ཏོག་ཆ་གཅིག་ལ་དངུལ་སྲང་ལྔ་བཅུ་ཡོད་པའི་ཐང་མོ་ཆེ་གཅིག་དང་། ཙོང་ཁ་བརྒྱད་ཅུའི་སྐུ་ཐང་སོ་ལྔ་བཅས་གནང་ངོ་།། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ལོར་ས་འགུལ་ཆེན་པོ་ཞིག་འོང་ནས། འགུ་ཐོམ་བློ་བདེ། རྫ་ལེགས་སོགས་ཀྱི་ཡུལ་དང་མི་དམངས་ལ་ལ་གནོད་སྐྱོན་བྱུང་། དར་མདོ་ལ་དེ་ཙམ་མ་བྱུང་ཡང་། རྡོ་སྒར་གྲྭ་ཚང་གི་ཚོགས་ཁང་དང་། གྲྭ་ཤག་སོགས་ཞིག་རལ་ཐེབས་ཏེ་དགོན་འདིར་གནས་སྐབས་ཙམ་བཞུགས་སོ།། ཤིང་སྦྲུལ་ལོར་དར་མདོར་ཆུ་ལོག་ཆེན་པོ་ཞིག་བྱུང་སྟེ་ཡུལ་མི་རྣམས་ལ་གྱོང་གུད་ཆེན་པོ་བྱུང་། སྡེ་མི་སེར་གྱིས་དར་རྩེ་མདོར་མཚོ་མང་བས་ད་དུང་ཆུ་འཇིགས་འོང་སྙམ་སྟེ་དགོན་འདིའི་གདན་ཐོག་ལ་བཞུགས་པའི་རྟེན་དམ་ཅན་དང་མགོན་ཁང་བཅས་མདོ་གོང་གསུམ་མདོར་སྤོ་རྒྱུ་རེ་ལྟར། ཤིང་སྤྲུལ་ལོའི་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཉིན་གདན་ཞུས་ཏེ་མཛད་སྒོ་རྒྱ་ཆེ་སྤེལ། རབ་བྱུང་བཅོ་ལྔ་པའི་མེ་སྟག་ལོར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་ཏུ་བཞུགས་སྐབས་དགུང་གྲངས་ཞེ་བཞི་འཁོར་བའི་ཞབས་བརྟན་སྒྲུབ་མཁན་དགོན་འདིར་སྒྲུབ་རྒྱུ་བཀའ་གནང་སྟེ། དད་རྟེན་དུ་ཉིད་ཀྱི་དབུ་ཞྭ་དང་། གོས་བེ་རོ་བཅས་བསྩལ། དེ་ནས་བཟུང་ཉིན་ལྟར་ཞབས་བརྟན་མི་ཆད་པ་དང་། གཟའ་ཉི་མ་གང་ཡིན་ལ་གྲྭ་བཞི་རེ་ནས་སེར་ཇོ་བོ་ཆེན་པོ་དང་ལྕམ་སྲིང་གི་གསོལ་ཁ། ཉ་སྟོང་བརྒྱད་གསུམ་ལ་སྒྲོལ་མའི་ཆོ་ག་དང་། གནས་བརྟན་ཕྱག་མཆོད་བཅས་སྒྲུབ་རྒྱུ་དང་། པཎ་ཆེན་ལས་ཁུངས་དུ་རྒྱུན་སྡོད་མགོན་བླ་གཅིག་བཞུགས་བྱུང་འདུག རབ་བྱུང་བཅོ་ལྔ་པའི་མེ་ཕག་ལོར་ལྕགས་ལ་རྒྱལ་པོས་གཙུག་ལག་ཁང་དུ་ཐོག་བརྩེགས་གཉིས་ཡོད་པའི་རྗེ་ཙོང་ཁ་བ་ཆེན་པོ་དང་ཐོག་བརྩེགས་རེ་ཡོད་པའི་སྲས་གཉིས་བཞེངས། གཟུངས་བཞུགས་ཁྲི་ཆེན་མཁྱེན་རབ་དབང་ཕྱུག་གིས་གནང་བའི་རྗེ་བཀྲ་ཤིས་རྡོ་ཁ་མ་དང་། དམིགས་བརྩེ་མ་འབུམ་དགུ་དང་རིང་བསྲེལ་བྱིན་རྟེན་གཟུངས་བཞུགས་ཆ་ཚང་སྐྱབས་རྗེ་སྐལ་བཟང་ཡོན་[page 51] ཏན་མཆོག་གིས་ཕུལ། རབ་གནས་ཆེན་པོ་ཞི་རྒྱས་དབང་དྲག་གིས་སྦྱིན་བསྲེགས་བཅས་ཉིན་བདུན་མཛད་པ་དང་། གཞན་ཡང་ལྷ་མོའི་རྗེ་གནང་སོགས་མཛད། རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོར་ཀེའུ་ཚང་བླ་མ་དཔལ་ལྡན་དགེ་ལེགས་རྣམ་རྒྱལ་མཆོག་དགོན་འདིར་ཕེབས་ནས་བཀའ་འགྱུར་དང་རྗེ་ཡབ་སྲས་གསུམ་གྱི་གསུངས་འབུམ་ཆ་ཚང་གི་ལུང་དང་། བླ་མ་མཆོད་པའི་ཁྲིད་དང་མགོན་མཆོད་ལྔའི་རྗེས་གནང་བཅས་གནང་བ་དང་། རྒྱལ་རོང་དགེ་བཤེས་ངག་དབང་མཆོག་གིས་དགོན་པའི་གཡས་སུ་ཁྲུ་དགུ་བཅུ་ཡོད་པའི་རྣམ་རྒྱལ་མཆོད་རྟེན་གཅིག་བཞེངས་པ་ལ་རབ་གནས་མཛད་མཁན་གཙོ་བཞུགས་གནང་། ལི་ཐང་སྐྱབས་མགོན་མཆོག་དང་། ཚེ་མཆོག་གླིང་བླ་མ་རིན་པོ་ཆེ་དང་། མགར་ཐར་སྐུ་རྒྱབ་རིན་པོ་ཆེ། རི་ཁུད་དགོན་གྱི་བླ་མ་མཆོག་དང་། གཞན་ཡང་དགེ་བཤེས་ཆེན་མོ་བརྒྱད་དང་། དགེ་འདུན་བཅུ་ཕྲག་བརྒྱད་ཀྱིས་ཉིན་བཅུ་བདུན་གྱི་རིང་ལ་རབ་གནས་མཛད་སྒོ་སྤེལ། རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ལོར་ལྔ་མཆོད་དགོན་མེས་བསྲེགས་སྐབས་དགོན་འདིའི་གྲྭ་མང་ཡོངས་ཀྱིས་ཉིན་ཧྲིལ་པོར་མེ་བསད་རོགས་གནང་། ཉིན་བདུན་ལས་འོག་ཏུ་སོང་བའི་དངོས་རྫས་རྣམས་བཏོན་རོགས་མཛད། གྲྭ་པ་ཉི་ཤུ་དེར་རོགས་བྱེད་དུ་འོང་སྟེ་ཐུགས་ཁུར་ཆེན་པོ་མཛད། དད་རྟེན་དུ་ཐུབ་དབང་ལི་མའི་རྒྱ་མཐོ་གང་ལྷག་ཙམ་ཡོད་པ་གཅིག གསུངས་རྟེན་ལ་བརྒྱད་སྟོང་པོད་གཅིག སྐལ་བཟང་པོད་གཅིག ལམ་རིམ་ཆེན་མོ་པོད་གཅིག ཐུགས་རྟེན་ལ་བྱང་ཆུབ་མཆོད་རྟེན་མཐོ་དོ་ཡོད་པ་གཅིག་དང་། མཆོད་ཆས་སྐོར་རྡོ་རྗེ་དྲིལ་བུའི་ཊཱ་མ་རུ་དང་ནང་མཆོད་ཀཱ་པ་ལའི་ཐོད་པ། བུམ་པ་གཅིག སིལ་སྙན་གཅིག སྦུབ་ཆ་གཅིག རྒྱ་གླིང་ཆ་གཅིག དུང་དཀར་ཆ་གཅིག མཁར་རྔ་གཅིག ཚོགས་གདན་རྒྱ་བོ་གདན་རིང་གཉིས་བཅས་ཀྱི་བཀའ་དྲིན་གནང་། མེ་གླང་ལོ་ཉམས་གསོ་བྱེད་སྐབས་དགོན་འདིའི་ལྕང་མའི་གདུང་མ་སོ་བཞི་དང་། ཇ་འཁོར་ལྔ། རྩམ་པ་དོ་བོ་གཅིག་བཅས་སྐྱོབས་གསོལ་རོགས་ལྡན་བྱས། རབ་བྱུང་བཅུ་དྲུག་པའི་ཤིང་ལུག གོང་ས་སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་རྒྱལ་ས་པེ་ཅིན་ནས་ཡར་ཕེབས་སྐབས་དགོན་པས་གདན་ཞུས་ལྟར་གསུངས་ཆོས་གནང་སྟེ་དགོན་པ་ཉམས་གསོའི་རྟེན་སྒོར་མོ་མི་ཉུང་བ་ཙམ་གཟིགས་སྐྱོང་མཛད། རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བློ་བཟང་རྒྱལ་བསྟན་མ། དགའ་ལྡན་ལྷ་བརྒྱ་མ། བསྟན་འབར་མ། ཤམ་བྷ་ལའི་སྨོན་ལམ། གང་བློ་མ། ཚེ་ལྷ་རྣམ་གསུམ་བསྡུས་པ་བཅས་གསུངས་ཆོས་གནང་། འདུ་ཁང་སྟེང་འོག་རྣམ་ལ་རབ་གནས་མཛད། དཔལ་ལྡན་དམག་ཟོར་མོའི་མདུན་དུ་དཀའ་བ་དང་བླངས་མ། སེམས་ཉིད་འཕྲིན་ལས་དང་། དཔག་དཀའ་མ་བཅས་གསུངས། དཔལ་ལྡན་ལྷ་མོའི་སྐུ་ཐང་རྒྱབ་ཏུ་ཉིད་ཀྱི་ཕྱག་པར་ཡོད་པ་དང་། ཉིད་ཀྱི་སྐུ་པར་དང་། དམ་ཕྲུག ཕྱག་བྲིས་བཅས་གནང་། མཚན་བྱང་ལ། ལྷ་མོ་རྩེ་དགོན་དགའ་ལྡན་འགྲོ་ཕན་གླིང་ཞེས་སྒོ་བྱང་དང་། སྒོར་མོ་ཆིག་སྟོང་གཅིག་བཅས་གཟིགས་སྐྱོང་བླ་ན་མེད་པར་གནང་ངོ་།

ཡོན་གྱི་ཐོན་ཁུངས། ཆོས་སྡེ་འདིར་ཚོགས་པའི་གཏོང་སྒོ་སོགས་ཡོན་གྱི་འབྱུང་ཁུངས་ནི། སྔོན་རྗེ་[page 52] བཙུན་དམ་པ་སངས་རྒྱས་ཞིང་ཆེན་གྱི་སྐུ་རིང་ལ་མདོ་པ་ས་ག་དཔོན་གཙོ་བོའི་མདོ་པ་བཅུ་གསུམ་སོགས་ཡོན་བདག་བགྱིས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པའི་མཐུན་རྐྱེན་བསྒྲུབ། འབོ་ཡུལ། བློ་བདེ། འདུ་ཐང་། རྫ་ལེགས། མདོ་པ་སོགས་ཀྱི་སྡེ་བའི་དཔོན་དུ་གྱུར་ཡུལ་སྡེ་དེ་དག་ནི་ཆོས་སྡེ་འདིའི་ཡོན་བདག་དང་མངའ་འབངས་སུ་གྱུར། མགྲོ་མགོན་འཕགས་པའི་དངོས་སློབ་པག་ཤ་ནག་པོའམ་མར་ཟན་དེའི་སློབ་མ་ཡེ་ཤེས་རྡོ་རྗེ་དཔོན་སློབ་གཉིས་ཀྱིས་དགོན་སྡེ་འདིར་བསྟན་པ་བསྐྱངས་དོན་གཙོ་བོ་འདིའི་ཆེད་ཡིན་པར་འདྲ། ཡེ་ཤེས་རྡོ་རྗེའི་རྣམ་མཐར་ལས། རྒྱལ་པོའི་ལུང་གིས་འགུ་ཐང་དང་། མི་ཉག་གི་ལྷ་སྡེའི་དཔོན་དུ་བསྐོས་ཏེ་དར་མདོ་ལྷ་མོ་སྨན་མཆེད་བརྒྱད་ཀྱི་ཞོལ་དུ་ཕྱག་ཕེབས་ཏེ་གདུལ་བྱ་བསྐྱངས་ཞེས་གསུངས་པ་ལགས། ཆོས་སྡེ་འདི་འབྲུག་སྒང་དུ་སྤོས་ནས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཞེངས་ཚུལ། འབྲིང་བོ་རྒྱལ་པོ་དང་། འགུ་ཐང་སྟོད་སྨད་རྒྱལ་རོང་སྨད་པ། རྫ་ལེགས། ལེགས་སྦྱར་མི་ཉག་པ་སོགས་དཔོན་སྡེ་རྣམས་ཀྱིས་ཡོན་བདག་བགྱིས་ལེགས་པར་གྲུབ། དེ་རྗེས་ངག་དབང་འཇམ་དབྱངས་ཀྱི་སྐུ་ཕྲེང་གསུམ་པ་ངག་དབང་འཕྲིན་ལས་མཆོག་གི་སྐུ་རིང་ལ་ཚོགས་ཁང་དང་གྲྭ་ཤག་ཉམས་གསོ་མཛད་དུས་སྦྱིན་བདག་གཙོ་བོ་ལྕགས་ལ་རྒྱལ་པོ་ནས་རྒྱ་དངུལ་རྡོ་ཚད་བདུན་ཅུ་དང་འབྲུ་རིགས་སོགས་གྱ་ནོམ་པ་ཕུལ་བ་དང་། གཞན་ཡང་དར་མདོ་སྒང་རྒྱབ་པ་དང་། ཆུ་ཉིས་བར་བ་ཤེས་རབ་རྣམ་པ། ལྟག་སྒོ་རྒྱབ་པ། ས་ག་འགོ་པ་སོགས་ཨ་ལྕགས་ཁག་པ་རྣམས་ཀྱིས་ཞབས་འདེགས་འབུལ་བསྡུད་ཕུན་སུམ་ཚོགས་པར་དེར་བརྟེན་སྔར་བཞིན་ལེགས་པར་བསྒྲུབས། བླ་རབས་དེ་དག་གི་སྐུ་རིང་ལ་རྒྱུན་མཆོད་སྟོང་ཐེབས་རྟེན་ཞིང་དར་མདོར་ས་རྨོ་བརྒྱ་ལྷག་ཙམ་དང་མི་ཉག་ལ་རྨོ་དྲུག་བརྒྱ་ལྷག་ཙམ་འབྲུ་རིགས་ཀྱི་ཐོན་ཁུངས་ཡོད། མི་ཉག་ཛུ་ལུང་ལ་འབྲོག་སྡེ་དུད་ཚང་གཉིས་ལ་འབྲི་གཡག་སོགས་ཕྱུགས་གསུམ་བརྒྱ་ལྷག་ཙམ་གྱི་ཡོན་གྱི་ཐོན་ཁུངས་ཡོད་དོ།།

དགྲུབ་མཆོད་རྒྱུན་སྲོལ། སྤྲུལ་སྐུ་ངག་དབང་འཇམ་དབྱངས་སོགས་བླ་རབས་རིམ་བྱོན་གྱི་སྐུ་རིང་ལ་རྒྱུད་སྡེའི་སྒྲུབ་མཆོད་རྒྱུན་འཇགས་གྱུར་པའི་ལོ་འཁོར་གཅིག་ལ་དུས་མཆོད་རིམ་བཞིན་བཀོད་ན། ལོ་གསར་དང་པོ་ཚེས་གཅིག་ཉིན་ལྷ་མོ་ཚེ་གཏོར་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉིན་བཅུ་དང་། ཟླ་བ་གཉིས་པ་ཚོག་ས་ཆུང་མི་འཁྲུགས་པ་སྒྲུབ་མཆོད་ཉིན་ལྔ་དང་། ཟླ་བ་གསུམ་པར་མ་ཎི་བུམ་སྒྲུབ། བཞི་པར་ཐུགས་རྗེ་ཆེན་པོ་དཔལ་མོའི་ལུགས་ཀྱི་སྨྱུང་གནས་ཆ་བརྒྱད་ཚར་ནས་དབྱར་མཆོད་དྲུག་ཅུ་གཏོར་བཟློག ལྔ་པ་སྒྲོལ་དཀར་ཚེ་སྒྲུབ་ཉིན་བདུན། དྲུག་པ་བདེ་མཆོག་སྒྲུབ་མཆོད་ཉིན་བདུན། དབྱར་གནས་ཟླ་བ་ཕྱེད་གཉིས། བརྒྱད་པར་ཀུན་རིག་སྒྲུབ་མཆོད་ཉིན་བདུན། དགུ་པ་ཚེ་དཔག་མེད་སྒྲུབ་མཆོད་ཉིན་བདུན། བླ་མ་བྱང་ཆུབ་ལྷུན་གྲུབ་ཀྱི་འདས་མཆོད་ཉིན་གཉིས། བཅུ་པ་གཤིན་རྗེའི་གཤེད་ལྷ་བཅུ་གསུམ་[page 53] མའི་སྒྲུབ་མཆོད་ཉིན་བདུན་དང་ལྔ་མཆོད་ལ་བླ་མ་ཆོད་པའི་ཚོགས་འཁོར། བཅུ་གཅིག་པར་དགུན་མཆོད་བསྐངས་གསོ་ཆེན་མོ་དང་གདུགས་དཀར་གཏོར་ཆེན། བཅུ་གཉིས་པར་ལྟ་མོའི་གཏོར་སྒྲུབ་བཅས་ཉིན་བཅུ་བཅས་ཆོས་ཀྱི་མཛད་སྒོ་དེ་དག་ནི་ལོ་༡༢༨གྱི་སྒྲུབ་མཆོད་འཚོགས་རྒྱུ་མཆིས་སོ།།

སྐུ་གསུང་ཐུགས་རྟེན་སྐོར། ཆོས་སྡེ་འདི་ཆགས་ནས་ད་བར་ལོ་ཆིག་སྟོང་གཅིག་ལྷག་ཙམ་འདས་པའི་དམ་པ་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པ་ཐམས་ཅད་བརྗོད་པར་མི་ནུས་མོད། འོན་ཀྱང་འབྲུག་སྒང་སྤོས་ནས་དངོས་སུ་བཞུགས་པའི་མཚན་ཐོ་སྨྲོས་ན། དེའང་ས་ཡི་ཁྱོན་ཧ་ལམ་རྒྱང་གྲགས་གཅིག་ཙམ་དུ་འདུ་ཁང་ཆེན་མོ་གཅིག་དང་། དེའི་གཡས་སུ་བྱམས་པ་ཁང་གཅིག གཡོན་དུ་མགོན་ཁང་ཆེན་མོ་གཅིག རྒྱབ་ཏུ་ཁྲི་ཐོག་ཁང་གཅིག མདུན་གཡོན་དུ་བསྙེན་གནས་ལྷ་ཁང་གཅིག བྱམས་ཁང་གཡས་སུ་མགྲོན་ཁང་དང་ཇ་ཁང་མཆོད་རྟེན་ཆེ་ཆུང་གཉིས་དང་རྒྱབ་ཏུ་སྤྲུལ་སྐུ་རྣམ་གཉིས་ཀྱི་གཟིམ་ཤག་ཁག་དང་འདུ་ཁང་གི་མདུན་དུ་གྲྭ་ཤག་ཁག་གིས་བསྐོར་དེའི་མཐའ་ལ་ལྕགས་རི་ཡིས་བསྐོར་རོ། བྱམས་པ་ཁང་དུ་རྟེན་གཙོར་སྔར་གདན་ཐོག་ཡོད་སྐབས་བླ་མ་ཡོན་ཏན་བཟང་པོའི་སྐུ་རིང་ལ་རབ་གནས་མཛད་དུས་ཡེ་ཤེས་པ་མངོན་སུམ་བཞུགས་པའི་ལི་མའི་བྱམས་པ་དང་ཇོ་བོ་ཤཱཀྱ་མུ་ནེ་གཉིས་ལ་ཁྲི་བཞི་ལྔ་ཙམ་ཡོད་པ་དང་། གསེར་ཟངས་ལས་གྲུབ་པའི་ཙོང་ཁ་བ་སོགས་དང་། གསེར་བྲིས་དཀའ་འགྱུར་ཆ་ཚང་གཅིག གསེར་ཟངས་ཀྱི་གནྫ་བཅུ་གསུམ་དང་། རི་དྭགས་ཆོས་འཁོར་ཆ་གཉིས་དང་རྣམ་སྲས་ཕོ་བྲང་བཅས། འདུ་ཁང་ཆེན་མོ་རྟེན་གཙོ་ལྕགས་ལ་རྒྱལ་པོ་ནས་རབ་བྱུང་བཅོ་ལྔ་ནང་བཞེངས་པའི་རྗེ་ཡབ་སྲས་གསུམ་དང་དེའི་གཡས་སུ་རྗེ་ཙོང་ཁ་བ་ཐོག་བརྩེགས་མ་གཅིག་དེའི་ནང་བཞུགས་རྒྱལ་མཆོག་ལྔ་པ་མཆོག་གིས་གནང་བའི་རྗེ་གཞན་ཕན་མ་བཅས་བཞུགས། ཇོ་བོ་ཤཱཀྱ་མུ་ནེ་གཙོ་འཁོར་གསུམ་ཐོག་བརྩེགས་མ་སོགས་དང་། འདུ་ཁང་ཤར་གྱི་ལྡེབས་རིས་ལ་མགོན་ཕྱག་དྲུག་སོགས་སྲུང་མའི་སྐོར་ནུབ་ཏུ་རྒྱན་དྲུག་མཆོག་གཉིས། གསང་འདུས་ལྷ་སོ་གཉིས་དང་། བདེ་མཆོག ཀུན་རིག་ཕྱག་རྡོར་འཁོར་ཆེན་བཅས་དང་། བྱང་གི་ལྡེབས་རིས་ལ་གནས་བརྟན་བཅུ་དྲུག འཇིགས་བྱེད་བཅུ་གསུམ་མ་གདུགས་དཀར་བཅས་བཞུགས། སྟེང་གི་ལྡེབས་རིས་ལ་སངས་རྒྱས་ནས་རྒྱ་ཆེན་སྤྱོད་རྒྱུད་དང་། ཟམ་མོ་ལྷ་རྒྱུད་བཅས་དང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་རབས་བཅས་དང་འདུ་ཁང་སྟེང་གི་བཀའ་འགྱུར་ཁང་དུ་སྣར་ཐང་བཀའ་འགྱུར་དང་། བསྟན་འགྱུར་ཆ་ཚང་། ཁྲི་ཆེན་མཁྱེན་རབ་དབང་ཕྱུག་གི་གནང་བའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་། ཐང་གའི་སྐོར་མཉམ་མེད་ཤཱཀྱའི་རྒྱལ་པོའི་རྟོགས་བརྗོད་སྐྱེས་རབས་ཐང་ག་སུམ་ཅུ་སོ་ལྔ་དང་། མཛད་པ་བཅུ་གཉིས་ཀྱི་ཐང་ག་ལྔ་དང་། ཙོང་ཁ་བརྒྱད་ཅུའི་ཐང་ག་སུམ་ཅུ་སོ་ལྔ་འདི་ཁྲི་ཆེན་འཇམ་དབྱངས་དམ་ཆོས་ཀྱིས་གནང་བ་དེ་ཡིན། གནས་བརྟན་བཅུ་དྲུག་གི་ཐང་ག་དགུ། བདེ་གསང་འཇིགས་གསུམ་གྱི་ཆེས་ལེགས་པ་གསུམ། མགོན་མཆོད་ལྔའི་ཐང་ག་ལྔ། གདུགས་དཀར་སྒྲོལ་མ་སེང་གདོང་མ་བཅས་ཐང་ག་ལྔ། དགའ་ལྡན་ལྷ་བརྒྱ་མའི་ཐང་ཆེ་ཞིང་དུ་ཁྲུ་སོ་ལྔ་[page 54] དང་། མཐོ་ཚད་གསུམ་ཡོད་པ་ཐང་ཏོག་ཆ་གཅིག་དངུལ་སྲང་ལྔ་བཅུ་ཡོད་པའི་ཐང་མོ་ཆེ་ཁྲི་ཆེན་འཇམ་དབྱངས་དམ་ཆོས་ཀྱིས་གནང་བ་ཡིན། འདུ་ཁང་སྒོའི་འགྲམ་གཉིས་སུ་རྒྱལ་ཆེན་བཞི་དང་། འདུལ་བའི་དཔེ་བྲིས་དང་ཡོ་བྱད་བཅས་དང་དེའི་གཡས་སུ་རྡོ་རྗེ་ལྷ་མོ་རྩེའི་སྨན་མཆེད་བརྒྱད། གཡོན་དུ་སྲིད་པ་འཁོར་ལོ་དང་། བཙན་རྒོད་ཆེན་མོ་བཅས་སྣང་བརྙན་བཞུགས།

མགོན་ཁང་ཆེན་མོ་རུ་རྟེན་གཙོར་གསང་བདེའི་འཇིགས་གསུམ། བདེ་མཆོག་དཀར་པོ། མགོན་པོ་ཕྱག་དྲུག་དང་ཞལ་བཞི་པ། ཆོས་རྒྱལ་ཕྱི་ནང་གསང་གསུམ། ལྷ་མོ་རྣམ་སྲས་འདོད་ཁམས་དབང་ཕྱུག་དམག་ཟོར་མའི་རྒྱབ་ཏུ་རྒྱལ་དབང་ལྔ་པ་ཆེན་པོ་ཉིད་ཀྱི་ཕྱག་པར་དམ་ཕྲུག་སྣང་བའི་ལྷ་མོ་གསེར་ཐང་བཞུགས། སྟེང་གི་དབུས་སུ་རྡོ་རྗེ་འཆང་དང་གཡས་གཡོན་དུ་གྲུབ་ཐོབ་བརྒྱད་ཅུ་དང་རྗེ་ཙོང་ཁ་བའི་གཟིགས་པ་ལྔ་ལྡན་ལྡེབ་བྲིས་བཅས་བཞུགས། སྨྱུང་གནས་ལྷ་ཁང་དུ་ཐུགས་རྗེ་ཆེན་པོ་དང་། འཇམ་དབྱངས་ཕྱག་རྡོར་བཅས་བཞུགས། ལྷ་ཁང་སྐོར་ལམ་དུ་འཁོར་ཆུང་བ་བརྒྱ་དང་བརྒྱད་མཆིས་སོ། ཁྲི་ཐོག་ཁང་དུ་ཁྲི་ཆེན་མཁྱེན་རབ་དབང་ཕྱུག་སོགས་ཀྱི་སྐུ་བརྙན་བཞུགས་པ་ལགས་སོ།།

མཆོད་རོལ་རྩ་ཆེན་བསྐོར། ཤང་ཤང་སྦུབ་དང་སིལ་སྙན་སོགས་དང་། གཏེར་ནས་བཏོན་པའི་དུང་དཀར་དང་། མཁའ་འགྲོ་སྒྲོལ་ཐག་གི་ཆོས་རྫས་སོགས་རིན་ཐང་གཞལ་དཀའ་བའི་དངོས་རྫས་དུ་མ་མཆིས་སོ།།

བར་སྐབས་སུ་དུས་དབང་གི་གནོད་འཚེ་བྱུང་ཚུལ་སྐོར། རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོའི་བཞི་རྒོལ་འགུལ་བསྐྱོད་སྐབས་སུ་ལྷ་མོ་རྩེ་དགོན་འདིར་ཞིག་གསོ་དགེ་འདུན་རྣམས་ཀྱི་བཀོད་སྒྲིག་དང་། ཉམས་གསོ་བྱས་སྒོར་མི་ཉུང་བ་གནང་བར་མཆིས། རིག་གནས་གསར་བརྗེ་ཞེས་དུས་སྦྲུལ་གྱི་ཁ་རླངས་བཞིན་ཐམས་ཅད་འཇོམས་ཤིང་། ལུས་ཅན་མཐའ་དག་ཧ་ཅང་སྐྱོ་བ་དང་ཡིད་ཕམ་དགོས་པའི་གནས་སུ་གྱུར་ཏེ་སྲོལ་བཟང་གདན་རབས་དང་བླ་རབས་རིམ་བྱོན་གྱི་རྒྱུན་དང་བིན་གྱིས་བརླབས་པའི་སྐུ་གསུངས་ཐུགས་རྟེན་སོགས་རྩེ་ཆེན་རྣམས་འཇིག་རྟེན་ན་མཇལ་དཀའ་བའི་རིགས་དང་མེས་པོ་རྣམས་ཀྱིས་མི་རབས་དུ་མར་གཞག་བའི་འབྲས་བུ་ཐམས་ཅད་བཅོམ་ཤིང་། གནའ་རྫས་རིན་ཐང་ཅན་ཆེས་ཆེ་བའི་སྐོར་རྩ་མེད་གཏོར་བརླགས་སུ་ཐེབས་སོ།། རྗེས་སུ་གདན་ས་འདི་ཉམས་གསོ་བྱེད་ཆོག་པའི་ཆོག་མཆན་འོག་བློ་བཟང་བསྟན་འཛིན་གྲགས་པ་དང་བློ་བཟང་དར་རྒྱས་མཆོག་སྤྲུལ་རྣམ་རྒྱལ་མཆོག་རྣམ་གཉིས་ཀྱིས་གཙོ་འགན་གནས་བས། ལྕགས་སྤྲེལ་ལོར་ཆོས་སྡེ་འདི་ཉམས་གསོའི་སླད་དུ་དར་རྒྱས་མཆོག་སྤྲུལ་རིན་པོ་ཆེ་ལྷ་ལྡན་དབུས་གཙང་སོགས་གནས་ཆེན་ཁག་རྩ་ཆེན་བྱིན་རྟེན་གང་རྙེད་གཟུངས་བཞུགས་དང་དཔེ་ཆ་གསུངས་རྟེན་གང་རྙེད་ཐབས་ཤེས་གནང་།

སྤྱི་ལོ་༡༩༨༦ལོར་སྲིད་གཞུང་གིས་གཟིགས་སྐྱོང་སྒོར་ཁྲི་ཉི་ཤུ་གནང་སྟེ། དགེ་བློ་བཟང་དོན་གྲུབ་དང་། དགེ་རྒོ་ཕྲུག་བཅས་གཙོ་འགན་བཞེས་གནང་། དགེ་འདུན་གྲྭ་མང་དང་། དད་ལྡན་སྦྱིན་བདག་ཁག་གིས་[page 55] རྒྱབ་སྐྱོར་རོགས་རམ་ལ་བརྟེན་ནས་བྱམས་ཁང་དང་། གྲྭ་ཤག་ལེགས་པར་བསྐྲུན། སྤྱི་ལོ་༡༩༩༡ལོར་མགོན་ཁང་དང་ཇ་ཁང་བཅས་གྲུབ། སྤྲུལ་སྐུ་བློ་བཟང་དར་རྒྱས་རིན་པོ་ཆེ་མཆོག་ལ་རྒྱ་བོད་དད་ལྡན་སེར་རྒྱ་མང་ཚོགས་ཀྱིས་འབུལ་བ་ཕུལ་བའི་སྒོར་ཡོན་མ་ཟད་ཉིད་ཀྱི་གླ་ཕོག་ཀྱང་གསོལ་ཟན་ཆོག་ཙམ་མ་གཏོགས་དེ་མིན་ཐམས་ཅད་དགོན་འདིར་གནང་དགེ་འདུན་རྣམས་ལ་རིམ་གྲོ་གྲོང་ཆོག་སོགས་འོང་སྒོར་རྣམས་དགོན་འདིར་ཕུལ་བ་དང་། དད་ལྡན་སྦྱིན་བདག་རྣམས་ཀྱི་དཀའ་བ་གཅིག་སྒྲིལ་བགྱིས་ཏེ་འདུ་ཁང་ནང་དུ་རྟེན་བཞེངས་པ་ནི། རྟེན་གཙོ་རྗེ་ཙོང་ཁ་བ་ཐོག་བརྩེགས་གཉིས་ལྷག་གི་རྒྱན་དྲུག་བཅས་དང་། རྒྱལ་ཚབ་རྗེ་དང་། མཁས་གྲུབ་རྗེ་གཉིས་ལ་ཐོག་བརྩེགས་ཅན་དང་ཐུབ་དབང་སྐུ་དང་། འོད་དཔག་མེད། ས་པཎ། སློབ་དཔོན་པདྨ་འབྱུང་གནས། ཇོ་བོ་རྗེ། རྗེ་བཙུན་མི་ལ་རས་པ། སྤྱན་རས་གཟིགས་ཕྱག་བཞི་པ། འབའ་ལ་ཁ་བླ་མའི་འདྲ་སྐུ་གྲུབ་ཐོབ་ཤེས་ཤེས་འཕེལ་བཅས་ཀྱི་འདྲ་སྐུ་བཞུགས་སོ།། བྱང་གི་ལྡེབས་རིས་ནི་སྨན་བླ་བདེ་གཤེགས་བརྒྱད། འཕགས་པ་གནས་བརྟན་བཅུ་དྲུག་ཚེ་ལྷ་རྣམ་གསུམ། རྣམ་སྲས་དང་ནོར་ལྷ་ཕོ་མོ། ལྷོ་ཡི་ལྡེབས་རིས་ལ་རྒྱན་དྲུག་མཆོག་གཉིས། རིགས་གསུམ་མགོན་པོ། ངན་སོང་སྦྱོང་རྒྱལ་གསུམ། ཤར་གྱི་ལྡེབ་རིས་ལ་མགོན་པོ་ཕྱག་དྲུག་པ། ཞལ་བཞི་བ་དང་། ཀྴེ་ཏྲ་པཱ་ལ་ཆོས་རྒྱལ་ཕྱི་ནང་གསང་གསུམ། ཕྱག་རྡོར། ཛམ་བྷ་ལྷ་འབྲུག་ཞོན། དམག་ཟོར་མ། མགོན་དཀར། ལྕམ་སྲིང་། སྐུ་ལྔ་གནས་ཆུང་། བསེ་ཁྲབ། ཚེ་རིང་མ། དམ་ཅན་འགར་བ་བཅས། སྒོ་འཁྱོགས་ལ་རྒྱལ་པོ་ཆེན་པོ་བཞི་དང་། སྟེང་གི་ལྡེབས་རིས་ལ་མཁན་སློབ་ཆོས་གསུམ། མར་པ་མི་ལ་ས་ཆེན་གོང་མ་རྣམ་ལྔ། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་དབང་རིམ་བྱོན། པཎ་ཆེན་རིམ་བྱོན་བཅས་ཀྱི་གདན་རབས། བྱམས་པ་ཁང་དུ་ཐོག་བརྩེགས་གསུམ་ལྷག་ཙམ་གྱི་ནང་གི་ལྡེབས་རིས་ལ་མི་ཕམ་མགོན་པོ། གཡས་སུ་ཐོག་བརྩེགས་ཅན་གྱི་སྒྲོལ་དཀར་དང་། གཡོན་དུ་དེ་བཞིན་སྒྲོལ་ལྗང་། བཅུ་གཅིག་ཞལ། སའི་སྙིང་པོ། ལྡེབས་རིས་ལ་སངས་རྒྱས་མར་མེ་མཛད། སེངྒེ་སྒྲ། རྡོ་རྗེ་སེམས་དཔའ། ཐུབ་པའི་དབང་པོ་དང་། ཉན་ཐོས་འོད་སྲུང་ཆེན་པོ་དང་། ཀུན་དགའ་བོ། ཉེ་བའི་སྲས་བརྒྱད། སྒྲོལ་མ་ཉེར་གཅིག ལྟུང་བཤགས་སོ་ལྔ། འོད་ཟེར་ཅན་མ། ལོ་གྱོན་མ། རྟ་མགྲིན། རྗེ་ཡབ་སྲས་གསུམ་བཅས། མགོན་ཁང་དུ་རྟེན་གཙོ་ཐོག་བརྩེགས་གཉིས་ལྷག་ཙམ་གྱི་འཇིགས་བྱེད་གཤིན་རྗེའི་གཤེད་ཀྱི་སྐུ། གསང་འདུས། བདེ་མཆོག་ཀྱེ་རྡོར། དུས་འཁོར། སེང་གདོང་མ། འབྱུང་འདུས། གུར་མགོན་ཞལ་བཞི་བྲམ་ཟེ་གཟུགས་དཔལ། གཤིན་རྗེ་ཆོས་རྒྱལ། ལྷ་མོ། རྣམ་སྲས། ལྕམ་སྲེང་། གནས་ཆུང་། བསེ་ཁྲབ། ཀྵེ་ཏྲ་པཱ། གཙན་རྒོད། དམ་ཅན། ཁྱབ་འཇུག་རུ་འདྲེན་སྡེ་བཞི་བཅས་གསར་བཞེངས་ལེགས་པར་གྲུབ་པོ།། གསེར་ཁང་དུ་མཆོག་སྤྲུལ་རིན་པོ་ཆེ་དར་རྒྱས་ཉིད་ཀྱི་ཉར་ཚགས་བྱས་པའི་ལི་མའི་གསེར་གླིང་སྒྲོལ་མ་གསུངས་བྱོན་མ་དང་ཚེ་དཔག་མེད་སོགས་དང་སེར་སྐྱ་དད་ལྡན་རྣམས་ཀྱི་ཕུལ་བའི་ཁྱོན་ལི་མ་དང་གསེར་སྐུ་རིན་ཐང་[page 56] ཅན་བཞི་བཅུ་ལྷག་ཙམ་དང་། ཆོས་ཆས་ལ་ཡང་དགོས་མཁོ་སྤྱོད་རྒྱུ་ཆ་ཚང་དང་། མཆོད་རྫས་ཆ་ཚང་བཅས་བསྒྲུབས་ཟིན། དུས་མཆོད་རྒྱུན་འཇགས་སུ་གྱུར་བའང་། ལོ་གཅིག་གི་ཟླ་བ་དང་པོའི་ནང་ལོ་གསར་ཚེས་གཅིག་ལ་ལྷ་མོ་ཚེ་གཏོར་དང་། སྨོན་ལམ་ཆེན་མོ་ཉིན་བརྒྱད། གསུམ་པ་མི་འཁྲུགས་པའི་སྒྲུབ་མཆོད། བཞི་པའི་ཚེས་གཅིག་ནས་བཅུ་དྲུག་བར་ཐུགས་རྗེ་ཆེན་པོ་དཔལ་མོའི་ལུགས་ཀྱི་སྨྱུང་གནས་ཆ་བརྒྱད། དྲུག་པའི་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་དབྱར་གནས། དགུ་པ་ངན་སོང་སྦྱོང་རྒྱུད་ཀུན་རིག་གི་སྒྲུབ་མཆོད་ཉིན་བདུན། བཅུ་པར་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་མཆོད་ཉིན་བདུན་དང་ལྔ་མཆོད་ལ་བླ་མ་མཆོད་པའི་ཚོགས་འཁོར། བཅུ་གཅིག་པར་དགུན་མཆོད་བསྐངས་གསོལ་ཆེན་མོ་ཉིན་བདུན་དང་། ཟླ་བ་རེ་ཡི་ཚེས་གཅིག་ལ་བསྐངས་གསོལ་དང་བཅོ་ལྔ་ལ་སྒོལ་མཆོད་དང་། ལོ་རེ་ཡི་ཉིན་ལྟར་སྐམ་ཚོགས་ཆད་པ་གཏན་འཁེལ་ཡོད།

དགོན་པ་གཞན་དང་འབྲེལ་བ་ལ་སྤྱི་ལོ་༡༩༨༩ལོའི་ཟླ་བ་དགུ་པའི་ཚེས་བཅུ་དྲུག་ཉིན་རེན་ཧྲུའུ་རྫོང་གིས་མཆོག་སྤྲུལ་རིན་པོ་ཆེ་སྐུ་འཁོར་གདན་ཞུས་ཏེ་རྫོང་བོ་ཨན་པུའུ་དགོན་པ་གསར་བཞེངས་ཆོས་སྟོན་དང་དགུ་པའི་བཅུ་དགུ་སྒོམ་མའི་དུས་ཆེན་ཉིན་དད་ལྡན་མངས་ཚོགས་ཁྲི་ཕྲག་ལ་ཚེ་དབང་དང་འདོད་ཆོས་རྣམས་གསུངས། རེན་ཧྲུའུ་ཧེ་ལང་ཐམ་བོ་ཨན་པུའུ་དགོན་པ་ལ་མདོ་སྔགས་བསྐལ་བཟང་པོད་གཅིག་དང་ཉིན་བདུན་ཙམ་བཞུགས་རིང་སེར་སྐྱ་དད་ལྡན་རྣམས་ཀྱིས་ཕུལ་བའི་ཤོག་སྒོར་ཚང་མ་དགོན་པ་བཞེངས་པའི་རྟེན་དུ་གནང་། སྤྱི་ལོ་༡༩༩༡ལོར་ལོར་གཡག་རྔ་ཅིན་ཧྥུང་སིའི་དགོན་གྱི་དགྲ་བཅོམ་ལྷ་ཁང་གསར་བཞེངས་ཀྱི་རབ་གནས་མཛད་སྒོ་མཆོག་སྤྲུལ་རིན་པོ་ཆེ་གཙོ་དགེ་འདུན་ལྷན་རྒྱས་གདན་ཞུས་ཏེ་རབ་གནས་སྦྱིན་བསྲེགས་བཅས་ཉིན་བདུན་ཙམ་མཛད་སྒོ་ཟབ་རྒྱས་སྤེལ། དད་ལྡན་སྦྱིན་བདག་ཁྲི་ཕྲག་དུ་མ་འདས་པ་ལ་སོ་སོར་འདོད་ཆོས་བཅས་གསུངས། འདིའི་དགོན་པ་ལ་སྐུའི་རྟེན་ལམ་རིམ་ཚོགས་ཞིང་གི་ཐང་ག་གཅིག གསུངས་རྟེན་དུ་བསྐལ་བཟང་པོད་གཅིག ཐུགས་རྟེན་ལ་རྣམ་རྒྱལ་མཆོད་རྟེན་གཅིག་དང་དགྲ་བཅོམ་ལྷ་ཁང་གི་སྒོ་བྱང་བཅས་བསྩལ། སྤྱི་ལོ་༡༩༨༩ལོར་པན་ཆེན་ཨིར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བཀའ་གནང་ལྟར་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་ལྷུན་པོ་དགོན་པའི་མཆོད་ཁང་ཤར་པཎ་ཆེན་གདུང་དྲེན་ཁང་བཀྲ་ཤིས་རྣམ་རྒྱལ་གྱི་རབ་གནས་མཛད་སྒོར་ཕེབས་ཏེ་པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་སློབ་དང་དད་རྟེན་དུ་འོད་དཔག་མེད་སྐུ་འཁོར་མ་གཅིག་དང་ཉིད་ཀྱི་སྐུ་པར་སོགས་གནང་། ཆོས་སྡེ་འདིར་ལོ་རིའི་སྨོན་ལམ་སྐབས་མཆོག་སྤྲུལ་རིན་པོ་ཆེ་ནས་ལམ་རིམ་གསུངས་ཆོས་དང་། དབྱར་གནས་སྐབས་དཔེ་ཆ་དགེ་རྒན་གྱིས་ལམ་རིམ་བདེ་ལམ་ཟིན་འགྲེལ་དང་བློ་སྦྱོང་སྐོར་དང་། དུས་རྒྱུན་སྦྱོང་རྒྱུར་འདོན་ཆའི་སྐོར་དང་སུམ་དག་རྟགས་གསུམ་དང་བསྡུས་གྲྭ་སོགས་ལ་བརྩོན་པ་ལྷུར་བཞེས་མཛད་པ།

མདོར་ན་བླ་མ་དར་རྒྱས་རིན་པོ་ཆེ་གཙོས་མཁན་སློབ་དགེ་འདུན་རྣམས་ཀྱིས་ཐུགས་མཐུན་ཁྲིམས་[page 57] གཙང་གི་གདན་ས་འདིའི་སྔོན་གྱི་སྲོལ་བཟང་བཞིན་འབད་བརྩོན་ལྷུར་བཞེངས་བསྐྱངས་ཏེ་སྲོལ་གསུམ་གྱི་ཉམས་ལེན་ལ་མིག་འབྲས་ལྟར་སྐྱོང་བཞིན་པ་ལགས་སོ།།

ཞེས་པ་འདི་ནི་དབུ་མཛད་མོ་བུ་དོས་བྲིས་པ་ལྟར་དུ་དགེ་རྒན་རིག་བསྟན་གྱིས་དར་མདོ་ནས་བྲིས་སོ།།

ལྔ་མཆོད་དགོན་པའི་ལོ་རྒྱུས།

དེ་ཡང་འདས་པའི་ལོ་ཆིག་སྟོང་ལྷག་ཙམ་གྱི་རིང་ལ་ཡུལ་འདིར་དུད་ཚང་བཅུ་ཙམ་ལས་མེད། སྐབས་དེར་རྒྱ་བོད་གཉིས་ཀྱི་བར་ལ་ཚོང་རྫས་རྣམས་སྐྱེལ་འདྲེན་བྱེད་མཁན་སྟོད་སྨད་བར་གསུམ་དུ་དངོས་རྫས་བརྗེ་ལེན་བྱེད་པའི་ཚོང་དཔོན་ནོར་བཟང་ཞེས་རྒྱ་བོད་ཧོར་གསུམ་ལ་སྙན་པར་གྲགས་པ་ཞིག་བྱུང་ངོ་། ཁོང་གི་གནས་ཚང་གི་དར་མདོའི་ས་དཀར་འོག་པ་ཡིན་པར་གྲགས། ཁྱིམ་ཚང་དེ་ནི་རང་བཞིན་བཟང་ཞིང་བྱམས་སེམས་ལྡན་པ། རྒན་རབས་དང་ཤེས་ཡོན་ཅན་ལ་བརྩི་བཀུར་ཆེ་བ། གཡོག་པོ་གཡོག་མོ་ལ་སྙིང་རྗེས་བྱམས་སྐྱོང་ཆེ་བ། ཕྱོགས་སོ་སོར་ནས་འོང་བའི་མགྲོན་པོ་རྣམས་ལ་སྣེ་ལེན་བྱེད་སྟངས་ལ་འགྱུར་ལྡོག་མེད་ཅེས་མི་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་མྱོང་ཞེས་མི་རྒན་རྒོན་ཚོས་བཤས་སྲོལ་ཡོད་དོ། དེའི་ཁྱིམ་རྒྱུད་ཀྱི་མི་རབས་ནས་མི་རབས་ཀྱི་བར་བརྒྱུད་པ་དེ་དག་གིས་བཞེངས་པའི་མཆོད་པའི་ལྷ་ཁང་གཞན་ལས་ཁྱད་པར་ཅན་གཅིག་ཡོད། དེའི་ནང་དུ་རྟེན་ནི་གཏེར་མ་དང་བླུགས་མ་ཉིས་བརྒྱ་ལྷག་ཡོད། གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཚར་དེ་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ། དངུལ་ལས་བྲིས་པའི་རྗེ་བླ་མའི་གསུང་འབུམ་ཆ་ཚང་གཅིག རྒྱལ་དབང་ལྔ་བ་ཆེན་པོས་གནང་བའི་ཆོས་གོས། བླ་གོས། མཐང་གོས་སོགས་ཡོད། ཚོང་དཔོན་ནོར་བུ་བཟང་པོའི་རྟ་སྒ་དང་སྲབ་འཐུར་བཅས་ཆ་ཚང་ཡོད། བཀའ་གདམས་མཆོད་རྟེན་ལྔ་དྲུག་ཙམ་ཡོད། ལྷ་ཁང་དེ་ལ་ལོ་རྒྱུས་ལོ་སྟོང་ཡོད་པར་བཤད་དོ།། དེ་རྗེས་རྒྱལ་མཆོག་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ཉིད་རྒྱ་ནག་གོང་མ་ཧྲུན་ཀྲིའི་རེ་བ་བཞིན་དུ་རྒྱ་ནག་པེ་ཅིན་ལ་བྱོན་ནས་ཁོང་རྒྱ་ནག་གོང་མ་མཇལ་འཕྲད་གནང་བའི་གོང་མས་ཀྱང་ཁོང་ལ་ནུབ་ཕྱོགས་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་ཞེས་པའི་མཚན་གནང་པར་གྲགས། རྒྱ་ནག་ཏུ་ཕེབས་པའི་ལམ་བར་དུ་དར་མདོ་ནོར་གླིང་ཞིང་དུ་ཕེབས་སྐབས། ས་དཀར་འགོ་པའི་ལྷ་ཁང་ནང་དུ་བཞུགས།

གཙུག་ལག་འདི་ཉིད་བཞེངས་དགོས་པའི་རྐྱེན་ནི། རྒྱལ་དབང་ལྔ་པ་ཆེནཔོའི་ཆོས་སྐྱོང་བསྟན་སྲུང་གཙོ་བོ་སྤྲུལ་བའི་ཆོས་སྐྱོང་ཆེན་པོ་རྡོ་རྗེ་གྲགས་ལྡན་ནམ་པེ་ཧར་རྒྱལ་པོའི་བྱུང་ཚུལ་རགས་ཙམ་བརྗོད་ན། དེ་ཡང་སྤྱིར་རྒྱལ་པོ་སྐུ་ལྔ་ཞེས་པ་ནི། སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ཡེ་ཤེས་དང་ཐུགས་རྗེའི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོ་འཁོར་འདས་མ་ལུས་པའི་སྤྱིའི་དཔལ་དུ་གྱུར་པ་དེ་ཉིད་ཀྱི་རང་མདངས་[page 58] འགག་པ་མེད་པའི་ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔར་ཤར་བ་ལས་གདུལ་བྱ་མི་བསྲུན་དྲག་པོས་འདུལ་བར་འོས་པ་རྣམས་ཀྱི་ངོར་ཞེ་སྡང་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ། གཏི་མུག་རྣམ་པར་དག་པ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་སེམས་བ་མཐའ་ཡས་ཀྱི་སྤྲུལ་པ་ནུབ་ཕྱོགས་གསུང་གི་རྒྱལ་པོ། འདོད་ཆགས་རྣམ་པར་དག་པ་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་ནུབ་ཕྱོགས་འཕྲིན་ལས་རྒྱལ་པོ། ཕྲག་དོག་རྣམ་པར་དག་པ་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་སྤྲུལ་པ་བྱང་ཕྱོགས་འཕྲིན་ལས་རྒྱལ་པོ། ཞེས་སྔར་གྱི་སྐྱེས་ཆེན་དམ་པའི་གསུང་རབ་ལས་གསལ་ཞིང་མདོར་ན། དོན་དམ་དུ་རྒྱལ་བ་རིགས་ལྔའི་རང་མདངས་ལས་མ་གཡོས་ཀྱང་ཀུན་རྫོབ་ཏུ་གདུལ་བྱ་མི་སྲུན་པ་དྲག་པོ་ཡི་རྣམ་པས་འདུལ་ཕྱིར་རྒྱལ་པོ་སྐུ་ལྔའི་སྤྲུལ་པ་ཡིན་པས། གང་ལྟར་བྱང་ཕྱོགས་འཕྲིན་ལས་རྒྱལ་པོ་རྡོ་རྗེ་གྲགས་ལྡན་ནམ། པེ་ཧར་རྒྱལ་པོ་ནི་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་རྣམ་སྤྲུལ་དུ་ངེས་ཤིང་དེ་ཡང་དྲག་པོའི་རྣམ་པར་སྤྲུལ་པའོ། རྒྱལ་མཆོག་ལྔ་བའི་གནས་ཆུང་དཀར་ཆག་ཏུ་ཡབ་མུ་རྗེ་བཙན་པོ་དང་ཡུམ་བདུད་གཟའ་སྨི་དཀར་རྗེ་གྱུར་ཞེས་དང་། བསམ་གྱི་མི་ཁྱབ་པའི་སྐུ་འཕྲུལ་བློན་གྲངས་ལས་འདས་པ་སྟོན་པར་མཛད་པའི་སྐབས་དགའ་རབ་རྡོ་རྗེ་དང་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་བསམ་གྲུབ་ཤེལ་གྱི་ཕུག་པ་སོགས་ལ་དབང་བསྒྱུར་དམ་བཞག་མཛད་པར་སྲོག་རྙིང་མདངས་གསོལ་དུ་འཕུལ་ཤིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོང་བར་ཞལ་གྱིས་བཞེས་པ་ཡིན་ཞེས་དང་། རྒྱལ་མཆོག་བདུན་པས་སྔོན་རི་རབ་ཀྱི་རྩེར་དཔག་བསམ་ཤིང་གི་རྩ་བར་བདུད་ཁང་རྩེ་དགུ་པ་ཞིག་གི་ནང་ན་བདུད་ཀྱི་རཱ་ཛ་དང་། རི་རབ་ཀྱི་བྱང་ཤར་མཚམས་ན་མཚོ་མ་དྲོས་པ་ཀླུ་མོ་དཀར་མོ་མགོ་ཅོག་ཅེས་བྱ་བ་གཉིས་ཕན་ཚུན་དགའ་མགུར་སྤྱོད་པ་ལས། རེ་ཞིག་ན་ཀླུ་མོ་སྒོ་ང་བཅུ་གསུམ་སྐྱེས་ཤིང་། དེ་དག་ལས་ཞུགས་ཀྱི་ཕུང་བོ་འབར་བ་དང་སྒྲ་དྲག་པོ་སྒྲོག་པ་སོགས་བྱུང་བས་ཀླུ་མོ་སྐྲག་སྟེ་རང་ལས་བཙས་པའི་སྒོ་ང་རྣམས་ཟོས་པས་ལུས་ལ་མེ་འབར་བ་དང་། ཁྲག་འཛག་པས་མཚོན་ཐན་མང་པོ་བྱུང་བས་རི་རབ་ཀྱི་རྩེར་ཕྱིན། སྒོ་ང་རྣམས་སྐུགས་ཏེ་གསང་བའི་བདག་པོ་ཕྱག་རྡོར་ལ་ཕུལ་ནས་སྒོ་ང་འདི་རྣམས་ལས་མ་རུང་འབྱུང་བས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པ་ལྟར་དཔལ་གསང་བའི་བདག་པོས་སྒོ་ང་རྣམས་བརྟོལ་པས་དེ་རྣམས་ལས་རིམ་པ་བཞིན་རྒྱལ་པོ་བཀོར་རྗེ་བྲང་དཀར། གཟའ་བདུད་རཱ་ཧུ་ལ་སོགས་དང་སྒོ་ང་བདུན་ཚོགས་དེ་ནམ་མཁར་འཕགས་པས་གསང་བའི་བདག་པོས་བཟུང་ནས་བརྟོལ་བས་གཞན་ལས་མཐུ་ཆེ་བ་ངོ་མཚར་ཅན་པེ་ཧར་རྒྱལ་པོར་གྲགས། དེའི་དུས་མི་ལུས་ཁྱུང་གི་མགོ་ཅན་གྱི་རྣམ་པ་བསྟན་པས་ལྷའི་དབང་པོས་དགེ་སྙེན་ཁྱུང་ཆེན་གཡུ་འབྲུག་འདུལ་དུ་མཚན་གསོལ། ཕྱི་བློན་ནང་བློན་སོགས་ཆེས་འཇིགས་རུང་དཔུང་གི་ཚོགས་བཅས་གསང་བདག་གི་བཀའ་དང་དམ་ཚིག་ལ་གནས་པར་ཞལ་གྱིས་འཆེས། བྷ་ཏ་ཧོར་གྱི་ཡུལ་ཤེལ་གྱི་བྲག་ཕུག་ཏུ་པདྨ་སམ་བྷ་ཝ་སྐྱེ་མེད་ཀྱི་དོན་སྒོམ་པའི་ཚེ་སེང་གེ་དཀར་མོར་སྤྲུལ་ནས་འཇིགས་པའི་རྣམ་འགྱུར་གྱི་ཚུལ་ལ་རྩེ་གསུམ་འཕྱར་[page 59] བས་ནམ་མཁའ་ལ་བྲོས། སླར་ཡང་ཆོས་འཕྲུལ་དུ་མའི་མཐོ་བརྩམས་ཤིང་གླགས་ལྟ་བར་རྔོ་མ་ཐོགས་ཤིང་སློབ་དཔོན་གྱི་ཏིང་ངེ་འཛིན་གྱིས་བཀུག་པས་བྱིས་པའི་གཟུགས་ཀྱི་འོང་ནས་སྤྱི་བོར་རྡོ་རྗེ་བླངས་ཞེས་སོགས་གསུང་འདུག་པས་པེ་ཧར་རྒྱལ་པོའི་མཚན་མའི་བྱུང་སྟངས་སྐོར་སྔར་གྱི་ཚད་ལྡན་སྐྱེས་ཆེན་དམ་པ་འགའ་ཞིག་གི་གསུང་ལུང་དུ་དྲངས་པ་རེ་ཞིག་དེ་ཙམ་དུ་བཞག དེས་ན་པེ་ཧར་དེ་ཉིད་བྷ་ཏ་ཧོར་གྱི་ཡུལ་ཤེལ་གྱི་བྲག་ཕུག་ཏུ་པདྨ་སམ་བྷ་ཝས་དམ་ལ་བཏགས་ཤིང་བྷ་ཏ་ཧོར་གྱི་མི་དང་བཀོར་རྫས་གནས་དགོན་སོགས་ཀྱི་བཀོར་བདག་ཏུ་གནས་པ་དང་། མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་མི་འགྱུར་ལྷུན་གྱུས་གྲུབ་པའི་གཙུག་ལག་ཁང་གྲུབ་སྟེ་གནས་སྲུང་སུ་བསྐོ་བའི་བཀའ་བགྲོས་སྐབས་མཁན་པོས། གཟའ་བདུད་ཀླུ་བཙན་གཤིན་རྗེ་མ་མོ་བཅས་མ་ཡིན་པ་ཞིག་སུ་འཐད་གསུང་པར། སློབ་དཔོན་གྱིས། བྷ་ཏ་ཧོར་གྱི་སྒོམ་གྲྭ་བཀོར་སྲུང་པེ་ཧར་རྒྱལ་པོ་བཀུག་སྟེ་བསྐོས་ན་འཕྲན་ཡུན་དུ་ཤིས་ལ་དགེ་བར་གཟིགས་ནས། བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་པ་ན། པེ་ཧར་ཅ་ཀའི་ཕྱི་ལ་འབྲངས་ཏེ་འོངས། ང་ཡིས་པེ་ཀར་གླིང་དུ་རྟེན་འཛུགས་གསུངས། ལྷ་སྲས་མུ་ནི་བཙན་པོ་གཡུལ་དུ་ཆས། གྲུ་གུ་ཡུལ་དང་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་སྟེ་གཡུའི་ཐུབ་པ་རང་བྱོན་དང་ཞལ་བརྙན་བསེ་འབག ཆིབས་ཤེལ་གྱི་སེང་གེ་གསུམ་བསྣམས། ཟ་ཧོར་གྱི་རྒྱལ་རིགས་ངྷརྨ་པ་ལ་བོད་དུ་དྲངས་པའི་མི་དང་ཅ་ཀའི་རྗེས་སུ་པེ་ཧར་འབྲངས་པ་བསམ་ཡས་ཀྱི་སྲུང་མར་བསྐོས། ཆོས་འཁོར་ཐམས་ཅད་ཀྱི་སྲུང་མར་མངའ་གསོལ་ཞིང་ཕྱི་ནང་གི་རྟེན་བཙུགས། རྒྱལ་བསྟན་སྲོག་ཤིང་སྲུང་བར་གཉེར་གཏད་དེ་ཞལ་གྱིས་བཞེས་པ་ཡིན་ཅིང་། རིམ་པར་རྒྱལ་ཆེན་སྐུ་ལྔ་ཐམས་ཅད་ཀྱང་གཙུག་ལག་ཁང་སོགས་དུ་མར་གནས་ཤིང་བཞུགས་པ་ལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་དཔལ་ལྡན་འབྲས་སྤྲུངས་ཀྱི་ཆོས་སྡེ་ཆེན་པོའི་སྲུང་མར་མངའ་གསོལ་བ་ལགས་སོ། དེས་ན་ཆོས་སྐྱོང་ཆེན་པོ་དེ་ཉིད་ཀྱིས་རྒྱལ་མཆོག་ལྔ་པ་ཆེན་པོ། རྒྱ་བོད་གཉིས་ཀྱི་ས་མཚམས་ཡུལ་གྲུ་འདི་ན་བདག་ལ་བཞུགས་གནས་ཞིག་དགོས་ཞེས་པའི་ལུང་བསྟན་ཟིན་པས། དེས་ན་ཀུན་གཟིགས་ལྔ་པ་ཆེན་པོས་ཀྱང་ཐུགས་ལ་རྟགས་དཔྱད་དུ་མར་མཛད་དེ་ཆོས་སྐྱོང་རྒྱལ་པོ་སྐུ་ལྔ་ལ་བཀའ་བསྒོས་ནས་ཉིད་ཀྱིས་ས་བརྟགས་འཇོག་ཞེས་བསྒོས་ཡོད་པས་ཁྱིམ་ཚང་དེ་དང་གྲོས་མཐུན་ལེགས་པོ་མཛད་དེ་ས་ཆ་དེ་ལ་ཐུགས་དགྱེས་པའི་སྒོ་ནས་ས་གཞི་བྱིན་གྱིས་རླབས་ཤིང་རབ་གནས་སོགས་མཛད་དེ་མར་རྒྱ་ནག་ཏུ་ཕེབས་ནས་ཡར་སོག་པོ་མཚོ་སྔོན་ཨ་མདོ་སོགས་ལ་ཕེབས་ནས་དབུས་ལྷ་ལྡན་དུ་བྱོན་པའི་ཕྱིའི་ལོར་ཨབ་ཅོར་མི་ལྔ་ལ་གྲོས་མོལ་བྱེད་ནས་ཁྱེད་རྣམས་བསྐལ་བ་བཟང་། མདོ་སྨད་རབ་སྒང་གི་ཁོངས་སུ་གཏོགས་པའི་རྒྱ་བོད་ཀྱི་ས་མཚམས་དར་རྩེ་མདོ་ཞེས་པའི་ས་ཆ་ལ་ངེད་ཀྱིས་གཙུག་ལག་ཁང་ཞིག་བཞེངས་དགོས་པའི་རྒྱུ་མཚན་གོང་ལྟར་གསུངས་པས། ཁྱེད་རྣམས་ནི་ཆོས་སྐྱོང་ཆེན་པོ་རྒྱལ་པོ་སྐུ་ལྔའི་རྣམས་འཕྲུལ་དུ་ངེས་ཤིང་སྐྱེ་བ་འདི་དང་ཕྱི་མའི་ཚེ་རབས་[page 60] དཔག་མེད་ཀྱི་བར་དུ་གཙུག་ལག་ཁང་འདི་ཉིད་སྐྱར་གསོ་དང་ཉམས་པ་བཞེངས་དགོས་སོགས་བཀའ་དང་དམ་ཚིག་གནང་ནས་ཉིད་ཀྱིས་སྐུ་གསུང་ཐུགས་རྟེན་ལ་སོགས་ཧ་ཅང་མང་པོ་གནང་ཡོད་པ་མ་ཟད་གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཆེན་པོ་དང་གསེར་སྲངས་བརྒྱ་མཚོ་ལྔ། དངུལ་སྲང་བརྒྱ་མཚོ་བརྒྱད་གནང་བ་རེད། སྐྱབས་ཡིག་གསེར་ཐམ་ཆེན་པོ་འདྲ་འདྲ་གཉིས་གནང་ལ། གཅིག་གཙུག་ལག་ཁང་གི་རྟེན་དུ་བཞུགས་པ་དང་གཅིག་གཙུག་ལག་ཁང་བཞེངས་རྒྱུ་མཐུན་རྐྱེན་རྒྱ་ཆེན་གནང་བའི་ས་དཀར་འགོ་པ་ཚང་ལ་གནང་། སྐུ་ལྔའི་སྤྲུལ་བ་ཨབ་ཅོར་རྣམས་ཀྱིས་གཙུག་ལག་ཁང་བཞེངས་ལུགས་དང་བཟོ་དབྱིབས་སོགས་ཇི་ལྟར་བཞེངས་ཚུལ་སོགས་ཀྱི་གནས་ཚུལ་རྣམས་ཞིབ་ཏུ་བཀའ་འདྲི་ཞུས་པར་དེ་ལུགས་བཞིན་འདི་དང་འདི་ལྟ་བུར་གོ་བརྡ་ཞིབ་མོ་གནང་སྤྲད་ནས། སྐུ་ལྔའི་རྣམ་སྤྲུལ་དུ་གྲགས་པའི་ཨབ་ཅོར་རྣམས་ཀྱིས་སྐྱབས་མགོན་རིན་པོ་ཆེན་ཉིད་ཀྱི་ཇི་ལྟར་གསུང་བ་བཞིན་བདག་ཅག་རྣམས་ཀྱིས་བསྒྲུབ་པར་བགྱིད་ལགས་སོ་ཞེས་ཞུས། དེའི་ལོ་མཇུག་དུ་ཨབ་ཅོར་རྣམས་ཁམས་ཡུལ་དར་རྩེ་མདོར་ཕེབས་ནས། བཞུགས་སའི་གནས་ཁང་ནི་ས་དཀར་འགོ་བའི་ཁྱིམ་དུ་བཞུགས། གཙུག་ལག་ཁང་བཞེངས་དགོས་པའི་རྒྱུ་མཚན་རྣམས་གླེང་། ཁ་མཐུན་གྲོས་མོལ་བྱས་ནས་ཆ་རྐྱེན་སོགས་འཛོས་པ་ལ་ཡུལ་གྲོང་ལ་དྲིལ་བསྒྲགས་བྱས་པས། བསྟན་པའི་སྦྱིན་བདག་ནོར་ལོངས་སྤྱོད་དང་ལྡན་པའི་གྲགས་ཅན་ཁྱིམ་ཚང་ལྔ་རྙེད་ཡོད་དེ་ས་དཀར་འགོ་པ། འཁྲུངས་འཇམ། ཁོག་བཏགས་གཞབས་པ། ས་མཁའ་ཅེས་བསྟན་པའི་སྦྱིན་བདག་རྣམས་ལ་གཙུག་ལག་གསར་བཞེངས་བཟོ་རྒྱུའི་གྲོས་མོས་བྱས་ནས། ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་ནས་འགོ་བརྩམས་ནས་ཕྱིའི་ལོའི་ཟླ་བ་བཅུ་པའི་ཚེ་ཉེར་ལྔ་ཉིན་དགོན་པ་བཞེངས་གྲུབ་ཟིན་ཏོ། དཀྱིལ་དུ་གཙུག་ལག་གཡས་སུ་མགོན་ཁང་མདུན་རྒྱབ་གཡས་གཡོན་ཕྱོགས་བཞི་ལ་གྲྭ་ཤག་ཆེ་ཆུང་བདུན་བཅུ་ལྷག་ཙམ་ཡོད། གཙུག་ལག་ཁང་འདི་ཉིད་ལ་ལྔ་མཆོད་དགོན་པ་ཞེས་མིང་བཏགས་དགོས་པའི་རྒྱུ་མཚན་ཡང་། གོང་ས་སྐྱབས་མགོན་རྒྱལ་དབང་ལྔ་བ་ཆེན་པོ་དང་། སྤྲུལ་པའི་ཆོས་སྐྱོང་ཆེན་པོ་རྒྱལ་པོ་སྐུ་ལྔ། ཨབ་ཅོར་ལྔ། བསྟན་པའི་སྦྱིན་བདག་ཁྱིམ་ཚང་ལྔ་ཉི་ཤུ་ལྔ་ཉིན་ལས་ཚར་བས། རྒྱུ་རྐྱེན་ལྔ་ལྔར་འཛོམས་པས་གོང་ས་ཆེན་པོ་སྐྱབས་མཆོག་ལྔ་པ་མཆོག་ནས། གཙུག་ལག་ཁང་འདི་ཉིད་ལའང་ལྔ་མཆོད་དགོན་ཞེས་གསུངས་པས་མཚན་ཡང་དེ་ལྟར་གྲགས། གཞན་ཡང་དགོན་པ་འདིའི་མཚན་ལ་འདིར་ལྟར་གྲགས་ཏེ། ཡུལ་གྲུ་འདིར་དེ་ཡི་སྔོན་དུ་སྡེ་འབངས་དད་ལྡན་མངས་ཚོགས་རྣམས་ཀྱིས་མཆོད་པའི་གཙུག་ལག་དང་ལྷ་ཁང་གཞན་མེད་པ་སའི་སྔ་མཆོད་དགོན་ཞེས་ཀྱང་གྲགས་སོ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ཆེན་པོ་རབ་བྱུང་བཅུ་གཅིག་པའི་ཤིང་བྱའི་ལོ་ནས་བཟུང་དབུས་གཙང་ཁམས་གསུམ་དུ་རིམ་བཞིན་ཆོས་སྡེ་ཆེན་པོ་བཅུ་གསུམ་བཏབ་པའི་ཡ་གྱལ་གཅིག་ཡིན་པ་གྲགས་སོ།།

གསུམ་པ་བླ་གྲྭ་ཇི་ལྟར་བྱུང་ཚུལ་ནི་དེའང་དབང་དྲག་རོལ་བའི་དགའ་ཚལ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་གཙོ་འཛིན་བླ་མ་ལྕོག་པ་བྱང་ཆུབ་དཔལ་ལྡན་མཆོག་གིས་མཁན་པོ་འགན་བཞེས་ནས་[page 61] རིམ་བཞིན་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་དར་རྒྱས་སུ་བཏང་བ་དང་མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་ནས་རིམ་བཞིན་དགེ་འདུན་པའང་གཉིས་བརྒྱ་ལྷག་ཙམ་གོང་ནས་གོང་དུ་འཕེལ། དགོན་པའི་སྒྲིག་གཞིའི་མི་སྣ་མཐོ་ཤོས་སྐུ་རྟེན་ཏཱ་ལའི་བླ་མ་ཡིན། དགོན་པའི་ལུགས་སྲོལ་དང་སྒྲིག་ཁྲིམས་སོགས་ནི་དབང་དྲག་རོང་བའི་དགའ་ཚལ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གིས་མ་དགོན་དུ་མཛད་ནས་དེ་ལུགས་བཞིན་བསྐྱངས་པས། དེ་འོག་སྔར་གཉེར་པའང་ཟེར་མཆོག་སྤྲུལ་རིན་པོ་ཆེ། སློབ་དཔོན། དགེ་བསྐོས། ཆོས་སྐྱོང་གི་དྲུང་ཡིག་དང་སྐུ་མདུན་ཞེས་ཆོས་སྐྱོང་སྐུ་ཕེབས་ཞབས་ཞུ་བ་གཉིས་སོགས་ཡོད། བླ་གྲྭ་དེའི་ནང་ནས་གྲྭ་ས་ཆེན་པོ་སེར་འབྲས་དགའ་གསུམ་ཞེས་སྙན་པའི་བ་དན་དཀར་པོ་ཕྱོགས་བཅུར་གྲགས་པའི་ཡ་གྱལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཁྲི་ལ་ཕེབས་པ་ཞིག་བྱུང་བས། དེ་ཉིད་ཀྱི་འཁྲུངས་ཡུལ་ནི་མདོ་སྨད་རབ་སྒང་དར་རྩེ་མདོར་ཡབ་རྡོ་རྗེ་དགྲ་འདུལ་དང་ཡུམ་ཡེ་ཤེས་སྒྲོལ་མ་གཉིས་སུ་སྐུ་བལྟམས་པ་ཡིན། ཁོང་དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་དབུས་ལྷ་ལྡན་དུ་ཕེབས་པས་གྲྭ་སར་བཞུགས་ནས་རིང་པོ་མ་ལོན་པ་ཐུན་མོང་བའི་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་པས་རིམ་བཞིན་ལོ་མང་ཙམ་བཞུགས་དགུང་ལོ་ང་བརྒྱད་ཐོག་ཏུ་དགའ་ལྡན་ཁྲི་ལ་ཕེབས་པ་ཡིན། དགུང་ལོ་གྱ་དྲུག་ཏུ་བཞུགས་ནས་སྙིག་མའི་གདུལ་བྱའི་དོན་དུ་མི་རྟག་སྒྱུ་མའི་ངང་ཚུལ་དུ་རྟོགས་ཕྱིར་རྟགས་མཚན་དུ་མ་དང་བཅས་འཇའ་ཚོན་ནམ་མཁར་གང་བའི་གཟུགས་སྐུ་ཞི་བའི་དབྱིངས་སུ་གཤེགས་སོ། དེའི་ཡང་སྤྲུལ་ཡུལ་དབུས་ལྷ་སའི་གྲོང་ཁྱེར་ནུབ་ཕྱོགས་སུ་གོང་ཐང་དུ་ལྕགས་རྭ་ཞེས་པའི་ཁྱིམ་དུ་ཡབ་ཟླ་བ་ཚེ་རིང་དང་ཡུམ་ཕུར་བུ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས་པའི་དེའི་མཚན་ལ་གསེར་ཟངས་རྒྱ་མཚོ་ཞེས་དགུང་ལོ་དྲུག་ནས་དགེ་རྒན་དུ་བསྟན་པས་འབྲི་ཀློག་ཚེགས་མེད་མཁྱེན། དགུང་ལོ་བཅུ་གསུམ་པར་ལྔ་དགོན་གྲྭ་ཚང་གི་ཁྲི་ཡི་ཡེ་ཤེས་ཆོས་འཕེལ་ཡང་སྤྲུལ་དུ་ངོས་འཛིན་བྱས་པས་སྐུ་བདག་སྤྲད་ནས་ལྔ་དགོན་དུ་བཞུགས་པས་མཁན་པོའི་འགན་བཞེས་གནང་བ་ཡིན། དགུང་ལོ་སོ་བརྒྱད་པར་ཡུན་ནན་ཞིང་ཆེན་གྱི་མངའ་བདག་ཐང་ལང་རྒྱལ་པོས་གདན་འདྲེན་ཞུ་བས་དེའི་ཡུལ་དུ་ཕེབས་ནས་མཁས་པའི་བྱ་བ་གསུམ་གྱིས་ཆོས་འཁོར་གདུལ་བྱའི་བློ་དང་བསྟུན་ནས་སངས་རྒྱས་ཆོས་ལུགས་པའི་ཤིན་ཏུ་དར་ཆ་ཆེན་པོ་ཆགས་པས། དགོན་དེའི་དགེ་འདུན་པ་དང་འཆད་རྩོད་རྩོམ་གསུམ་སོགས་ཤིན་ཏུ་དར་སོ་ཆེ་བར་བྱུང་བས། ཉིས་ཀྱི་ཐུགས་ལ་མཐའ་འཁོབ་ཏུ་སློབ་མ་སྐྱོང་བའི་གལ་ཆེ་བར་གཟིག་ནས། འཁོར་དུ་སློབ་མ་བརྒྱ་ལ་ཉེ་བ་ལ་གཞན་ཞན་དོན་གཉེར་གྱི་བྱམས་པའི་ཐུགས་དད་ལྡན་པའི་སྒོ་ནས། ཕར་ཕྱིན། ཚད་མ། འདུལ་བ། མངོན་མཛོད། དབུ་མ། ལམ་རིམ་ཆེན་མོ། ས་སྡེ་ལྔ། དུས་ཀྱི་འཁོར་ལོ། སྦྱོར་དྲུག་ཞི་བྱེད་ཆོས་བསྐོར། བྱང་ཆུབ་སྤྱོད་འཇུག་སོགས་དཔེ་ཁྲིད་གནང་བས་མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་སློབ་བུའི་ཚོགས་ལ་ཟབ་རྒྱས་ཀྱི་རོས་ཚིམ་པར་མཛད་ནས་དགུང་ལོ་རེ་བརྒྱད་ལ་ཕེབས་པའི་ས་ཕོ་སྟག་གི་[page 62] ལོར་ཆུ་ཟླའི་ཚེས་བཅོ་ལྔ་ཉིན་བྱང་ཕྱོགས་ནས་འཇའ་ཚོན་སྣ་ལྔར་བྱུང་བ་སྐྱེ་བོ་ཀུན་གྱི་མིག་ལམ་དུ་གྱུར་པ་དང་། ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ཏེ་ཞི་བའི་དབྱིབས་སུ་གཤེགས་སོ། དེའང་གཙུག་ལག་ཁང་འདིའི་གྲྭ་རྒྱུན་གྱི་ཁོངས་གཏོགས། ས་ཕོ་འབྲུག་གི་ལོར་མདོ་སྨད་རབ་སྒང་དར་རྩེ་མདོར་ཡབ་བསོད་ནམས་ཚེ་བརྟན་དང་ཡུམ་ཚེ་རིང་གཡང་འཛོམས་གཉིས་ཀྱི་སྲས་སུ་སྐུ་བལྟམས་པའི་བུ་གསེར་བཟང་རྒྱ་མཚོ་ཞེས་རྒྱལ་བའི་སྤྱི་གཟུགས་འཛིན་པ་མཆོག་སྤྲུལ་ཆེན་པོ་འཁྲུངས། དགུང་ལོ་གསུམ་ཕེབས་སྐབས་དགོན་དུ་བཞུགས་ནས་ལོ་བཅོ་ལྔར་པར། ཡུལ་དབུས་སུ་སློབ་གཉེར་དོན་དུ་གྲྭ་སར་བཞུགས་ནས་མཁས་པའི་གོ་འཕང་མཐོ་པོར་གཤེགས། དགེ་བཤེས་ལྷ་རམ་པའི་མིང་བཏགས་བླང་བས་དགུང་ལོ་ཞེ་བརྒྱད་པར་སོག་པོའི་ཡུལ་དུ་གདན་ཞུ་བྱས་པ་སྐལ་ལྡན་གྱི་གདུལ་བྱ་རྣམས་ཐར་པའི་ལམ་དུ་བཀོད་ཕྱིར་ཟབ་རྒྱས་ཆོས་སྦྱིན་པ་རྒྱ་ཆེར་བཏང་བས་ཚིམས་པར་བྱས་སོ།། དེའི་ཕྱིར་ལོར་ཡར་དར་རྩེ་མདོར་འབྱོར་པས་རང་དགོན་དུ་ལོ་བཞི་ཙམ་དུ་བཞུགས་ནས་སླར་ཡང་དབུས་ལྷ་ལྡན་དུ་ཕེབས་པས་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་གསེར་ཟངས་ཀྱི་རྒྱལ་མཚན་ཆ་གཅིག་མཇོག་བཞག་མཛད་དེའི་ལོ་མཇུག་ཏུ་དགོངས་པ་ཞི་བའི་དབྱིངས་སུ་གཤེགས་སོ། དེའི་ཡང་སྤྲུལ་ཆུ་ཕོ་ཕག་གི་ལོར་མདོ་སྨད་རབ་སྒང་དུ་མི་ཉག་དར་རྩེ་མདོར་ཝ་སུ་ཇ་ཞེས་པའི་ཁྱིམ་དུ་ཡབ་པོ་པོ་རོལ་འཕེལ་དང་ཡུམ་ཨ་ལྕག་དབྱངས་ཅན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་ཁོང་ལ་ན་གཞོན་བྱིས་པའི་མིང་དུ་མི་ཚང་མས་ཡང་འཕེལ་ཞེས་འབོད་པ་རེད། དགུང་ལོ་བརྒྱད་ལོན་པ་ན་དགེ་བའི་བཤེས་གཉེན་ཆེན་པོ་བསོད་ནམས་ཆོས་གྲགས་མཆོག་གི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ཞུས། ཡིག་རྩིས་འབྲི་ཀློག་སོགས་ལ་སྦྱངས་བས་ཐོགས་མེད་དུ་མཁྱེན་པས་དབང་པོ་རྣོ་བས་ཚང་མས་ཀྱང་རིག་པའི་དབང་པོ་ཞེས་འབོད་པ་རེད།

སྤྱོད་འཇུག་དང་། ཀྱཻ་རྡོར་ལྷ་དགུ་སོགས་ལ་བསན་བསམ་མཛད་ནས་རིག་པ་ཧ་ཅང་རྣོ་བས་མཁྱེན་པ་ལ་ཐོགས་པ་མེད་པ་ཁོང་དུ་ཆུབ་བོ། དགུང་ལོ་བཅུ་བདུན་པར་ཡུལ་དབུས་སུ་ཕེབས་ནས་པན་ཆེན་སྐུ་འཕྲེང་བདུན་པ་བསྟན་པའི་ཉི་མའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་ཞུས་ནས། མཚན་ཡང་སྐུ་ཞབས་རིན་ཆེན་ཐོགས་མེད་ཞེས་གསོལ་བ་རེད། གྲྭ་ཚང་བློ་གསལ་གླིང་དུ་བཞུགས་ནས་འབྲས་སྤུངས་ཚོགས་ཆེན་དུ་ཚོགས་ཆེན་སྤྲུལ་སྐུའི་གོ་ས་གནང་བ་རེད། མཇུག་ཏུ་དགུང་ལོ་སུམ་ཅུའི་ཐོག་དགོངས་པ་ཞི་དབྱིངས་སུ་ཐིམ་པ་རེད། ཡང་མེ་ཕག་ལོ་ལ་དར་རྩེ་མདོ་ན་ཨ་སངས་ཞེས་པའི་ཁྱིམ་དུ་བུ་བློ་བཟང་འཇམ་དབྱངས་ཞེས་པ་གཅིག་བྱུང་བས་དགུང་ལོ་ཉི་ཤུར་དབུས་སུ་གྲྭ་སར་ཕེབས་ནས་དགེ་བཤེས་བཏང་སྟེ་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་མཁན་པོ་བཞུགས། དེའི་དགེ་ཕྲུག་ཝ་སུ་ཇ་ཚང་གི་བུ་བློ་བཟང་ཡོན་ཏན་ཞེས་པ་དེའང་བློ་གླིང་གྲྭ་ཚང་གི་མཁན་པོར་བསྐོས་ནས། གྲྭ་སའི་ཆོས་སྲིད་ཁོང་དགེ་སློབ་གཉིས་ལ་དབང་བ་མ་ཟད། གོང་གི་སྡེ་པ་གཞུང་གི་ཚོགས་འདུ་རྒྱས་འཛོམས་གནང་སྐབས་ཁོང་གཉིས་པ་གདན་ཞུ་མ་བྱས་ན་མི་ཆོག་[page 63] པ་རེད། ཚོགས་འདུ་རྒྱས་འཛོམས་གནང་སྐབས་སྲིད་ཀྱི་བྱ་བ་རྣམས་དགེ་རྒན་དང་དགེ་ཕྲུག་རྣམ་གཉིས་ཀྱིས་ཐག་བཅད་ཆོག་ལྟ་བུའི་དབང་ཆེན་པོར་ཁུར་བས་དགེ་སློབ་རྣམ་གཉིས་ཞེས་སྐད་གྲགས་ཤིན་ཏུ་ཆེ། སྡེ་གཞུང་གི་ཚོགས་འདུ་རྒྱས་འཛོམ་གནང་སྐབས་གདན་ས་གསུམ་གྱི་ལས་སྣ་པ་སོ་སོར་ཕེབས་དགོས་པས་དེའི་ནང་ནས་ཁོང་གཉིས་དབང་ཆ་ཤེན་ཏུ་ཆེ་བ་ཞིག་བྱུང་བ་རེད། དགེ་རྒན་ནི་དགུང་ལོ་རེ་བརྒྱད་དུ་དགོངས་པར་གཤེགས་སོ། དགེ་ཕྲུག་དགུང་ལོ་ང་བརྒྱད་ཐོག་གཟུགས་སྐུ་ཆོས་དབྱིངས་སུ་གཤེགས་པ་རེད། ཞི་བའི་དབྱིངས་སུ་གཤེགས་རྗེས་གྲྭ་སའི་གདན་ས་སོ་སོ་དང་སྡེ་པ་གཞུང་ལ་ཤིན་ཏུ་གྱོང་གུད་ཆེན་པོ་ཐེབས་པ་རེད། ཡང་སྤྲུལ་མྱུར་བྱོན་གྱི་གསོལ་འདེབས་སོགས་བརྩམས་གདན་ས་སོ་སོར་བཀྲམས་ནས་ཡུན་རིང་མ་ལོན་པར་ཡང་སྤྲུལ་འཁྲུལ་མེད་ཆུ་སྟག་ལོར་དར་མདོ་ནོར་བུའི་གླིང་དུ་གྲོང་ཁྱེར་ཤར་སྒོའི་ཕྱོགས་སུ་རྒྱའི་ཁྱིམ་ཚང་ཧང་དག་ཞེས་པའི་ཁྱིམ་དུ་ཡབ་ཀྲང་དག་ལུག་དང་ཡུམ་ཧང་ཙོང་ཧག་གཉིས་སུ་སྐུ་བལྟམས་པའི་ལྔ་དགོན་གྲྭ་ཚང་གིས་དགུང་ལོ་ལྔ་ལ་ཉེ་དུས་སྐུ་བདག་སྤྲད་ནས་དགུང་ལོ་བཅུ་གསུམ་ཐོག་ཡུལ་དབུས་སུ་སློབ་གཉེར་ལ་ཕེབས་ནས་གྲྭ་སར་བཞུགས་ཏེ་དགུང་ལོ་སུམ་ཅུ་པ་དགེ་བཤེས་ལྷ་རམ་པ་དང་པོ་བཏང་ནས་ཁོང་དགུང་ལོ་ཞེ་གཅིག་པར་སྤྱི་ལོ་༡༩༤༥ལོའི་སྟོན་ཟླ་འབྲིང་པོ་ཚེས་བཅོ་ལྔ་ཉིན་སྡེ་པ་གཞུང་། རྒྱལ་པོ་སྟག་བྲག་དང་ཡུལ་རྡོ་རྗེ་གདན་གྱི་མཁན་སློབ་བླ་གྲྭ་རྒན་རབས་རྣམས་ཀྱིས་རེ་འདུན་དང་སེར་སྐྱ་དད་ལྡན་མི་སྣ་མང་ཚོགས་རྣམས་ཀྱི་རེ་བ་བསྐོང་བའི་ཆེད་དུ་ཤར་རྒྱ་གར་རྡོ་རྗེ་གདན་དུ་མཁན་པོ་མཛད་ནས་ལོ་གསུམ་བཞུགས་རྗེས་སུ་མངས་ཚོགས་ཀྱི་རེ་འདུན་དང་བསྟུན་ནས་ཡང་ལོ་གསུམ་བཞུགས་པས་ཡུན་རིང་ལྷག་སོང་བ་རེད། དེང་སང་དགུང་གྱ་བརྒྱད་ལ་ཉེ་བ་ཕེབས་པས་༡༩༨༩ལོར་སྐུ་མྱ་ངན་ལས་འདས་པ་རེད། དེའི་སློབ་མའི་ཚོགས་ཀྱང་བསམ་གྱིས་མི་ཁྱབ་པ་ད་ལྟའང་རྒྱ་གར་དུ་བཞུགས་ཡོད་པ་རེད། ཡང་ཡུལ་གྲུ་འདིར་འཁྲུངས་འཇམ་ཞེས་པའི་ཁྱིམ་དུ་སྐུ་ཞབས་བྱམས་པ་ཞེས་པ་མཚན་སྙན་གྲགས་དང་ལྡན་པ་ཞིག་བྱུང་བས་ལྔ་དགོན་དུ་གྲྭ་རྒྱུ་བཏང་བས་ལོ་འགར་བཞུགས་རྗེས་གྲྭ་སར་བྱོན་པའི་འབྲས་སྤུངས་བློ་གླིང་དུ་བཞུགས་ནས་དགེ་བཤེས་བཏང་བས་དགུང་ལོ་ཞེ་བརྒྱད་ལ་ཕེབས་དུས་རང་ཡུལ་ལྔ་དགོན་དུ་བྱོན་ནས་མཁན་པོ་བཞུགས་པ་རེད། དགུང་ལོ་ལྔ་བཅུར་དར་མདོ་རྟ་རྒྱུགས་ལྷ་རྩེའམ་གདན་ཐོག་ལ་རི་ཁྲོད་དུ་བཞུགས་པའི་སློབ་མའི་ཚོགས་ཤིན་ཏུ་མང་པོ་སྐྱངས་པས་ཆོས་འཁོར་བསྐོར། དེ་རྗེས་རྒྱ་ནག་ཏུ་མར་འདྲེན་ཞུས་ནས་ཆོས་འཁོར་བསྐོར། སློབ་མའི་ཚོགས་བདུན་ཅུ་ལྷག་ཙམ་ལ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རྒྱ་ཆེར་སྤེལ་ནས་སྙན་པ་ཤིན་ཏུ་གྲགས་སོ། བླ་སློབ་རྣམས་མཉམ་དུ་ཡང་བྱོན་ནས་དེའི་ཕྱིར་ལོར་བླ་སློབ་རྣམས་དབུས་གཙང་ཡུལ་དབུས་ལྷ་སར་ཕེབས་པའི་ལམ་བར་དཀར་མཛེས་སུ་སླེབས་པ་ན་སྤྲུལ་པའི་རིན་པོ་ཆེན་བྲག་དཀར་སྐུ་མདུན་བཀའ་ཆོས་ཞུས་ནས་བཞུགས་པས། སློབ་མའི་ཚོགས་ནང་ནས། དག་ཀང་ཧག་སུ་དང་། དག་ཡོང་ཧག་སུ་ཞེས་ཡོད་པས། དག་ཡོང་ནི་དཀར་མཛེས་སུ་དགོངས་པ་རྫོགས་པ་རེད། གཞན་བླ་སློབ་རྣམས་ཡར་ལྷ་སར་འབྱོར་བས་[page 64] དག་ཀང་ལྷག་སུ་ནི་གྲྭ་ཚང་བློ་གསལ་གླིང་དུ་སྤྲུལ་སྐུའི་གོ་མིང་གནང་བར་ཡིན་ནོ། གཞན་མཆེད་གྲོགས་རྣམས་དགེ་བཤེས་བཏང་ཟིན་པ། རིན་ཆེན་རྡོ་རྗེ་ཆོས་དབྱིངས་རྡོ་རྗེ། བློ་བཟང་དོན་ཡོན། བྱམས་པ་བརྩོན་འགྲུས་བཅས་གྲྭ་ཚང་གིས་ཆོས་མཛད་བཏང་བ་སོགས་སློབ་མ་ཉི་ཤུ་ལྷག་ཙམ་ལ་གོ་སའི་མིང་བརྟགས་ཡོད་པ་རེད། སྔར་དགོངས་པ་རྫོགས་པའི་དག་ཡོང་ཧག་སུའི་ཡང་སྤྲུལ་དར་རྩེ་མདོར་ཝ་སུ་ཇ་པའི་ཁྱིམ་དུ་འཁྲུངས་པའི་དགོན་པས་སྐུ་བདག་སྤྲད་ནས་གྲྭ་སར་སྐྱེལ་ནས་དག་ཡོངས་སྤྲུལ་སྐུ་ཞེས་མཚན་གསོལ་བས་ཚོགས་ཆེན་སྤྲུལ་སྐུའི་གོ་ས་གནང་བ་ཡིན། དགུང་ལོ་ལྔ་བཅུ་པར་དགོངས་པ་རྫོགས་སོ།། དེའི་ཡང་སྤྲུལ་ད་ལྟ་ལྷ་སར་འཁྲུངས་ཡོད་པས་སྐུ་བདག་སྤྲད་ལོན་བྱུང་མེད། ཡང་དར་རྩེ་མདོར་ཇ་དྲུད་ཚང་ཞེས་པའི་ཁྱིམ་དུ་བུ་གཅིག་ཡོད་པས་ལྔ་དགོན་དུ་གྲྭ་རྒྱུད་བཏང་ནས་རྗེས་སུ་གྲྭ་སར་ཕེབས་པས་བློ་གླིང་གྲྭ་ཚང་གིས་ཆོས་མཛད་བཏང་ཡོད་པ་རེད། རྗེས་སུ་དགེ་བཤེས་ལྷ་རམ་པར་བཞུགས་པ་རེད། ཁོང་གྲྭ་སར་བཞུགས་སྐབས་དུས་རྒྱུན་དུ་རྒྱུད་སྨད་གྲྭ་ཚང་ཞིག་ཀྱང་འཛུགས་ཡོད་པ་རེད། དེ་རྗེས་རྒྱ་ནག་ཏུ་གནས་ཆེན་རི་བོ་རྩེ་ལྔར་བྱོན་པས་རྗེ་བཙུན་འཇམ་པའི་དབྱངས་བསྒྲུབས་ནས་ལོ་གསུམ་སྐུ་མཚམས་ལ་དམ་པོར་བཞུགས་རྗེས་དངོས་སུ་མཇལ་བྱུང་བ་ཡིན་ནོ།། ལམ་ཧེ་ཕུག་ཐོ་ཁྲམ་ལ་བྱོན་ནས་རྗེ་བཙུན་སྒྲོལ་མར་སྒྲུབ་ཐབས་ལ་བཞུགས་ནས་རིང་པོར་མ་ལོན་པར་ཞལ་གཟིགས་བྱུང་བ་རེད། དེ་རྗེས་རི་པིན་དུ་བྱོན་ནས་ཆོས་འཁོར་བསྐོར་ནས་ཧ་ཅང་སྙན་པར་གྲགས་པའོ། དེ་རྗེས་རྒྱ་ནག་ཏུ་ཚུར་ཕེབས་ནས་རྒྱ་ནག་གོང་མའི་དབུ་བླར་མཛད་ནས་ཁོང་ལ་གོང་མས་ཀྱང་ནོ་མོ་ཧན་ཞེས་པའི་གོ་མིང་གནང་བ་རེད། དེ་རྗེས་ཁྲོང་ཆེན་ནས་ཡར་བྱོན་པའི་ལམ་བར་དུ་ཡམས་ནད་གཅོད་པ་དང་ཆར་ཕབས་པ་དུས་བརྟག་ངན་པ་མང་པོར་བཟློག་པ་སོགས་ལོ་རྒྱུས་ཤིན་ཏུ་མང་པོ་འདུག་ཏེ་མ་བྲིས་སོ། ཁྲེན་ཏུར་ཕེབས་ནས་ལིའུ་ཧེང་གིས་སྦྱིན་བདག་མཛད་ནས་ཆོས་འཁོར་བསྐོར་ཏེ་དེ་རྗེས་ལྔ་དགོན་དུ་ཡར་བྱོན་བས། བྱམས་ཁང་གསར་བཞེངས་མཛད་དེ་སླར་ཡང་ལྷ་སར་བྱོན་ནས་གསེར་ཟངས་ཀྱི་ཚེ་དཔག་མེད་སྟོང་སྐུ་གཅིག་དང་སྨན་སྐུ་སྟོང་གཅིག་བཅས་འབྲས་སྤུངས་བློ་གླིང་གྲྭ་ཚང་ནང་དུ་འཇོག་བཞག་བྱུང་བ་རེད། གཞན་ཡང་བོད་ཁ་བ་ཅན་དུ་དགོན་ཁག་ཆེན་པོ་གང་ན་ཡོད་ཀྱང་མང་ཆེས་ཤོས་ལ་འཇོག་བཞག་མ་བྱུང་བའི་དགོན་ཁག་མེད་པ་གསུངས། དེའང་དགོན་འདིའི་ནང་དུ་བཤེས་གཏོང་ཟིན་པའི་གོང་བུ་སྨོས་པའི་བཤེས་བཅུ་དྲུག་དང་འདི་འོག་གཤམ་གསལ་དུ་འགའ་ཞིག་སྨོས་ན། རི་གསར་དགེ་བཤེས། དགེ་བཤེས་བློ་བཟང་། དགེ་བཤེས་ཚེ་རིང་། དགེ་བཤེས་ཐུབ་བསྟན་གྲགས་པ། ཀྱང་ཤིས་དགེ་བཤེས། ཨ་སང་དགེ་བཤེས། དགེ་བཤེས་བསོད་ནམས་ཆོས་འཕེལ། དགེ་བཤེས་འཇམ་དབྱངས། དགེ་བཤེས་བློ་བཟང་མཁས་གྲུབ། དགེ་བཤེས་བསམ་གཏན་ཆོས་གྲགས། དགེ་བཤེས་ནོར་བུ་དོན་གྲུབ་བཅས་དགེ་བཤེས་སུམ་ཅུ་ལྷག་ཙམ་བྱུང་མྱོང་བ་[page 65] དང་། སྤྲུལ་པའི་སྐུ་སུམ་ཅུ་ཙམ་བྱུང་མྱོང་བའོ།།

བཞི་པ་རྟེན་གཙོ་ཇི་ལྟར་བཞུགས་ཚུལ་ནི། གཙུག་ལག་ཁང་གི་དཀྱིལ་དུ་གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་པོའི་མཐོ་མན་ཐོག་རྩེགས་གཉིས་ཀྱི་མཐོ་དང་དེ་ལ་ཁྲ་རྒྱན་ཤིན་ཏུ་མང་ངོ་། གཡོན་དུ་དངུལ་ལས་གྲུབ་པའི་རྗེ་སེང་གེ་ང་རོ་ཐོག་བརྩེགས་མ་རྒྱ་ལེའུ་ཧེ་ཡིས་བཞེངས་པའི་དེ་ལ་ཁྲ་རྒྱན་ལ་རྡོ་རྗེ་ཕམ་ལམ་དང་ཨིནྡྲ་ནཱི་ལ་དང་བཻཏྲི་ཡ་སོགས་བསམ་གྱིས་མི་ཁྱབ་པ་རིན་ཐང་སོགས་ཚད་གཞལ་བར་དཀའ་བ་ཤ་སྟག་ཡོད། གཡས་སུ་སྟོན་པ་གཙོ་འཁོར་གསུམ་དང་། མཁན་སློབ་ཆོས་གསུམ། ཚེ་ལྷ་རྣམ་གསུམ། གཡོན་བླ་བདེ་གཤེགས་བརྒྱད། ས་སྐྱའི་གོང་མ་རྣམ་ལྔ། ཇོ་འབྲོམ་ཤེར་གསུམ། མར་མི་དྭགས་གསུམ། གཡོན་གྲལ་དུ་ཀུན་དགའ་རྭ་བའི་ནང་གསེར་བྲིས་ཀྱི་རྒྱལ་བའི་བཀའ་འགྱུར་ཆེན་པོ་ཆ་གཅིག་དང་བསྟན་འགྱུར་ཆེན་མོ་ཆ་གཉིས། དངུལ་བྲིས་ཀྱི་བཀའ་འགྱུར་ཆ་གཉིས་དང་བསྟན་འགྱུར་ཆ་གཅིག་དང་རྒྱལ་དབང་ལྔ་པ་ཆེན་པོའི་སྐྱབས་ཡིག་གསེར་ཐམ་ཆེན་མོ་དང་གསེར་ཡིག་གི་གཏེར་ཆོས་ལ་སོགས་གྲངས་ལས་འདས། གཡས་གྲལ་དུ་གསེར་ཟངས་ཀྱི་རྗེ་རིན་པོ་ཆེའི་སྐུ་སྟོང་གཅིག་དང་སྟོན་པའི་སྐུ་ཆིག་སྟོང་ལྷག་ཙམ་བཞུགས། གཙུག་ལག་ཁང་ནང་གི་བྱང་ངོས་ཀྱི་ལྡེབ་རིས་ལའང་། རིས་མེད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ། ཆོས་སྐྱོང་མཛད་པ་བཅུ་གཉིས་སོགས་བསམ་བརྗོད་ལས་འདས། གཡས་སུ་མགོན་པོའི་ཁང་ནང་གསང་བདེ་འཇིགས་གསུམ། ཕྱག་བཞི་མགོན་པོ། ཕྱག་དྲུག་མགོན་པོ། ལས་ཀྱི་གཤིན་རྗེ་ཡབ་ཡུམ། དཔལ་ལྡན་ལྷ་མོ། གནོད་སྦྱིན་བཞི། མི་སྐྱོད་པ། རྡོར་དབྱིངས། རྣམ་སྣང་། སྤྲུལ་པའི་ཆོས་སྐྱོང་ཆེན་མོ་རྒྱལ་པོ་སྐུ་ལྔ། དམ་ཅན་རྡོར་ལེགས། བསེ་ཁྲབ། རྒྱལ་ཆེན་བཅས་ཆེས་ཤིན་ཏུ་མང་ངོ་། གཙུག་ལག་འདིའི་བཟོ་དབྱིབས་ནི། བོད་ཀྱི་བཟོ་རིག་ཆེད་གཉེར་ཅན་གྱི་མི་སྣ་མང་ཙམ་གདན་ཞུ་བྱས་ས་གསེར་གྱི་རྒྱ་ཕིབས་རྩེག་དང་ལྡན་པ་ཆོས་ཀྱི་འཁོར་ལོ་རྨ་བྱ་གསེར་ཏོག་རི་དྭགས་ཕོ་མོ། ཕྱིའི་བཀྲ་ཤིས་རྟགས་བརྒྱད་ཀྱི་པད་རྒྱན་དང་ཕྱོགས་བཞིར་རྒྱལ་མཚན་དང་ཆུ་སྲིན་སོགས་ཀྱི་མཛེས་པས་བརྒྱན་པར་བྱས་པ་ནི་དམངས་ཚོགས་ཀྱི་སྤྱན་ལམ་དུ་གཞལ་ཡས་ཁང་ལྟ་བུར་སྣང་བ་དེ་ནི་མིག་གི་བདུད་རྩིར་གྱུར་པས་དད་སྤྲོ་བསྟོད་བསྔགས་ཐོབ་པའི་དབྱངས་སྙན་ཕྱོགས་ཀུན་ཏུ་གྲགས་ཡོད། གཡོན་གྱི་བྱམས་ཁང་དུ་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་བྱམས་པ་ཐོག་བརྩེགས་གཉིས་དང་ལྡན་པ་མཐའ་བསྐོར་དུ་ཉེ་བའི་སྲས་ཆེན་བརྒྱད། སྒྲོལ་ལྷ་ཉེར་གཅིག་དང་གནས་བསྟན་བཅུ་དྲུག་བཅས་བཞུགས་ཡོད་པ་ཡིན་ནོ།། གཞན་ཡང་ཟུར་དུ་སྨོས་པ་ལྔ་དགོན་གྱི་ཁོངས་སུ་གཏོགས་པ་དགོན་འདིའི་ཤར་ཕྱོགས་ཀྱི་བྲག་ངོར་ཆགས་པའི་དེང་སང་རྒྱའི་སྒྲོལ་མ་ལྷ་ཁང་ཞེས་གྲགས་པ་འདི་ཡང་ལྔར་མཆོད་དགོན་པའི་བུ་དགོན་ནམ་དགོན་ལག་ཡིན་པར་གསལ་ཏེ་དེའི་ནང་ལྟ་གཉེར་དང་གསོལ་ཀ་བླ་མ། གཉེར་པ་བཅས་ལྔ་དགོན་ནས་གྲྭ་པ་གཉིས་རེ་བཏང་དགོས་པ་ལོ་རྒྱུས་ལྟར་རོ།། རྗེས་སུ་ངོ་རྒོལ་བཞི་འཛུགས་[page 66] སྐབས་དེའི་ནང་ལྷ་སྐུ་རྟེན་གསུམ་རྣམས་ཡར་ལྔ་མཆོད་དགོན་པས་འདྲེན་པ་རེད། ཡང་རྟ་རྒྱུགས་ལྷ་རྩེའི་ཟུར་དུ་ཆགས་པའི་གདན་ཐོག་གི་བཀྲ་ཤིས་ལྷ་ཁང་འདི་ཉིད་ཀྱང་དགོན་ལག་གམ་བླ་གྲྭ་རྣམས་སྐུ་མཚམས་བཞུགས་པའི་སྦས་རི་ཁྲོད་ཡིན་པར་གསལ་ཏེ། དུས་རྒྱུན་དུ་དགོན་འདིའི་ནང་བླ་གྲྭ་བཅུ་ཙམ་བཞུགས་མཁན་ཡོད་པ་དང་། རྗེས་སུ་སྐུ་ཞབས་བྱམས་པ་རིན་པོ་ཆེ་མཆོག་གིས་གཙོ་མཛད་ནས་འཁོར་དུ་སློབ་མ་མང་ཙམ་བསྡུས་འཆད་ཉན་སྤེལ་བས་རྒྱའི་ཡུལ་ནས་བྱོན་པའི་བླ་གྲྭ་མང་ཙམ་བཞུགས་ཡོད་པར་མཐོང་ཆོས་སུ་གྱུར་པའོ།།

ཧ་ཅང་ཕངས་པ་ཞིག་ལ། ༡༩༣༢ལོར་དགོན་པ་འདིའི་བྱམས་ཁང་ལས་གཞན་པའི་ལྷ་ཁང་ཚང་མར་མེ་སྐྱོན་ཧ་ཅང་ཚབས་ཆེ་ཐེབས་པ་རེད། དེའི་ཕྱི་རོལ་བྱམས་པ་དགེ་བཤེས་ཀྱིས་གཙོ་བོ་མཛད་ནས་ཉམས་གསོ་བྱས་མགོ་བརྩམས་ནས་རིམ་བཞིན་སྔར་ལྟར་ཡོངས་སུ་གྲུབ་པར་གྱུར་ཏོ།། གོང་དུ་སྨོན་ཟིན་པའི་དངུལ་ལས་གྲུབ་པའི་རྗེ་སེང་གེ་ང་རོ་རིན་ཆེན་རྒྱན་གྱི་རིན་ཐང་གཞལ་དཀའ་བའི་རྟེན་དེ་མེ་སྐྱོན་ཤོར་རྗེས་རྒྱ་ལིའུ་ཧེ་ཡིས་བཞེངས་པ་དང་དར་མོད་ཨ་སངས་ཐོག་མ་ཚང་གིས་ལི་ཐང་དཔར་མའི་བཀའ་འགྱུར་ཆ་གཅིག་དགོན་དུ་བཞུགས་པ་སོགས། མདོར་ན་དད་ལྡན་མང་ཚོགས་དང་དགོན་པའི་བླ་གྲྭ་རྣམས་ཀྱིས་དཀའ་བ་ཆེར་སྐྱེད་མཛད་དེ་རིམ་བཞིན་དགོན་པའི་ནང་དུ་སྐུ་གསུང་ཐུགས་རྟེན་སླར་ཡང་ཕུན་སུམ་ཚོགས་པར་རེད་ཡོད། འོན་ཀྱང་དུས་ཡུན་རིང་པོ་མ་ལོན་པའི་༡༩༦༦ལོར་མི་བཞི་ཕྱོགས་ཁག་སོགས་ཀྱིས་དུག་ངན་གྱིས་བརླན་པའི་རིག་གནས་གསར་བརྗེ་སྐབས་གཙུག་ལག་འདི་ཉིད་ཀྱི་ལྷ་སྐུ་རྟེན་གསུམ་ཡོངས་རྫོགས་རྨེག་མེད་དུ་རླགས་བཅོས་བྱས་པ་ཡིན། སླར་ཡང་ཏང་གིས་ཐུགས་རྗེ་བླ་ན་མེད་པའི་འོད་ཟེར་འཕྲོས་པའི་འོག་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚོགས་འཛོམ་གྲོས་ཚོགས་ཐེངས་གསུམ་པར་འཚོགས་ཚུན་དངོས་ཐོག་རང་རེ་ནང་བསྟན་ཆོས་ལུགས་འཛིན་པའི་དགོན་པའི་གྲུབ་མཐའ་ཁག་ལ་བདེན་འཚོལ་གྱི་རྩ་དོན་སླར་གསོ་བྱུང་བས་དགོན་འདིའང་སྐྱར་གསོ་ཡང་དག་པར་མཛད་ནས་རིམ་བཞིན་ཡར་རྒྱས་ཡར་ངོའི་ཟླ་ལྟར་འཕེལ་བ་ནི་ཀུན་གྱི་མིག་ལམ་དུ་གྱུར་པར་ཡིན་ནོ།། འདིའང་རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་ལས་རིགས་མི་སྣ་ཚོས་དུས་བབས་ཆེས་བཟང་པོའི་བསྐུལ་མའི་འོག་རང་རེ་ནང་བསྟན་དགོན་པའི་རྣམ་དཔྱོད་ཀྱི་འབྲས་བུ་གཡུར་དུ་ཟ་བ་རྣམས་དཔལ་ཡོན་གཉིས་ཀྱིས་འཛུགས་སྐྲུན་ལེགས་སྐྱེས་འབུལ་རྒྱུའི་ལོ་རྒྱུས་ཉུང་ངུ་ཞིག་འབྲི་བློར་བརྩམས་ཀྱང་བྱིས་བློའི་སྐྱོན་དང་ནོར་འཁྲུལ་ཆད་ལྷག་ཅི་མཆིས་མཁས་པ་ཚོའི་སྤྱན་སྔར་སྙིང་ནས་འཆགས་པར་གསོལ་བ་གདབས་དགོངས་འཆར་འཛེམ་མེད་དུ་གནང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བར་ཞུ་ཞུ། ཞེས་པ་འདི་བླ་གྲྭ་ཚོས་བཤད་པ་བཞིན་དུ་རིག་བསྟན་གྱིས་བྲིས་པ་དགེའོ།།

མི་ཉག་འགེ་ཁ་དགོན་པའི་ལོ་རྒྱུས།

[page 67] དེ་ཡང་དང་པོ་འགེ་ཁ་དགོན་ཆགས་སའི་ཡུལ་ནི་མདོ་ཁམས་སྒང་དྲུག་གི་ཡ་གྱལ་རྒྱལ་དབང་མཁས་གྲུབ་རྒྱ་མཚོའི་འཁྲུངས་ཡུལ་མི་ཉག་ར་བ་སྒང་གི་སའི་ཆར་གནས་པའི་ཞྭ་སེར་བསྟན་པའི་དགོན་གནས་འགེ་ཁ་བྱམས་པ་གླིང་འདི་བཞིན་ཐོག་མར་རྒྱལ་དབང་དགེ་འདུན་རྒྱལ་མཚོའི་དངོས་སློབ་གངས་རི་ལྷ་བཙུན་བསྟན་པའི་ཉི་མས་ཕྱག་བཏབ་གནང་ཞིང་། སྐུ་ཉིས་ཀྱིས་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་ལོ་ཉེར་གཉིས་ཙམ་གནང་རྗེས་དགུང་ལོ་དྲུག་ཅུ་ལྷག་གི་སྐུ་ངལ་ལ་མ་འཛེམས་པར་རྒྱལ་དབང་དགེ་འདུན་རྒྱ་མཚོའི་བཀའ་དགོངས་ལྟར་མདོ་སྨད་ཡུལ་དུ་ཕེབས་ནས་བོད་རབ་བྱུང་དགུ་པའི་ལྕགས་ཕག་སྤྱི་ལོ་༡༥༥༡ཙམ་ལ་དགོན་པ་འདི་ཕྱག་བཏབ་ནས་ད་བར་མི་ལོ་ལྔ་བརྒྱ་མ་ཟིན་ཙམ་སོང་ཡོད། ཐོག་མའི་ཕྱག་འདེབས་ཚུལ། ས་དེར་ཐོག་མར་དགོན་པ་ཕྱག་བཏབ་གནང་སྐབས་ངོ་མཚར་རྨད་དུ་བྱུང་བའི་ལྟས་ཁྱད་པར་ཅན་གསུམ་བྱུང་ཡོད་པ་ནི། ས་དེར་ཕེབས་མ་ཐག་པ་རྡོ་གྲུབ་བཞི་བསྡད་དབང་གྲུ་བཞིའི་བྱིབས་གཟུགས་ལྟ་བུའི་སྟེང་དུ་འབུ་གྲོག་མ་དམར་པོའི་གྲོག་ཚང་ཆེན་པོ་ཞིག་ཡོད་པ་གཟིགས་ནས་དེའི་སྟེང་དུ་གཙུག་ལག་ཁང་ཕྱག་བཏབ་པ་གནང་ཞིག དེའི་ཉེ་འཁོར་ན་བེ་ཤིང་སྡོང་པོའི་འོག་ན་གཅན་གཟན་དོམ་ནག་གི་ཚང་ཆེན་པོ་ཡོད་པ་ཞིག་མཐོང་བ་ན་འདི་ན་ཆོས་སྐྱོང་མགོན་པོ་ཞལ་བཞི་པ་ནི་མགོན་ཁང་ཕྱག་བཏབ་གནང་བ་ཡིན་པས། བླ་མ་གངས་རི་བསྟན་པའི་ཉི་མས་མདོ་ཁམས་སྨད་དུ་ཐོག་མར་ཕེབས་སྐབས་རྗེ་ཙོང་ཁ་པའི་གནས་མཆོག་བྱང་རྭ་སྒྲེང་ནས་ཕྱག་ཏུ་འཁྱེར་བའི་རྭ་སྒྲེང་ཤུག་པ་འཁར་རྒུག་བསྣམས་པ་འགེ་བ་ཁ་ས་དེར་ཕེབས་མ་ཐག་ས་ལ་བཞུགས་ནས་འཁར་རྒྱུག་དེ་ས་ལ་བཙུགས་ནས་ཡ་ག་ལོ་འདབ་རྒྱས་ནས་མཐོ་བརྩེགས་གསུམ་ཙམ་ཡོད་པ་ཞིག་གཙུག་ལག་ཁང་གི་ཤར་ཕྱོགས་སུ་ཡོད། རྭ་སྒྲེང་ཤུག་པ་ཞེས་གྲགས་པ་ལྟར་ད་ལྟའང་ཤིང་དེའཻ་རྩ་བ་མིག་གི་མཐོང་རྒྱ་ཡོད་པ་དང་མཇལ་རྒྱུ་ཡོད་པ་ཡིན། དེ་ལྟ་བུའི་ལོ་རྒྱུས་ཡང་བླ་གྲྭ་གོང་མ་རྒན་རབས་རྣམས་དང་། ཡུལ་མི་རྒན་རབས་རྣམས་ཀྱིས་ངག་རྒྱུན་ནས་བཤད་པ་ཞིག་ལས་ལོ་རྒྱུས་ཁུངས་ལྡན་གྱི་ཡིག་ཆ་རྙིང་པ་ཡང་རིག་གནས་གསར་བརྗེས་གཏོར་བཤིག་གི་ཤུལ་མེད་དུ་སོང་། དགོན་འདི་ཉིད་ཐོག་མ་འདེབས་པ་པོའི་ལོ་རྒྱུས་ཁུངས་ལྡན་ནི་གཙང་བཀྲ་ཤིས་ལྷུན་པོའི་གདན་རབས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བརྩམས་པའི་དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ་ལས་ཕྲ་ཞིང་བ་པར་གསུངས་པ་ལྟར་རོ།། འགེ་ཁ་དགོན་པའི་གདན་རབས་ལས་ཀྱང་། མདོ་སྨད་འགེ་ཁར་ས་ཡི་ལྟེ་བ་རུ། ཐུགས་རྗེའི་ཐབས་མཁས་འགྲོ་བ་འདྲེན་ཕྱིར་དུ།། དགེ་འདུན་རྒྱ་མཚོའི་ཐུགས་སྲས་མཆོག་གྱུར་པ།། དཔལ་ལྡན་བྱང་སེམས་བསྟན་པའི་ཉི་མ་དེ།། དུས་འདིར་ད་ལྟ་ཆོས་ཀྱིས་རྒྱལ་མཚན་མཚན། ཞབས་དྲུང་རྗེ་བཙུན་བླ་མར་གསོལ་འདེབས། ཞེས་གསུངས་པ་ལྟར་རོ།

[page 68] དགོན་པའི་མཚན་དོན་དང་མཚན་གྱི་རྣམ་གྲངས་གང་ཡིན་ཞེས་ན། འགེ་ཁ་བྱམས་པ་གླིང་བོད་གངས་ཅན་གྱི་གཞིར་འདི་ན་མཚན་སྙན་ཡོངས་སུ་གྲགས་པ་ཞིག་ལས། དང་པོ་བཏགས་མིང་ནི་མི་ཁག་གཅིག་གི་འགུ་བ་ཁ། འགེ་བ་ཁ། འགུར་བ་དགོན་ཞེས་པ་སོགས་ཁུངས་འཚོལ་ས་དང་གཞི་འཛིན་ས་གཏན་ནས་མེད་པའི་སྒྲོ་བཏགས་ཀྱི་ཆ་བཏགས་མིང་ཡིན་ནོ།། དེ་ཡང་རང་རེའི་ཡུལ་དགོན་འདི་ལ་ཆེས་སྔ་མོ་ཞིག་ནས་རང་སྐད་དུ་འགེ་བ་ཁ་པ་ཞེས་པའང་ཡོད་ལ། མིང་དོན་མཚུངས་པའི་ཐ་སྙད་དངོས་མིང་གང་ཡིན་ཞེ་ན། མི་ཉག་སེ་རྒྱལ་པོའི་དུས་ཕྱི་བྱུང་བ་མི་ཉག་འགེའི་རྒྱལ་པོ་འགེ་མཐའ་ཟེར་བ་ཞིག་ཡོད་པ་ལས་རྒྱལ་པོ་དེའི་གནས་ཡུལ་ལ་འགེ་མཐའ་རོང་ཞེས་པ་གྲགས་སོ།། རྒྱལ་དཔོན་དེར་འཕགས་པ་གནས་བརྟན་བཅུ་དྲུག་རྒྱ་ནག་རི་བོ་རྩེ་ལྔ་ནས་མི་ཉག་ཡུལ་དུ་ཕེབས་སྐབས་ཡོན་བདག་མཛད་པའི་ལོ་རྒྱུས་ཡང་ཡོད་ལ། ད་ལྟའང་ཡུལ་ལུང་དེ་ལ་འགེ་མཐའ་རོ་ཞེས་བརྗོད། ཡུལ་ལུང་དེའི་ཕྱོགས་སུ་ཁ་ལྟས་པའི་དགོན་པ་དེ་ལ་འགེ་ཁ་དགོན་ཞེས་དང་། བྱམས་པ་གླིང་ཞེས་པ་ནི་བླ་མ་གངས་རི་བསྟན་པའི་ཉི་མས་སྐུ་ཕྲེང་གཉིས་པ་རྒྱལ་བ་བྱམས་པའི་སྤྱན་སྔ་ཐུགས་བསྐྱེད་མཛད་པའི་བྱང་སེམས་ཞི་བའི་བློ་གྲོས་ཕེབས་པ་ན་བྱམས་གླིང་མཚན་བརྗོད་པ་ལྟར་འགེ་ཁ་བྱམས་པ་གླིང་ཞེས་གྲགས་པའོ། དགོན་དེའི་གདན་རབས་སྐུ་ཕྲེང་རིམ་བྱོན་སྐྱེས་རབས་མུ་ཏིག་གི་ཕྲེང་བ་ལྟ་བུའི་གདན་རབས་ལས། གནས་མཆོག་དགའ་ལྡན་བྱམས་དགོན་ཕོ་བྲང་དུ། ལྷ་མཆོག་མི་ཕམ་མགོན་པོའི་སྤྱན་སྔ་རུ། ཐུགས་བསྐྱེད་མཛད་དུས་ཞི་བའི་བློ་གྲོས་ཏེ། དུས་འདིར་འཇམ་མགོན་རྒྱལ་བསྟན་འཛིན་པའི་རྗེ།། བྱང་སེམས་སྐྱབས་མཆོག་བླ་མར་གསོལ་བ་འདེབས།། ཞེས་དང་། དེ་ནས་དགའ་ལྡན་གནས་སུ་ནི། སྐྱེས་མ་ཐག་ཏུ་འཁོར་དབུས་སུ།། མི་ཕམ་མགོན་ལ་བྱང་ཆུབ་ཏུ།། ལུང་བསྟན་བདག་གིས་ཐོབ་གྱུརག་ཅི ཞེས་པ་ལྟར་དཔྱད་གསུམ་གྱི་དག་པའི་ལུང་ལས་གྲུབ་པའི་ཕྱིར་ན་འགེ་ཁ་བྱམས་པའི་གླིང་མཚན་གྱིས་སྙན་གྲགས་འདི་ཡང་ས་གསུམ་ན་གྲགས་པའོ།། དགོན་འདིའི་ལོ་རྒྱུས་རིང་ལ་ཆོས་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་གཞན་དྲིང་མི་འཇོག་པ་ཞིག་ཡོད་པས་སོ།།

འགེ་ཁ་བྱམས་པ་གླིང་དགོན་འདི་ཐོག་མ་ཕྱག་བཏབ་པ་ནས་ད་ལྟའི་བར་གྲུབ་མཐའ་དགེ་ལྡན་རིང་ལུགས་བ་ཡིན་པས་ཆོས་རྒྱུན་གྲྭ་ས་དགའ་ལྡན་ཉང་རོང་འབྲས་སྤུངས་བློ་གླིང་སེ་རྭ་སྨད། སྔགས་གྲྭ་རྒྱུད་སྟོད་རྣམས་སུ་འགྲོ། གཞིས་སྔགས་གྲྭ་དང་རྩོད་གྲྭ་ཟུང་འབྲེལ་ཡིན། རང་དགོན་ནང་སྔར་ནས་ད་བར་དར་རྒུད་ཕྱིན་པའི་གནས་ཚུལ་གང་ཡོད་ཞེ་ན། འཁྲུག་རྩོད་ཀྱི་གནོད་པ་བྱུང་མེད་པར་འབྱུང་བཞི་མེའི་གནོད་པ་ཐེངས་གཉིས་བྱུང་ཡོད་པ་དང་། དུས་ཀྱི་འཕོ་འགྱུར་གྱི་དབང་གིས་དགོན་ཁག་དུ་མ་ཞིག་བསྡུས་ནས་དགོན་ཆེན་གཅིག་བྱས་པའང་མ་ཡིན་ལ། དགོན་ཁག་གཉིས་གསུམ་སུ་གྱེས་ཏེ་གྲུག་མཐའ་སྒྱུར་བའི་གནས་ཚུལ་ཡང་མེད་ལ་སྔར་ནས་ད་བར་ཆོས་རྒྱུན་དང་གྲུབ་མཐའ་སོགས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བཙོང་ཁ་བ་ཆེན་པོའི་རིང་ལུགས་དྲི་མ་མེད་པར་ཕྱོགས་ཀུན་སྤེལ་བའི་རིང་བོ་དགའ་ལྡན་པའི་[page 69] ལྷ་གྲུབ་ཉམས་མེད་པ་འཛིན་པའི་རི་བོ་དགེ་ལུགས་པ་འབའ་ཞིག་ཡིན་ནོ།།

གདན་རབས་དང་། མཁན་རབས། གདུང་རབས། སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་གནད་བསྡུས་ཤིང་ཞུ་རྒྱུ་བཅས། གདན་རབས་ཀྱི་རྣམ་བཞག་རགས་ཙམ་གོང་དུ་ཞུས་ཟིན་པ་ཡིན་ཡང་སླར་ཡང་ཁྲུངས་དག་པར་གང་ཐུབ་བྱ་རྒྱུའི་རེ་འདོད་ལྟར། རང་དགོན་ཕྱག་འདེབས་པ་པོ་གངས་རི་ལྷ་བཙུན་བསྟན་པའི་ཉི་མ་ཡིན་པས་ཁོང་གིས་མཛད་རྣམ་གཙང་བཀྲ་ཤིས་ལྷུན་པོའི་གདན་རབས་ལོ་རྒྱུས་གཤམ་གསལ་ལྟར་ཡིན་ལ། རང་ཅག་རྣམས་ལ་བཀའ་དྲིན་གསུམ་ལྡན་གྱི་དཔལ་ལྡན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་བརྗོད་པར་དཀའ་བ་བླ་མ་གངས་རི་བསྟན་པའི་ཉི་མ་མཚན་གྱི་རྣམ་གྲངས་ཐ་སྙད་གསུམ་ཡོད་པ་ནི། བོད་ཟལ་མོ་སྒང་གི་སའི་ཆ་གནས་པས་བླ་མ་སྒང་རིང་བསྟན་པའི་ཉི་མ་ཞེས་པ་གྲགས། འཁྲུངས་ཡུལ་གཙང་མངའ་རིས་ཡིན་བས་ཡུལ་གྱི་ཆ་གནས་མངའ་རིས་ལྷ་བཙུན་བསྟན་པའི་ཉི་མ་ཞེས་པ་ཡང་གྲགས། སྟོད་ཀྱི་གངས་ཏི་སེ་ལ་སྒྲུབ་པར་མཛད་པས་སྒྲུབ་གནས་ཀྱིས་ཆ་གནས་བླ་མ་གངས་བསྟན་པའི་ཉི་མ་མཚན་ཡོངས་སུ་གྲགས་པའོ། རྒྱལ་མཆོག་སྐལ་བཟང་རྒྱ་མཚོ་མི་ཉག་ཡུལ་དུ་ལོ་བདུན་ཙམ་བཞུགས་རིང་དགོན་འདིའི་གདན་འཛིན་སྐུ་ཕྲེང་གསུམ་པ་མཆོག་སྤྲུལ་སངས་རྒྱས་རིན་ཆེན་ལ་ཐུགས་རྗེའི་བཀའ་ཤོག་ཟབ་མོ་དང་། ཁམས་ཀྱི་ཞབས་དྲུང་བཞིའི་གྲས་སུ་གོ་གནས་གནང་བ་མ་ཟད། རྒྱལ་མཆོག་ཉིད་ཀྱི་མཚན་བཀོད་པའི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཞལ་ཐང་གསེར་བྲིས་མ་ད་ལྟའང་མཇལ་རྒྱུ་ཡོད། ལྷ་ས་ནས་རྡོ་ཤིང་མི་སྣ་ཆེན་གཏོང་གིས་འདུ་ཁང་གསར་རྒྱག་དང་། གངས་རི་མཆོད་རྟེན་དུ་གྲགས་པའི་བླ་མ་གངས་རི་པའི་གདུང་རྟེན་གསར་བཞེངས་སོགས་བཀའ་དྲིན་བདག་རྐྱེན་ཆེན་པོ་ཐོབ་སྟེ་འབྲི་ཆུ་ཤར་བརྒྱུད་ཀྱི་ཡངས་པའི་ཡུལ་གྲུ་བསྟན་པའི་གཙུག་རྒྱན་ལྟར་གྲུབ་མཐའ་རིས་མེད་ཀུན་གྱི་བཀུར་བའི་མཆོད་པའི་ཞིང་དུ་གྱུར། གདན་འཛིན་སྐུ་གོང་མ་བྱམས་པ་ཚུལ་ཁྲིམས་རྒྱ་མཚོ་ཡང་རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོས་ཐུགས་བརྩེ་ཆེན་པོ་གནང་ཞིང་། ལར་ནས་གཞི་དགོན་འདིའི་གྲྭ་རྒྱུད་རྣམས་འབྲས་སྤུངས་མི་ཉག་ཁང་ཚན་དང་། སྔགས་གྲྭ་རྒྱུད་སྟོད་གྲྭ་ཚང་གཉིས་སུ་ཐེབ་ཁུང་བྱེད་པ་ལས་གྲྭ་ས་གཞན་དུ་འགྲོ་མི་ཆོག་པའི་ལམ་སྲོལ་གཏན་འབེབས་མཛད་ནས། འབྲས་སྤུངས་མི་ཉག་ཁང་ཚན་འདི་ཡང་གྲྭ་ས་སེར་འབྲས་དགེ་གསུམ་ནང་བསླབ་པ་སློབ་གཉེར་གྱི་སྙན་གྲགས་ཡང་རྩེར་སོན་པ་བྱུང་ཡོད། གཞི་དགོན་འདིར་གྲྭ་གྲངས་བཞི་བརྒྱ་ཙམ་ལས་མེད་རུང་རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་བཀའ་བཞིན་སྒྲུབ་ནས་དགོན་འདིའི་སྒྲིག་གྲྭ་འབྲས་མི་ཉག་ཁང་ཚན་ནང་དགེ་བཤེས་མཚན་རྟགས་བཞེས་པ་ཡང་རྒྱལ་དབང་སྐུ་རབས་གསུམ་ཙམ་ལ་དགེ་བཤེས་གྲངས་བརྒྱ་དང་བརྒྱད་བཅུ་ཙམ་བྱུང་ཡོད། འདི་ནང་དགེ་བཤེས་ལྷ་རམས་པ་གྲངས་དགུ་བཅུ་གོ་ལྔ་བྱུང་ཡོད་པ་འདིའི་ནང་ལྷ་རམས་པ་ཨང་དང་གཉིས་བཞེས་མཁན་མི་ཉུང་བ་ཡོད་ཅིང་། ལྷག་པ་དགའ་ལྡན་ཁྲི་ཐོག་གོ་གསུམ་པ་མི་ཉག་ཁྲི་ཡེ་ཤེས་དབང་ལྡན་དང་། དགའ་ལྡན་ཁྲི་ཐོག་གོ་ལྔ་པ་མི་ཉག་ཁྲི་བཀྲ་ཤིས་སྟོང་འདུས་གཉིས་ཀ་དགོན་འདིའི་ཡིན། ད་རུང་མི་ཉག་བཅུ་དཔོན་སོགས་རྒྱུད་སྟོད་[page 70] མཁན་ཟུར་ཡང་དགོན་འདིའི་དགེ་བཤེས་ཡིན་ལ། སྤྱི་ལོ་༡༩༥༩ལོའི་ལྷ་རམས་དགེ་བཤེས་ཨང་དང་པོའི་མཚན་རྟགས་བཞེང་མཁན་མི་ཉག་བློ་བཟང་ཡང་དེ་ལྟར་རེད་ལ། གཞན་ཡང་བློ་གླིང་མཁན་པོ་མི་ཉག་བཟོད་པ་ཡོན་ཏན། གཞུང་ལེན་པ་ཁོང་གསར་དགེ་བཤེས་དོན་གྲུབ། བཟོད་པ་དགེ་བཤེས་རིག་འཛིན། འབྲས་ཚོགས་ཆེན་དབུ་མཛད་མི་ཉག་ལུག་མགོ་བློ་གླིང་གྲྭ་ཚང་དབུ་མཛད་མི་ཉག་བྱ་ངོ་ཤིང་མགོ། རྒྱུད་སྟོད་མཆོད་དཔོན་ཆེན་པོ་མི་ཉག་ནོ་ནི་བླ་རྒན་དང་འཕགས་འུ་བཀྲིས་སོགས་དེ་ལྟ་བུའི་དགེ་བའི་བཤེས་གཉེན་དང་སྐྱེས་བུ་དམ་པ་རྣམས་ཀྱིས་གྲྭ་ས་སེར་འབྲས་དགེ་གསུམ་དང་རྒྱུད་གྲྭ་རྣམ་གཉིས་ལ་སོགས་པ་ཆོས་སྡེ་ཆེན་པོ་སོ་སོར་ནང་ལའང་སངས་རྒྱས་བསྟན་པའི་ཞབས་ཞུ་རྒྱ་ཆེར་སྒྲུབ་ཡོད་ཅིང་། རྗེ་གངས་རི་པ་ནས་ད་ལྟའི་སྐུ་ཕྲེང་མི་ཉག་ཞབས་དྲུང་ཆོས་ཀྱི་རྒྱལ་མཚན་གྱི་བར་གདན་འཛིན་རིམ་བྱོན་གྱིས་བཀའ་དྲིན་ལ་བརྟེན་དགོན་གནས་འདིའི་ཐོས་བསམ་སློབ་གཉེར། འདུལ་ཁྲིམས་ཉམས་ལེན་ཆོ་ག་ཕྱག་ལེན་སོགས་གཞན་གྱི་མིག་དཔེ་ལྟ་བུར་གྱུར་ཡོད་ཀྱང་། བར་ལམ་ལོ་སུམ་ཅུ་ལྷག་གི་རིང་གཡོན་ལྷུང་སྲིད་ཇུས་ངན་པ་རིག་གནས་གསར་བརྗེས་ཟེར་བ་སོགས་ཆག་སྒོ་ཆེན་པོའི་ནང་ཉམས་ཆགས་ཤུལ་མེད་དུ་སོང་ནའང་། དེང་སྐབས་མཆོག་གསུམ་གྱི་བྱིན་མཐུ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་དགོན་གསུམ་གནས་ཁུལ་གྱི་དད་ལྡན་མི་དམངས་སྤྱི་དང་། བླ་གྲྭ་ཡོངས་ཀྱིས་ཐུན་མོང་འབད་བརྩོན་དང་། རང་གིས་ནུས་ཤུགས་ཁོ་ན་ལ་བརྟེན་ནས་འདུ་ཁང་དང་གྲྭ་ཤག་སོགས་ཕྱེད་ཀ་ལྷག་ཙམ་ཉམས་གསོ་བྱེད་ཟིན་ནའང་ད་དུང་ཉམས་གསོ་བྱེད་མ་ཚར་བ་སྤྱི་ཁང་དྲུག་དང་གྲྭ་ཤག་བཞི་བཅུ་ཞེ་གཅིག་ཙམ་ཡོད། སྐུ་གསུངས་ཐུགས་རྟེན་ཚང་མ་གསར་བཞེངས་བྱེད་དགོས་པར་ཡོད་ལ། གོང་དུ་བཤད་པ་བཞིན་ངེད་དགོན་པའི་མངའ་འོག་གི་མཁས་གྲུབ་རིམ་བྱོན་ད་དུང་ཡང་མང་དུ་ཡོད་པ་ལས། འབྲས་སྤུངས་བློ་གསལ་གླིང་མཁན་ཆེན་གདན་རབས་ནང་མི་ཉག་དོན་ཡོད་རྒྱལ་མཚན། མི་ཉག་བླ་ཟུར་ལྷ་དགོན། ཐོས་བསམ་གླིང་རྒྱལ་བ་གྲྭ་ཚང་གི་མཁན་པོ་མི་ཉག་དཀའ་བཅུ་པ་སངས་རྒྱས། གསང་ཕུ་གླིང་སྟོད་ཀྱི་གདན་རབས་མི་ཉག་རིན་ཆེན་བཟང་པོ། འཕན་བུ་ཡུལ་དུ་རིན་ཆེན་ཐག་གི་ཆོས་སྡེ་ཀྱི་གདན་རབས་མི་ཉག་རྡོ་རྗེ་བཟང་པོ་གདན་རབས་གསུམ་པ་ཡིན། ཡང་དེ་རྗེས་འཕན་ཡུལ་དུ་འབྲོང་དགོན་ཆོས་རྒྱལ་འཕགས་པའི་གདན་རབས་ལྔ་པ་མི་ཉག་རྡོ་རྗེ་བཟང་པོ་ཡིན། དེ་རྗེས་དགའ་ལྡན་ཁྲི་ཆེན་བཅུ་བདུན་པ་ཡང་མི་ཉག་རྡོ་རྗེ་བཟང་པོའི་ཁྲི་འཛིན་གནང་ངོ་། དགའ་ལྡན་ཁྲི་ཆེན་རྣམས་ཀྱིས་གདན་རབས་ལས་གསལ་ལོ།།

རང་དགོན་གི་མཁས་གྲུབ་རིམ་བྱོན་རྣམས་ཀྱིས་གསུང་འབུམ་དང་རྟེན་བཞེངས་སོགས་མི་ཉུང་བ་ཙམ་ཞིག་བཞུགས་ཡོད་པ་ལས། གདན་རབས་དང་པོ་བླ་མ་གངས་རིས་མཛད་པའི་མདོ་སྔགས་ཀྱི་བཀའ་བའི་དགོངས་འགྲེལ་དུ་བརྩམས་པའི་གསུང་འབུམ་པོ་ཏི་བརྒྱད་ཙམ་བཞུགས་ཡོད་པ་དང་། བླ་མ་གངས་རི་ཉིད་ཀྱི་བཞེངས་པའི་གསེར་བྲིས་ཡུམ་འབུམ་རྒྱས་འབྲིང་བསྡུས་གསུམ་ཆ་ཚང་ཡོད་པའི་དེའི་ཐ་སྙད་[page 71] ལའང་གངས་རི་གསེར་འབུམ་ཞེས་པ་གྲགས་སོ།། དེ་བཞིན་གདན་རབས་གསུམ་པ་མཆོག་སྤྲུལ་སངས་རྒྱས་རིན་ཆེན་ཀྱི་མཛད་པའི་གསུང་འབུམ་ཆ་ཚང་ཞིག་ཡོད་པ་ལས་ད་སྐབས་མགོན་དྲག་སྦྱིན་སྲེག་དང་གཏོར་མ་བརྒྱ་བཞིའི་ཆོ་ག་འདི་གཉིས་ལས་མ་ལྷག་པ། བཀའ་འགྱུར་ཆ་ཚང་ཆ་གཉིས། རྡོ་རྗེ་འཆང་གསེར་སྐུ་མི་ཚད་མ་གཅིག རྒྱལ་བ་བྱམས་པ་འཇིམ་སྐུ་མཐོ་བརྩེགས་གསུམ་ཙམ་ཡོད་པ་གཙུག་ལག་ཁང་དང་བཅས་པ་སྤྱི་ལོ་༡༩༥༥ལོ་ནང་མེའི་འཇིགས་པ་བྱུང་ནས་ཉམས་རྒུད་ཆེ་ཙམ་བྱུང་ཡོད། རང་དགོན་བྱམས་པ་གླིང་དགོན་པ་གཞན་དང་ཆོས་རྒྱུན་གྲྭ་སའམ་མ་དགོན་བུ་དགོན་དགོན་ལག་སོགས་ཕན་ཚུན་འབྲེལ་བ་ཇི་བཞིན་ཡོད་པ་ནི། ཁུངས་ལྡན་གྱི་ལོ་རྒྱུས་སོགས་དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ་དང་། འགེ་ཁ་དགོན་པའི་གདན་རབས་ལས་ཇི་བཞིན་གསལ་བ་ལྟར། འགེ་ཁ་དགོན་པའི་དགོན་ལག་འདྲ་ཡུལ་མཁར་ཐོག་དགོན། གནས་འགོ་དགོན། སྟོང་སྐུ་དགོན། ཕྱུག་མོ་དགོན། རྒྱུད་ཟུར་དགོན། དཔའ་ཐེན་དགོན། འདི་བུ་དགོན་དྲུག་གི་ཆོས་སྤྱོད་དང་བླ་རབས་གྲྭ་རྒྱུན་སོགས་འགེ་ཁ་དགོན་པའི་ཁུངས་སུ་འཚོལ་བ་ཞེས་ཁུངས་གཏུགས་ས་ལོ་རྒྱུས་ཀྱི་ཡིག་ཆ་རྙིང་པ་དང་ངག་རྒྱུན་ནས་བཤད་པའི་བདེན་དོན་གདེང་འཁེལ་པ་ཡིན་པས། མ་བུ་དགོན་ཚང་མས་ཟུང་འབྲེལ་དམ་ཟབ་ཀྱིས་ཐོག་ནས་བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་སྤྱི་ལོ་༡༩༥༩ལོ་བར་དར་ཞིང་རྒྱས་པ་བྱུང་རུང་། དེ་ནས་བཟུང་དགོན་པ་འདི་དང་འདིར་བཞུགས་པའམ་ཆོས་སྡེ་དང་དགེ་འདུན་གྲྭ་དམངས་ཡོངས་བཅས་ལ་ཆག་སྒོ་དང་བར་ཆད་དབང་གི་དགོན་གནས་གཞན་སུ་ལས་ཀྱང་སྡུག་པ་བྱུང་ནས་མི་ལོ་སུམ་ཅུའི་དུས་རིང་འདི་ནང་ལ་བསམ་བརྗོད་གང་བྱས་ཀྱང་སྙིང་གིས་མི་བཟོད་ལ་མིག་ནས་མཆི་མ་ཤོར་དགོས་པ་ཡོད་ཅིང་། ཡིན་ནའང་དེང་སྐབས་མཆོག་གསུམ་གྱི་བྱིན་མཐུ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལ་བརྟེན་ནས་མ་བུ་དགོན་ཚང་མས་རང་གིས་ནུས་པ་གང་ཡོད་ལ་བརྟེན་ནས་དགོན་པ་ཉམས་གསོ་ཕྲན་ཙམ་བྱས་ཟིན་ནོ།།

འགེ་ཁ་དགོན་པའི་བསྟན་པའི་བདག་པོ་བླ་མ་གངས་རི་ནས་ཞབས་དྲུང་ཆོས་ཀྱི་རྒྱལ་མཚན་པའི་བར་བསྟན་བདག་ཐུགས་འགན་ཞེས་པ་ནི། སྔར་ནས་ད་བར་མདོ་སྨད་མི་ཉག་ས་ཡི་ཆར་ཞྭ་སེར་བསྟན་པའི་རིང་ལུགས་པ་ཡི་མངའ་བདག་ཏུ་གྱུར་བ་རྗེ་གངས་རི་བསྟན་པའི་ཉི་མ་ནས་ཉེ་བར་གཟུང་ཞབས་དྲུང་ཆོས་ཀྱི་རྒྱལ་མཚན་གྱི་བར་སྐུ་ཕྲེང་རིམ་བྱོན་པ་རྣམས་འགེ་ཁ་བྱམས་པ་གླིང་ཆོས་ཀྱི་སྡེ་ཆེན་པོ་དེ་ན་མི་འཇིགས་སེངྒེའི་ཁྲི་ལ་མངའ་བསྒྱུར་བའི་མཁས་གྲུབ་དུ་མའི་དབུས་ན་མངོན་པར་མཐོ་ཞིང་། འཁོར་ལོ་གསུམ་དང་མཁས་པའི་བྱ་བ་རྣམ་གསུམ་གྱི་འཇམ་མགོན་རྒྱལ་བ་གཉིས་པའི་ཞྭ་སེར་བསྟན་པའི་རིང་ལུགས་དྲི་མ་མེད་པ་ཕྱོགས་བརྒྱར་སྤེལ་བའི་ཐུགས་ཁུར་ཆེ་བཞེས་སུ་གནང་བ་ནི་འགྲན་པའི་ཟླ་དང་བྲལ་བའོ། དེ་ལྟ་བུའི་མགོན་པོ་ཁྱེད་ཀྱིས་འབྲལ་མེད་རྗེས་སུ་བཟུང་བ་ལ་བཀའ་དྲིན་རྗེས་དྲན་གྱི་སླད་དུ་བཀའ་བཞིན་སྒྲུབ་པའི་འགན་བཞེས་གནང་མཁན་ཐོབ་ཐང་གོ་རིམ་ལྟར་ཡོད་པ་ལས། དང་པོ་ལྟ་སྤྱོད་གཙང་མའི་མཛེས་སྤྱོད་ལྡན་པའི་དགེ་བཤེས་བླ་གྲྭ་གང་རུང་ཅིག་གི་བླ་ཚབ་ལོ་གསུམ་རེ་རིམ་བསྐོར་བྱེད་[page 72] རྒྱུ་དང་། གཉིས་པ་ཐུབ་དབང་བསྟན་པའི་མངའ་བདག་གནས་བརྟན་འཏུལ་བ་འཛིན་པ་གཞི་གསུམ་གྱི་ཆོག་དང་སྡོད་གསུམ་ཉམས་ལེན་གྱི་གནད་ལ་མཁས་པ་དགེ་ཤེས་བླ་གྲྭ་གང་རུང་གཅིག་གི་མཁན་པོ་ལོ་གསུམ་རེ་དང་མང་ན་ལོ་དྲུག་རེ་བྱེད་པའང་ཡོད་ལ། གསུམ་པ་གསང་སྔགས་ལས་མཁས་པའི་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྡོ་རྗེ་སློབ་དཔོན་ལོ་གསུམ་རེ་དང་། བཞི་པ་གསུང་སྙན་འབྲུག་ལྟར་ལྡིར་བའི་ལེགས་ཚོགས་ཀྱི་མངའ་བདག་བྱང་འདྲེན་དབུ་མཛད་ཆེན་མོ་ལོ་གསུམ་རེའི་རིམ་བསྐོར་དང་། ལྔ་པ་ཆོས་ཁྲིམས་ལེགས་ཉེས་འབྱེད་ཐུབ་པའི་མཁྱེན་རབ་ཀྱི་མེ་ལོང་རབ་ཏུ་གསལ་བ་ཆོས་ཁྲིམས་ཀྱི་མངའ་བདག་དགེ་བསྐོས་ལོ་གསུམ་རེའི་རིམ་བསྐོར་ཡིན་པས། དེ་འོག་དགོན་པ་བདག་གཉེར་དོན་དམ་ལས་འཛིན་གྲོས་པ་མི་བཞི་ལོ་གསུམ་རེའི་རིམ་བསྐོས་དང་། ཕྱག་མཛོད་གཙོ་བོར་དང་དཔལ་འབྱོར་བདག་གཉེར་ལ་སོགས་པ་མི་ཉུང་བ་ཙམ་ཞིག་ཡོད། དེ་བཞིན་ཁང་ཚན་བཞི་ལ་ཡང་དགེ་བསྐོས་དབུ་མཛད་དང་ཆོས་ཁྲིམས་པ་ལོ་གསུམ་རེའི་འཆར་གཞི་ཡོད། གཞན་ཡང་འགེ་ཁ་དགོན་པའི་དུས་མཆོད་དང་སྒྲུབ་མཆོད་ཀྱི་རྒྱུན་སྲོལ་རྒྱུན་འཇགས་སུ་གྱུར་ཟིན་པའི་ལོ་འཁོར་མོའི་དུས་མཆོད་ཀྱི་རིམ་པ་རགས་རིམ་ཞིག་བཀོད་ན།

ཧོར་ཟླ་དང་པོའི་ཚེས་གཅིག་གིས་སྔ་དྲོ་ཐོ་རངས་སྐར་ཆེན་ཤར་བའི་དུས་སུ་དུང་རྒྱ་གླིང་འབུད་ནས་བླ་གྲྭ་དགེ་འདུན་ཡོངས་རྫོགས་གདན་འདྲེན་བཞུགས་ནས་འདུ་ཁང་གི་སྒོ་འགྲམ་ཕེབས་སྐབས་སུ་རྟེན་འབྲེལ་གྱི་མཛད་སྒོ་གྲོ་སོ་ཕྱེ་མར་ཕུལ་ནས་བཀྲ་ཤིས་བདེ་ལེགས་ཀྱི་ངག་སྒོ་འཆད་ནས་འཚོགས་ཚོགས། དེ་ནས་དཔལ་ལྡན་ལྷ་མོ་ལ་ཚེས་གཏོར་ཕུལ་ནས་མགོན་ཆོས་དྲུག་གི་གསོ་མཆོད་ཕུལ་ནས་སྔ་དྲོའི་འཚོགས་གྲོལ། དེ་ནས་གྲྭ་དམངས་རྣམས་ཀྱིས་མཇལ་དར་འཁྱེར་ནས་དགོན་པའི་གདན་འཛིན་བསྟན་བདག་བླ་མ་མཇལ་ཁ་འགྲོ་རྒྱུ་དང་རང་ཉིད་སོ་སོའི་དགེ་རྒན་མཇལ་ཁ་འགྲོ་རྒྱུའི་རྒྱུན་སྲོལ་ཡོད་ལ། ཚེས་གཉིས་ནས་ཚེས་བདུན་གྱི་བར་ལོ་གསར་གྱི་ཆོས་མཚམས་བཏང་། ཚེས་བརྒྱད་ནས་ཚེས་བཅོ་ལྔ་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་མཆོད་ཉིན་བརྒྱད་འཚོགས་རྒྱུ་ཡིན་པས་ཉིན་རེ་ལ་སྐམ་ཚོགས་གསུམ་དང་རློན་ཚོགས་གསུམ་ཚོགས་ཐེངས་དྲུག་ཉིན་རེ་བཞིན་འཚོགས་རྒྱུ། སྐམ་ཚོགས་དང་པོ་ལ་སྔ་དྲོ་མཁན་རིན་པོ་ཆེན་གདན་བཞུགས་ནས་ལམ་རིམ་བརྒྱུད་པའི་གསོལ་འདེབས་དང་འབྲེལ་མཎྜལ་ཕུལ་ནས་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོའི་བཀའ་ཆོས་ཞུ་རྒྱུ་དང་། སྐམ་ཚོགས་གཉིས་པ་ལ་བླ་མ་གདན་འདྲེན་བཞུགས་ནས་འཚོགས། ཞལ་འདོན་གནང་རྒྱུའི་རིམ་པ་གྲྭ་དམངས་ཡོངས་ནས་སྐབས་གསུམ་པ། ལེགས་བྲིས་མ། བྱམས་པའི་སྨོན་ལམ། ཐོག་མཐར་མ་སོགས་འདོན་རྒྱུ་དེ་ནས་ཆོས་དབྱངས་པ་རྣམས་ཀྱིས་ཆོས་དཔྱོད་དང་ཁྲུས་གསོལ་ཚར་ནས། བླ་མ་ནས་གཞི་བདག་གཏོར་མ་ཕུལ། དེ་ནས་བྱང་འདྲེན་ཆེན་མོའི་རྗེ་བཀྲ་ཤིས་དཔལ་ལྡན་པས་མཛད་པའི་གསང་ཡི་རྣམ་ཐར་གདང་ཆེ་གང་སྙན་པའི་ཐོག་ནས་དགོན་གོམ་རྒྱག་ནས་གྲྭ་དམངས་རྣམས་ཀྱི་ཞལ་འདོན་གནང་རྒྱུ་དང་དེ་རྗེས་བསྟན་འབར་མ་ཚར་ནས། བླ་མ་ནས་བསྔོ་བ་[page 73] སྨོན་ལམ་རྒྱས་པ་མཛད་ཚར་བདེ་བ་ཅན་གྱི་སྨོན་ལམ་གཞི་མཆོག་སྒོ་འབྱེད་མ་དང་། ཇི་སྲིད་ཐུགས་མཆོག་མ་སོགས་འདོན་ནས་སྐམ་འཚོགས་གཉིས་པ་གྲོལ། སྐམ་ཚོགས་གསུམ་པའི་རིམ་པ་བཀའ་རབ་འབྱམས་པ་དགེ་བཤེས་བླ་གྲྭ་གང་རུང་མི་གཉིས་རེ་གི་དམ་བཅའ་བཞག་ནས་གཞུང་ཆེན་བཀའ་པོད་ལྔ་ནི་དགོངས་དོན་རྣམས་དགག་སྒྲུབ་ཀྱི་རྩོད་གྲྭ་མཛད་ནས་ལུང་རིགས་གཉིས་འཛོམས་ཀྱི་དཔྱད་པ་གསུམ་གྱི་དག་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུ་ཁོ་ན་ལ་འབར་བ་བྱ་རྒྱུ་དང་དེ་ལྟ་བུའི་རྒྱུན་སྲོལ་སྨོན་ལམ་ཉིན་བརྒྱད་ལ་བྱ་དགོས་སོ།། ཚེས་བཅོ་ལྔ་ལ་སྔ་དྲོ་མང་ཇ་གྲོལ་ནས་རྒྱུག་རྟ་ཉི་ཤུ་རྟ་འཚོགས་ཚོགས་ནས་དགེ་བསྐོས་ཀྱི་སྔར་གྱི་ཕྱག་བཞེངས་བཟང་པོའི་རྒྱུན་སྲོལ་རྣམས་ཚོགས་གཏམ་གནང་དགོས་པ་དང་ཚུལ་ཁྲིམས་ལག་ལེན་བཏབ་དགོས་སོ།། རྒྱུག་ཚད་རྐང་ཁྲི་ཉིས་སྟོང་ལྷག་ཙམ་གྱི་སར་རྒྱུག་ན་རྒྱབ་རྟེན་མི་འགྱུར་བའི་རྒྱབ་རི་ཆེན་མོ་ལ་ལོ་བསྟོ་གི་རག་ཕུལ་དགོས་པའི་རྒྱུན་སྲོལ་ཡོད་པ་དང་། ཚེས་བཅོ་ལྔའི་ཕྱི་དྲོ་དགོང་མོ་ཆོ་འཕྲུལ་མཆོད་པ་བདེ་བ་ཆེན་པོ་ལྷ་བཤོས་ཀྱི་ཞལ་ཟས་ལྔ་ཚེར་དེ་ལ་མཆོད་པའི་འོས་སུ་གྱུར་པའི་རི་མོ་རྒྱལ་ལྡན་གྱི་མཆོད་པ་མཐོ་བརྩེགས་གཅིག་ལས་མཐོ་དྲང་བའི་ལྷ་བཤོས་ཀྱི་མཆོད་པ་དང་མར་མེ་སྟོང་མཆོད་འབུལ་བ་ལ་སོགས་པའི་མཆོད་འབུལ་འཚོགས་ནས་རབ་བྱམས་པ་མི་གཉིས་འཚོགས་དབུས་སུ་ཚོགས་ལམ་ལངས་ནས་རྩོད་པ་མཛད་རྒྱུའི་རྒྱུན་སྲོལ་ད་ལྟའང་ཡོད་ལ། ཚེས་བཅུ་དྲུག་སྔ་དྲོ་ལ་རྒྱལ་བ་བྱམས་པའི་སྐུ་གཅིག་གདན་འདྲེན་ནས་མཆོད་པ་ཕུལ་བ་དང་མ་འོངས་སངས་རྒྱས་བྱམས་པ་ཆོས་འཁོར་བསྐོར་བའི་ཚེ་འཁོར་གྱི་ཐོག་མ་ཉིད་དུ་སྐྱེས་པའི་རྟེན་འབྲེལ་དང་སྨོན་ལམ་གྱི་མཚམས་སྦྱོར་བ་དང་། ཐུབ་པའི་དབང་པོའི་སྐུ་ཐང་ཆེན་མོ་བཤམས་པ་དང་དེའི་དྲུང་དུ་མཆོད་པ་སྣ་ལྔ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ནས་མཐར་སངས་རྒྱས་བསྟན་འབར་མས་འཇུག་བསྡུས་བྱེད་ནས་སྨོན་ལམ་ཆེན་མོ་གྲོལ། རྒྱུན་སྲོལ་དེ་བཞིན་ད་ལྟ་ཡང་ཡོད། དེ་ནས་ཚེས་བཅུ་བདུན་ལ་ཆོས་མཚམས་ཉིན་གཅིག་བཏང་། ཚེས་བཅོ་བརྒྱད་དང་བཅུ་དགུ་ཉི་མ་གཉིས་ལ་དགུན་གཏོར་ཡིན་པས་འཆམ་རྒྱག་རྒྱུའི་རིམ་པ་རགས་རིམ་ཙམ་བཀོད་ན། དང་པོ་རོལ་ཆས་སྣ་ཚོགས་དཀྲོལ་རྡུང་བྱེད་མཁན་རོལ་འཆམ་པ་ལྔ། འཆམ་རྒྱག་སྣེ་འཁྲིད་བྱེད་མཁན་འཆམ་དཔོན་གཙོ་མཛད་འཇམ་ཆེན་སུམ་ཅུ་སོ་གཉིས་ཡོད་པ་ལས་འཆམ་སྣ་དགུ་འཆམ་རྒྱུ་ཡིན། ཆས་གོས་དང་ཞྭ་ནག་འབག་འཆམ་རིམ་བསྐོར་བྱེད་རྒྱུ་དང་། དུར་བདག་ཀེང་རུས་བཞི། ཨ་ཙ་ར་བཞི། ཤྭ་བ་གཅིག ཧྭ་ཤང་དང་ཧུང་ཕྲུག་གཉིས། ཁྱོན་བསྡོམས་འཆམ་པ་བཞི་བཅུ་ཞེ་བཞི་ཡོད་པ་ལས་དགོན་པའི་ཐུན་མོང་མ་ཡིན་པའི་རྒྱུན་སྲོལ་འཆམ་ཡིག་ལས་གཏན་ལ་ཕབས་པ་ལྟར་འཆམ་དགོས་པ་ཡིན་པ་ན་དེ་ལྟ་བུའི་རྒྱུན་སྲོལ་བཟང་པོ་ཉམས་གསོ་བྱེད་ཟིན་ནས་ད་ལྟའང་ཡོད་ལ། སྨོན་ལམ་དགུན་གཏོར་གྱི་དུས་མཆོད་འདི་ལ་སྔར་ནས་ད་བར་སྡེ་འབང་ཆོས་དད་མི་དམངས་སྟོང་ཕྲག་གཉིས་ལྷག་ཙམ་ད་ལྟའང་ཆོས་མཇལ་ལ་འོངས་མཁན་ཡོད་དོ། བོད་ཟླ་དང་པོའི་ཚེས་ཉི་ཤུ་ནས་བོད་ཟླ་གསུམ་པའི་ཚེས་སུམ་ཅུའི་བར་ཆོས་མཚམས་བཏང་། བོད་ཟླ་བཞི་པའི་ཚེས་གཅིག་[page 74] ནས་ཚེས་བཅུ་ལྔའི་བར་ས་ག་ཟླའི་དུས་མཆོད་འཚོགས། སྒྲུབ་མཆོད་སྦྱོར་བའི་ཆོས་དྲུག་དང་སྨན་བླ་བདེ་བཤེས་བརྒྱད་ཀི་ཆོ་ག་ལ་སོགས་པ་ཡོན་བདག་རྣམས་ཀྱི་རེ་འདོན་ལྟར་སྒྲུབ་དགོས་པས། ཚེས་བཅུ་ལྔ་ལ་ངེས་པར་དུ་གནས་བརྟན་ཕྱག་མཆོད་འདོན་དགོས་པའི་རྒྱུན་སྲོལ་རྟར་ཡིན་ནོ།། ཚེས་ཕེ༹་ལ་གསོ་སྦྱོངས་ཡང་འཚོག་དགོས་སོ།། བོད་ཟླ་བཞི་པའི་ཚེས་བཅུ་དྲུག་ནས་བོད་ཟླ་ལྔ་པའི་ཚེས་བཅུ་བཞི་བར་འཚམ་འཚམ་བཏང་། བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ནས་ཚེས་གསུམ་བཅུའི་བར་ཀུན་རིག་སྒྲུབ་མཆོད་ཉི་མ་ལྔ་དེ་ནས་ཡོན་བདག་རྣམ་ཀྱི་འདོན་དོན་ལྟར་སྒྲུབས་དགོས་སོ།། ཟླ་བ་འདིའི་ཡར་ངོ་དང་མར་ངོ་གཉིས་ལ་གསོ་སྦྱོང་བཅུ་ལྔ་པ་དང་བཅུ་བཞི་པ་གཉིས་འཚོག་དགོས། བོད་ཟླ་དྲུག་པའི་ཚེས་གཅིག་ནས་ཚེས་བཅུ་བཞི་བར་ཆོས་འཚམ་གཏོང་། ཚེས་བཅུ་དྲུག་གི་ཐོ་རེངས་གི་དུས་ལ་རབ་བྱུང་བསྙེན་རྫོགས་རྣམས་ཀྱི་དབྱར་ཁས་ལེན་བྱས་ནས་དབྱར་དམ་ཚིག་དྲུག་གི་སྡོམ་པ་ཚུལ་བཞི་སྲུང་བའི་ཐོགས་ནས་དབྱར་གནས་བཞུགས། བོད་ཟླ་བདུན་པའི་ཚེས་ཉི་བཤུ་དགུ་ལ་ཟླ་བ་མར་ངོའི་གསོ་སྦྱོང་བཅུ་བཞི་པ་འཚོགས་ནས་དགགས་དབྱེ་ཕུལ་ནས་དབྱར་གནས་གྲོལ་ལོ། དེ་ནས་རྒྱ་ཕྲག་རྒལ་ས་འགྲོ། ཚེས་བཅུ་གསུམ་ལ་དབྱར་རྫས་བགོ། བོད་ཟླ་བརྒྱད་པའི་ཚེས་གཅིག་ལ་དབྱར་བསིལ་ཉི་མ་གཅིག་གཏོང་། ད་ལྟའང་ཕྱག་སྲོལ་དེ་བཞིན་ཡོད། བོད་ཟླ་བརྒྱད་པའི་ཚེས་གཉིས་ནས་བོད་ཟླ་བཅུ་པའི་ཚེས་ཉི་ཤུའི་བར་ཆོས་འཚམ་གཏོང་། བཅུ་པའི་ཚེས་ཉི་བཤུ་གཅིག་ནས་ཉི་བཤུ་བརྒྱད་ཀྱི་བར་དུས་མཆོད་དགའ་ལྡན་ལྔ་མཆོད་ཆེན་མོ་འཚོགས། ཉིན་བརྒྱད་ཀྱི་རིང་ལ་སྒྲུབ་མཆོད་གསང་སྔགས་བླ་མེད་བདེ་མཆོག་ལུ་ཧི་པའི་ལུགས་ཀྱི་རས་བྲིས་དཀྱིལ་འཁོར་གྱིས་སྒྲུབ་མཆོད་སྦྱིན་སྲེག་དང་འབྲེལ་བའི་ཉི་མ་བརྒྱད་འཚོགས། ཁྱད་པར་ཚེས་ཉི་བཤུ་ལྔ་ལ་ཞྭ་སེར་བསྟན་པའི་བདག་པོ་ཤར་རྒྱ་བ་ཙོང་ཁ་པ་ཆེན་པོའི་དགོངས་པ་མྱ་ངན་ལས་འདས་པའི་དུས་ཆེན་ཡིན་པ་ཕྱིར་ན་ཉིན་དེ་ལ་སྔ་དྲོ་རྒྱལ་བ་བཙོང་ཁ་པ་ཡབ་སྲས་གསུམ་གྱི་ཐང་མོ་ཆེན་བཤམས་ནས་བླ་གྲྭ་ཡོངས་ཀྱི་ཡན་ལག་བདུན་པ་ཁྲུས་གསོལ་མཎྜལ་དང་བཅས་པ་ཕུལ་བ་རབ་འབྱམས་པ་གཉིས་ཀྱི་རྩོད་གྲྭ་དང་ཆོས་དབྱངས་མཛད་རྒྱུའི་ཕྱག་སྲོལ་ཡོད་པ་དེ་བཞིན་ད་ལྟ་ཡང་ཡོད་ལ། བྱེ་བྲག་བཟའ་ཇ་བཏུང་བའི་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་རྩ་བ་གསུམ་གྱི་ལྷ་ལ་མཆོད་པ་དང་། མར་རིགས་དྲུག་སོགས་ལ་སྦྱིན་གཏོང་ཚོགས་འཁོར་གྱི་མཆོད་པ་འབུལ་རྒྱུ་དང་། འཚོགས་པའི་དབུས་སུ་རབ་འབྱམས་པ་བླ་གྲྭ་གང་རུང་མི་གཉིས་ཡར་ལངས་ཏེ་གཅིག་གི་སྔ་རྒོལ་དང་གཅིག་གི་ཕྱི་རྒོལ་བྱས་ནས་ཆོས་ཉིད་ཀྱི་གནས་ལུགས་མཐར་ཐུག་པ་དབྱད་གསུམ་གྱི་དག་ནས་རྩོད་གྲྭ་མཛད་ནས་ཐར་ཚིག་བཟང་གི་མཆོད་དབྱངས་མཛད་རྒྱུ་དང་། དེ་ནས་གྲྭ་དམངས་རྣམས་ཀྱིས་སང་རྒྱས་བསྟན་འབར་མ་དང་བསྔོ་སྨོན་རྒྱས་པར་མཛད་ནས་འཚོགས་གྲོལ་ནས་ཡང་ལངས་ཏེ་དམིགས་བརྩེ་མ་བརྒྱངས་འབོད་གང་རིང་མཛད་ནས་གྲྭ་ཤག་སོ་སོར་ནང་ལ་འཕེབ་རྒྱུའི་ཕྱག་སྲོལ་བཟང་པོ་ད་ལྟའང་ཡོད་དང་ཡོད་བཞིན་པའི་ཡིན་ནོ།།[page 75] བོད་ཟླ་བཅུ་པའི་ཚེས་ཉི་ཤུ་དགུ་ནས་བོད་ཟླ་བཅུ་གཉིས་པའི་ཚེས་དྲུག་གི་བར་ཆོས་འཚམས་གཏོང་། ཧོར་ཟླ་བཅུ་གཉིས་པའི་ཚེས་སུམ་བཅུའི་སྔ་དྲོ་འདུལ་བསྟན་གྱི་ཕྱག་སྲོལ་ལྟར་ཟླ་བ་མང་ངོའི་གསོ་སྦྱོངས་བཅུ་ལྔ་པ་འཚོགས་ནས་ཕྱི་དྲོ་འཇིགས་བྱེདསྦྱིན་སྲེག་དང་སྐང་གསོལ་བའི་ཆོ་ག་འཇུག་བསྡུས་ལ། སྲུང་འཁོར་སྒྲུབ་པ་ནི་དཀྱིལ་འཁོར་བསྒྲུབ་པ་དང་དབང་བསྐུར་བ་སོགས་གང་ཡིན་ཡང་སྔོན་དུ་སྟེང་འོག་ཕྱོགས་མཚམས་ཐམས་བཅད་རྡོ་རྗེའི་ར་བ་དང་གུར་ཁང་གི་མཚམས་བཅད་པའི་རྫས་སྔགས་དམིགས་རིམ་སོགས་ཀྱི་སྲུང་འཁོར་བསྒོམ་པ་དང་མཐའ་ཤིས་བརྗོད་དང་བསྟན་པ་རྒྱས་པའི་བསྔོ་བ་སྨོན་ལམ་གནང་ནས་ཆོས་ར་གྲོལ། ལོ་གསར་པ་བཀྲ་ཤིས་བདེ་ལེགས་ཀྱི་ཕེབས་བསུ་ཞུ་ནས་ལོ་གསར་གཏོང་ངོ་། འགེ་ཁ་དགོན་པའི་ལོ་རྟགས་དུས་མཆོད་རྒྱུན་སྲོལ་གྱི་ཕྱག་བཞེས་དེ་ལྟར་ཡིན་ནོ།

འགེ་ཁ་དགོན་པའི་ཆགས་སའི་ས་ཁྱོན་གྱི་གྲངས་དང་སྤྱི་ཁང་དང་གྲྭ་ཤག་དབྱེ་བ་འབྱེད་པའི་གྲངས་ནི་གཤམ་གསལ་ལྟར། འགེ་ཁ་དགོན་པའི་སྔར་ཡོང་གི་ཁང་པ་ནི་གཙུག་ལག་ཁང་གཅིག འདུ་ཁང་གཅིག སྐུ་གདུང་མཆོད་རྟེན་ཁང་གཅིག མགོན་ཁང་གཅིག གནས་བརྟན་གཅིག གྲོས་ཀ་ཁང་གཅིག བླ་བྲང་ཁང་གཅིག ཇ་ཁང་གཅིག འདི་སྤྱི་ཁང་བརྒྱད་ཕྲན་ཙམ་ཉམས་གསོ་བྱེད་ཚར་རོ། ཉམས་གསོ་བྱེད་མ་ཚར་བ་སྤྱི་ཁང་དྲུག་ཡོད། ཁྱོན་བསྡོམས་སྔར་ཡོད་ཀྱི་སྤྱི་ཁང་བཅུ་བཞི་ཡོད སྔར་ཡོད་ཀྱི་གྲྭ་ཤག་ཁྱོན་བསྡོམས་བརྒྱ་དང་བརྒྱད་ཅུ་གྱ་ལྔ་ཡོད་འདི་ལ་ཉམས་གསོ་བྱེད་ཚར་བརྒྱ་དང་བཞི་ཅུ་ཞེ་བཞི་ཡིན། ཉམས་གསོ་བྱེ་མ་ཚར་བར་བཞི་ཅུ་ཞེ་གཅིག་ཡོད། སྔར་གྱི་བླ་གྲྭ་ཁྱོན་བསྡོམས་མི་གྲངས་བཞི་བརྒྱ་མ་ཟིན་ཙམ་ཡོད། ད་སྐབས་བླ་གྲྭ་བརྒྱ་དང་ལྔ་བཅུ་ང་གཅིག་ལྷག་དགེ་འདུན་འདུས་པའི་སྡེའི་ཞལ་གྲང་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པ་འདིའོ།།

སྐུ་གསུང་ཐུགས་རྟེན་སྔར་བཞུགས་ལོ་རྒྱུས་གཤམ་གསལ། དང་པོ་འདུ་ཁང་ནང་གི་སྐུ་རྟེན་གདན་རབས་དང་པོ་བླ་མ་གངས་བསྟན་པའི་ཉི་མས་སེར་བྲིས་སྐུ་ཐང་གཅིག རྗེ་ཙོང་ཁ་པའི་གསེར་སྐུ་མི་ཚད་མ་གཅིག སྟོན་པ་ཤྭཀྱ་ཐུབ་པའི་དགོང་ལོ་བདུན་པའི་སྐུ་ཚད་ཙན་དན་དམར་པོ་སྐུ་གཅིག། རྡོ་རྗེ་འཆང་གསེར་སྐུ་མི་ཚད་མ་གཅིག རྗེ་བཙུན་སྒོ་མའི་འཇིམ་སྐུ་མི་ཚད་མ་གཅི་ག གཙུག་ཏོར་རྣམ་པར་རྒྱལ་མའི་འཇིམ་སྐུ་མི་ཚད་མ་གཅིག གསང་བ་བདག་པོའི་ཕྱག་ན་རྡོ་རྗེ་སྨན་སྐུ་མི་ཚད་མ་གཅིག རྡོ་རྗེ་སེམས་དཔའི་སྐུ་མི་ཚད་མ་གཅིག འདུ་ཁང་ཀ་བ་ཉི་ཤུ་ཐོག་ཚད་གསུམ་གྱི་སྟེང་དུ་ཕིབས་ཐོ་བརྩེགས་གསུམ་ལྡན་དེའི་སྟེང་དུ་གཉྫིར་ཆེ་ཆུང་གསུམ་རི་དྭགས་ཕོ་མོ་དང་བཅས་པའི་མཚན་ལྡན་གྱི་འདུ་ཁང་ཚོན་རྩི་ལྡིབས་རིས་སོགས་ཤིན་ཏུ་རྒྱས་པ། འདུ་ཁང་ཆེན་མོའི་ནང་ལྡེབས་བྲིས་རང་པོ་ལ་རྒྱལ་བ་བཙོང་ཁ་བ་ཡབ་སྲས་གསུམ། སྟོན་པ་གཙུག་འཁོར་གསུམ། འབྲོམ་སྟོན་རྗེ་གསུམ། སངས་རྒྱས་སོ་ལྔ། གནས་བརྟན་བཅུ་དྲུག སྨན་བླ་བདེ་གཤེགས་བརྒྱད། ཚེ་དཔག་མེད་ལྷ་དགུ། ཡུམ་ཆེན་མོ། གདུགས་དཀར། སྒྲོལ་མ་འཇིགས་པ་བརྒྱད་གཅོད། གསང་བདེ་འཇིགས་གསུམ། མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ་ལས་གཤེན་[page 76] ཕྱི་ནང་གསང་གསུམ། དཔའ་ལྡན་དམག་ཟོར་མ། དཔའ་དགོན་ཞལ་བཞི་པ། ནོར་བདག་ཆེན་པོ་རྣམ་སྲས། བསྟན་སྐྱོང་ཆེན་པོ་བསེ་ཡི་ཁྲབ་ཅན། འདུ་ཁང་གི་སྒོ་འགྲམ་སྒོ་སྲུང་རྒྱལ་ཆེན་སྡེ་བཞི། སྒོ་གཡས་གཡོན་ལ་སྲིད་པ་འཁོར་ལོ་དང་ཀུན་བཟང་འཁོར་ལོ་སོགས་ཡོད། ཆོས་ཁང་གཞན་དུ་ཡང་རྒྱལ་བ་བྱམས་པ་ཐོག་བརྩེགས་གསུམ་ཙམ་ཡོད་པའི་འཇིམ་སྐུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་དང་ལྡན་པའི་བྱམ་ཆེན་ལྷ་སྐུ་གཅིག་གཞུགས་གནས་བྱམས་ཁང་ཐོག་ཚད་གསུམ་སྟེང་དུ་རྒྱ་ཕིབས་མཐོ་བརྩེགས་གསུམ་གཉྫིར་ར་དང་བཅས་པ་ཡོད་སོ། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་ཕྱག་འཚལ་བརྒྱན་དང་བཅས་པ་འཇིམས་སྐུ་མཐོ་བཨརྩེགས་གསུམ་གྱི་ཞུགས་པ་ལ་ལོ་རྟགས་ཟླ་བ་དང་པོའི་ཚེས་གཅིག་ལ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བདག་བྱེད་སྲུང་འཁོར་དང་བཅས་པ་སྒྲུབ་བྱེད་ཀྱི་རྒྱུན་སྲོལ་དེ་ལྟར་ཡོད་ལ། གསུང་གི་རྟེན་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཆ་ཚང་ཆ་བཞི། རྗེ་བཙོང་ཁ་ཡབ་སྲས་གསུམ་གྱི་གསུངས་འབུམ་ཆ་ཚང་གཅིག བླ་མ་གང་རི་གསུངས་འབུམ་ཆ་ཚང་གཅིག གཞན་དང་ཡང་གསུངས་རྟེན་མང་དུ་ཡོད་པས་དེ་ཙམ་ལས་མ་བྲིས་སོ། ཐུགས་ཀྱི་བརྟེན་ཡང་མང་དུ་ཡོད་པ་ལས་ཁྱད་འཕགས་འགའ་ཞིག་བཞུགས་པ་རྣམས་རགས་རིམ་བསྡུས་ཙམ་ཞིག་བཀོད་ན། བསྟན་འགྲོ་སྤྱི་དང་བྱེ་བྲག་རང་ཅག་མདོ་སྨད་མིཀ་ཉག་ཡང་པའི་ཡུལ་གྲུ་རུ་བཀའ་དྲིན་མཚུང་ཟླ་དང་བྲལ་བའི་བསྟན་པ་བདག་པོ་གངས་རི་བསྟན་པའི་ཉི་མས་སྐུ་གདུང་རིན་པོ་ཆེན་རིལ་པོ་བཞུགས་པའི་སྐུ་གདུང་མཆོད་རྟེན་མཐོ་རྩེགས་གསུམ་ཡོད་པའི་མིའི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བའི་རྣམ་རྒྱལ་མཆོད་རྟེན་ཡིན་ལ། མཆོད་རྟེན་འདིའི་སེངྒ་ཁྲིའི་མདུན་ངོས་སུ་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་འཇིམ་སྐུ་མི་ཚང་མ་གཅིག་བཞུགས་ཡོད་པས་ན། མཆོད་རྟེན་འདིར་ནང་མཆོད་རྟེན་གྱིས་དབྱིབས་སུ་གྲུབ་པ་དང་། ཕྱི་གཙུག་ལགས་ཁང་གི་གཟུགས་སུ་གྲུབ་པ་དབྱིངས་གཟུགས་གཉིས་ལྡན་གྱི་ལྷ་ཁང་རྒྱ་ཕིབས་མཐོ་རྩེགས་གསུམ་པ་གཉྫིར་དང་བཅས་པ་ཡོད་པས་ན་ད་ལྟའི་ལྷ་ཁང་འདི་ལ་གངས་རི་མཆོད་རྟེན་འམ་སྒང་རིང་མཆོད་རྟེན་ཞེས་པ་ཡོང་སུ་གྲགས་པའོ།། འགེ་ཁ་དགོན་པའི་རྟེན་གྱིས་གཙོ་བོ་ཡིན་ནོ། གདན་རབས་བདུན་པ་མཆོག་སྤྲུལ་ཡོན་ཏན་རྒྱ་མཚོའི་གདུང་རྟེན་དངུལ་སྲང་བདུན་བརྒྱ་དང་ཞེ་གསུམ་ལས་བསྐྲུན་པའི་བྱང་ཆུབ་མཆོད་རྟེན་རིན་པོ་ཆེ་སྣ་ལྔ་གིས་ཕྲ་རྒྱན་དང་བཅས་པའི་ཐོགས་བརྩེགས་གཅིག་གི་མི་ཚད་མ་གཅིག ཡང་གདན་རབས་བརྒྱད་པ་བྱམས་པ་ཚུལ་ཁྲིམས་རྒྱ་མཚོའི་གདུང་རྟེན་དངུལ་སྲང་ག་སྟོང་གསུམ་རྒྱ་ལས་གྲུབ་པ་རིན་པོ་ཆེན་དུ་མའི་ཕྲ་ལྡན་གྱིས་རྣམ་པར་རྒྱལ་བའི་མཆོད་རྟེན་མཐོ་བརྩེགས་གཅིག་ལྷག་ཙམ་ཡོད་པའི་སྐུ་གདུང་ལྷ་ཁང་དང་བཅས་པ་ཡོད་དོ།། སྐུ་གདུང་མཆོད་རྟེན་དེ་རྣམས་ཀྱི་མདུན་དུ་མར་མེ་ཉིན་འབར་མཚན་འབར་སོགས་ཀྱི་ཆོས་རྒྱུན་སྦྱོར་འཇགས་མཛད་པ་སོགས་ཡོད་པ་ལས་ད་དུང་ཡང་སྤྱི་ཁང་རིམ་ཞིག་དང་ཁང་ཚན་བཞི་གྲྭ་ཤག་ལ་སོགས་པ་དེ་རྣམས་ཀྱི་ནང་ལ་སྐུ་གསུང་ཐུགས་རྟེན་གྲངས་མ་ངེས་པར་དེ་ཙམ་ཞིག་ཡོད་ཀྱང་། རིག་[page 77] གནས་གསར་རྗེ་ཟེར་བ་འཆི་བདག་གཤིན་རྗེ་གྱི་མྱ་ངན་བའི་གནས་སུ་འཁྲིད་པ་ལྟར་རྐྱེན་ངན་བར་ཆད་ཀྱི་འོག་ལ་དགོན་པ་གང་ཡིན་ཡང་དགེ་འདུན་པ་བླ་གྲྭ་ཚང་མེད་དགོན་པ་དང་བྲལ་འགྲོ་དུས་དཔེར་ན། སྔར་ལུས་བོར་ནས་འཇིག་རྟེན་ཕ་རོལ་ཡུལ་དུ་འགྲོ་བ་ལྟར་བྱེད་ནས་རང་དབང་ཡོད་པའི་ཡུལ་ཅན་དང་སྐུ་གསུང་ཐུགས་རྟེན་འཁྱེར་དབང་མེད་པར་བཤད་མ་དགོས། སཱཙྪ་གཅིག་དང་གསུངས་རབས་ཡིག་འབྲུ་ན་གཅིག་ཀྱང་འཁྱེར་དབང་མེད། ཐ་ན་ཁ་ཕུད་པ་ཡང་འཁྱེར་དབང་མེད་པའི་གནས་སྐབས་འདི་ལ་དགོན་པ་གོག་ཧྲུལ་རྩིག་རྡོ་ལས་མ་ལྷག་པའི་གནས་ཚུལ་འོག་ལ་གོང་དུ་བཤད་པའི་སྐུ་གསུངས་ཐུགས་རྟེན་དེ་རྣམས་ལོ་རྒྱུས་ཙམ་བཤད་པ་ལས་ད་ལྟ་སྣ་གཅིག་ཙམ་ཡང་མེད། ཧ་ཅང་བློ་ཕམ་ཉམས་གསོ་བྱེད་མི་ཐུབ་པ་འདི་ཡིན་ལ།

ཚོགས་པའི་གཏོང་སྒོའི་འབྱུང་ཁུངས་རྒྱུ་སྦྱོར་ཡོན་བདག་གམ་སྤྱི་པ་གཉེར་ཁག་སོགས་གང་ལས་བྱུང་བ་ནི། འགེ་ཁ་དགོན་པའི་མངའ་འོག་གི་ཆོས་སྡེ་ཚོ་པའི་སྔར་གྱི་དུད་གྲངས་སྡེ་དུད་གསུམ་བརྒྱ་ཐམ་པ་ཡོད་པའི་ལུང་པ་ཁག་བཞི་དུད་གྲང་ཡིན་པས་འདིའི་ནང་དགོན་པའི་ཆོས་ཤིང་གཏན་འགན་བྱེ་པའི་དུད་གྲང་བཅུ་བཞི་ཡོད་ཆོས་ཞིང་ས་མུའུ་གྲངས་བརྒྱ་དང་ལྔ་བཅུ་ལྷགས་ཙམ་ཡོད་ལ། ཕྱུགས་རིགས་སྣ་ཚོགས་སྟོང་ཕྲག་གཅིག་དང་སུམ་རྒྱ་ལྷག་ཡོད་འདི་གཏན་འགན་བྱེད་མཁན་འབྲོག་རིགས་དུད་གྲང་བཅུ་དགུ་ཡོད་པ་དེ་ལྟ་བུའི་ས་ཞིང་དང་ཕྱུགས་རིགས་སྣ་ཚོགས་རྣམ་དད་ལྡན་ཡོན་བདག་རྣམ་ཀྱི་འགྱིས་ཏེ་གཙུག་ལགས་དང་འདུ་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པའི་མཐུན་རྐྱེན་བསྒྲུབས། དགེ་འདུན་འཚོ་བ་ཡོན་བདག་རྣམས་ལ་རིམ་འགྲོ་སྒྲུབ་པའི་སྐབས་ཀྱི་འོངས་སྒོ་དང་། རྒྱ་གར་ཕག་པའི་ཡུལ་ནས་སྟོན་པའི་ཤྭཀྱ་ཐུབ་པའི་ཕྱགས་བཞེངས་དགོངས་དོད་ལྟར་མཐུན་པའི་ཟས་བསོད་སྙོམས་ལ་བརྟེན་པའི་སྲོལ་དེ་རྒྱུན་ཁྱོང་གང་འཚམས་ཤིག་མཛད་པའམ་ཡོད་དོ།། དེ་ནས་སྔར་གྱི་ལོ་རྒྱུས་ཙམ་ལས དེ་སྐབས་འདི་འདྲ་མིན་པ་དུས་གྱུར་དབང་གིས་རང་དགོན་མངའ་འོག་གིས་ཆོས་སྡེ་ཚོ་བ་དུད་གྲངས་བདུན་རྒྱ་ལྷག་ཙམ་ཡོད་པ་ཡིན། ཡོཔན་བདག་དེ་རྣམ་ལ་དགོན་པ་སྤྱི་གཞུང་གི་གཤིན་པོའི་དགེ་སྒྲུབ་དང་གསོན་པོའི་རིམ་གྲོ་སྒྲུབ་མཁན་དགེ་འདུན་པ་བླ་གྲྭ་མི་གྲང་གསུམ་བཅིུ་ཙམ་ལོ་རྟགས་བར་འགྲོ་རྒྱུའི་འཆར་གཞི་དང་བཀོད་སྒྲིགས་ཆ་ཚང་ཡོད་པས་ཡོན་བདག་རྣམས་ཀྱི་སྦྱིན་པ་རྫས་གང་འབུལ་བ་རྣམས་གསུམ་ཆ་བྱེད་ནས་གཉིས་བྱ་དགོན་པ་གཞུང་ལ་འབུལ་དགོས་པ་དང་གཅིག་ཆ་སྒེ་ལ་ཡོད་པའི་འཆར་གཞི་འདི་འདྲ་ཡིན་པས་སོ།། སྤྱིར་ན་དགོན་པའི་ཡོང་སྒོ་དང་རྒྱུ་ངོས་ཚང་མ་གཉིས་ཆ་བྱེད་ནས་གཅིག་ཅ་སྒོན་པ་དང་རྟེན་སོགས་ཉམས་གསོ་མཐུན་རྐྱེན་སོགས་སྒྲུབ་རྒྱུ་ཡིན་པས། གཅིག་ཅ་དུས་མཆོད་སོ་སོའི་འཚོགས་དབུས་སུ་མཆོད་ཐེབས་གྱི་འགྲོ་སོང་གཏོང་རྒྱུ་ཡིན་ལ། ཡོན་བདག་རྣམས་ཀྱི་འབུལ་བའི་ཕྱུགས་སྣ་ཚོགས་བརྒྱ་མ་ཟིན་ཙམ་ཡོད་པས་གཏན་འགན་བྱེད་མཁན་དུད་གྲང་གསུམ་ཡོད་པ་ལས་འཆར་གཞི་ལྡན་པའི་མར་ཆུ་སོགས་དགོན་པ་ལ་ལོ་ལྟར་ལེན་རྒྱུ་ཡོད་པའི་སྲོལ་བཙུགས། དགོན་པ་ལས་[page 78] ཞིང་དང་འབྲོག་ས་རྩྭ་ར་ལ་སོགས་པ་ལག་མཐིལ་ཙམ་ཡང་མེད། ད་སྐབས་བླ་གྲྭ་རྣམས་ཀྱི་དགོན་པ་སྤྱིའི་འོང་སྒོ་དང་བསོད་སྙོམས་ཙམ་ལ་བརྟེན་ནས་སྡོད་པའི་གནས་སྐབས་ཡིན་ལ། ངེད་དགོན་པའི་པར་ཁང་ཞིག་སྔར་ཡང་མེད་ལ་ད་སྐབས་གཟུངས་ཆེ་སྡེ་ལྔ་པར་ཤིང་ཆ་ཚང་གཅིག་དང་གདུགས་དཀར་པར་ཤིང་ཆ་ཚང་གཅིག་ཡོད་ལ།

དེང་སྐབས་ཀྱི་གནས་ཚུལ་ཚང་མས་བཅའ་ཡིག་ཆེན་མོའི་གཤམ་གསལ་ལྟར་ཞུས་རྒྱུ། ད་ལྟ་ཞལ་བཞུགས་པ་གདན་རབས་ཞབས་དྲུང་རྗེ་བཙུན་ངག་དབང་བློ་བཟང་འཇིགས་མེད་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས། རང་ཅག་འགེ་ཁ་མགོན་པའི་དགོན་མ་ལག་རྣམས་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་པ་དང་མཐུན་པའི་ཚུལ་ཁྲིམས་གཙང་མའི་སྡོམ་ཁྲིམས་བསྲུང་རྒྱུ་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་གཏན་ལ་ཕབས་པ་ལྟར་ལག་ལེན་དུ་འཁྱོལ་བ་གནང་རྒྱུའི་རེ་ཞུས་དང་། བཅའ་ཡིག་ཆེན་མོར་གྱི་རྩ་བའི་དགོང་དོན་རགས་རིག་ཙམ་བཀོད་ན། བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ལོ་སྤྱི་ལོ་༡༩༨༣ལོ་ནས་དགོན་པ་ཉམས་གསོ་འགོ་འཛུགས་ཀྱི་ད་བར་དགོན་པའི་འདུ་ཁང་རྟེན་དང་བརྟེན་པ་བཅས། དགེ་འདུན་གྱི་ཚོགས་པ་གྲྭ་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཡོན་ཡོད་ལ་གཞི་གསུམ་གི་ཆོ་ག་དང་སྡོམ་གསུམ་ནི་ཉམས་ལེན་གཙོས་ཆོ་ག་ཕྱག་ལེན་རིམ་པ་བཞིན་སླར་གསོ་བྱུང་བའི་སྐབས་འདིར་སྔར་སྲོལ་གྱི་བཅའ་ཡིག་ཆེན་པོ་ནི་ཡིག་འབྲུ་ན་གཅིག་ཀྱང་མ་ལྷག ཡིན་ནའང་སྐབས་དུས་དང་མཚམས་པ་ཞིག་མེད། ངོས་ལྦ་སྐྱེས་སེང་གེའི་ཚུལ་དུ་དགོན་མ་ལག་ཡོངས་ཀྱི་བདག་བཟུང་དུ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ལོ་སྤྱི་ལོ་༡༩༥༡ལོར་རང་ལོ་ལྔ་མ་ཟིན་ཙམ་ནས་འཁྲི་ཐོག་ཏུ་ནས་གདན་རབས་འདིའི་དུས་སུ་དགོན་གནས་རྩ་གཏོར་གྱི་ཉམས་ཆགས་ཆེན་པོ་བྱུང་རུང་རང་གི་དུས་འདི་རང་ལ་སྐྱར་འཛུགས་ཀྱི་སྐལ་བ་བཟང་པོ་ཐོབ་ཅིང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཀྱི་ཐུགས་རྗེ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་གོང་ཞུས་ལྟར་ཉམས་གསོ་བྱུང་བའི་བཅའ་ཡིག་འདི་ཡང་དགོན་སྡེ་སེར་སྐྱ་ཡོངས་ཀྱི་ཐུགས་རེ་ལྟར་རང་གི་ཤེས་ནུས་གང་ཡོད་ཀྱི་གཙོ་བོ་དུས་རིམ་འཕོ་འགྱུར་གྱི་གནས་ཚུལ་ལ་སྟབས་བསྟུན་དང་། རྒྱལ་ཁབ་ཀྱི་བཀའ་ཁྲིམས་སྲིད་ཇུས་ལ་གཞིར་བཟུང་ནས་གསར་རྩོམ་བགྱིས་ཁུལ་ལ་ཟིན་བྲིས་ཐོག་མར་དགོན་པའི་ལས་སྣེ་འགན་བཞེས་ལྷན་རྒྱས་སུ་བརྙན་སྒྲོན་གྱིས་དགོངས་འཆར་བསྡུ་ལེན་དང་། རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་ལོ་སྤྱི་ལོ་༡༩༩༢ལོར་བཅའ་ཡིག་ཆེན་མོ་དངོས་སུ་གཏན་འཁེལ་འགྲེམས་སྤེལ་བྱེད་པ་ཡིན་པས་རང་དགོན་མ་ལག་ཚང་མས་ལག་ལེན་དུ་འཁྱོལ་བ་གནང་རྒྱུའི་རེ་ཞུས་དང་། རྗེས་སུ་ད་དུང་ཁ་སྐོང་དང་བཟོ་བཅོས་དགོས་ཁལ་བྱུང་ཚེ་ངོས་ཀྱི་དུས་དང་གདན་རབས་རྗེས་མ་རྣམས་ཀྱིས་ཀྱང་འབད་འབུངས་ལྷོད་མེད་ཡོད་པར་ཞུ། སྔར་གྱི་བཅའ་རྣམས་ཀྱི་སྔོན་དུ་དགོན་པའི་ལོ་རྒྱུས་དང་ཆེ་བསྟོད་མང་པོ་འབུལ་ཚུལ་ཡོད་པ་རྣམས་རེ་ཞིག་དོར་ནས་དངོས་སུ་བཅའ་ཡིག་ཆེན་མོར་འགོ་ཚུགས་ཨརྒྱུ་གཤམ་གསལ་ལྟར་རོ།།

[page 79] བཅའ་ཡིག་གི་རྩ་བའི་དགོངས་དོན། དགོན་གནས་འདིར་སྒྲིགས་ཁོངས་སུ་བཞུགས་པའི་དགེ་འདུན་ཡོངས་ཀྱི་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་འདུལ་བའི་ནང་གཏན་ལ་འབེབས་པའི་དགེ་ཚུལ་སློང་གི་སྡོམ་པའི་ཚུལ་ཁྲིམས་ཀྱིས་གཞིར་བཟུང་། རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་བའི་བྱང་ཆུབ་ལམ་གྱི་རིམ་པ་ནས་ཞིབ་བར་བསྟན་པའི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ལ་བློ་ཁ་ཕྱོགས་པ་ཞིག་དང་། བསྟན་པའི་སྙིང་སྡིག་སྤོང་དགེ་སྒྲུབ་བྱེད་རྒྱུ་རང་གི་སྤྱོད་ལམ་དུ་གྱུར་པ་སྟེ། དགེ་འདུན་དབར་དང་། ནང་མི་གཉེན་ཉེ། གྲོང་མི་ཁྱིམ་མཚེས་སུ་ཞིག་དང་། ཐ་ན་ལམ་པ་གྱི་འགྲུལ་མི་ཡན་ཆོད་ལ་མཐུན་ལམ། ཕན་སེམས། སྙིང་རྗེ་ཀུན་སློང་གི་ཁ་བརྡ་དང་། རང་ནུས་ལ་དཔགས་པའི་རོགས་རམ། སེམས་བཟང་གིས་བསླབ་བྱ། ཇི་ནུས་ཀྱིས་སྦྱིན་པ་སོགས་བསྡུ་པ་རྣམས་པ་བཞིའི་ཀུན་སྤྱོད་དང་ལྡན་པ་བྱེད་དེ་རང་ཐར་བའི་ལམ་དུ་བཞུགས་ཐུབ་པ་དང་གཞན་དྭངས་བ་འདྲེན་པ་ཞིག་ཏུ་འབད་བརྩོན་བྱེད་དགོས། དགེ་འདུན་ཡོངས་ལ་གྲྭ་རྒན་གཞོན་དབར་དང་། མི་དམངས་མང་ཚོགས་ལ་མི་ཆོས་གཙང་མ་བཅུ་དྲུག་དང་། ལྷ་ཆོས་དགེ་བ་བཅུའི་བསླབ་བྱ་སྐུལ་མ་བྱེད་རྒྱུའི་འོས་འགན་དང་། རང་དཔེ་གཞན་སྟོན་གྱིས་མིག་དཔེར་འགྱུར་བ་བྱེད་དགོས། རང་དགོན་གྱི་ལས་སྣེ་འགན་འཛིན་ནས་གཙོ་གྲྭ་དམངས་ཡོངས་ཀྱིས་གྲུབ་མཐའ་རིས་མེད་ཀྱི་ཆོས་ལུགས་དང་། དགོན་གནས་རྣམས་ལ་དད་གུས་དང་ ལུས་ངག་ཡིད་གསུམ་གྱིས་གོང་བཀུར་རྒྱབ་སྐྱོར་ཞུ་བ་ལས། ཞེ་སྡང་གི་སེམས་པ་དང་། ཕྲག་དོགས་ཀྱིས་ངན་སྨྲས། དབྱེན་སྦྱོར་གྱི་བྱ་བ་སོགས་གཏན་ནས་བྱེད་མི་ཆོག་ལ། འཕྱ་སྨོད་དང་དམའ་འབེབས་བྱེད་པ་སོགས་ཆོས་སྤོངས་པའི་ལས་ངན་བསགས་མི་རུང་། རང་དགོན་གྲྭ་དམངས་ཡོངས་ཀྱིས་སྐབས་དུས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་། རང་དགོན་གྲྭ་དམངས་ཡོངས་ཀྱིས་སྐབས་དུས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་། བཅའ་ཁྲིམས་རྩ་ཁྲིམས་སོགས་བརྩི་སྲུང་ལེགས་པར་བྱས་ནས་རང་རེའི་མེས་པོའི་རྒྱལ་ཁབ་ལ་དགའ་ཞེན་དང་། རང་གི་ཕ་ཡུལ་ལ་ཤ་ཞེན། རང་གི་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་རྒྱུ། ཕ་ཡུལ་གྱི་འཛུགས་སྐྲུན་དང་། མི་དམངས་ཀྱི་ལུས་སེམས་གཉིས་ཀྱི་བདེ་སྐྱིད་ཀྱི་དོན་དུ་རང་ནུས་ཅི་ཡོད་ཀྱི་ཞབས་སུ་སྒྲུབ་རྒྱུའི་འོས་འགན་ཡོད། ཡུལ་ལུང་ནང་དུ་ནད་མུག་སད་སེད་སོགས་རང་བྱུང་ཀྱི་གནོད་འཚེ་དང་ཆུ་སྐྱོན་དང་མེ་སྐྱོན་གྱིས་འཇིགས་པ་ཆེན་པོ་བྱུང་ཚེ་དགོན་པ་སྤྱི་དང་གྲྭ་དམངས་ཡོངས་ཀྱི་ཐབས་ནུས་གང་ཡོད་མི་དམངས་ལ་རོགས་རམ་རྒྱབ་སྐྱོར། དགེགས་སྐྱོབ་ཕན་ནུས་ཀྱི་བྱ་བ་སྒྲུབ་དགོས། ནན་བཤད་དགོས་པ་ཞིག་ལ། སྔར་ཡུན་རིང་གི་ལོ་རྒྱུས་ཐོག་དགོན་པ་ནི་སྲིད་དབང་ཐོག་དམིགས་བསལ་དབང་ཆ་ལྡན་པའི་དབང་སྒྱུར་སྲིད་འཛིན་གྱི་སྡེ་ཚན་ཞིག་དང་། དཔལ་འབྱོར་ཐོག་བུན་སྐྱེད་གཏོང་ལེན། དད་འབུལ་བསྡུ་ལེན་བྱེད་པའི་འབྱོར་ལྡན་ཚོགས་པ་ཞིག་ཏུ་འགྱུར་ཡོད་ཅིང་ གྲྭ་བཙུན་རྣམས་ཀྱང་དུར་ཁྲོད་ནས་ཕུང་པོ་སྒུག་སྡད་པའི་བྱ་རྒོད་ལྟར་དགོན་པའི་ནང་འབུལ་བ་སྒུག་སྡད་པའི་འབུལ་སྡུད་པ་འདྲ་པོ་ཞིག་ཏུ་གྱུར་ཡོད་པ་ནི་སྟོན་པ་ཤཱཀྱ་ཐུབ་པའི་བཀའ་དང་མཐུན་མེད་ལ་སྐབས་དེའི་འཛམ་གླིང་ཐོག་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དུས་རབས་དང་མཐུན་ཐབས་གཏན་ནས་མེད་པས་དགོན་སྡེ་སེར་སྐྱ་ཡོངས་[page 80] ཀྱིས་ཐུན་མོང་འབད་བརྩོན་ད་གོན་པ་འདི་ཆོས་ཐད་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་བསྟན་པའི་འདུས་སྡེ་ཞིག་ཏུ་གྱུར་པ་དང་། ཡུལ་གྲུའི་ནང་མི་སེར་མང་ཚོགས་ལ་བྱམས་སྙིང་རྗེའི་ཕན་བདེ་རོགས་སྐྱོར་བྱེད་མཁན་གྱི་སྤྱའི་ཚོགས་པ་ཞིག་ཏུ་གྱུར་བ་བྱེད་དགོས། སྔོན་ཆད་དགོན་པ་སོ་སོར་བཅའ་ཡིག་རིམ་པ་བཞིན་བཀོད་ཡོད་ནའང་དགོན་པ་རང་དང་བླ་སྤྲུལ་སོགས་དམིགས་གསལ་དབང་ཆ་ཅན་གྱིས་བརྩི་འཇོག་མི་བྱེད་པའི་གནས་ཚུལ་ཇེ་སྙེད་ཡོད་པ་དེ་དག་བསྒྱུར་བཀོད་མཐར་ཕྱིན་བྱེད་ནས་བཅའ་ཡིག་ཆེན་མོ་ལག་བསྟར་བྱེད་རྒྱུའི་ཐད་དགོན་བདག་བླ་མ་ནས་གསར་བཞུགས་གྲྭ་པའི་བར་འདྲ་མཉམ་ཡིན་དགོས་པ་སྟེ་ཆོས་འདུལ་བའི་སྡོམ་ཁྲིམས་ཐད་ལའང་སྐྱེ་བོ་དྲག་ཞན་སུ་ལའང་འདྲ་མཉམ་ལས་དམིགས་གསལ་གནང་བ་ཞིག་མཐོང་བའི་རྒྱུ་མཚན་ཡིན་གྱི། སྤྱིར་ན་རང་རེ་བོད་ཀྱི་སངསརྒྱས་བསྟན་པ་དེ་མི་ལོ་སྟོང་ཕྲག་བརྒལ་བའི་དུས་ཡུན་ནང་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་ཡོད་རུང་། བཀས་བཀོད་བརྒྱུད་འཛིན་ལམ་ལུགས་རྙིང་པའི་ཆོས་སྲིད་ཟུང་འབྲེལ་ལག་བསྟར་བྱེད་རྐྱེན་དགོན་པའི་ནང་ལུགས་མཐུན་མིན་པའི་དམིགས་གསལ་དབང་ཆ་མང་པོ་ཐོན་པ་དང་། དགོན་པ་དེ་ཉི་ད་ཆབ་སྲིད་ཀྱི་དབང་ཤུགས་ཕྱོགས་ཁག་གཅིག་ཏུ་གྱུར་ནས་མང་ཚོགས་ལ་གཉའ་གནོན་དང་། སྲིད་འཛིན་ཕྱོགས་ཁག་དབང་སྲིད་དབང་འཕྲོག་རྩོད། འབྱོར་ལྡན་ཚན་པའི་ལྷན་དུ་དཔལ་འབྱོར་གྱི་འགྲན་རྩོད། ཐ་ན་མཚོན་ཆ་འཁྱེར་ནས་དམག་འཁྲུག་འཐབ་རེས་བྱེད་པ་སོགས་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་པ་དང་འགལ་བའི་བྱ་བ་མང་པོ་ཞིག་བྱེད་ཅིང་། ལྷག་པར་ཡུལ་ཀླུང་གང་སར་དགོན་པ་སོ་སོས་གྲུབ་མཐའི་ཕྱོགས་རེས་དང་། གྲུབ་མཐའ་གཅིག་པའི་དགོན་པ་ཡང་ཕན་ཚུན་དབང་ཆ་དང་དཔལ་འབྱོར་གྱི་དོན་དུ་ལྐོག་གཡོ་ངན་ཇུས་སྣ་ཚོགས་སྤེལ་ཏེ་གཏམ་དཔེར་ཡོད་པ་ལྟར་རྡོ་རིལ་རིལ་གྱིས་རྩིག་པ་དཀྲུགས། མགོ་རིལ་རིལ་གྱིས་སྡེ་བཀྲུགས། ཟེར་བ་དོན་ཐོག་ཏུ་གནས་ཤིང་། ལོ་རྒྱུས་ལ་ཕྱིར་མིག་ལྟས་ན་རང་རེ་ཆོས་པ་རྣམས་ཀྱང་ངོ་ནོངས་དགོས་པ་ཞིག་མ་རེད་དམ། གོང་དུ་བརྗོད་པའི་རང་རྒྱལ་གཞན་ཕལ་གྱི་བྱ་བ་དེ་དག་ལ་ཆོས་ཀྱི་དྲི་མ་ཙམ་ཡང་མི་དྲོ་ཞིང་། རྗེ་མི་ལ་དང་རྗེ་ཙོང་ཁ་བ་སོགས་ཚད་ལྡན་གྱི་སྐྱེས་བུ་དམ་པ་ཕུད། གྲུབ་མཐའ་ཁག་གི་མཚན་སྙན་ཤིན་ཏུ་མཐོ་བའི་བླ་སྤྲུལ་དང་དགོན་པ་མང་པོ་ཞིག་གིས་ཆབ་སྲིད་དབང་བསྒྱུར་ནང་ཐེ་ཇུས་བྱས་པའི་རྐྱེན་གྱིས་མཛད་རྣམ་མི་ལེགས་མང་པོ་བྱུང་ཡོད་པ་དེ་དག་བསམ་བརྗོད་གཉིས་དཀའི་གནས་སུ་གྱུར་ཞིང་། བསྟན་པ་ཕྱི་དར་འགོ་ཚུགས་རྗེས་སུ་སྔ་རྟིང་ཐོག་ལྷ་སའི་ཇོ་ཁང་གི་གྲྭ་པའི་འཁྲུག་ལོང་དང་། བསམ་ཡས་དགོན་པའི་གྲྭ་པའི་འཁྲུག་ལོང་། ས་སྐྱ་དང་། འབྲི་གུང་བར་གྱི་འཐབ་འཁྲུག་གུ་ཤྲི་ཧན་གྱིས་དབུས་གཙང་སྡེ་འཁྲུག་རྭ་སྟག་དོན་རྐྱེན་གྱི་འཁྲུག་ཟིང་བཅས་ཀྱིས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ་གཏོར་སྐྱོན་དང་། བསྟན་པའི་འདུས་སྡེ་རྩ་མེད་བཟོ་ལུགས་ལ་བལྟས་ན་བར་ལམ་བསྟན་པ་ཉམས་ཆག་ཆེན་པོ་དེ་ལྟ་བུ་བྱུང་བའང་རྒྱུ་རྐྱེན་དེ་དག་ལ་ཐུག་པ་སེམས་ཤིང་། སྔོན་ཆད་མཚན་སྙན་ཤིན་ཏུ་མཐོ་བའི་བླ་མ་མང་པོ་ཞིག་ལའང་ཞིབ་ཏུ་བརྟག་ན་སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པ་[page 81] དང་འགལ་བ་དང་། རྩ་བ་བཞིའི་སྡོམ་ཁྲིམས་སོ་སོ་ནས་འགལ་བའི་མཛད་ཚུལ་ཇེ་སྙེད་ཡོད་པ་ལ་མཛེས་རྒྱན་སྤྲས་ཐབས་གང་ཡང་མེད་ཅིང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་ལྷ་སའི་མི་མང་ནས་བླ་སྤྲུལ་དགེ་བཤེས་ཁག་གཅིག་གི་མི་ལེགས་པའི་སྤྱོད་ཚུལ་ལ་བསམ་འཆར་ཤུགས་ཆེན་ཡོད་པ་དེར་དགོངས་ནས་གསུངས་དོན། ཁྱེད་ཚོས་སྐྱེས་བུ་དམ་པའི་མཛད་རྣམ་བསྐྱངས་མ་ཐུབ་ནའང་ཕྱི་ནང་གི་མཛད་སྤྱོད་དེ་ཁྱིམ་པ་ཚུལ་ལྡན་ཞིག་གི་ཚད་ལའང་སླེབས་མ་ཐུབ་ན་སངས་རྒྱས་བསྟན་པའི་ཞབས་ཞུ་ལྟ་ཞོག་བསྟན་པའི་ཞབས་འདྲེན་འགྲོ་རྒྱུ་རེད་ཞེས་བཀའ་ནན་པོ་གནང་བ་འདི་བརྗེད་ག་ལ་རུང་། དེར་རྟེན་སླད་ནས་སངས་རྒྱས་ཀྱི་བསྟན་པ་དྲི་མེད་དྭངས་གཙང་ཞིག་ཡར་རྒྱས་ཡོང་བ་བྱེད་དགོས་སྔར་བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱུག་དྲོ་བའི་གནས་ཚུལ་དེ་དག་ཡང་སྐྱར་མི་ཡོང་བའི་འགན་ལེན་དགོས་ཤིང་། དེ་ཡང་ང་ཚོ་བླ་སྤྲུལ་གྱི་མཚན་གནས་ཡོད་པ་གཙོས་བྱེད་པའི་རབ་བྱུང་གྲྭ་བཙུན་རྣམས་ཀྱི་རང་རང་ལ་རེ་བ་ནན་པོས། བསྟན་པ་འཛིན་མཁན་མིང་དོན་མཚུངས་པ་ཞིག་ཡོང་བ་བྱ་རྒྱུ་དགོས་གལ་ཤིན་ཏུ་ཆེ། དེ་ལྟར་བྱེད་པའི་དགོན་པའི་བཅའ་ཡིག་འདི་ཡིན་དགོས། དེ་བས་ན་དགོངས་དོན་དེ་དག་ལ་བཞིགས་པའི་བཅའ་ཡིག་གི་ཡིག་ཆ་གཤམ་གསལ་ལའང་དོན་ཚད་བཅུ་ཡོད་པ་ལས། དང་པོར་དགོན་པར་ཆོས་བཞུགས་ཀྱི་ཆ་རྐྱེན། གཉིས་པ་གྲྭ་ཆས་ཞྭ་ལྷམ་སོགས་ཀྱི་སྐོར། གསུམ་པ་གྲྭ་ཤག་དང་འཛིན་ཆས་སོགས་ཀྱི་སྐོར། བཞི་པ་ཚོགས་བཞུགས་སྐབས་ཀྱི་སྒྲིག་ལམ་སྐོར། ལྔ་པ་དུས་རྒྱུན་དུ་དོ་སྣང་བྱེད་དགོས་པའི་རིགས་ཀྱི་སྐོར། དྲུག་པ་བསྒྲུབ་དགོས་པའི་འོས་འགན་གྱི་སྐོར། བདུན་པ་སྤྱི་རྫས་བདག་གཉེར་སོགས་ཀྱི་སྐོར། བརྒྱད་པ་མི་སེར་མང་ཚོགས་ཀྱིས་བརྩི་སྲུང་བྱེད་དགོས་པའི་རིགས་དགུ་པ་དུས་མཆོད་ཆོས་རྭ་དང་ཆོས་མཚམས་སོགས་ཀྱི་རྒྱུན་སྲོལ་སྐོར། བཅུ་བ་དགོན་པའི་བསྟན་བདག་བླ་མ་ནས་ལས་སྣེ་རིམ་པ་བཞིན་གྱི་ལས་འགན་སྒྲུབ་དགོས་པའི་སྐོར། འདིར་དོན་ཚན་བཅུ་པོ་བཅའ་ཡིག་ཆེན་མོའི་རྩ་བའི་དགོངས་དོན་གྱི་གཤམ་གསལ་ལྟར་རགས་རིམ་ཙམ་མིན་པ་ཕྲ་ཞིབ་ཞིབ་པ་བཀོད་ཡོད་ཀྱང་ཡིན་ཚོགས་མང་བས་དེ་ཙམ་ལས་མ་བྲིས་ལ། རང་ཅག་འགེ་ཁ་བྱམས་པ་གླིང་གི་དགོན་མ་ལག་རྣམས་ཀྱི་མགོན་སྐྱབས་དམ་པ་ཞབས་དྲུང་ཆོས་ཀྱི་རྒྱལ་མཚན་འདི་མ་རིག་པའི་མུ་ན་པ་གསལ་བའི་སྒྲོན་མེ་ལྟ་བུ་བླང་དོར་གྱི་གནད་སྟོན་པའི་བཅའ་ཡིག་ཆེན་མོ་འདི་བསྟན་འགྲོ་ཡོངས་ལ་ཕན་པ་རྒྱ་ཆེན་བྱུང་བ་ནི་བཀའ་དྲིན་ཤིན་ཏུ་ཆེ་ལ། ཁྱད་པར་དུ་གདན་རབས་འདི་ནི་སྔར་གདན་རབས་བྱོན་ཟིན་པ་རྣམས་དང་འདྲ་བ་ནང་ནས་མི་འདྲ་བའི་ཁྱད་པར་ཅན་གྱི་མི་ཞིག་བྱུང་ཡོད་པས། དུས་འགྱུར་དབང་གི་རྒྱ་གར་འགྲོ་བ་ལ་སོགས་པ་རྒྱལ་ཁབ་གཞན་དུ་ཡུལ་འཁྱམས་མ་བྱེད་ནས་ལྷ་ས་དང་མི་ཉག་རང་ཡུལ་དུ་བཞུགས་པ་ཁོ་ན་ལས་རང་ནུས་གང་ཡོད་ཀྱི་རྒྱལ་ཁབ་ལ་ཞབས་སྒྲུབ་པ་དང་རང་ཡུལ་ལ་ཤ་ཞེན་ཆེ་བ་བསམ་བཇོད་གཉིས་ཀྱི་སྒོ་ནས་ཆེས་ལྷག་པའི་རྒྱུ་མཚན་གོང་དུ་ཞུས་ཟིན་པ་ལྟར་ཡིན་ལ། དེང་སྐབས་ཀྱི་གནས་ཚུལ་དེ་བཞིན་དབྱེ་བ་ཕྱེ་ནས་གོང་དུ་བྲིས་[page 82] ཡོད་ལ། ལོ་རྒྱུས་ཀྱི་ཡིག་ཆ་འདི་འབྲི་ཚུལ་དཀར་མཛེས་ཁུལ་རྩོམ་སྒྱུར་ཅུས་དགོན་པའི་ལོ་རྒྱུས་རྩོམ་སྒྲིག་ཁང་གིས་རྩ་འཛིན་གྱི་གོ་རིམ་ལྟར་བྲིས་ཡོད། ལོ་རྒྱུས་ཀྱི་ཡིག་ཆ་འདིའི་རྩ་འཛིན་ལ་ཐུགས་སྣང་མཛད་དགོས་པའི་དོན་འགའ་ལ་ངོས་ཟིན་བྱེད་པར། འགེ་ཁ་དགོ་པའི་སྔོན་གྱི་ལོ་རྒྱུས་ཀྱི་དེབ་འདིའི་མཆོད་བརྫོད་སོགས་རྒྱས་པར་བྲིས་མེད་པས་རང་དགོན་གྱི་དོན་དངོས་ཡོད་ཀྱི་ལོ་རྒྱུས་དང་འབྲེལ་བི་སྐྱེས་ཆེན་དམ་པའི་མཛད་རྣམ་དང་གདན་རབས་རྣམས་ཀྱི་བཀའ་དྲིན་རྗེས་དྲན་གྱི་སླར་དུ་མཆོད་བརྗོད་རགས་ཙམ་འབུལ་བ་དང་། བརྗོད་བྱ་ལོ་རྒྱུས་ཀྱི་དོན་དངོས་ཇི་བཞིན་པ་མ་གཏོགས་ཆགས་སྡང་ཕྱོགས་རིམ་ཀྱི་དབང་དུ་མ་སོང་བ་གལ་ཆེ་དེ། ད་ལྟའང་ཆོས་ལུགས་གྲུབ་མཐའི་ཁ་འཛིན་བྱེད་པ་མང་དུ་སྣང་བ་དེ་རྣམས་ཁུང་རུལ་ཡིན་པས་རང་གི་རང་ལ་གཅེས་པ་མ་ནོར་བར་མཛད་དགོས་པས་ན། མཉམ་མེད་ཙོང་ཁ་པ་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས། གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ལ། ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡང་ཞིང་། དལ་བའི་རྟེན་བཟང་དོན་ལྡན་བྱེད་འདོད་པའི། སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན། ཞེས་དང་། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། གསུངས་རབ་མ་ལུས་གདམས་ངག་འཆར་བ་དང་། ཞེ་གསུངས་ལྟར། སྟོན་པ་སངས་རྒྱས་ཀྱིས་ལུང་རྟོགས་ཀྱི་ཆོས་གང་གསུངས་པ་དང་དེ་དག་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཐབས་སུ་གསུངས་པ་དང་། ཕུ་ཆུ་གངས་རི་ལ་མཐའ་གཏུགས་པ་དང་། ཆོས་ཕུ་སྟོན་པ་སངས་རྒྱས་ལ་མཐའ་གཏུགས་དགོས་པ་ཡིན་པས་ན་ཆུ་འཐུང་ལུགས་མི་འདྲ་བ་ཙམ་དང་ཆོས་འཆད་ཉན་བྱེད་ཚུལ་མི་འདྲ་བ་ཙམ་ལས་ཆགས་སྡང་ཕྱོགས་རིས་བྱེད་དགོས་པའི་རྒྱུ་མཚན་གཏན་མེད་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། བཟོད་པ་ལྟ་བུའི་དཀའ་ཐུབ་མེད། ཞེས་གསུངས་ལ། སྤྱིར་ན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡང་ཆགས་སྡང་གཉིས་ཀྱི་བསྡུས་པ་ཡིན་པས་དེ་ལས་ཉེ་པ་ཆེ་བ་ཞིག་མེད་པས་སོ། གྲུབ་མཐའ་ཞེས་པ་ཡང་མཐའ་གཏུགས་ན་རྣམ་རྟོག་གིས་སྒྲོ་བཏགས་པའི་ཆ་གཞན་ཙམ་ལས་མཐའ་ཐུག་དབུ་མ་ཐལ་འགྱུར་བ་ལ་ཐུགས་དགོས་སོ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། ལྔ་པ་ཐུབ་པའི་དགོངས་པ་མིན། ཞེས་པ་ལྟར། གཙོ་བོར་ལུས་ལྟ་བུའི་མཐའ་བཞི་ཡོད་པ་ལ་དེའི་ཡན་ལག་ལྟ་བུའི་གྲུབ་མཐའ་དུ་མ་བྱུང་བ་ནི། གསང་སྔགས་གསར་རྙིང་ལས་བྱུང་བའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་ལ་བཞེད་ཚུལ་མི་གཅིག་པ་དང་། ཐ་སྙད་སྦྱོར་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་བྱུང་བ་ལ་རྟེན་ནས་གྲུབ་མཐའ་རིགས་མི་འདྲ་བ་དུ་མ་ཞིག་བྱུང་། དེ་དག་ཀྱང་རྙིང་མ་ལྟ་བུ་དུས་ཀྱི་མིང་དང་། བཀའ་གདམས་པ་དང་རྫོགས་ཆེན་པ་ཞི་བྱེད་པ་ལྟ་བུ་གདམས་ངག་གི་མིང་དང་། ཕག་གྲུ་པ་དང་ཀརྨ་བཀའ་བརྒྱུད་པ་ལྟ་བུ་སློབ་དཔོན་གྱི་མིང་དང་། ས་སྐྱ་པ་དང་དགེ་ལྡན་པ་ལྟ་བུ་གནས་ཀྱི་མིང་ལ་བརྟེན་ནས་གྲུབ་མཐའ་སོ་སོའི་མིང་འདོགས་ལུགས་ཀྱང་སྣ་ཚོགས་པ་ཞིག་བྱུང་ནའང་། གྲུབ་མཐའ་དེ་དག་གི་ནང་དུ། སྐྱབས་འགྲོ་དང་། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་པ་གཅིག་ཀྱང་མེད་པས། ལྟ་སྤྱོད་ཀྱི་བཞེད་ཚུལ་[page 83] འདྲ་མིན་ཅི་རིགས་པ་དེ་དག་ཀྱང་། རང་སྡེ་རྩ་བའི་གྲུབ་མཐའ་སྨྲ་བ་བཞི་པོ་གང་རུང་གི་ལུགས་ལས་མི་འདའ་ཞིང་། ཁྱད་པར་དུ་ཐེག་ཆེན་སྤྱི་དང་། རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་རྣམ་བཞག་སོགས་རང་རང་གི་རྒྱུད་དང་རྒྱ་གཞུང་ཅི་རིགས་ཀྱི་ཁུངས་ལ་བརྟེན་པ་དང་། བླ་མའི་མན་ངག་དང་། ཉམས་མྱོང་། གདུལ་བྱའི་དགོས་དབང་ལ་རྟེན་ནས་འཆད་པ་ཤ་སྟག་ཡིན་པས། མན་ངག་ཟབ་མོའི་གཏེར་དུ་མ་གྱུར་བ་གཅིག་ཀྱང་མེད། དེ་ཕྱིར་ངར་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བའི་ཉོན་མོངས་ཀྱི་རྒྱུད་དཀྲུགས་ཏེ་ཆགས་སྡང་ཕྱོགས་ལྷུང་གི་གཏམ་ངན་དང་སྒྲོ་འདོགས་བྱུང་རྒྱལ་དུ་སྨྲ་བ་ནི་ཆོས་ལ་བརྟེན་པའི་ཆོས་སེམས་འདུལ་བའི་ཐབས་སུ་མ་སོང་བས་ན། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་གསུངས་པ་དང་འགལ་ལོ། སྡིག་པའི་ལས་ཚམས་པོ་ཆེ་བསགས་པས་དམྱལ་བར་ལྷུང་བའི་རྒྱུ་ཁོ་ན་ཡིན་ཏེ། རྗེ་བཙུན་བྱམ་པས། རྒྱུད་བླ་ལས། གང་ཞིག་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད་ཞེས་པ་དང་། དཔལ་ལྡན་ཟླ་བས། འཇུག་པ་ལས་ཀྱང་། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ།། གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། ཞེས་གསུངས་ལྟར། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དང་། དམ་པའི་ཆོས་ཀྱི་གྲུབ་མཐའ་དག་ལ་ཕྱོགས་ལྷུང་དང་བྲལ་བའི་དག་སྣང་སྦྱོར་བ་དང་། གཟུ་བོར་གནས་པའི་བློ་གྲོས་ཀྱིས་ལེགས་པར་དཔྱད་དེ་རྗེ་ཙོང་ཁ་པའི་དགོངས་པ་ལྟར་བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། གསུངས་རབ་ཐམས་ཅད་གདམ་ངག་ཏུ་འཆར་བའི་ཉམས་ལེན་ལ་འབད་ཚུལ་ཤེས་པ་བྱ་དགོས་སོ། དེ་ལྟར་ན་གོང་དུ་ཞུས་པ་ལྟར། ཆགས་པ་ཞེས་པ་སྤངས་བྱའི་འདོད་ཆགས་ལ་ངོས་འཛིན་བྱེད་དགོས་པ་ལས། དངོས་དང་བརྒྱུད་པའི་སྐྱེས་བུ་དམ་པ་རྣམས་ལ་གསོལ་འདེབས་ཚུལ་དུ་བསྟོད་བསྔགས་འབུལ་བ་ཙམ་ལས་ཕྱོགས་རིས་སུ་ཧ་ཅང་ཐལ་བའི་སྐྱོན་ཡོད་པའི་ཕྱིར་ན་འདི་འདྲ་མིན་པ་བཀའ་དྲིན་རྗེས་དྲན་གྱི་གསོལ་བ་འདེབས་པའོ། ཞེས་པ་འདི་ནི་དགོན་པའི་བླ་སྤྲུལ་རྣམས་ཀྱིས་གསུངས་པ་ལྟར་རིག་བསྟན་གྱིས་བྲིས་སོ།།

གནས་འགོ་དགོན་གྱི་ལོ་རྒྱུས།

དེ་ཡང་གནས་འགོ་བྱང་ཆུབ་གླིང་ནི་བོད་རབ་བྱུང་བཅོ་ལྔ་པའི་མེ་སྟག་ལོར(༡༣༢༦)མི་ཉག་མཁས་པ་རྒྱལ་བ་རིན་ཆེན་གྱིས་བཏབ། དགོན་པ་འདི་སྔོན་བཀའ་གདམས་པའི་དགོན་རྙིང་ཞིག་ཡིན། རྗེས་སུ་དགོན་པ་དེ་ཁག་གཉིས་སུ་གྱེས། རབ་བྱུང་དྲུག་པའི་སྐབས་སུ་ནུབ་ཕྱོགས་སྒྲོལ་མའི་གནས་སུ་ནུབ་དགོན་བྱང་ཆུབ་གླིང་ ཞེས་པ་ཞིག་བཏབ། དེ་རྗེས་སུ་མི་ཉག་རབ་སྒང་གཙོ་བོ་བྱས་པའི་ཆོས་སྐྱོང་བའི་མཁས་པ་རྒྱལ་བ་རིན་ཆེན་ནུབ་མགོན་བྱང་ཆུབ་གླིང་དུ་ཁྲི་འཕངས་མཐོན་པོར་མངའ་གསོལ་བས་བུང་བ་[page 84] ཚོགས་ཀྱི་མེ་ཏོག་བཅུད་ལ་རོལ་བ་ལྟར་སློབ་མ་འདུས་ནས་འཆད་ཉག་ཀྱི་སློབ་དཔོན་མཛད་པ་རེད། དེའི་སྐབས་མི་ཉག་མཁས་པ་མི་ལྔའི་གདན་ས་སོ་སོའི་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟ་བུའི་དགེ་འདུན་རྣམས་བཀའ་བཞིན་གདན་ས་རུ་ཆོས་ཐོག་སྐོར་བའི་དུས་སུ་གྲུབ་མཐའ་བཞི་པོ་ཕྱོགས་རིས་སུ་འགྲོ་བས་སུས་ཀྱང་འདུལ་མི་ནུས་པའི་དུས་སུ་《མཁས་པ་རྒྱ་བ་རིན་པོ་ཆེན》གྱིས་ཚོགས་པའི་སློ་དཔོན་མཛད་ནས་གཡུང་དྲུང་གི་ཆོས་ཆད་པ་ཙམ་གྱིས་མཁས་པ་ཁོང་འཛུམ་གྱིས་གྲུབ་མཐའ་གནས་ཕྱོགས་གཅིག་ཏུ་བསྡུས་ཏེ་མཁས་པ་ཀུན་དགུ་པར་བྱས་པའི་མཁས་པའི་གྲགས་པ་འབྲུག་ལྟར་གྲགས། དེ་རྗེས་ལོ་གསུམ་གྱི་བར་དུ་ནུབ་མགོན་དགོན་དུ་ཆོས་ཐོགས་སྐོར་བའི་ཚེ་མཁས་ཆེན་བྱམས་གསར་པས་མཁན་པོ་གནང་པའི་དུས་སུ་དགེ་འདུན་གསུམ་སྟོང་ལྷག་ལ་འཁོར་ལོ་གསུམ་གྱི་བྱ་པ་དང་འཆད་ཉན་སོགས་ཀྱི་ཤད་སྒྲུབ་ཀྱི་བཀའ་གདམས་པའི་བསྟན་པ་རྟ་བདུན་དབང་པོ་མཁའ་ལ་ཕགས་པ་ཇི་བཞིན་བསྟན་འགྲོའི་འཕན་བདེ་དགའ་སྟོན་རྒྱས་པ་སོགས་མི་ཉགས་མཁས་པ་མི་ལྔའི་རྣམ་ཐར་གསལ་བའི་སྨོས་པ་མ་དགོས། དེའི་དུས་སུ་བཤད་སྲོལ་མི་འདྲ་བ་ཞིག་བྱུང་བར་ཕ་དམ་པ་སང་རྒྱས་ཀྱི་སྔོན་བདུད་བཏུལ་བའི་གནས་དང་པོ་ཡིན་ཟེར་བས་གནས་འགོ་དགོན་ཟེར་བའི་མིང་ཀུན་དུ་གྲགས་ཡོད་པ་རེད། ད་ལྟ་ཡང་དེའི་གྲུབ་རྟགས་མང་པོ་ཡོད་ཀྱང་གནས་ཡིག་མེད་པའི་རྐྱེན་གྱིས་འགྲེལ་བཤད་རྒྱག་མི་ནུས་སོ། དེ་རྗེས་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་དགེན་པའི་མདུན་དུ་གཞུང་ཆུ་ལ་གནས་སྐོར་འགྲོ་བདེ་བའི་སླད་དུ་ལྕགས་ཟམ་ཞིག་བཞེངསཔ་ནས་བཟུང་མི་ཉག་ཡུལ་དུ་ནད་མུག་ཁྲུག་རྩོད་ཞི་བའི་ལོ་རྒྱུས་ནི་ཐང་སྟོང་རྒྱལ་པོའི་རྣམ་ཐར་ལས་གསལ། ཡིན་ན་ཡང་བཀའ་རྒྱུད་གོང་མའི་རྣམ་ཐར་ལས། ཇི་སྐད་དུ། རྒྱལ་བས་བསྔགས་པས་དབེན་པ་གནས་ཕྱོགས་ཏུ། དེ་ཡང་ཚེ་འདིའི་བྱ་བ་བློས་བཏང་ནས། ཟླ་འོད་གཞོ་ནུ་ལྟ་བུ་ཇི་བཞིན་དུ། བཤད་སྒྲུབ་མཆོག་ཏུ་འཛིན་ལ་བསྔགས་འོས་པའི།། བསྟན་པ་མི་ཉམས་ཡོད་རིང་གནས་ཡོད་ཀྱང་བར་སྐབས་སུ་བཀའ་རྒྱུད་གྱི་བྱ་བ་མང་བ་དང་དབང་བཙན་གྱིས་ལོག་ཇུས་ལ་བསྟན་འཛིན་ཆོས་རྒལ་གྱིས་དམག་མི་དཔུང་ཚོགས་བསྒྲིལ་ནས་བསིལ་ལྗོང་སུ་བཀའ་རྒྱུད་ཀྱི་བསྟན་པ་རྨིག་མེད་དུ་རླགས་པའི་རྗེས་སུ་རྒྱ་ནག་རྒྱལ་པོ་གཡུང་ཅིང་དང་ཇུ་དབང་བཅས་ཀྱི་འདུས་མ་བྱས་པའི་བཀའ་ཡིག་ཆབ་ཤོག་ལས་བཀའ་རྒྱུད་རྙིང་པའི་ཤུལ་དུ་བཀའ་རྒྱུད་གསར་བའི་ལུགས་བཟང་ཉམ་གསོས་དང་གོང་ས་ལྔ་པ་ལྟར་རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོ་ལ་གོ་གནས་ཕུལ་བའི་ལོ་རྒྱུས་མི་དབང་རྟོགས་བརྗོད་ལས་གསལ་བའི་སྨོས་མི་དགོས་པ་རེད། འོན་ཀྱང་དེའི་རྗེས་སུ་འཁྲུགས་ལོང་རྐྱེན་གནས་འགོའི་གྲྭ་མང་རྣམས་མི་ཉག་ནས་འབའ་ཐང་བྲོས་སོང་བའི་ལྷ་རྟེན་མཆོད་ཆས་རྣམ་ཀྱང་བརླགས། དེའི་ཤུལ་དུ་ལྷགས་མ་རྣམས་རྗེས་སུ་འདུས་ནས་བཀའ་རྒྱུད་གསར་མའི་བསྟན་པ་གསོ་དགོས་བསམ་ཡང་གསོ་འགོ་མ་ཆོད་པ་རེད། དེའི་དུས་སུ་མི་ཉག་དཔའ་ལྡན་འགེ་ཁ་དགོན་པས་རོགས་སྐྱོར་རྒྱ་ཆེན་གནང་ཏེ་བསྟན་པ་དར་རྒྱས་སུ་བཏང་བ་དང་བཅའ་ཡིག་གསར་བྲིས་བྱས། དེའི་ནང་དགེ་ལྡན་པའི་ལྟ་སྒོམ་སྤྱོད་གསུམ་ལ་འགལ་མི་ཆོག་པ་དང་གྲྭ་རྒྱུན་གྲྭ་ས་[page 85] ནི་རི་བོ་དགའ་ལྡན་དུ་སྐྱེལ་དགོས་པ་དང་ཆོ་ག་ཕྱག་ལེན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ལུགས་སྲོལ་བཙུགས་ཏེ་ཡུན་རིང་དུ་གནས་ཡོད། དེའི་དུས་སུ་དགེ་བའི་ཤེས་གཉེན་འགའི་མཚན་བརྗོད་ན། རྒྱལ་པོ་དགེ་ཤེས། མཚུངས་མཉམ་དགེ་བཤེས། ཉ་རོགས་དགེ་བཤེས་བཅས་རབ་བྱུང་བཅུཔའི་ནང་མི་ཉག་འགེ་ཁ་བྱམས་པའི་གླིང་གི་སྐུ་གོང་མ་རྗེ་བཙུན་ངག་དབང་བློ་བཟང་བྱམས་པ་ཚུལ་ཁྲིམ་རྒྱ་མཚོ་དང་སྐྱབས་རྗེ་བསྐལ་བཟང་ཡོན་ཏན་རྣམ་གཉིད་ཀྱི་སློབ་མ་མཁས་ཤིང་གྲུབ་པ་བརྙེས་པ་འགའི་མཚན་ནས་བརྗོད་ན། སེ་ར་ངག་དབང་སྟོབ་ལྡན་དཔའ་ལྡན་འཇམ་དཔའ་ཤེས་རབ། དཔའ་ལྡན་ངག་དབང་ཚུལ་ཁྲིམས། མཚུངས་མཉམ་བླ་མ་རྟོགས་ལྡན། དཀར་ཁྲ་རྟོགས་ལྡན། ཨ་རྟགས་རྟོགས་ལྡན་ཆིས་དགེ་བཤེས། གཞུང་རྒྱས་དགེ་བཤེས་བཅས་བྱུང་བ་རེད། དེ་ཡང་རབ་བྱུང་བཅུ་དྲུག་པའི་ནང་རང་རེའི་སྐུ་ཞབས་འདས་འཁྲུངས་བར་ལ་གོ་མིན་ཏང་ལུའུ་ཙི་ཆས་སྐལ་བཟང་གྲགས་པ་རྒྱ་མཚན་གནས་འགོ་རུ་བཏང་ནས་ཁྲི་ལ་གསོལ་མྱོང་བ་རེད། དེ་ཡང་མཆོད་ཆ་ལ་ཆ་མཚོན་ན། རྒྱ་གར་ལི་མ་རྒྱལ་བ་རིགས་ལྔ་ཆ་ཚང་གཅིག་དང་གསེར་དངུལ་གྱིས་བྲིས་པའི་བཀའ་འགྱུར་བསྟན་འགྱུར་ལ་སོགས་པ་བསམ་གྱི་མི་ཁྱབ་པ་བཞུགས་མྱོང་བ་རེད།

ད་ལྟའི་དར་སྤེལ་བྱུང་ཚུལ་རགས་གླེང་བར། བླ་བྲང་ཁང་ཀ་དྲུག་ཐོགས་བརྩེགས་གཉིས་པ་གཅིག་གཙུག་ལགས་ཁང་ཀ་བ་བཅོ་རྒྱད་ཐོག་གསུམ་ཅན་གཅིག། རུང་ཁང་གཅིག། བླ་གྲྭ་ཁང་ཀ་གསུམ་བརྩེགས་གཅིག་མ་གཅིག། དུང་འཁོར་ཀ་བཞི་ཐོག་གཅིག་མ་གཅིག། གྲྭ་ཤག་ཁྱོན་བསྡོམས་བཞི་བཅུ་བཞི་བརྒྱད་བཅས་ཉམས་གསོས་བྱས་ཡོད། རྟེན་རྙིང་ཡོད་པའི་རྒྱལ་བ་རིགས་ལྔ་ལི་མ་ཁྲུ་གང་མ་གཅིག་དང་གསེར་དངུལ་གྱིས་བྲིས་པའི་སྐལ་པ་བཟང་པོ་པོ་ཏི་གཅིག། འཇིགས་བྱེད་ཞལ་ཐང་གཅིག་བཀའ་གདམས་མཆོད་བརྟེན་མཐོ་གང་མ་གཅིག་དང་། རོལ་ཆས་རྙིང་པ་སྦུབ་ཆལ་རིན་ཐང་བྲལ་བ་ཆ་བཟུང་བཞི། དུང་དཀར་སྲོག་འབྱུང་མ་གཅིག་བཅས་ཙམ་ཡོད། ཆོས་ར་ནི་ལོ་གཅིག་ལ་བཞི་སྟེ། བོད་ཟླ་དང་པོར་སྨོན་ལམ། བོད་ཟླ་བཞི་བ་བསྙེན་གནས། བོད་ཟླ་དྲུག་པ་དབྱར་གནས། བོད་ཟླ་དྲུག་པར་དབྱར་གནས། བོད་ཟླ་བཅུ་པ་དགའ་ལྡན་ལྔ་མཆོད་དོ།། བོད་ཟླ་ལྔ་པའི་ཚེས་འགོར་དབྱར་མཆོད་གར་སྣ་དྲུག་ནི། ཆོས་སྐྱོང་བཅུའི་གར། ལྷ་མོ་བརྒྱད་ཀྱི་གར། ཨ་ཙ་ར་བཞིའི་གར། ཀེང་རུས་བཞིའི་གར། ཧ་ཤང་ཧྭ་ཕྱུག་གི་གར། ཤྭ་བའི་གར་བཅས་ཡིན། ད་ལྟའི་བཅའ་ཡིག་གསལ་བྲི་ལས་རགས་ཙམ་ཤུས་པས། དགོན་གནས་འདིར་སྒྲིག་ཁོངས་སུ་བཞུགས་པའི་དགེ་འདུན་ཡོངས་ཀྱིས་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འདུལ་བའི་ནང་གཏན་ལ་འབེབས་པའི་དགེ་ཚུལ་སློང་གི་སྡོམ་པའི་ཚུལ་ཁྲིམས་ཀྱིས་གཞིར་བཟུང་རྒྱལ་བ་གཉིས་པ་ཀྱི་རྗེ་བཙུན་ཙོང་ཁ་པའི་བྱང་ཆུབ་ལམ་གྱི་རིམ་པ་ནས་ཞིབ་པར་བསྟན་པའི་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་རང་གི་སེམས་རྒྱུད་བཏུལ་གང་ཐུབ། མཐའ་ཡས་བྱམས་སྙིང་རྗེ་བྱང་ཆུབ་སེམས་ལ་བློ་ཁ་ཕྱོགས་པ་ཞིག་དང་བསྟན་པའི་སྙིང་པོ་སྡིག་སྤོངས་དགེ་སྒྲུབ་བྱེད་རྒྱུ་རང་གི་སྤྱོད་ལམ་དུ་གྱུར་པ་སྟེ། དགེའདུན་དབར་དང་། ནང་མི་གཉེན་[page 86] ཉེ་དང་། གྲོང་མི་ཁྱིམ་ཚེས་སུ་ཞིག་དང་། ཐ་ན་ལམ་བར་གྱི་འགྲུལ་པ་ཡན་ཆད་ལ་མཐུན་ལམ་དང་། ཕན་སེམས སྙིང་རྗེ་ཀུན་སློང་གི་ཁ་བརྡ་དང་། རང་ནུས་ལ་དཔག་པའི་རོགས་རམ། སེམས་བཟང་གི་བསླབ་བྱ། ཇི་ནུས་གྱི་འཇིན་པ་སོགས། བསྡུ་བ་བཞིའི་ཀུན་སྤྱོད་དང་ལྡན་པ་བྱེད་དེ་རང་མཐར་པའི་ལམ་དུ་བཞུགས་ཐུབ་པ་དང་། གཞན་དྭངས་བ་འདྲེན་པ་ཞིག་ཏུ་འབད་རྩོད་བྱེ་དགོས། དགེ་འདུན་ཡོང་ལ་གྲྭ་རྒན་བཞོན་བོར་གསུམ་དང་། མི་དམངས་མང་ཚོགས་ལ་མི་ཆོས་གཙང་མ་བཅུ་དྲུག་དང་། ལྷ་ཆོས་དགེ་བ་བཅུའི་བསླབ་བྱ་སྐུལ་མ་བྱེད་རྒྱུའི་འོས་འགན་དང་། རང་དཔེ་གཞན་སྟོན་གྱིས་མིག་དཔེར་འགྱུར་བ་བྱེད་དགོས། རང་དགོན་གྱི་ལད་སྣེ་འགན་འཛིན་གྱིས་གཙོ་བོར་བྱས་པའི་གྲྭ་པ་གྲྭ་དམངས་ཡོང་ཀྱི་གྲུབ་མཐའ་རིས་མེས་ཀྱི་ཆོས་ལུགས་དང་། དགོན་གནས་རྣམ་ལ་དད་གུས་དང་། ལུས་ངག་ཡིད་གསུམ་གྱིས་གོང་ཀུར་རྒྱབ་སྐྱོར་བཞུས་པ་ལས། ཞེ་སྡང་གི་སེམས་དང་། ཕྲ་དོག་གི་ངན་སྨྲས། དབྱེན་འབྱོར་གྱིས་བྱ་བ་གཏན་ནས་བྱེད་མི་ཆོག་ལ། འཕྱ་སྨོ་དང་དམའ་འབེབས་བྱེད་པ་སོགས་སྤོངས་པའི་ལས་ངན་བྱེད་མི་རུང་། རང་དགོན་གྲྭ་མང་ཡོང་ཀྱི་སྐབས་དུས་རྒྱལ་ཁབ་སྲིད་ཇུས་དང་། བཅའ་ཁྲིམས་རྩ་ཁྲིམས་སོགས་རྩི་སྲུང་ལེགས་པར་བྱས་ནས་རང་རེའི་མེས་པོའོ་རྒྱལ་ཁབས་ལ་དགའ་བཞེན་དང་། མི་དམངས་ཀྱི་ལུས་སེམས་གཉིས་བདེ་སྐྱིད་དོན་དུ་རང་ནུས་ཅི་ཡོད་ཞབས་ཞུ་སྒྲུབ་རྒྱུའི་འོས་འགན་ཡོད། ཡུལ་ལུང་ནང་རང་བྱུང་གི་གནོད་འཚེ་སོགས་ལ་གྲྭ་དམངས་ཡོངས་ཀྱིས་ཐབས་ནུས་གང་ཡོད་ཀྱིས་རོགས་རམ་དང་གེགས་སྐྱོང་བྱེད་དགོས། སྔར་ཡུན་རིང་གི་ལོ་རྒྱུས་ཐོག་དགོན་པ་ནི་སྲིད་དབང་ཐོག་དམིགས་གསལ་དབང་ཆ་ལྡན་པའི་སྒྱུར་སྲིད་འཛིན་གྱིས་སྡེ་མཚན་ཞིག་དང་། དཔལ་འབྱོར་ཐོག་བུན་སྐྱེད་གཏོང་ལེན། དད་འབུལ་སྡུད་ལེན་བྱེད་པའི་འབྱོར་ལྡན་ཚོགས་པ་ཞིག་ཏུ་འགྱུར་ཡོད་ཅིང་། གྲྭ་བཙུན་རྣམས་ཀྱང་དུར་ཁྲོད་ནང་ཕུང་པོ་སྒུག་སྡད་པའི་བྱ་རྒོད་ལྟར་དགོན་པའི་ནང་དུ་འབུལ་བ་སྒུ་སྡད་པའི་འབུལ་སྡུད་པ་འདྲ་པོ་ཞིག་གྱུར་ཉེན་ཡོད་པ་ནི་ཤྭཀྱ་ཐུབ་པའི་བཀའ་དང་ཡང་མཐུན་མེད་ལ། དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དུས་རབབ་དང་ཡང་མཐུན་ཐབས་གཏན་ནས་མེད་པ་རེད། ང་ཚོ་བླ་སྤྲུལ་གྱིས་མཚན་གནས་ཡོད་པ་གཙོས་བྱེད་པའི་རབ་བྱུང་གྲྭ་བཙུན་རྣམས་ཀྱི་ཀྱང་རང་རང་ལ་རེ་བ་ནན་པོས་བསྟན་པ་འཛིན་མཁན་གྱིས་མིང་དོན་མཚུངས་པ་ཞིག་ཡོང་བ་བྱེད་རྒྱུ་དགོས་གལ་ཤིན་ཏུ་ཆེ། དེ་ལྟར་བྱེད་པའི་བསམ་པའི་གཞི་འཛིན་ས་དང་། བྱ་སྤྱོད་ཀྱི་ཚད་གཞི་ནི་ཆོས་དུལ་བའི་སྡོམ་ཁྲིམས་ཀྱི་རྩ་བ་བྱེད་པའི་དགོན་པའི་བཅའ་ཡིག་འདི་ཡིན་དགོས། ཆོས་བཞུས་ཚང་མས་ངེས་འབྱུང་སོགས་དད་མོས་རྣམ་དག་གི་སྐུལ་སློང་བཟང་པོས་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་བ་ཞིག་དགོས་པ་ལས། ཁྱིམ་ཚང་གིས་འགགལ་བ་ལས་གཡོལ་ཐབས་དང་། ལས་ཀ་མི་འདོད་པའི་སྒྱིད་ལུགས་དང་ཡང་ན་འགྱེད་ཕོགས་ལ་བརྔམས་ཁོ་ནའི་འདོད་པ་སོགས་ཀྱི་སྐུལ་སློང་ཡང་མ་དག་པའི་ཆོས་བཞུགས་བྱེད་རྒྱུར་དགོན་པས་ཁས་ལེན་མི་བྱེད། དགོན་པར་ཞུགས་རྒྱུ་གཙོ་བོ་གྲྭ་བ་བྱེད་མཁན་སོ་སོའི་འདོད་མོས་ལས་ཕ་[page 87] མ་ཁོ་ནའི་འདོད་པས་འཇམ་རྩུབ་གཉིས་ཀྱིས་ཐོག་ནས་ཆོས་ཞུགས་བྱེད་བཅུག་པའི་རིགས་ཁང་མི་ལེན། རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་ནས་བྲོས་ཡོང་བའི་རིགས་དགོན་པར་འདུག་མི་ཆོག། འགོས་ནད་སྣ་ཚོགས་ན་བཞིན་པ་དང་། སྔོན་ཆད་འགོས་ནད་ན་མྱོང་བ་རྣམས་སྨན་ཁང་ཚད་ལྡན་གྱི་ལག་ཁྱེར་ཐོབ་ནས་འགོས་ནད་མེད་པའི་དཔང་རྟགས་གསལ་པོ་མ་ཐོབ་པར་དགོན་པར་འདུག་མི་ཆོག། དགོན་པའི་བླ་མ་དང་ལས་སྣེ་གྲྭ་རྒན་པ་རྣམས་ཀྱིས་རང་དཔེ་གཞལ་སྟོན་གྱིས་སྒྲིག་རང་འཁུར། སྡོམ་པ་རང་སྲུང་བྱེད་ནས་གྲྭ་གཞོན་རྣམས་ལ་སྣེ་ཁྲིད་དགོས། གསར་ཞུགས་གྲྭ་པ་རྣམས་ནས་རང་སོ་སོའི་ཁྱད་ཆོས་ལ་དཔག་པའི་དཔེ་འཚམས་པ་དང་། མཚན་ཉིད་ལ་སོགས་ཁུངས་ཚན་སོ་སོར་སློབ་གཉེར་བྱེད་དགོས་ལ། གསུམ་རྟགས་དག་གསུམ། ཡིག་རྩིས་སྨན་གསུམ་སོགས་གང་ལ་འང་སྦྱངས་རྒྱུའི་འོས་འགན་ཡོད། ཆོས་རྫས་སྣ་ཚོགས་སོགས་གང་ཅིའི་སྤྱི་རྫས་ཡོ་བྱད་ཐམསཅད་ལ་གཅེས་སྤྲས་དང་དོ་དམ་ལེགས་པར་བྱེ་ད་པ་དང་རྩིས་སྤྲོད་རྩིས་ལེན་ཞིབ་ཚགས་གྱི་སྣང་མེད་དུ་མེ་འགྲོ་བ་བྱེད་དགོས་པ་སོགས། ཐ་ན་ཚོགས་ཁུར་ཕོར་པ་ཡན་ཆད་ཀྱི་བཀོད་སྒྲིག་ཡོད་ཀྱང་རགས་བསྡུས་ཙམ་ལས་ཤུས་མེད་ལགས།

ཚོགས་པའི་གཏོང་སྒོའི་འབྱུང་གནས། སྔར་གཞིས་ཀ་ཁག་གཉིས་དང་ཁལ་མ་བརྒྱ་དང་ལྔ་བཅུ་ཙམ་གྱིས་ཡོང་སྒོ་ཡོད་མོད། ད་ལྟ་དེ་འདྲ་མིན་དེ་རྒྱུན་བཞུགས་གྲྭ་པ་ཡོངས་ཀྱིས་འཚོ་བར་རང་ཁྱིམ་ལ་བརྟེན་དགོས་ཤིང་ཤི་དགེ་ཉིན་གཅིག་སྦྱིན་བདག་གིས་རྩམ་ཕོགས་དང་དངུལ་ཕོགས་ཅུང་ཟད་རྒྱག་པ་དེ་མ་གཏོགས་གཞན་འབུལ་བ་རྣམས་སྤྱི་དགོན་ཉམས་གསོ་རྟེན་འཇག་དགོས་པ་རེད། དགེ་འདུན་ཞལ་གྲངས་ལྔ་བཅུ་ང་གསུམ་དང་། དགོན་པའི་མངའ་འོག་གི་ཡོན་བདག་དུད་གྲངས་ཉིས་བརྒྱ་དང་བཅུ་ཙམ་ཡོད།

ཞེས་འགོ་དགོན་པའི་གྲྭ་རྒན་རབས་ཚོས་སྔོན་གྱི་བཤད་སྲོལ་དང་ལོ་རྒྱུས་ལ་བརྟེན་ནས་བྲིས།

སྐྱིད་ལེགས་དགོན་པའི་ལོ་རྒྱུས།

འདིར་སྐབས་སུ་བབས་པའི་བརྗོད་དོན་ནི། མདོ་སྨད་མི་ཉག་རབ་སྒང་གི་སའི་ཆར་མི་ཉག་སྐྱིད་ལེགས་ཁུལ་དགའ་ལྡན་ཆོས་ཀྱི་གླིང་གི་ལོ་རྒྱུས་མདོ་ཙམ་ཞུས་ན། སྔོན་བྱོན་མི་ཉག་མཁས་པ་མི་ལྔའི་ནང་ཚན་གཉིས་པ་རྨ་སེ་སྟོན་པ་རིན་ཆེན་བཟང་པོས་སྔོན་དུ་དགོན་འདེབས་ཐུགས་བསམ་མེད་ཀྱང་། དེ་དུས་རྟེན་འབྲེལ་སྣ་ཚོགས་ལ་རྟེན་ནས་དགོན་པ་ཞིག་བཏབ་དགོངས་པ་ན། སྤུ་ལུང་ལ་གཉིས་བར་རཱ་ཏཱི་ལུང་འདི་བདེ་ཟེར་བ་ཡང་ཡང་སྙན་དུ་བྱུང་། གཞི་བདག་འབོ་རྩི་འདིས་ཀྱང་རྟ་དཀར་པོ་ཞིག་གཞོན་དར་མདུང་བཟང་པོ་བཟུང་ནས། ངེད་རཱ་ཏཱི་ནས་འོང་བླ་མ་ཡར་གདན་འདྲེན་ཟེར་ནས་ཡང་ཡང་ཡོངས་ཀྱིན་འདུག་གསུངས། དེ་ནས་རབ་བྱུང་དྲུག་པའི་(སྤྱི་ལོ་༡༣༦༤ལོ)ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་ལོའི་ནང་རཱ་ཏཱི་དགའ་ལྡན་བྱམས་པ་གླིང་དེ་བཏབ། མི་རྣམས་ཀྱིས་རྒྱ་གར་དགོན་པ་ཡང་ཟེར། ལྷ་ཀླུ་མི་གསུམ་གྱི་[page 88] སྡོངས་གྲོགས་བྱས། མཁས་བཙུན་བཟང་གསུམ་གྱི་སློབ་ཚོགས་མང་དུ་འདུ། ཀརྨ་པར་རོལ་བའི་རྡོ་རྗེ་རབ་སྒང་དུ་ཕྱག་ཕེབས། རབ་སྒང་གི་འཁྲུགས་པ་མ་མཁོན་བསྡུས་མཛད། སྐབས་ཤིག་ཏུ་རཱ་ཏཱི་དགོན་པར་ཕྱག་ཕེབས། སྔ་ཕྱི་ཟླ་བ་གཅིག་ཙམ་བཞུགས། དུས་འཁོར་སོགས་རྒྱུད་ལུང་མན་ངག་བཀའ་བསྟན་ཅི་རིགས་གནང་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། དེ་ལྟར་རྒྱ་གར་གྲྭ་ཚང་ཟེར་བ་དེ་ལོ་སུམ་བརྒྱ་ཙམ་གནས་ནས་རྗེས་ཉམས་ཆག་སོང་བས་ཐིས་ཟུར་ཚྭ་ཆུའི་རི་རྒྱུད་དུ་སྤོས་ཀྱང་འཕེལ་རྒྱས་མ་བྱུང་། རབ་བྱུང་བཅུ་གཉིསཔའི་མེ་སྤྲུལ་ལོར། མོ་ལྔ་སུམ་མདོར་ཞེས་དེ་ན། རྫོགས་ཞབས་ཟེར་བི་རི་གདོང་སྟེང་རྗེས་རྒྱག་པ་དང་ཆ་གཅིག་ཏུ་བཏབ་པ་དགའ་ལྡན་ཆོས་གླིང་ཞེས་མིང་བཏགས། ལོ་ཉེར་གཉིས་ཙམ་གྱི་རིང་ལ་འཕེལ་རྒྱས་བྱུང་། ཀར་ལུགས་དེ་དགེ་ལུགས་སུ་བསྒྱུར། གྲྭ་པ་བཞི་བརྒྱ་བསྐོར། གྲྭ་རྒྱུན་དགའ་ལྡན་དེང་སྐབས་སུ་ཉག་རིང་། རྗེས་སུ་ཤར་རྩེ་སེར་སྐོར། འབྲས་སྤུངས་བློ་གླིང་མི་ཉག་ཁང་ཚན། རྒྱུད་སྟོད་མི་ཉག་ཁས་ཆེན་སྐྱིད་ལེགས་མི་ཆེན། བཀྲ་ཤིས་ལྷུན་པོ་ཐོས་བསམ་གྱིས་རྒྱལ་ཁང་ཆེན། རྩེ་རྣམ་རྒྱལ་གྲྭ་ཚང་རྣམས་སུ་འགྲོ། དེ་སྐབས་བླ་མ་ཐོག་མར་ཉག་རེ་བྲག་ཡབ་བློ་བཟང་རྒྱལ་མཚན། དེ་རྗེས་སེར་སྨད་བླ་མ་དམ་ཆོས་རབ་བརྟན་སོགས་ཀྱིས་སྐྱོང་། དེ་སྐབས་སུ་དཔལ་ཡུན་བོན་དགོན་དམ་པ་རང་གྲོལ་འཛིན་བདག་ཁྱོད་ཐོག་ནས་འབབ་ལགས་ལྔ་བརྒྱ་སྐོར། ལག་འདེབས་ཁལ་སུམ་བརྒྱ་སྐོར་ཐོན་ཁུངས་ཡོད། ལག་འདེབས་ཁལ་སུམ་བརྒྱ་སྐོར་ཐོན་ཁུངས་ཡོད། ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻཌཱུརྱ་སེར་པོའི་ཤོག་གྲངས་སུམ་བརྒྱ་ཉེར་གཉིས་ན་གསལ། རྭ་ཏྭི་གི་ཡིན་པས་ནོར་བ་བརྒྱད་བཅུ་འི་བསྐོར་དང་། ནོར་བ་གཤིས། ནོར་བཅུ་ཁུག་ དགོན་པ་གཤིས། ཨ་ཉ་གྲོང་། ལྦ་ཚི། འབའ་ཆ། མཛོད་ནང་། ལྕགས་ཟམ་ཁ། ལྷ་གཡག་གྲོང་། དཔལ་འཛིན། ཐར་ཁུག་ བལ་གསེད། བཅས་སོ། དེ་སྐབས་ནང་གི་སྐུ་གསུང་ཐུགས་བརྟེན་ནི། གཙོ་བོ་རྭ་ཏྭི་ནས་གདན་དྲངས་པའི་ཇོ་བོ་དང་། གསེར་དངུལ་གྱི་བྲིས་པའི་བཀའ་འགྱུར་སོགས་དང་། གསར་བཞེངས་གོས་ཆེན་གྱི་ཆེམ་གྲུབ་རྗེ་སྐུའི་གོས་སྐུ་ཆེན་མོ། གཞན་མཆོད་ཆ་གསེར་རྔ་ཆ་ཉེར་ལྔ་བཅས་ཡོད་པའི་དགོན་ཕྱི་ནང་ཐམས་བརྗིད་ཆགས་ལྡན་པ་ཞིག་ཏུ་གྱུར་བ་ཞིག་ཡིན། གཞུང་གསར་དགའ་ལྡན་ཕོ་བྲང་རྩེ་ཤོག་གཉིས་ཀྱི་བཀའ་བརྒྱ་བཅས་ཡོད་པའི་རྗེ་དང་ལྷན་གཅིག་ཡིན་པས་དབང་ཆེན་གྲས་སུ་གྱུར། ཡུན་རིན་མ་དགོས་པར་རྒྱ་དམག་གིས་གཏོར། དེ་རྗེས་རབ་བྱུང་བཅུ་གསུམ་པ་ཡི་ནང་ལྦ་ཚི་བླ་མ་བློ་བཟང་དཔའ་ལྡན་གྱིས་མཁས་དབང་ཆེན་མོ་ས་ཡུལ་འདི་ཉིད་དུ་དགོན་ནས་བཏབ་མཆོག་པའི་སྙན་གསན་ག་ཞུ་བས་དབང་མཆོག་ནས་དགོན་གནས་བཏབ་མཆོག་པ་མ་ཟད་ཡུལ་འབྲོག་ས་ཡུལ་སོགས་ལ་བཀའ་ཤོག་དང་བརྒྱད་ཟུར་ཡན་དང་། ཨའདྲ་ཡུལ་མན་གྱི་དོན་གནས་འདི་ལ་ཕན་འགྱུར་གང་ཆེ་ལས་གནོད་འགལ་བྱེད་མི་ཕྱོགས་པའི་གསུང་ཤོག་གནང་ནས་ས་ཡུལ་འདི་ཉིད་དུ་དགོན་པ་བཏབ་ཆོག་གསུང་བ་བཞིན། རྗེ་བཏབ་པའི་མེ་སྤྲུལ་ནས་རྩིས་པའི་ལོ་ཉེར་གཉིས་པ་ས་སྟག་ལོར་ལྦ་ཚི་བླ་མ་བློ་བཟང་དཔའ་ལྡན་གྱི་ཐུགས་ཁུར་མཛད། དེ་ནས་སྐྱིད་ལེགས་ཁུལ་ཞེས་པའི་ས་ཆ་དེར་སྤོ་བའི་འཆར་གཞི་[page 89] བཞག་སྟེ། སྐྱིད་དགོན་དགའ་ལྡན་ཆོས་གླིང་ཟེར་བ་དེ་བཏབ། ལྦ་ཚེ་བླ་མ་བློ་བཟང་དཔའ་ལྡན་མཁན་པོ་ལོ་བ་རྒྱད་མཛད། རབ་བྱུང་བཅུ་གཅིག་པའི་ས་སྟག་ལོ་ནས་ཆུ་འབྲུག་བར་ལོ་བཅུ་ལྔའི་རིང་ལ་ལུགས་གཉིས་ཀྱི་དགོན་སྐྱོང་། དེ་རྗེ་མཁན་རབས་གཉིས་པ་ནི། སྔགས་རམ་པ་ནམ་མཁའ་ཞུན་ཚོད་ཀྱི་ཆུ་སྦྲུལ་ནས་ས་ཁྱིའི་བར་ལོ་དྲུག་གི་རིང་ལ་དགོན་སྐྱོང་། དེ་རྗེ་ས་ཕག་ནས་མེ་རྟའི་བར་ལོ་བརྒྱད་ཀྱི་རིང་ལ་འཁོར་ལོ་གསུམ་གྱི་བྱ་བ་གཙོ་བོ་གནང་མཁན་ཐོག་གསུམ་པ་མཁས་གྲུབ་གཉིས་ལྡན་རྣལ་འབྱོར་བ་བླ་མ་རིན་པོ་ཆེ་ངག་དབང་སྟོབས་ལྡན་ནི། རྒྱ་ནག་གོང་མའི་སྲས་མི་ཉག་མགར་ཐར་དུ་ཕེབས་སྐབས་སུ། རྒྱ་བ་སྐལ་བཟང་རྒྱ་མཚོ་དང་། གོང་མའི་ལྷ་སྲས་གཉིས་ལ་ཞབས་བརྟེན་འབུལ་བའི་བླ་མ་ཁྱད་འཕགས་ཤིག་དགོས་ཟེར་བ་ན། དེ་སྐབས་མི་ཉག་ཕྱོགས་དགེ་ལྡན་གྱི་བླ་མ་ངག་དབང་སྟོབས་ལྡན་དེ་ཉིད་བཟང་པའི་གྲགས་པ་ཡོད་པར་དེ་འདན་དྲང་ནས་ཞབས་བརྟེན་འབུལ་བའི་གསེར་སྲང་མང་དུ་འབུལ་བ་བྱུང་། རྒྱ་བ་སྐལ་བཟང་རྒྱ་མཚོ་བར་སྐབས་སུ་སྐུ་ཁམས་མེ་བདེ་བར་བྱུང་ཚུལ་ལྟ་བས་བླ་མ་གཞན་དག་གིས་བྱན་ཁྲུར་སོགས་དང་ཞབས་བརྟན་སྣ་ཚོགས་འབུལ་མི་ཉུང་བ་རྣམས་རྒྱལ་བའི་རྣམ་ཐར་དུ་གསལ་མི་གསལ་སྣ་ཚོགས་ཡོད་ཀྱང་དོན་དུ་ཡོད་ངེས་སྙམ། ས་ཕག་ནས་མེ་རྟའི་བར་སྐྱིད་དགོན་གྱི་མཁན་པོ་ལོ་བརྒྱད་མཛད། མཁན་པོ་མཛད་རིང་ལ་འདུ་ཁང་རྒྱ་སྐྱེད་ནས་གསར་བཞེངས་མཛད། འདི་གའི་གཙུག་ལག་རབ་བྱུང་བཞི་པའི་ཤིང་སྤྲུལ་ཡན་ལོ་བརྒྱ་དང་བཞེ་བཅུ་ཞེ་དྲུག་སོང་། དེ་རྗེས་མཁན་རབས་བཞི་པ་རབ་འབྱམས་པ་བློ་བཟང་ཡེ་ཤེས་ཀྱི་མེ་ལུག་ནས་ཆུ་གླང་བར་མཁན་པོ་བདུན་མཛད། དེ་རྗེས་མཁན་རབས་བཞི་པ་རབ་འབྱམས་པ་བློ་བཟང་ཡེ་ཤེས་ཀྱིས་མེ་ལུག་ནས་ཆུ་གླང་བར་མཁན་པོ་ལོ་བདུན་མཛད། དེ་རྗེས་མཁན་རབས་ལྔ་བ་བྲག་ཡབ་སྦྲུལ་སྐུ་བློ་བཟང་རྒྱ་མཚན་གྱིས་ཤིང་སྟགས་ནས་ལྕགས་སྤྲེལ་བར་མཁན་པོ་ལོ་བདུན་མཛད། དེ་རྗེས་མཁན་རབས་དྲུག་པ་གེ་ཐེ་ཚང་རབས་འབྱམས་པ་བློ་བཟང་ཀྱི་ལྕགས་བྱ་ནས་ལྕགས་རྟའི་བར་མཁན་པོ་ལོ་བཅུ་མཛད། དེ་རྗེས་མཁན་རབས་བདུན་པ་བཀའ་བཅུ་ངག་དབང་སྦྱིན་པས་ལྕགས་ལུག་ནས་ལྕགས་སྦྲུལ་བར་མཁན་པོ་ལོ་བཅུ་གཅིག། དེ་རྗེས་མཁན་རབས་རྒྱད་པ་ཏི་ལ་བཀའ་བཅུས་ཆུ་རྟ་མཁན་པོ་ལོ་གཅིག་མཛད། དེ་རྗེས་མཁན་རབས་དགུ་པ་རབས་འབྱམས་པ་ངག་དབང་སྨོན་ལམ་གྱིས་ཆུ་ལུགས་ནས་ས་གླང་བར་མཁན་པོ་ལོ་བདུན་མཛད། དེ་རྗེས་མཁན་རབས་བཅུ་པ་བཀའ་བཅུ་ངག་དབང་དོན་གྲུབ་གྱིས་ལྕགས་རྟ་ནས་ཆུ་སྦྲུལ་བར་མཁན་པོ་ལོ་བཞི་མཛད། དེ་རྗེས་མཁན་རབ་བཅུ་གཅིག་པ་རབ་འབྱམས་པ་བློ་བཟང་ཚེ་རིང་གིས་ཤིེང་རྟ་ནས་ཤིང་ལུགས་བར་མཁན་པོ་ལོ་གཉིས་མཛད། དེ་རྗེས་སླར་ཡང་བཀའ་བཅུ་ངག་དབང་དོན་གྲུབ་གྱིས་མེ་སྤྲེལ་ནས་ལྕགས་བྱ་བར་མཁན་པོ་ལོ་ལྔ་མཛད། དེ་རྗེས་མཁན་རབ་བཅུ་གཉིས་པ་རབ་འབྱམས་པ་སྙན་གྲགས་ཀྱིས་ལྕགས་གླང་བར་མཁན་པོ་ལོ་གཅིག་མཛད། དེ་རྗེས་སླར་ཡང་བཀའ་བཅུ་ངག་དབང་དོན་འགྲུབ་ཀྱི་ཆུ་སྟག་ལ་མཁན་པོ་ལོ་གཅིག་མཛད། དེ་རྗེས་མཁན་རབ་བཅུ་གསུམ་པ་བཀའ་བཅུ་བློ་བཟང་སྨོན་ལམ་གྱི་ཆུ་ཡོས་ནས་ལྕགས་ཕག་བར་མཁན་པོ་ལོ་བདུན་མཛད། དེ་རྗེས་མཁན་རབ་བཅུ་བཞི་པ་འབུ་འུ་རབ་འབྱམས་པ་ངག་དབང་ཡེ་ཤེས་[page 90] ཀྱིས་ཆུ་བྱི་ནས་ལྕགས་སྤྲེལ་བར་མཁན་པོ་ལོ་དགུ་མཛད། དེ་རྗེས་མཁན་རབས་བཅོ་ལྔ་པ་ཨ་གསང་ར་རབ་འབྱམས་པ་ངག་དབང་བཤེས་གཉེན་གྱིས་ལྕགས་བྱ་ནས་ཆུ་ཁྱིའི་བར་མཁན་པོ་ལོ་གཉིས་མཛད། དེ་རྗེས་མཁན་རབས་བཅུ་དྲུག་པ་རབ་འབྱམས་པ་ངག་དབང་ཡེ་ཤེས་ཀྱིས་ཆུ་ཕག་ལོར་མཁན་པོ་ལོ་གཅིག་མཛད། དེ་རྗེས་མཁན་རབས་བདུན་པ་ཨ་ཕིས་བཀའ་བཅུ་བློ་བཟང་དཔལ་ལྡན་གྱིས་ཤིང་བྱི་ནས་རབས་བྱུང་བཅུ་བཞི་པའི་མེས་ཡོས་བར་མཁན་པོ་ལོ་བཞི་མཛད། དེ་རྗེས་མཁན་རབས་བཅུ་བརྒྱད་པ་ཨུ་གསར་སྔགས་རམ་པ་དགེ་འདུན་ཕན་ཚོགས་ཀྱིས་ས་འབྲུག་ནས་ལྕགས་རྟའི་བར་མཁན་པོ་ལོ་གསུམ་མཛད། དེ་རྗེས་མཁན་རབས་བཅུ་དགུ་པ་ཏི་རབ་འབྱམས་པ་བློ་བཟང་མཆོག་ལྡན་གྱིས་ལྕགས་ལུགས་ནས་མེ་བྱི་བར་མཁན་པོ་ལོ་དྲུག་ཛད། དེ་རྗེས་སླར་ཡང་བཀའ་བཅུ་བློ་བཟང་དཔའ་ལྡན་གྱིས་མེ་གླང་ནས་ཆུ་རྟའི་བར་མཁན་པོ་ལོ་དྲུག་མཛད། དེ་རྗེས་མཁན་རབས་ཉི་ཤུ་པ་ལྕགས་རྩི་ཞེས་པ་རབ་འབྱམས་པ་བློ་བཟང་མཁས་བཙུན་གྱིས་ཆུ་ལུག་ནས་མེ་ཁྱིའི་བར་མཁན་པོ་ལོ་བཞི། དེ་རྗེས་མཁན་རབས་ཉེར་གཅིག་པ་ལྦ་ཚི་ཁྲན་དྲུང་རམ་པ་བློ་བཟང་བཀྲ་ཤིས་ཀྱིས་མེ་ཕགས་ནས་ས་གླང་བར་མཁན་པོ་ལོ་གསུམ་མཛད། དེ་རྗེས་སླར་ཡང་རབ་འབྱམས་པ་བློ་བཟང་མཁས་བཙུན་གྱིས་ལྕགས་རྟ་ནས་ལྕགས་ཡོས་བར་མཁན་པོ་ལོ་གཉིས་མཛད། དེ་རྗེས་མཁན་རབས་ཉེར་གཉིས་པ་ཁྲན་དྲུང་རབས་འབྱམས་པའི་ས་ཆུ་འབྲུག་ནས་ཤིང་རྟའི་བར་མཁན་པོ་བློ་གསུམ་མཛད། དེ་རྗེས་མཁན་རབས་ཉེར་གསུམ་པ་དགེ་ཤེས་བློ་བཟང་དགེ་འདུན་གྱིས་ཤིེང་ལུག་ནས་མེ་སྤྲེལ་བར་མཁན་པོ་ལོ་གཉིས་མཛད། དེ་རྗེས་སླར་ཁྲན་དྲུང་རབ་འབྱམས་པས་མེ་བྱ་ནས་ལྕགས་ཁྱིའི་བར་མཁན་པོ་ལོ་བཞི་མཛད། དེ་རྗེས་རྗེ་སངས་རྒྱས་དགེ་འདུན་གྱི་སྐྱིད་དགོན་གྱི་མཁན་རབས་ཉེར་བཞི་ཡིན།

གཙུག་ལག་ཁང་དང་མགོན་མཁང་། གྲྭ་ཤག་ བླ་བྲང་ཁང་། གཉེར་པ་ཁང་། ཇ་ཁང་། འཁོར་ཁང་སོགས་ཁང་བའི་སྐོར་མང་ངོ་། གྲྭ་པ་བརྒྱ་དང་བརྒྱད་ཡོད། སྐུ་གསུང་ཐུགས་བརྟེན་ནི་རིན་ཐང་བྲལ་བ་མང་པོ་ཡོད་ཀྱང་འདིར་རེ་རེ་ནས་བྲི་མེད། དེ་བཞིན་དུ་ཆོས་ར་འཚོགས་རྒྱུ་དང་འཆམ་རྒྱག་རྒྱུ། རོལ་ཆས། མཆོད་ཆ་དང་མཆོད་རྫས་བཅས་གཞན་དགེ་ལུགས་པའི་དགོན་པ་རྣམས་དང་འདྲ་མཚུངས་རྟར་ཡོད། མི་ཉག་གི་དགེ་ཕྱོགས་ཀྱི་དགོན་པ་ཚོའི་ནང་ནས་རང་དགོན་འདི་ཆེ་ཤོས་ཀྱི་གྲས་ཤིག་ཡིན། དེང་སང་ཡང་སྐྱིད་ལེགས་སྤྲུལ་སྐུ་ཆོས་ཀྱི་རྒྱ་མཚན་དང་དགེ་འདུན་ངག་དབང་ཚུལ་ཁྲིམ་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ནས་དགོན་པ་ཞིག་གསོ་ཆ་ཚང་བ་བྱས་ཡོད། སྦྱིན་བདག་གི་སྡེ་བ་བཅུ་གཅིག་ནང་གི་དུད་གྲངས་ཉིས་སྟོང་བདུན་རྒྱ་ལྔ་བཅུ་ལྷག་ཙམ་ཡོད།

ཅེས་པ་འདི་ནི་རྒན་ངག་དབང་དང་དགེ་ཚེ་རྡོ། པདྨ་བཀྲ་ཤིས། ཚེ་དབང་བཀྲ་ཤིས་བཅས་ལ་དྲིས་ནས་རིག་བསྟན་གྱིས་བྲིས་པ་དགེའོ།།

གངས་དཀར་དགོན་པའི་ལོ་རྒྱུས།

[page 91] སྤྱིར་གངས་དཀར་དགོན་པ་འདི་ནི་སྔ་མོ་རི་ཁྲོད་ཅིག་ཡིན་ཡང་རྗེས་སུ་གངས་དཀར་བླ་མ་གྲགས་པའི་དཔལ་གྱིས་དགོན་པ་ཞིག་བཏབ། སྤྱིར་གངས་དཀར་དགོན་ཞེས་པའི་རྒྱུ་མཚན་ནི་གནས་ཆེན་མི་ཉག་འབོ་གངས་དཀར་གྱི་མདུན་ཞོལ་དུ་དགོན་པ་ཆགས་ཡོད་པས་སོ། འབོ་ཞེས་པ་ནི་མི་ཉག་སྐད་ཡིན། གངས་དཀར་དགོནཔ་རྗེས་སུ་གསར་པ་ཞིག་རྨ་སེ་སྟོན་པས་བཏབ། དེ་ལ་གངས་དཀར་དོན་གསར་རམ་ཁམས་གསུམ་གྲགས་དགོན་པ་ཞེས་གྲགས་ཆེན་དོན་དང་མཐུན་པ་ཞིག་ཡོད། གནས་ཆེན་འདི་ལ་གཞན་གནས་ཆེན་ཁག་ལ་ཡོན་ཏན་ཅི་ཡོད་ཐམས་ཅད་འདིར་ཚང་ཡོད་པ་སློབ་དཔོན་བད་མ་འབྱུང་གནས་དང་མཁའ་འགྲོ་ཡི་ཤེས་མཚོ་རྒྱལ་སོགས་ཀྱིས་གནས་བསྟོད་གསུམ་ཡོད་པ་དཔེ་ཆ་མང་པོའི་ནང་གསལ་ལོ།

གོང་ཞུས་དགོན་གསར་རྙིང་གཉིས་ཀྱི་དགོན་བདག་ནི་གཅིག་ཡིན་ནོ། གངས་དཀར་དགོན་རྙིང་འདི་ནི་བོད་རབ་བྱུང་གཉིས་པའི་ལྕགས་བྱ་ལོ་(སྤྱི་ལོ་114ལོ་)ལ་གངས་དཀར་བླ་མ་གྲགས་པའི་དཔལ་གྱིས་བཏབ། གྲུབ་མཐའ་ནི་གནའ་ནས་ད་བར་དུ་བཀའ་བརྒྱུད་པ་ཡིན། གདན་རབས་ནི་གྲགས་པའི་དཔལ་ནས་རྨ་སེ་སྟོན་པ་སོགས་ནས་རྩིས་ན་གདན་རབས་བཅུ་ལྷག་ཙམ་ཡོད་ཀྱང་། བར་སྐབས་དགོན་པ་སྟོང་ནས་ཡུན་རིང་ཞིག་འགོར། དེའི་རྗེས་སུ་དགོན་པ་ཞིག་གསོ་རྒྱབ་ནས་ད་བར་སྐུ་རབས་ལྔ་ཙམ་བྱོན། འགན་འཁུར་སོགས་ཀྱི་སྐོར། དགོན་བདག་གཅིག ཁྲི་བ་གཅིག་དབུ་མཛད་རྒན་གཞོན་གཉིས་ དགེ་སྐོས་གཅིག མཆོད་གཡོག་གཅིག ཕྱྒག་མཛོད་གཉིས ཁང་པའི་འཛུགས་སྐྲུན་སྐོར། འདུ་ཁང་གཅིག གཉེར་ཁང་གཅིག མ་ནི་ཁང་ཆེ་བ་གཅིག ཨཽ་རྒྱན་ཁང་གཅིག། ཇ་ཁང་གཅིག། བླ་བྲང་ཁང་གཅིག སྲུང་མང་ཁང་གཅིག དུང་འཁོར་ཁང་གཅིག་བཅས་ཡོད་དོ།།

སྐུ་གསུང་ཐུགས་རྟེན་སྐོར། ཟངས་གསེར་ལས་བཟོས་པའི་ཇོ་བོ་མི་ལུས་ཚད་ཅན་གཅིག གསེར་སྐུ་ཆེ་ཆུང་བཅོ་ལྔ། སྨན་འདམ་སྐུ་ཆེ་ཆུང་ལྔ་བཅུ་ལྷག་ཙམ། ཐང་ག་གསར་རྙིང་བརྒྱ་ལྷག་ཙམ་ཡོད། བཀའ་བསྟན་འགྱུར་ཚར་གཅིག སི་ཏུའི་བཀའ་འབུམ་ཚར་གཅིག གསེར་དངུལ་གྱི་བྲིས་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ། མ་ཎི་སོགས་གྲངས་བཞུགས། གསེར་ཟངས་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་མི་ལུས་ཚད་ཅན་གཉིས། རྟེན་ཁྱད་པར་ཅན་ཇོ་བོ་དང་ཀརྨ་བ་རོལ་བའི་རྡོ་རྗེས་གནང་བའི་གསེར་སྐུ་འགའ་ཞིག་བཅས་ཡོད་དོ།།

མཆོད་རོལ་སྐོར། ལི་དང་ཟངས་ཀྱི་ཏིང་ཕོར་བཞི་བཅུ་ལྷག་ཙམ། བུམ་པ་ཆ་གསུམ། ནང་མཆོད་ཆ་བཞི། མནྡལ་ཆ་ལྔ ཀོང་བུ་ཆེ་ཆུང་ཉིས་བརྒྱ་ལྷག་ཙམ། གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་བཞུགས། དུང་ཆ་གསུམ། རྡོར་དྲིལ་ཆ་བརྒྱ། ཏ་མ་རུ་ཉེར་ལྔ། ལག་རྔ་ཉི་ཤུ། རྔ་བོ་ཆེ་བཞི། རྐང་གླིང་ཆ་བཞི། རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཉིས། དུས་མཆོད་ཚོགས་རྒྱུའི་སྐོར། དབྱར་ཚོགས་[page 92] ཉི་མ་བརྒྱད་དང་ཆོས་ཉི་མ་བརྒྱད་ལ་འཆམ་རྒྱག་རྒྱུ་དང་བཅས་ཡོད། རྒྱུན་དུ་དགོན་བླ་གཅིག་དང་སྐུ་གཉེར་གཅིག་བཞུགས། བྱམས་གསལ་རི་ཁྲོད་ནང་དུ་མཚམས་པ་རྒྱུན་འདུག་པ་ཁ་ཤས་ཡོད། གྲྭ་སར་འགྲོ་ས་ནི་སྡེ་དགེའི་དཔལ་དགུན་སྤུང་དང་ལྷ་སའི་སྟོད་ལུང་མཚུར་ཕུག་བཅས་ཡིན་ནོ།།

དཔལ་འབྱོར་གྱི་ཡོངས་ཁུངས་ནི་ཡོན་བདག་ཆོས་ཕུལ་བ་ལ་བརྟེན་དགོས། ས་འདིར་སྐྱེས་ཆེན་དམ་པ་ཀརྨ་པ་རབ་བྱུང་རྡོ་རྗེ། རོལ་པའི་རྡོ་རྗེ། ཞྭ་དམར་བ་ཆོས་གྲགས་ཡི་ཤེས། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སོགས་བྱོན་མྱོང་། རྗེས་སུ་ངོ་རྒོལ་བཞིས་རྩ་མེད་ཤུལ་མེད་དུ་བཏང་ངོ་།།

དེང་སང་འདུ་ཁང་དགོན་ཁང་ཇ་ཁང་བླ་བྲང་གྲྭ་ཤག་བཅས་གསར་དུ་བཞེངས་ཡོད། ཆོས་ར་ཚོགས་རྒྱ་ནི་ཡུལ་དགོན་གཉིས་མཉམ་དུ་བསྡོམས་ནས་ཉི་མ་བརྒྱད་ལ་ཚོགས་དགོས། དཔལ་འབྱོར་འོངས་ནི་གྲྭ་པ་རང་གི་ཁྱིམ་དང་སྦྱིན་བདག་གི་ཡོན་ལ་རྟེན་དགོས་ས།། གྲྭ་པ་ལྔ་བཅུ་ལྷག་ཙམ་བཞུགས། ཞེས་པ་འདི་ནི་མཁས་མཆོག་མི་ཉག་དགོན་པོའི་གསུང་སྒྲོས་ལྟར་

རིག་བསྟན་གྱིས་བྲིས་སོ།

ཁམས་གསུམ་གྲགས་དགོན་པའི་ལོ་རྒྱུས།

བོད་རབ་བྱུང་བདུན་པའི་མེ་བྱི་སྤྱི་ལོ་(1396)ལོ་མཁས་ཆེན་རྨ་སེ་སྟོན་པ་རིན་ཆེན་བཟང་པོས་བཏབ། དགོན་འདི་ནི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཤར་མི་ཉག་ལི་ཆུ་བརྒྱུད་པའི་གཡོན་ཟུར་བསིལ་ལྡན་གངས་ལྗོངས་ཀྱི་གངས་རི་ཆེན་པོ་བཞིའི་ནང་ཚན་ཤྲར་གྱི་གནས་ཆེན་འབོ་ཡུལ་གངས་རི་བོའི་ལྷོ་ནུབ་མཚམས་ཀྱི་ཉེ་འདབས་སུ་ཆགས་ཡོད།

དགོན་མིང་གི་རྣམ་གྲངས་ནི། རྨ་སེ་དགོན། ཤར་མི་ཉག་གངས་དཀར་དགོན་ཁམས་གསུམ་གྲགས་བྱམས་ཆེན་ཆོས་འཁོར་གླིང་ཡང་ཟེར། དེ་རྗེས་སུ་སྐུ་རབས་གསུམ་ཙམ་ལ་སོག་དམག་གིས་དགོན་པ་རྩ་བརླགས་བྱས། དེ་རྗེས་ཡུན་རིང་ཙམ་སོང་རྗེས་དགོན་པ་ཞིག་ཤུལ་དུ་ཆོས་ཚོགས་ཉུང་ཙམ་ཞིག་བཙུགས། དགོན་མིང་སྐབས་འདིར་ཁམས་གསུམ་གྲགས་བདེ་ཆེན་ཆོས་འཁོར་གླིང་ཞེས་མཚན་གསོལ། དེ་རྗེས་སྤི་ལོ་1920ལོར་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེས་དགོན་པ་ཡང་བསྐྱར་ལེགས་པར་བཞེངས་སོ།

ཁང་པའི་སྐོར། འདུ་ཁང་། དབྱར་གནས་ཁང་། ཨཽ་རྒྱན་ལྷན་ཁང་། མགོན་ཁང་། སྐུ་གདུང་ཁང་། བླ་བྲང་ཁང་ཐོག་བརྩེགས་གཉིས་ཅན་གཅིག་ཇ་ཁང་། དབྱར་དགུན་གཉིས་ཀྱི་བཞུགས་ས་གཟིམས་ཤག་མི་འདྲ་བ་གཉིས། གྲྭ་ཤག་སུམ་ཅུ་ལྷག་ཙམ། སྟེང་རྒྱ་ཕིབས་གསུམ་བཅས་གསར་དུ་བཞེངས། གྲུབ་མཐའ་ནི་གནའ་ནས་ད་བར་དུ་བཀའ་བརྒྱུད་པ་ཡིན། འགན་འཁུར་མཁན་དང་གྲྭ་གྲངས་སྐོར། དགོནདཔོན་གཅིག་ཁྲི་པ་གཅིག། ཕྱག་མཛོད་གཉིས། གཉེར་པ་གསུམ། དགེ་གཡོག་གཉིས། དབུ་མཛད་རྒན་གཞོན་གཉིས། གྲོས་པ་ལྷན་རྒྱས་བཅུ་ལྷག་ཙམ། མཆོད་གཡོག་གཅིག། མཁན་པོ་རྒང་གཞོན་གཉིས།

གྲྭ་[page 93] པ་འབོ་གངས་དཀར་དགོན་རྙིང་དང་གཅིག་པ་ཡིན་ནོ།

སྤྱི་ལོ་1937ལོར་དགོན་འདིའི་ཁོངས་གཏོགས་གྱི་སློབ་གྲ་འམ་བཤད་གྲྭ་ཞིག་གསར་དུ་རྒྱབ། སློབ་གཉེར་བ་རྒྱུན་དུ་ལྔ་བཅུ་ཙམ་ཡོད། མཁན་པོ་རྒན་གཞོན་གཉིས་ཡོད། ་དགེ་གཡོག་གཅིག། སྐྱོར་དཔོན་གཅིག། གཉེར་པ་གཅིག། ཆོས་ར་ཚོགས་རྒྱུ་ནི་སྨོན་ལམ་ཉིན་གསུམ། བསྙེན་གནས་ཉིན་བཅུ་དྲུག། དབྱར་གནས་ཟླ་གཅིག་ཕྱེད། དགུན་ཆོས་ཟླ་བ་གཅིག་ཕྱེད། དགུ་གཏོར་ཉིན་བརྒྱད་བཅས་ཚོགས་སྲོལ་ཡོད།

སྐུ་གསུང་ཐུགས་རྟེན་སྐོར། གསེར་སྐུ་རྒྱལ་བ་བྱམས་པ་ཐོག་བརྩེགས་གཅིག་ཅན་གཙོ་འཁོར་གསུམ། མི་ལུས་ལས་ཆེ་བའི་ཚེ་ལྷ་རྣམ་གསུམ་ཆ་གསུམ། ལུས་ཚད་མའི་དུས་གསུམ་སངས་རྒྱས། དངུལ་ལས་གྲུབ་པའི་ཇོ་བོ་བཅུ་གཅིག་ཞལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན་རིན་ཐང་བྲལ་བ་གཅིག་རྒྱ་གར་ལི་མའི་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཁྲི་གང་བ་ཆ་ཚང་གཅིག། མར་མི་དྭག་གསུམ། ཉེ་བའི་སྲས་ཆེན་བརྒྱད། གསེར་སྐུ་སྐོར་ལ་མགོན་པོ་ཕྱག་དྲུགཔ། བེར་ནག་ཅན། ཕྱག་རྡོར། རྣམ་སྲས། ཕུར་བ། བདེ་མཆོག། རྡོ་རྗེ་ཕག་མོ། ན་རོ་མཁའ་སྤྱོད་མ། དུས་འཁོར། གདུགས་དཀར། དམ་ཅན། ཀུ་རེ་ཀུ་ལེ། རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་གྲོ་ལོ། གུ་རུ་རྒྱལ་མཚན། དེ་བཞིན་གུ་རུའི་སྐུ་བཅུ་ལྷག་ཙམ་ཡོད། ཐུབ་སྐུ་ཉི་ཤུ་ལྷག་ཙམ། རྗེ་ཡབ་སྲས་གསུམ། ས་སྐྱའི་གོང་མ་རྣམ་ལྔ། ལྷ་མོ་དབྱངས་ཅན་མ། གཡུང་རྟེན་གྱི་རྒྱ་གར་ཤར་ལི་མ་གཅིག། སྒྲོལ་མའི་སྐུ་ཉི་ཤུ་ལྷག་ཙམ། རྒྱ་ནག་པེ་ཅིང་དང་དབུས་གཙང་བཅས་ཀྱི་གདན་དྲངས་ནས་ཐོན་པའི་གསེར་སྐུ་ཆེ་ཆུང་ཁྱོན་བསྡོམས་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་བཞུགས། ཐང་ག་ཆེ་ཆུང་ཉིས་བརྒྱ་ལྷག་ཙམ། དེའི་ནང་ཚེམས་དྲུག་མ་དར་དྲས་སྦྱར་མ་སོགས་རིན་ཐང་བྲལ་བ་མང་པོ་ཡོད། ཐང་མོ་ཆེ་ཁྱད་པར་ཅན་གཉིས་ཡོད། བོད་ཀྱི་བཀའ་བསྟན་གཉོིས་དང་། སྔ་བསྒྱུར་བཀའ་མ་དང་གཏེར་མ་ཅ་ཚང་ཡོད། བོད་ཀྱི་མཁས་པ་ཆེན་པོ་ཕལ་ཆེར་གྱི་བཀའ་འགྱུར་རྣམས་ཡོད། སི་ཏུའི་བཀའ་འབུམ་པོད་བཅུ་གཉིས། སྐལ་བཟང་དང་པད་མ་བཀའ་སོགས་དཔེ་ཆ་ཤིན་ཏུ་མང་ངོ་།།

གསེར་ཟངས་ལས་གྲུབ་པའི་ལུས་ཚད་མའི་མཆོད་རྟེན་གསུམ་ཡོད། བཀའ་གདམས་མཆོད་རྟེན་བཅོ་ལྔ་ཙམ་བཞུགས། མཆོད་ཆ་དང་རོལ་ཆས་སྐོར། དངུལ་གྱི་ཏིང་ཕོར་དངུལ་སྲང་ལྔ་རེ་ལས་གྲུབ་པ་བརྒྱ་ཡོད། རྒྱ་ནག་ནས་ཁུར་འོང་བའི་དངུལ་སྲང་ཉི་ཤུས་བླུགས་པའི་ཏིང་ཕོར་བདུན་ཆ་གཅིག དངུལ་སྲང་བཅོ་ལྔ་ལས་གྲུབ་པའི་ཏིང་ཕོར་བདུན་ཚར་གཅིག ཟངས་རག་ལི་བཅས་ཀྱིས་གྲུབ་པའི་ཏིང་ཕོར་ཆེ་ཆུང་ལྔ་བརྒྱ་ཙམ་ཡོད། གསེར་དངུལ་ལས་གྲུབ་པའི་བུམ་པ་ཆེ་ཆུང་བཅུ་ཡོད། ལུས་ཚད་མའི་མན་ཏལ་ཆེ་ཤོས་གཅིག གསེར་དངུལ་བཀྲ་མའི་བུམ་པ་ཆ་བཅུའ ཟངས་རག་ལས་བཟོས་པའི་བུམ་པ་ཉི་ཤུ། གསེར་དངུལ་ལས་གྲུབ་པའི་སྤོས་ཕོར་མཐོ་དྲུག་ཅན་གཅིག་དངུལ་གྱི་སྤོས་ཕོར་ཆ་བཅུ། ཟངས་རག་གི་སྤོས་[page 94] ཕོར་ཉི་ཤུ། དངུལ་གྱིས་ཤན་པའི་དུང་ཆ་གཅིགཔེ་ཅིན་གོང་མ་ཕོ་བྲང་ནང་ནས་གདན་དྲངས་པའི་དུང་གཡས་འཁྱིལ་གསེར་ཤོག་ཅན་གཅིག སིལ་སྙན་མ་ནི་མ་ཆ་བཅུ་གཉིས། དེ་མིན་སིལ་སྙན་ཆ་ལྔ་བཅུ། སྦུག་ཆལ་ལ་ཧོར་སྦུག་དང་རྒྱ་ནག་གི་སྦུག་སྦུས་དག་ཆ་བརྒྱ་དང་ལྔ་བཅུ་ཙམ། དངུལ་རྒྱ་མ་བཞི་བཅུ་ལས་གྲུབ་པའི་དུང་ཆེན་ཆེ་བ་གཅིག དུང་ཆེན་འབྲིང་བ་ཆ་གཅིག་ གསེར་དངུལ་ལས་གྲུབ་པའི་རྒྱ་གླིང་ཆ་བཞི། ཟངས་རགས་གི་རྒྱ་གླིང་ཆ་གཉིས། རྡོར་དྲིལ་ཆ་ཉིས་བརྒྱ་ཙམ། བ་སོའི་ཏ་མ་རུ་བཞི་བཅུ། དངུལ་གྱི་རྐང་གླིང་ཆ་གསུམ། ཟངས་དང་ལིའི་ཀོང་བུ་ཆ་བཅུ། ལག་རྔ་གདན་དང་བཅས་པ་ལྔ་བཅུ། རྔ་ཆེན་བདུན་ཡོད།

མཆོད་རྫས་སྐོར། སྨད་རྒྱ་གསེར་གྱི་ཀ་འཕན་བཅུ་དྲུག པད་མ་ཅན་ལྡན་གདུགས་རྒྱལ་མཚན་ཀ་འཕན་བཞི། སྤོས་ཕོར་ཁྱེར་མཁན་གྱི་ཕྲག་ཉེབས་ཨོ་རོ་སུག་གི་རྒྱུ་གསེར་གྱི་དྲུབས་པ་ཆ་གཅིག གསེར་སྐུད་ཀྱིས་སྤུད་འཐག་མའི་འཆམ་གོས་སུམ་ཅུ་ལྷག་ཙམ། སྦྱིན་བདག་གི་དུད་གྲངས་ཉིས་བརྒྱ་ཙམ། དཔར་ཤིང་རྣམ་གྲངས་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཡོད། དེ་རྗེས་སུ་ངོ་རྒོལ་བཞིས་རྩ་མེད་གཏོར་བརླགས་ལ་བཏང་ངོ་།

དེང་སང་གི་གནས་ཚུལ་སྐོར། ད་སྐབས་ཡང་འདུ་ཁང་དང་ཨཽ་རྒྱན་ལྷྣན་ཁང་། མགོན་ཁང་དབྱར་གནས་ཁང་སོགས་ཆ་ཚང་ཙམ་བཞེངས་ཡོད། གྲྭ་པ་སུམ་བཅུ་ལྷག་ཙམ། སྐུ་གསུང་ཐུགས་རྟེན་དང་མཆོད་ཆས་རོལ་མོ། དུས་མཆོད། འཆམ། ཆོས་ར་འཚོགས་རྒྱུ་ཆ་ཚང་བ་ཡོད། ཅེས་པ་འདི་ནི་མཁས་དབང་མི་ཉག་མགོན་པོའི་བཤད་སྒྲོས་ལྟར་རིག་བསྟན་གྱིས་བྲིས་པ་དགེའོ།།

སྤང་རི་དགོན་པའི་ལོ་རྒྱུས།

དེང་སང་དགོན་པ་དེའི་མིང་ལ་གྲིབ་སྲིབ་དགོན་པ་ཟེར། རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ལོ་སྤྱི་ལོ(1646)ལ་བཏབ། གྲུབ་མཐའ་ནི་གནའ་ནས་ད་བར་བོན་པོ་ཡིན། སྤྲུལ་སྐུ་བཞི་ཙམ་བྱོན་མྱོང་། དེ་ནི་དའི་སྐུ་ཕྲེང་དང་པོ་ཉི་མ་གྲགས་པ་ནི་རྒྱ་རོང་དུ་འཁྲུངས། གཉིས་པ་ནི་ཁོང་ཡུལ་གྱི་འབེན་ད་གྲོང་དུ་སྐུ་འཁྲུངས། ཁོང་བྱིས་པ་ཡིན་དུས་ཕ་མ་གཉིས་རྩ་བཏུ་ས་འགྲོ་ཤུལ་དུ་ཁང་པ་མེ་ལ་ཤོར་སྐབས་ཁོང་ལ་ཅི་ཡང་སྐྱོན་མ་ཕོག་པས་བྱིས་པ་ལ་ཡུལ་དེའི་མི་ཚོས་མེ་ཐར་ཞེས་མཚན་གསོལ། རྗེས་སུ་དགོན་དེའི་སྤྲུལ་སྐུ་ངོས་བཟུང་ནས་གྲྭ་ས་སོགས་སོང་ནས་གདན་ས་མཐར་ཕྱིན། གསུམ་པ་ཡང་རྒྱ་རོང་དུ་སྐུ་འཁྲུངས། བཞི་པ་ནི་རྒྱ་རོང་དུ་སྐུ་འཁྲུངས་ནས་ད་ལྟ་བཞུགས་ཡོད། གྲྭ་པ་བཅུ་ལྷག་ཙམ་ཡོད། དཔལ་འབྱོར་གྱི་འོང་ཁུངས་ནི་སྦྱིན་བདག་གི་དུད་གྲངས་ཉིས་བརྒྱ་ཙམ་ཡོད། འདུ་ཁང་སོགས་ཁང་པའི་སྐོར་དང་། [page 95] གསེར་ཁྲི་དང་འཆམ་གོས། མཆོད་རྫས། མཆོད་ཆ་དང་རོལ་མོ་རིན་ཐང་བྲལ་བ་མང་པོ། དུས་མཆོད་ཚོགས་རྒྱུ་འཆམ་དང་བཅས་པ། སྐུ་གསུང་ཐུགས་རྟེན་རིན་བྲལ་དུ་མ་ཆ་ཚང་བ་བཞུགས། རིག་གནས་གསར་བརྗེ་སྐབས་རྩ་མེད་གཏོར་བརླགས་དུ་བཏང་ངོ་། དེང་སྐབས་ཡང་སྐྱར་ཞིག་གསོ་ཆ་ཚང་བ་ཞིག་ཡོད། གྲྭ་པའི་ཞལ་གྲངས་ནི་སྤྲུལ་སྐུ་ཞིག་དང་གྲྭ་པ་གཅིག་མ་གཏོགསསྦྱིན་བདག་གི་དུད་གྲངས་ཉིས་བརྒྱ་ཙམ་ཡོད། སྨན་འདམ་སྐུ་སྟོན་པ་གཤེན་རབ། ཤེས་རབ་རྒྱལ་མཚན། རྣམ་པར་རྒྱལ་བ་སོགས་བཞེངས་ཡོད། ཞེས་པ་འདི་ནི་གཡུང་ལོ་ཆུང་གིས་བྲིས་པ་ཚེ་རིང་རྡོ་རྗེའི་བཤད་སྒྲོས་ལྟར་རིག་བསྟན་གྱིས་བྲིས།

དཔལ་ཡུལ་རྫོང་།

[page 96]

ཀཿཐོག་དགོན་གྱི་ལོ་རྒྱུས།

[page 97] དགོན་པ་འདི་ཐོག་མར་ཕྱག་འདེབས་པ་པོ་ནི། སློབ་དཔོན་ཆེན་པོ་ཤནྟ་དེ་བ་དང་། ཇོ་མོ་མཚོ་རྒྱལ་གཉག་ལོ་ཡི་ཤེས་གཞོན་ནུ་སོགས་ཀྱི་སྤྲུལ་པའི་རྣམ་རོལ་ཀུན་མཁྱེན་ཀ་ཐོག་པ་དམ་པ་བདེ་བར་གཤེགས་པ་ཤེས་རབ་སེང་གེའམ་བླ་མ་སྤོབས་པ་མཐའ་ཡས་ཞེས་མཚན་གྱི་རྔ་བོ་ཆེ་ས་གསུམ་དུ་ཁྱབ་པ་དེ་ཡིན། ཁོང་ནི་མདོ་སྨད་དྲེ་ཤོད་གངས་ཀྱི་ར་བ་འབེལ་མོ་ཞེས་པའི་ཡུལ་དུ། ཡབ་བསྔགས་ཀྱི་རྣལ་འབྱོར་པ་གཙང་པ་དཔལ་གྲགས་དང་། ཡུམ་གཙང་མོ་རིན་ཆེན་རྒྱན་གཉིས་ལ་སྲས་བཞི་སྲས་མོ་གཅིག་ཡོད་པའི་ཆེ་བ་རྗེ་ཕག་མོ་གྲུབ་པའི་རྡོ་རྗེ་རྒྱལ་པོ་དང་། དེའི་འོག་ཆོས་རྗེ་འདི་ཉིད་རབ་བྱུང་གཉིས་པའི་ཆུ་བོ་སྟག་གི་ལོ་ལ་ངོ་མཚར་བའི་མཚན་རྟགས་བཟང་པོ་དང་བཅས་སྐུ་བལྟམས། དེབ་སྔོན་ལས་ཡུམ་སྤུན་དུ་གསུངས། སྐུ་ཆུང་དུས་ནས་དམ་པའི་སྤྱོད་ཚུལ་དང་ལྡན་ལ་ཐུགས་རིག་ཤིན་ཏུ་གསལ་བས་ཡབ་ཀྱིས་དགེ་བ་འཕེལ་ཞེས་མཚན་གསོལ། དགུང་ལོ་དྲུག་ནས་ཡི་གེ་འབྲི་ཀློག་དང་། ཐུན་མོང་གི་རིག་གནས་སོ་སོར་སྦྱོང་པ་མཐར་ཆགས་སུ་མཛད་པས་མཁས་པའི་ཡོན་ཏན་གྱི་རྩེར་སོན། འཕགས་པ་བརྒྱད་སྟོང་པ་ཞལ་འདོན་གནང་། བླ་མ་དཔལ་འཛིན་ལས་དགེ་བསྙེན་གྱི་སྡོམ་པ་བླངས། དགུང་ལོ་དགུ་ནས་ཡབ་ཀྱི་བཀའ་བཞིན་གླིང་གི་དགོན་པ་དཔལ་གྱི་ཆོས་འཁོར་དུ་རྗེ་ཕག་མོ་གྲུབ་པའི་མདུན་དུ་བྱོན། འདུལ་མངོན་ཤེར་ཕྱིན་སོགས་མདོ་རྒྱུད་མང་པོ་གསན་སྦྱོང་དང་། བྱང་སྡོམ་བླངསའ དཔལ་ལྡལ་ལྷ་མོའི་སྲོག་དབང་གསན་པས་ལྷ་མོ་དངོས་སུ་ཞལ་མཇལ། བླ་མ་ཕག་གྲུབ་དང་ལྷན་དུ་དྲག་པོ་མངོན་སྤྱོད་ཀྱིས་བསྟན་དགྲ་མི་ཉག་རྒྱལ་པོ་དང་དངོས་སུ་བསྒྲལ། དགུང་ལོ་བཅུ་དྲུག་ད་ཀམ་པོར་ཕེབས། དགེ་བཤེས་བྱམས་པ་རྣམ་དག་དང་མཇལ། གཞུང་འགྲེལ་རྒྱུད་འགྲེལ་དབང་གདམས་མང་པོ་གསན། དགུང་ལོ་བཅུ་དགུའི་དུས་དབུས་གཙང་དུ་ཕེབས། དགེ་བཤེས་རྡི་ཐོག་པ་ཐེལ་པ་རྒྱལ་མཙཚན་དང་། རྒྱ་དམར་བ་སོགས་ལས་བཀའ་དང་བསྟན་བཅོས་མང་པོ་དང་། དུས་འཁོར་སོགས་ཀྱི་རྒྱུད་བཤད་དང་དབང་གསན། ཉེར་གཅིག་པར་དཔལ་རྭ་སྒྲེང་དུ་བཀའ་གདམས་པའི་མཁས་པ་སེང་གེ་བཟང་པོ་ལས། བྱང་ཆུབ་ལམ་སྒྲོན། ཕར་ཕྱིན་དབུ་མཛད་སོགས་ཀྱི་བཤད་པ་དང་། ས་སྐྱ་པ་བསོད་ནམས་རྩེ་མོ་དང་ཀུན་དགའ་ལེགས་པ་སོགས་ལས། དགྱེས་རྡོར། ལམ་འབྲས། རྡོ་རྗེ་གུར། ས་ཕུར། གནུབས་ལུགས་ཀྱི་གཤིན་སྐོར་དབང་ལུང་རྣམས་གསན། ཁྱད་པར་འདི་སྐབས་དགའ་ལྡན་དུ་དངོས་སུ་ཕེབས་ནས་རྒྱལ་ཚབ་བྱམས་པ་མགོན་པོ་ལས་བྱམས་ཆོས་སོགས་ཀྱི་ཆོས་ཉན་ནས་ཐེ་ཚོམ་ཐམས་ཅད་ཆོད་པར་བྱུང་། རྭ་ལོའི་སློབ་མ་ཀ་ལོ་ཙྭ་དང་། ཅོག་རོ་ལོ་ཙྭ་སོགས་ལས་ཀྱང་ཆོས་མང་དུ་གསན། ཉེར་གཉིས་པ་སློབ་དཔོན་རཏྣ་སེང་གེ་ལྶ་བདེ་མཆོག་དང་། གདན་བཞིའི་དབང་དང་གཞུང་བཤད་ཞུས། ཉེར་བཞི་པ་འཕེན་ཡུལ་རྒྱས་རུ་བྱང་ཆུབ་སེང་གེའི་[page 98] མདུན་རབ་ཏུ་བྱུང་། མཚན་ཤེས་རབ་སེང་གེ་གསོལ། དེའི་མདུན་དུ་གསང་སྔགས་རྙིང་མའི་ཕྱོགས་ཀྱི་ཆོས་མང་པོ་གསན། བསྐྱེད་རིམ་དང་རྩ་རླུང་ལ་རང་དབང་ཐོབ། རང་ལུས་ལྷ་སྐུར་སྒྲིབ་མེད་དུ་གསལ། འདི་སྐབས་རྣམས་སུ་རྩོད་པའི་དམ་བཅའ་བཞག གྲུབ་པའི་རྟགས་ཐོན། བསྒོམ་པའི་ཞལ་མཐོང་། རྟོགས་པའི་རྟོན་ཏན་ཡོངས་སུ་རྫོགས། དམ་པ་རྣམས་ཀྱིས་ཐུགས་དགྱེས་པའི་བསྔགས་བརྗོད་གནང་། མཁས་དང་གྲུབ་པའི་སྙན་པའི་དབུས་གཙང་གི་ཕྱོགས་ཐམས་ཅད་དུ་ཁྱབ་པར་བྱུང་། ཉེར་ལྔ་པ་གངས་ལ་ཕྱིར་རྗེ་བཙུན་རས་ཆུང་པ་མཇལ་ནས་བདེ་མཆོག་སྔོན་མོ་དང་ལུས་མེད་མཁའ་འགྲོའི་ཆོས་སྐོར་རྣམས་གསན། རས་པ་ཞི་བ་འོད་ལས་གཏུམ་མོ་ཞུས། དཔལ་སྣར་ཐང་ཀླུ་མེས་ཀྱི་བརྒྱུད་པ་ལས་བྱུང་བའི་སྡེ་པ་ནགས་ཀྱི་མཁན་ཆེན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས་འདུལ་བ་འཛིན་པ་ཆེན་པོ་ཉེས་པ་འཁོར་ལྟ་བུའི་སྤྱོད་པ་གཙང་མ་མཛད། མཁན་པོ་དེ་ལས་སྔ་འགྱུར་གྱི་བཀའ་གཏེར་མང་པོ་གསན། ཁྱད་པར་ཟུར་པ་མེས་དབོན་རྣམ་གསུམ་ལས་ཤུར་ཤཀྱ་སེང་གེའི་དངོས་སློབ་འཛམ་སྟོན་འགྲོ་བའི་མགོན་པོའི་མདུན་ནས་སྒྱ་འཕྲལ་དང་། རྩ་བའི་མདོ་བཞིའི་རྒྱུད་བཤད་དབང་དང་བཅས་པ། སེམས་ལུང་མན་ངག་བཅས་ཀྱི་ཟབ་ཁྲིད་མཐའ་དག་ལོ་བཞིའི་བར་རྫོགས་པར་གསན། ལྕེ་རྟ་ནག་པ་དང་། བླ་མ་ཞང་འབུམ་སོགས་ལས་ཀྱང་གསང་སྔགས་རྙིང་མའི་

ཆོས་མང་པོ་གསུངས། དགུང་ལོ་ཉེར་དགུའི་དུས་བླ་མ་འཛམ་སྟོན་པས་ཁྱེད་ཀམ་ཆོས་བརྒྱུད་ལོ་སྟོང་དུ་གནས་པར་གྱུར་ཞེས་གསུངས། དེ་ནས་ཟངས་རི་མཁའ་དམར་དུ་བྱོན་ནས། མ་ཅིག་གི་སྲས་ཐོད་སྨྱོན་དང་། གྲུབ་ཐོབ་སྨྱོན་པ་དོན་ལྡན་སོགས་ལས་ཞི་གཅོད་དང་། མཉམ་མེད་དྭགས་པོ་ལྷ་རྗེ་དང་མཇལ་ནས་ཕྱག་ཆེན་སོགས་བཀའ་བརྒྱུད་པའི་དབང་ཁྲིད་མང་དུ་གསན། རྩྭ་རིར་སྒྲུབ་པ་ཟླ་བ་བཞི་མཛད་པས་སྒྲུབ་རྟགས་ཐོན། སླར་ཕ་རྒན་ངའི་དྲུང་དུ་ཤོག་གསུངས་པ་བཞིན། དྭྒགས་པོ་རིན་པོ་ཆེའི་མདུན་དུ་བྱོན་རྟོགས་འབུལ་ཞུས། རླུང་སེམས་ལས་སུ་རུང་། ཡིག་དྲུག་གི་སྒྲ་དང་འཇའ་འོད་འཕྲོ་བ་སོགས་ངོ་མཚར་བའི་མཚོན་རྟགས་ཁྱད་པར་ཅན་བྱུང་། བླ་མས་སྔར་འཛམ་སྟོན་གྱིས་གསུངས་བཞིན་ལུང་བསྟན། བླ་མ་གཉིས་ཀྱི་བཀའ་བཞིན་རང་དོན་འོད་དུ་དེང་བ་ལས་བསྟན་པ་ཡུན་དུ་གནས་པ་དོན་ཆེ་བར་དགོངས་ཏེ་ཁམས་ཀ་ཐོག་འཚོལ་ཕྱིར་རིམ་བཞིན་བྱོན། ལམ་ཁར་ཀརྨ་པ་དུས་གསུམ་མཁྱེན་པ་དང་མཇལ་ནས་རྟོགས་པ་བསྡུར་བས་ཐུགས་ཡིད་གཅིག་ཏུ་འདྲེས། དེ་ལྟར་དབུས་གཙང་དུ་བླ་མ་བརྒྱ་ལྷག་ཙམ་བརྟེན་ནས་གསན་སྦྱོང་མཐར་ཕྱིན་པར་མཛད་དོ། དགུང་ལོ་སོ་གསུམ་ནས་སོ་ལྔ་བར་མི་ཉག་འཇང་ཡུལ་གླིང་ཡུལ་རྣམས་སུ་ཕེབས། དེ་དག་གི་རྒྱལ་པོ་རྣམས་དང་ཡོན་མཆོད་དུ་གྱུར། རབ་བྱུང་དགུ་བརྒྱ་ཙམ་བསྒྲུབས། ལོ་དྲུག་པར་རང་ཡུལ་དུ་ཕེབས་ནས་སྒྲུབ་པ་ལ་བཞུགས། དེ་ནས་ཉེ་ནས་ཚུལ་ཁྲིམས་རིན་ཆེན་དང་། རྡོ་རྗེ་རྒྱལ་མཚན་གཉིས་ཕྱག་ཕྱིར་ཁྲིད་དེ་ཀ་ཐོག་འཚོལ་གྱིན་བྱོན། ཧོར་པོ་གཡུང་དྲུང་ཐང་མདར་བོན་དགོན་གྱི་ཁང་སྟེང་ནས་ལྷ་མོ་རང་བྱུང་རྒྱལ་མོས་ཕུ་ཡ་ཀེར་བྱོན་དང་ཞབས་ཞུ་སྒྲུབས་[page 99] ཞེས་པའི་བརྡ་སྤྲད། ཀ་མཐིལ་དུ་སླེབས་དུས་ཕྱུགས་རྫི་བྱིས་པ་བཅུ་གསུམ་དང་འཕྲད་པས་ཀ་ཐོག་གྲ་ཡོད་དྲིས་པས་ཡ་ཀིན་ཡོད་ཅེས་སྟོན་པ་ལྟར་ཕེབས་པས། སེང་གེ་བྲག་གཡུ་མཚོ་འཁྱིལ་བའི་སྟེང་ཡི་གེ་ཨ་དང་ཀ་རང་བྱོན་རྙེད། བེ་རོ་སྒྲུབ་ཕུག་ཏུ་སྒྲུབ་པ་མཛད་པས་རྟགས་མཚན་བཟང་པོ་བྱུང་། ཡང་ཁྲོད་ཀྱི་ཟུར་ནས་ཚེ་ཆུ་བརྡོལ། ཧོར་པོ་ཡུལ་སྡེ་སྟོང་ཕྲག་བཞིའི་དཔོན་པོ་དགེ་ལུ་ཟེར་བས་ཆོས་རྗེ་རིན་པོ་ཆེའི་མཚན་དང་རྫུ་འཕྲུལ་གྱི་བཀོད་པ་ལ་ཡིད་ཆེས་པའི་དད་པ་བྱས་ནས་ཡོན་བདག་དུ་གྱུར། ཧོར་པོ་གཞོན་ནུ་བརྒྱ་ཁ་ལྷག་རབ་ཏུ་བྱུང་།

དགུང་ལོ་སོ་བརྒྱད་པ། རབ་བྱུང་གསུམ་པའི་ས་ཡོས་ལོར་དཔལ་ཀ་ཐོག་གི་གདན་ས་ཐོག་མར་བཏབ་པའོ། དེའང་གཙུག་ལག་ཁང་བཞེངས་པ་ལ་གཞི་བདག་རྡོ་གཉན་གྱིས་བར་ཆད་བརྩམས་པ་ལས། ཆོས་རྗེ་རིན་པོ་ཆེས་བདེ་མཆོག་རྒྱུད་བཤད་མཛད་པའི་སྐབས་ཞིག་ཁ་བ་ཅུང་ཟད་བབ་ཡོད་པས། དགེ་སློང་ལྡིངཔོ་དང་། རྡོ་རྗེ་རྒྱལ་མཚན་གཉིས་འཁྲིད་དེ་རྗེས་དེད་བཞིན་ཕེབས་པས། རྡོ་གཉན་དམ་སྲི་དང་བཅས་པའི་རྗེས་ཕ་ལྦ་ཞིག་ལ་ཐིམ་པར་གཟིགས་ཏེ། ཕ་ལྦ་དེ་སྣ་ཕུག་ནས་སློབ་མ་གཉིས་ཀྱིས་ཁྲིད། ཆོས་རྗེས་ཕྱག་ལྕག་གནང་བཞིན་དགོན་པའི་ཟུར་གྱི་ཆུ་འགྲམ་དུ་བསྐྱལ་བས་རྡོ་གཉན་གྱིས་ཅི་གསུང་སྒྲུབ་པའི་ཐ་ཚིག་བོར། ཆོས་ཞུ་སྟོང་ཙམ་རེ་ཡོད་པ་རྣམས་ཀྱིས་ཉིན་མོ་ལྷ་ཁང་བརྩིག་མཚན་མོ་ཆོས་བཞུ་བར་མཛད། རྡོ་བཟོ་དང་ལྷ་བཟོ་སོགས་ཀྱིས་རང་རང་གིས་ལས་ཀ་རྣམས་སྒྲུབ་པས་ཕྱི་ཡི་གཙུག་ལག་ཁང་གཙང་ཁང་ཁྱམས་དང་སྒོ་ཁང་ཀུན་དགའ་ར་བ་བཅས་དང་། ནང་དུ་ཆོས་རྗེ་རིན་པོ་ཆེས་དབུ་མཛད་དེ། དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད། སྒོ་སྲུང་ཆོས་སྐྱོང་བཅས་ཀྱི་འདམ་སྐུ་ནང་གཟུགས་སོགས་ཚd་ལྡད་དུ་གྲུབ་པ་དང་། གསེར་བྲིས་བཀའ་འགྱུར་པོད་དགུ་བཅུ། གསེར་འབུམ་རྩ་ལྔ། དངུལ་འབུམ་ཆ་བཅུ། སྔ་འགྱུར་རྒྱུད་འབུམ་གསེར་བྲིས་ཆ་བཞི་གཙོས་བཀའ་བསྟན་གྱི་པོད་ཆིག་སྟོང་གསུམ་བརྒྱ་ལྷག་བཞུགས་སུ་གསོལ། མཐར་རབ་གནས་མཛད་པས་ནམ་མཁའ་དངས་པར་འཇའ་ཚོན་གྱི་གུར་ཕུབ། མེ་ཏོག་གི་ཆར་བབས། དངོས་གཟུགས་མེད་པའི་སྒྲ་སྙན་གྱི་རོལ་མོ་འཁྲོལ། ཡེ་ཤེས་དངོས་སུ་བཞུགས་པའི་རྟགས་མཚན་མངོན་དུ་གྱུར། མི་ཉག་དང་། གླིང་པ། ཁམས་ལྷོ་པ། བཙོང་པ་ཀ། འཇང་པ། ཇི་ཧན་པ་སོགས་ཀྱི་བགྲྭ་བཞི་སྟོང་ཙམ་དགེ་ཚུལ་སྒྲུབ། གསར་རྙིང་གི་རྒྱུད་སྡེ་མང་པོ་འཆད་སྤེལ་མཛད། གླིང་དགྲ་ལྷ་གཤེགས་བའི་སར་ཕེབས་ནས་རྒྱ་ཚའི་ཁྲབ་རྨོག་དང་གྲི་ཡ་ཟི་སོགས་ཀྱི་འབུལ་བ་བྱུང་། དེ་སྐབས་བོན་གྱི་བླ་མ་བརྒྱད་ཀྱིས་ཆགས་སྡང་མ་བཟོད་ནས་སྒམ་ཕུག་ཏུ་མཐུ་བསྒྲུབས་པས། དཔལ་ལྡན་ལྷ་མོས་སྒྲུབ་ཕུག་གཏིབས། དེ་སྟེང་ཆོས་རྗེ་རིན་པོ་ཆེས་རྒྱ་གྲམ་བྲིས་པ་ད་ལྟ་ཕ་ལྦ་བརྒྱད་གླན་དུ་གྲགས། བཞི་བཅུ་པར། སྲིབ་རིར་བཤད་གྲྭ། ཉིན་རེར་སྒོམ་གྲྭ་བཙུགས། དགེ་སློང་སྟོང་ཕྲག་ཉེ་པ་བསྒྲུབས། ཤིན་ཏུ་གསང་བ་འདུས་པ་མདོ་ཡི་སྒྲུབ་ཆེན་མཛད། དབྱར་གནས་སྐབས་དགེ་སློང་དགུ་བརྒྱ་དང་དགེ་ཚུལ་གཉིས་བརྒྱ་ཙམ་གྱིས་ཚུལ་ཤིང་ལེན། དབྱར་དུས་བཤད་གྲྭ་རྣམས་ལ་མདོ་སྔགས་ཀྱི་གཞུང་མང་པོ་དང་། ཕྱིའི་རིག་[page 100] གནས། སྒྲ་ཚད། རྩིས་དག་ཡིག་སོགས་བཤད། དགུན་དུས་སྒོམ་གྲྭ་རྣམས་ལ་ཁྲིད་དང་དབང་སོགས་གནང་། སྐབས་རེར་ཉི་མ་རེ་ལ་ཆོས་ཐུན་བཅུ་གསུམ་ཙམ་རེ་གསུང་དགོས་པ་བྱུང་། དེ་དུས་དགེ་འདུན་པ་ཁྲི་བརྒྱད་ཉེ་བ་ཚོགས་པ་ལས་ཁྲིམས་འཆལ་གྱི་སྤྱོད་པ་ཅན་དྲུག་ཅུ་ཁ་ལྷག་འདུལ་བའི་ཕྱག་ལེན་བཞིན་གནི་ཏིའི་སྒྲ་དང་བཅས་གནས་དབྱུང་མཛད། དེ་སྐབས་ཡོན་བདག་གི་གཙོ་བོ་དཔོན་དགེ་ལུ་དང་། མི་ཉག་ཏའ་འཛིན། འཇང་གི་རྒྱལ་པོ། གླིང་དགྲ་ལྷ་དར་རྒྱས། ཀང་པོ་ཀ་ལེབ། ཤར་ཅོང་ཁ། རྒྱལ་མོ་རོང་གི་རྒྱལ་པོ་སོགས། ཁམས་དབུས་གཙང་གསུམ་གྱི་ཆེ་དགུ་མང་པོས་ཞབས་ཏོག་དང་ཡོན་འབུལ་རྒྱ་ཆེན་བྱུང་། རང་ལུགས་ཐུན་མིན་མདོ་སྒྱུ་སེམས་གསུམ་གྱི་ཕྲིན་ལས་འཁོར་ཡུག་ཏུ་བསྐྱངས་ཐུགས་སྲས་ཀྱི་ཐུ་བོ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་དང་མཁན་པོ་གྲགས་ཡེ་གཉིས། འོད་ལུས་གྲུབ་པ་ལྔ་ནི་བེ་རོ་ཕུག་ཏུ་བླ་མ་འབུམ་སྟོན། ཙ་རིར་མགོན་རྒྱལ། དབུས་པ་ཡོན་ཏན་འབུམ། མི་ཉག་འཇམ་དབྱངས་ཡོན་ཏན། གླིང་གི་དགེ་སློང་ཤེས་རབ་བཅས་དང་། ཐོས་པས་མཆོག་ཤེས་རབ་རྡོ་རྗེ་སོགས་རྒྱལ་མོ་རོང་གི་དགེ་སློང་གསུམ། ཉེ་གནས་ཚུལ་ཁྲིམས་རིན་ཆེན་སོགས་མཆོག་དང་ཉེ་བ་བཅུ། བུ་ཆུང་རྟོགས་ལྡན་སོགས་བཟོད་པ་ཐོབ་པ་གསུམ། གདུགས་ཐོགས་ཀྱི་བཤེས་གཉེན་བརྒྱ་ཕྲག། ཚུལ་འཆལ་གྱི་དྲི་མས་མ་གོས་པའི་དགེ་སློང་འདུལ་བ་འཛིན་པ་མང་དུ་བྱོན་པ་སོགས་ལ་གཞིགས་ན་རྒྱལ་བསྟན་རིན་པོ་ཆེ་སྨད་ནས་གསོ་བའི་འཕྲིན་ལས་ཀྱི་བྱེད་པོ་འགྲན་ཟླ་དང་བྲལ་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ཀུན་གྱི་ཆུ་མགོ་ལྟ་བུ་ཡིན་པས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་བཀའ་དྲིན་དྲན་པར་རིགས་སོ། བཤད་གྲྭའི་མཁན་པོ་ཡེ་རྒྱལ་དང་། སྒྲུབ་སྡེའི་མཁན་པོ་ཀོང་པོ་བླ་མ་བུ་ཆུང་བསྐོས། གཙང་སྟོན་རྡོ་རྗེ་རྒྱལ་མཚན་ལ་པན་ཞུ་བེར་ཐུལ་གནང་ནས་དོན་གྱི་རྒྱལ་ཚབ་ལ་མངའ་གསོལ། སློབ་ཚོགས་རྣམས་ལ་ཞལ་གདམས་དང་བཀའ་ཆེམས་གནང་ཞིང་ཚོགས་སྐོར་རྒྱ་ཆེར་བསྐོར། འཁོར་སློབ་ཀུན་གྱིས་ཞུགས་ཞུས་ཕུལ་ཡང་། ད་ནི་དངོས་དོན་ཟིན་གྱི་བདེ་ཆེན་ཞིང་། འོད་སྣང་མཐའ་ཡས་རྒྱལ་པོའི་དྲུང་དུ་འགྲོ། ཞེས་སོགས་ཀྱི་ཉམས་འགུར་དང་། སྟོན་པའི་བསྟན་པ་ཡུན་རིང་གནས་གྱུར་ཅིག། སོགས་ཀྱིས་ཐུགས་སྨོན་གནང་ཞིན་ཞལ་ནུབ་ཕྱོགས་སུ་གཟིགས། ཕྱག་ངལ་གསོའི་རྒྱ་བཅས་དགུང་ལོ་དོན་གཅིག་པ་རབ་བྱུང་གསུམ་པའི་ཆུ་བྱི་ལོར་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་རྩྭ་ར་ཆོས་ཀྱི་ཀུན་དགའ་ར་བ་ཞེས་པ་ད་ལྟ་སྐུ་འབུམ་དུ་གྲགས་པའི་ས་དེར་ཡིན་པར་གསུང་། གནས་དེར་དགོངས་པ་ཆོས་དབྱིངས་སུ་ཞི་བར་གཤེགས། དེ་མ་ཐག་ས་ཆེན་པོ་གཡོས། སྒྲ་ཆེན་པོ་གྲགས། ནུབ་ཕྱོགས་ནས་འཇའ་འོད་ཅིག་གདུངལ་གཟུགས་པ་སོགས་ཀྱི་རྟགས་མཚན་ངོ་མཚར་ཞིང་གདུང་ཞུས་ས་དབུ་ཐོད་ལ་སྤྱན་རས་གཟིགས་དང་། དོན་ཞགས་ལྷ་ལྔ་དང་། སྟོན་པ་གཙོ་འཁོར་སོགས་ཀྱི་སྐུ་ཆུང་ལ་སྒྲོས་ཉམསྣ་ཅན་འབུར་དུ་དོད་པ་མངོན་གསུམ་དུ་མཇལ་རྒྱུ་བྱུང་བས་སྐྱེ་རྒུའི་དངས་པ་འདྲེན་པའི་དཔལ་དུ་གྱུར། རྗེ་འདིའི་མཛད་པའི་བསྟན་བཅོས་ལ། ཕར་ཕྱིན་འགྲེལ་སེང་བཟང་ལུགས་དོན་གསལ་རྣམ་འབྱེད། འདུལ་པ་དགེ་སློང་ཕའི་སོ་ཐར་འགྲེལ་དངུལ་དཀར་མེ་ལོང་། མཛོད་ཀྱི་སྤྱི་[page 101] དཔྱོད་ནོར་བུ་མེ་ལོང་། དབ་མ་ཨེཏས་ཤེར་མཆན་ཏིཀ། སྤྱོད་འཇུ་ཁོག་དབུབ་རིན་ཆེན་སྒྲོན་མེ། དེའི་བསྡུས་དོན། སེམས་བསྐྱེད་ཆོ་ག། བསླབ་ཆའི་སྟོང་ཐུན། ལམ་རིམ་འགྲེལ་ཏིཀ། མཚན་བརྗོད་མཆན་འགྲེལ། ཕྱག་ཆེན་ཁྲིད་ཀྱི་སྟོང་ཐུན་གསེར་གྱི་མྱུ་གུ། གསང་འགྲེལ་སྦར་ཁབ་མཆན། ལམ་རིམ་མཆན་དང་བསྡུས་དོན། སྒྱུ་འཕྲུལ་རྒྱ་མཚོའི་མཆན། ཐབས་ཞག་མན་ངག་སྟོང་ཐུན་སྒྲུབ་གཞུང་། མདོའི་འགྲེལ་ལེ་ཚན་ལྔ། སྤྱི་དོན་བསྡུས་དོན། ཁོག་དབུབ། ཀུན་འདུས་རིག་པ་རྡོ་རྗེ་བཀོད་པའི་མཆན་ཀུན་བཟང་དགོངས་པའི་སྦར་ཁབ། རྫོགས་པ་ཆེན་པོ་ལམ་གྱི་ཁོག་ཕུབ། བསམ་བསྟན་མིག་སྒྲོན་སྤྱི་འགྲེལ་རྒྱས་འབྲོང་བསྡུས་གསུམ། ས་ལམ་སྟོང་ཐུན། དུག་སྒྲུབ་སྟོང་ཐུན། རལ་གྲིའི་སྟོང་ཐུན། རྒྱུད་ཀྱི་དབྱེ་བ་རྒྱས་འབྲིང་བསྡུས་གསུམ། དབང་གི་སྟོང་ཐུན། ཀུན་བྱེད་རྒྱལ་པོའི་རྒྱུད་འབྲེལ་ཆེན་མོ། རང་རིག་ལ་ཟླ་བ་རྡོ་རྗེའི་ཐར་རམ། སྤྱི་སྤྱོད་རྒྱན་གྱི་མེ་ཏོག། ཐེག་པའི་སྤྱི་ཆིངས་སོགས་གསུང་འབུམ་པོད་ཆེན་བཅུ་དགུ་ཙམ་བཞུགས་ནའང་དུས་དབང་གི་པོད་གསུམ་ཙམ་ལས་དཔེ་རྒྱུན་མི་བཞུགས། གཞན་ཡང་ལྷ་ཀླ་གཉན་གསུམ་གྱིས་ཞབས་ཏོག་ཕུལ་ཚུལ་དང་། གསར་རྙིང་གི་རྒྱུད་སྡེ་དུ་མའི་དཀྱིལ་འཁོར་དང་ལྷ་ཞལ་མཇལ་ཚུལ། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ལུང་བསྟན་ཚུལ་གྲུབ་རྟགས་བསྟན་པའི་ལོ་རྒྱུས་རྣམས་ཤེས་པར་འདོད་ནས་ལོ་རྒྱུས་ཁ་ཤས་ནང་འདྲ་མིན་ཅུང་རེ་འདུག་ནའང་། ཀ་དམ་པའི་དངོས་སློབ་དགེ་སློང་ལྡིངཔོ་བའི་ཞལ་གསུང་རྣམ་ཐར་གྲུབ་མཆོག་རྗེས་དྲན་ཉིད་ཡིད་རྟེན་ཆེ་བར་སེམས་པས་དེ་ལས་ཤེས་པར་མཛོད་ཅིག།

ཀུན་མཁྱེན་དམ་པ་བདེ་བར་གཤེགས་པ་ནས་རིམ་བཞིན་ཆོས་རྗེ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་དང་། དེའི་རྒྱལ་ཚབ་གསང་བདག་བྱམས་པ་འབུམ་སྟེ་དམ་གཙང་བྱམས་གསུམ་དུ་གྲགས་པ་ནས། མ་ཧ་པྣ་ཏི་ཏ་སི་ཏུ་ཆོས་ཀྱི་རྒྱ་མཚོའི་བར་ཀ་ཐོག་ཏུ་གདན་རབས་བརྒྱད་བཅུ་ཐམ་པ་དང་། བླ་རབས་བརྒྱ་དང་ཉི་བཤུ་རྩ་གསུམ་བྱོན་པ་རྣམས་ཀྱི་ལོ་རྒྱུས་འབྲི་དགོས་ན་མང་ཆེ་བས་རེ་རེ་བཞིན་འགོད་པར་མི་ནུས་མོད། ཕྱག་རྗེས་དམིགས་གསལ་ཡོད་པ་རྣམས་མདོར་བསྡུས་འབྲི་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་མི་བསྐྱོད་པའི་རྣམ་འཕྲུལ་ཆོས་རྗེ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་ནི་རབ་བྱུང་གཉིས་པའི་མེ་སྦྲོལ་ལོར་འབའ་རོང་གཙང་ཆེན་ཟེར་བའི་ཁྱིམ་དུ་འཁྲུངས། དགུང་ལོ་བཅུ་བདུན་ནས་དམ་པ་རིན་པོ་ཆེ་མཇལ་ཏེ་ཐོས་བསམ་སྒོམ་པའི་ཡོན་ཏན་ཡོངས་སུ་བརྫོགས། སློབ་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་མདོ་སྔགས་རྒྱུད་དེ་མང་པོའི་བཤད་འཁྲིད་དང་དབང་བཀའ་གནང་། དགུང་ལོ་དྲུག་ནས་དགུའི་བར་གདན་ས་བསྐྱངས། རྗེ་སྤོམ་གྲག་པ་ཀ་ཐོག་ཏུ་བྱོན་ནས་སྒྱུ་འཕྲུལ་དབང་དང་བཤད་འཁྲིད་གསན། མཁས་དང་གྲུབ་པའི་རྣམཐར་ཕྱོགས་ཐར་ཁྱབ་པ་བྱུང་། བསྟན་བཅོས་ཀྱང་གསང་སྙིང་འགྲེལ་ཆེན་བཀའ་ཆིམས་ཕུ་མ་དང་། མན་ངག་ལྟ་ཕྲེང་འགྲེལ་པ་སོགས་པོད་མང་པོ་བཞུགས་སོ།

དེའི་རྒྱལ་ཚབ་གསང་བདག་བྱམས་པ་འབུམ་རབ་བྱུང་གསུམ་པའི་ན་ཕག་ལོར་འཁྲུངས། ཁོང་གི་སྐུ་དུས་ཀརྨ་པ་པཀིཤ་ཀ་ཐོག་དུ་བྱོན་ནས་བསྙེན་པྲ་རྫོགས་པའི་མཁན་པོར་མཛད། རྫོགས་ཆེན་དང་རྙིང་[page 102] མའི་མ་ཕུར་སོགས་ཀྱིས་དབང་གནང་། བྱམས་པ་འབུམ་གྱི་སློབ་མ་ལུང་བསྟན་བུ་བཞིར་གྲགས་པ་ལས། གླིང་ཚང་དུ་སྐུ་འཁྲུངས་པའི་མ་ནི་རིན་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཆོས་བདག་ཏུ་གྱུར་ནས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་སོགས་ཀྱི་ཟབ་གཏེར་རྣམས་ཀ་ཐོག་དུ་དར་སྤེལ་མཛད། ཆོས་རྗེ་རྣམ་གསུམ་གྱི་གདུང་འབུམ་ཐོག་འགེབས་བཅས་བཞེས་ནས་ལྷ་ཁང་ཟུར་དུ་རྡོ་ལ་ཞབས་རྗེས་ཡ་གཅིག་བཞག་ནས་བླ་གོས་བྱའི་གཤོག་པ་ལྟར་བྱས་ཏེ་ནམ་མཁའ་ལ་འཕུར་ནས་ཕ་ཀའི་རི་རྩེར་བབ་དེ་ནས་གསེར་ཅོག་ཏུ་འཕུར། གནས་དེར་བཞུགས་ནས། རག་ཆབ་ཡུལ་སྡེ་རྣམས་ལ་ཆོས་འབྲེལ་དང་རག་ཆབ་དགོན་ཞེས་པའི་སྒྲུབ་སྡེ་དེའང་དེ་སྐབས་བཏབ་པ་ཡིན། དེ་ནས་ཡུན་རིང་པོར་མ་ཞུགས་པར་སྐུ་འོད་ཕུང་དུ་གཤེགས་སོ། ཙས་སྡེ་ནམ་མཁའ་རྡོ་རྗེར་རྫོགས་པ་ཆེན་པོ་སེམས་ཕྱོགས་ཀྱི་བསྟན་པའི་བདག་པོར་ལུང་བསྟན། ཉ་བྲོ་བ་དྲུང་ཐུགས་རྗེའི་ཡི་ཤེས་དང་། རྡོ་རེབ་རྒྱ་དཔོན་སྟོན་པ་དབང་འབྱོར་སོགས་རྒྱུད་འཛིན་གྱི་སློབ་མ་མང་དུ་བྱོན། ཁམས་དབུས་གཉིས་ཀྱི་ཕྱོགས་ཀུན་ཏུ་ཆོས་བརྒྱུད་དང་སློབ་བརྒྱུད་ཀྱིས་ཁྱབ། གོ་འཇོ་ཨ་དཀར་ཅེས་སྡེ་དགོན་སོགས་ཀྱི་ཆོས་སྡེ་མང་དུ་བཏབ། འབྲུ་ཚ་སྒང་པ་བརྩོན་འགྲུས་འབུམ་རབ་བྱུང་བཞི་པའི་མེ་སྤྲུལ་ལོར་སྐུ་འཁྲུངས། ཆོས་སྡེ་བརྒྱད་རྩ་འདེབས་པའི་ལུང་བསྟན་ཐོབ། བུ་རོང་བཞག་གསུམ་དང་ཁ་བ་དཀར་པོ་ཡན་ཆོད་ཕེབས་ནས། འབྲོག་ཁང་དགོན་དང་། ལྕགས་མདུད་དགོན། ཁོལ་རི་དགོན། རི་ཤེར་དགོན་སོགས་དགོན་པ་བརྒྱ་རྩ་བརྒད་བཏབ། རྨོག་སྟོན་འཇམ་དཔལ་སེང་གེས་རྨོག་རྩ་དགོན་བཏབ་ནས་དེའི་དཔོན་བརྒྱུད་ལས་དགོན་དེར་གྲུབ་ཐོབ་རྨོག་རབ་བཅུ་གསུམ་དུ་གྲགས་པའི་རྣལ་འབྱོར་དབང་ཕྱུག་འཁྲུལ་ཞིག་ཆེན་པོ་དེ་རྣམས་བྱུང་། ཨོ་རྒྱན་ཆེན་པོའི་གཏེར་ལུང་ལས། མཚོ་རྒྱལ་སྤྲུལ་པ་དམ་པ་སྒྱུ་མའི་འཕྲུལ། ཀ་ཐོག་ཕྱོགས་སུ་བསྟན་པའི་སྒྲོན་མེ་བྱུང་། ཀ་ཅོག་བེ་རོ་གསུམ་གྱི་སྤྲུལ་པ་ནི། དེ་ཡི་རྗེས་འཛིན་ཚ་བའི་རོང་ལ་འབྱུང་། ཞེས་ལུང་གི་གསལ་བ་ལྟར། ཚ་ཁོས་མང་བ་ཤེས་རབ་རྒྱལ་མཚན། རྫོང་དགག་ཤེས་རབ་དཔལ། ཁྲོ་སྐྱབ་ཤེས་རབ་རྡོ་རྗེ་གསུམ་ཀུན་མཁྱེན་དམ་པ་རིན་པོ་ཆེས་སྐུ་འབུམ་ཐར་པ་གླིངདུ་འཁོར་སློབ་རྒྱ་མཚོ་ལྟ་བུའི་དབུས་སུ་ཆོས་གསུང་བཞིན་པ་དང་མཇལ་བས། གསུང་ཐོས་པ་ཙམ་གྱིས་དཀའ་སྤྱད་དང་སྒོམ་སྒྲུག་ལ་མ་ལྟོས་པར་ས་ལམ་གྱི་ཡོན་ཏན་རྫོགས། དགོངས་པ་ཆོས་ཉིད་ཀྱི་ཀློང་གྲོལ། ནང་རྒྱུད་སྡེ་གསུམ་གྱི་ཆོས་སྤེལ་དང་བསྟན་བཅོས་ཡང་ཅི་རིགས་མཛད་པ་ད་ལྟའང་བཞུགས། ཚ་ཁོ་དགོན་སོགས་དགོན་སྡེ་མང་དུ་བཏབ་པས་དེ་རྣམས་ལ་རིམ་པྲ་ཆད་དེ་ཀ་ཐོག་པའི་ཆོས་བརྒྱུད་ཤར་རྒྱལ་མོ་རོང་དུ་ད་ལྟའི་བར་བཞུགས་སོ། ཆོས་རྗེས་ཡབ་སྲས་གསུམ་གྱི་རྗེས་གདན་རབས་དངོས་སུ་འཛིན་པ་འབུམ་པ་གསུམ་ཞེས་གྲགས་པ་ལས། སྤྱན་སྔ་བ་བསོད་ནམས་འབུམ་གྱིས་ཧོར་སེ་ཆེན་རྒྱལ་པོ་ཡན་ཆད་དབང་དུ་བསྡུས། མཁས་གྲུབ་ཡི་ཤེས་འབུམ་གྱིས་སྐུ་དུས་དགེ་འདུན་པ་ཁྲི་བཅོ་བརྒྱད་འདུས་ཆོས་གོསའོད་ཀྱིས་ནམ་མཁའི་མདོག་བསྒྱུར་པར་གྲགས། ཆོས་རྗེ་ས་སྐ་པ་ཁུ་གཉིས་ཧོར་སེ་ཆེན་གོང་མས་གདན་དྲངས་སྐབས། འཛིང་རྣམ་རྒྱལ་[page 103] ་མགོན་ཁང་རབ་གནས་མཛད་ཚེ་ཀ་ཐོག་པ་ཡི་ཤེས་འབུམ་པས་བགེགས་བསྐྲd་མཛད་པས་ལྷ་ཁང་ནང་གི་ལྷ་ཐམས་ཅད་ཕྱིར་ཏེ། ས་སྐྱ་ཁུ་དབོན་ནས་རབ་གནས་མཛད་པས་ལྷ་ཐམས་ཅད་ལྷ་ཁང་ནང་དུ་སྔར་ལྷར་སོར་ཆུད། འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཀ་ཐོག་པས་སྒྱུ་འཕྲུལ་ཞི་ཁྲོའི་དབང་བསྐུར་པས་བླ་སློབ་ཏུ་གྱུར། འཕགས་པ་རིན་པོ་ཆེ་རྒྱ་ང་ནས་ཡར་ཕེབས་དུས་མཆོད་རྟེན་ལི་མ་རྩིག་ཚད་གསུམ་དང་ཏིང་ཆེན་མོའི་བདུན་ཚར་སོགས་འབུལ་སྣང་རྒྱ་ཆེར་མཛད་དོ། གྲུབ་པའི་དབང་ཕྱུག་བྱང་ཆུབ་འབུམ་གྱིས་ཁྲོམ་གྱི་ཡེ་ཚེ་སུམ་མདོར་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས། ལྷ་ཁང་བཞེངས་སྐབས་ལས་བྱེད་པ་རྣམས་ལ་གནང་། རུས་པ་རྣམས་ལྤགས་པའི་ནང་དུ་ཞོག་ཅིག་གསུངས་ཏེ་སེ་གོལ་གཅིག་མཛདཔས་ལྤགས་རུས་རྣམས་ལུག་དངོས་སུ་གྱུར། སླར་སེ་གོལ་གཅིག་མཛད་པས་ལུག་སྟོང་ཕྲག་རྣམས་འོད་ལུས་སུ་གྱུར་ནས་བྱ་རྒྱ་འུར་རྡོས་དཀྲོག་པ་བཞིན་མཁའ་སྤྱོད་དུ་གཤེགས་སོ། འདི་སྐབས་ཙམ་ན་དཔལ་འབར་ནམ་མཁའ་རྡོ་རྗེ་དང་། རྡོ་རྗེ་དཔལ་སོགས་ཀྱི་སློབ་ཚོགས་མང་པོ་ཕྱོགས་ཀུན་ཁྱབ་པ་ལས། མོན་ཀ་ཐོག་དགོན་དང་། ཀོང་པོ་ཀ་ཐོག་དགོན་ཟེར་བ་རྣམས་དེ་སྐབས་སློབ་མ་རྣམས་ཀྱི་གདན་ས་ཡིན་ནོ། དེ་རྗེས་གྲུབ་མཆོག་བསོད་ནམས་བཟང་པོ། གྲུབ་ཐོབ་ཀུན་དགའ་འབུམ། དབང་ཕྱུག་དཔལ། བློ་གྲོས་འབུམ། བྱང་ཆུབ་བློ་གྲོས། བྱང་ཆུབ་སེང་གེ། བྱང་ཆུབ་རྒྱལ་མཚན། མཁས་གྲུབ་ཡི་ཤེས་རྒྱལ་མཚན་བར་རིམ་པར་གདན་སར་ཕེབས་པ་ལ་རིགས་གསུམ་རྣམ་འཕྲུལ་བར་མ་ཆད་པས་ཀ་ཐོག་བླ་རབས་བཅུ་གསུམ་ཞེས་ཡོངས་སུ་གྲགས་པ་སྟེ་བླ་རབས་དེ་རྣམས་ཀྱི་སྐབས་སུ་བླ་བྲང་དང་ཞིང་ཁ་སོགས་ཀྱི་སྲོལ་མེད་པས། བསོད་སྙོམས་དང་དད་ཟས་ཙམ་ལ་བརྟེན་ནས་ཆོག་ཤེས་ཕགས་པའི་ནོར་གྱིས་ཕྱུག། བྱ་བཏང་རི་ཁྲོད་ཀྱི་རྣམ་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་པས་ཕྱོགས་མེད་ཀྱི་གདུལ་བྱ་མང་པོ་རྗེས་སུབཟུང་། ཆོས་རྗེ་དམ་པ་ཡབ་སྲས་ནས་མཁས་གྲུབ་འདིའི་བར་ཆོས་བརྒྱུད་དང་སློབ་བརྒྱུད་ལོ་རེ་བཞིན་གོང་འཕེལ་དུ་གྱུར་ཏེ་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་

གྱི་འཆད་ཉན་སྒོམ་སྒྲུབ་གཙོ་བོར་བསྐྱངས་པས་གངས་ཅན་གྱི་མཐའ་དབུས་ཀུན་ཏུ་སྔ་འགྱུར་བསྟན་པ་ཡོངས་ཀྱི་ཕྱི་མོ་རྒྱལ་བ་ཀ་ཐོག་པ་ཞེས་གྲགས་པ་དོན་དང་ལྡན་པ་བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་ཕྲིན་ལས་སྲིད་པ་གསུམ་དུ་བསྒྲེངས་པ་འདི་བྱུང་ངོ་། དེ་ལྟར་གདན་རབས་དེ་རྣམས་ཀྱི་སྐབས་སུ་མཁན་རབས་རིམ་པར་བྱོན་པ་ལ།

ཧོར་པོ་ཤཀྱ་རྡོ་རྗེ་ནི། མངའ་རིས་པྣ་ཏི་ཏ་པྡ་མ་དབང་གི་རྒྱལ་པོས། བོད་ཡུལ་ཁ་བ་ཅན་ལྗོངས་འདིར། ཐེག་པ་རིམ་དགུའི་རྣམ་བཤད་དང་། ཁྱད་པར་ཨ་ཏི་ཡོ་ག་ཡི། ལམ་སྲོལ་ཟབ་ཁྱད་འབྱེད་པ་ལ། མཁས་གྲུབ་མང་དུ་བྱོན་གྱུར་ཀྱང་། འགྲན་ཟླ་ཀུན་དུ་བྲལ་བ་ཡི། སྤྲུལ་སྐུ་ཀློང་ཆེན་རབ་འབྱམས་དང་། ཀ་ཐོག་ཤཀྱ་རྡོ་རྗེ་ཞེས། ཟླ་ལྟ་བུ་གྲགས་པ་ཡིན། ཞེས་ཆེད་དུ་བསྔགས་པ་དང་། སྔོན་གྱི་མཁས་མཆོག་མང་པོས་ཀུན་མཁྱེན་རོང་ཀློང་ཤཀ་གསུམ་ཞེས་བསྔགས་པའི་མེ་ཏོག་ཡང་ཡང་འཐོར་བའི་མཁས་[page 104] པ་ཆེན་པོ་ཤཱཀྱ་རྡོ་རྗེ་ཞེས་ཡོངས་སུ་གྲགས། ཐེག་པ་སྤྱི་ཡི་རྣམ་བཤད་ཀུན་འདུས་རིག་པའི་སྒྲོན་མེ་སོགས་བསྟན་བཅོས་པོད་མང་དུ་ཡོད་པ་ལས་ད་ལྟ་ཕལ་ཆེར་ནུབ་ཚར་བས་མི་བཞུགས། དེའི་རྗེ་སུ། གནམ་སྟེང་པ་རྡོ་རྗེ་དཔལ་དང་རྨོག་སྟོན་རོ་རྗེ་དཔལ་སོགས་མཁན་རབ་བཅུ་གསུམ་རེ་རེ་བཞིན་གྱི་རྣམ་ཐར་དང་ལོ་རྒྱུས་ཤེས་པར་འདོད་ན་ཀཿཐོག་པའི་ཆོས་འབྱུང་ལས་ཤེས་པར་བྱའོ།། བླ་རབས་བཅུ་གསུམ་རྗེས་གདན་ས་སྐྱོང་མཛད་དྲུང་རབས་བཅུ་གསུམ་གྲགས་པ་རྣམས་ལས་གཏེར་ཆེན་རཏྣ་གླིང་པའི་ཆོས་བདག་དཀྱིལ་འཁོར་འཛིན་པའི་བུ་ཆེན་བརྒྱད་ཅེས་གྲགས་པ་ཐམས་ཅད་ཀཿཐོག་ཏུ་བྱོན་པ་ཁོ་ན་ཡིན་པ་རྣམ་ཐར་ལས་གསལ། དེའི་ནང་ཚན་མང་ཕུ་པ་བསོད་ནམས་འབུམ་པའི་དབོན་བརྒྱུད་ལས་འཁྲུངས་པ་དུང་རབས་དང་པོ་ནམ་མཁའ་སེང་གེའི་སྐུ་དུས་ནས་གཏེར་ཆེན་རཏྣ་གླིང་པ་དང་། རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་སོགས་ལས་སྨིན་གྲོལ་རྒྱ་ཆེར་གསན་ཏེ་ཀཿཐོག་ཏུ་སྔར་སྲོལ་བཀའ་མ་མདོ་སྒྱུ་སེམས་གསུམ་གཙོ་བོ་བསྐྱངས་སྟེ་ཉང་དང་ཆོས་དབང་རྣམས་ཀྱི་གཏེར་ཆོས་དང་། །ཁྱད་པར་རཏྣ་གླིང་པའི་ཆོས་སྐོར་དང་ཀར་གླིང་ཞི་ཁྲོ་སོགས་རིམ་བཞིན་དར། རྡོ་པས་ནི་རྩིབ་དུ་རྡོ་ཁང་གོང་འོག་གསུམ། བུ་བོར་དང་ཉག་རོང་། གཞག་གསར་གསུམགྱི་ཀེ་ཐག་ཕུར་ཁང་ཚན་གསུམ། གོ་འཇོ་རྣམས་ཀྱིས་ད་ལྟ་གོ་བོ་ཆུ་ཁ་ཟེར་བའི་ས་དེར་ཁང་ཚན་བརྒྱབ། བ་ནྡེ་ཁ་འཐོར་རྣམས་ཀྱིས་ཟུར་བན་གདོང་དུ་ཁང་ཚན་བརྒྱབ་ནས་ཕྱོགས་སོ་སོར་བཞུགས་པར་བཤད། དེ་སྐབས་ཁམ་རི་པོ་ཆེ་ནས་ཁྲི་རབས་བརྒྱད་པ་ཆོས་རྗེ་འཇིག་རྟེན་དབང་ཕྱུག་གི་སྐུ་དུས་གྲྭ་པ་བརྒྱ་ཐམ་པ་ཀཿཐོག་ཏུ་བཏང་ནས་རཏ་ཕུར་ཡང་གསང་བླ་མེད་ཀྱི་བསྐྱེད་རྫོགས་ལས་སྦྱོར་བཅས་ཀྱི་དབང་ཁྲིད་ཕྱག་ལེན་ཞིབ་ཕྲ་གསན་ནས་བླ་གྲྭ་བཅུ་དྲུག་རང་དགོན་དུ་སླར་ཕེབས་ཐུབ་པར་བྱུང་། ཀཿཐོག་ནས་སྒྲུབ་ཕུར་ཆེན་པོ་ཞིག་གནང་བ་ད་ལྟའང་དགོན་དེར་ཡོད་པར་གྲགས། རྙིང་མ་གྲ་ཚང་བདུད་འདུལ་སྔགས་པ་གླིང་ཞེས་མཚན་གསར་དུ་བཏགས་ནས། ཚེ་གྲུབ་དང་ཕུར་སྒྲུབ་ཆེན་མོ་རྒྱུན་འཛུགས་གྲུབ་པ་སོགས་ཀྱི་མཛད་ཕྲིན་ཤིན་ཏུ་རྒྱས་པར་བྱུང་ངོ་ཞེས་དགོན་པ་དེའི་ལོ་རྒྱུས་ལས་གསལ། དེ་རྗེས་དྲུང་རབས་གཉིས་པ་རྡོ་རྗེ་བློ་གྲོས་སོགས་དྲུང་རབས་བཅུ་གསུམ་རིམ་པར་བྱོན་ཏེ་བཀའ་གཏེར་གྱི་བསྟན་པ་བཤད་སྒྲུབ་གཉིས་ལྡན་གྱིས་སྒོ་ནས་སྐྱོང་བར་མཛད་དོ།། དྲུང་རབས་རྣམས་ཀྱི་སྐུ་དུས་མཁན་རབས་རིམ་བྱོན་རྣམས་ལས། བྲའོ་ཆོས་ཀྱི་འབུམ་པ་དང་ཡེ་ཤེས་རྒྱན་མཚན་གྱི་སློབ་མ་ཁ་བ་དཀར་པོ་ནམ་མཁའ་ཆོས་ཀྱི་རྒྱལ་མཚོས་ཁ་བ་དཀར་གྱི་གནས་སྒོ་ཐོག་མར་ཕྱེས། ཁ་བ་དཀར་པོའི་བདུན་དུ་སྒྲུབ་སྡེ་གསར་ཏུ་བཏབ་ནས་ཇོབོ་ནམ་མཁའ་བཀྲ་ཤིས་རྟེན་གཙོ་བོ་བཞུགས་སུ་གསོལ། བུ་འབོར་དང་ཚ་བ་སྒང་། འཇང་ཡུལ་རྣམས་དང་། ཁྱད་པར་རི་བོ་བྱ་རྐང་དུ། ཧྲེའུ་ཧྲང་ཝེ་དགོན་སོགས་དགོན་སྡེ་མང་པོ་བཏབ་ཡོད་ཀྱང་ཕལ་ཆེར་དུས་ཡུན་རིང་པས་ཉམས་རྒུད་དང་ཆོས་ལུགས་གཞན་དུ་འགྱུར་སོང་བའང་མང་ངོ་། བློན་ཆེན་མགར་གྱི་གདུང་རྒྱུད་བདེ་ཆེན་བསོད་ནམས་བཟང་པོ་ཞེས་མ་རྒན་[page 105] གྱི་བསྔོ་ཞུས་དང་གནས་མཇལ་དུ་ཕེབས་པས་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་ལས་ཆོས་གསན་ཏེ་ལོ་མང་བཞུགས་པ་ཀཿཐོག་བླ་མ་བདེ་ཆེན་བསོད་ནམས་བཟང་པོ་ཞེས་མཚན་དུ་གྲགས། རྔུ་པ་ཆོས་ཀྱི་རྡོ་རྗེ་དང་གདུང་རུས་གཅིག་པ་ཡིན་པས། རྔུ་པས་ཁྱེད་འདི་ནས་དངུལ་མདའ་ཕེབས་ཏེ་བཞུགས་ན་རྟེན་འབྲེལ་བཟང་པོ་ཡོད་ཅེས་གསུང་པ་བཞིན། ལྕགས་ར་བསམ་འགྲུབ་རྩེར་གླིང་དཔོན་བདག་དྲུང་གི་ནང་བློན་མཛད། སྲས་བོ་ཐར་བཀྲ་ཤིས་སེང་གེས་གླིང་དགྲ་ལྷའི་གདུང་རྒྱུད་དང་གཉེན་སྒྲིག་མཛད། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་མཆོད་ཡོན་འབྲེལ་ནས་རིམ་བཞིན་ཆོས་རྒྱལ་སྡེ་དགེ་ཞེས་པའི་མཚན་སྙན་སྲིད་པ་གསུམ་དུ་ཁྱབ་པ་དེ་བྱུང་བ་ཡིན་ནོ། གཞན་ཡང་མགོན་པོའི་བཀའ་བབས་ལབ་སྟོན་ནམ་མཁའ་རིན་ཆེན་དང་། དཔའ་འབར་བ་ནམ་མཁའ་རྒྱལ་མཚན་ཨ་རྡོ་དཀོན་མཆོག་རྒྱལ་མན་སོགས་ཀྱིས་འགྲོ་དོན་ཕྲིན་ལས་དང་ཆོས་བརྒྱུད་སྤེལ་ཚུལ་གྱི་ལོ་རྒྱུས་རྣམས་ནི་ཟུར་དུ་ཤེས་པར་མཛོད། བུ་འབོར་བ་བཀྲ་ཤིས་རྒྱ་མཚོ་དང་མཚུངས་མེད་བྱང་ཆུབ་སེང་གེའི་སྐུ་དུས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྟེ་ཀཿཐོག་ཏུ་བྱོན་ནས་ཚ་རག་སྒང་དུ་བཞུགས་ནས་བང་གཏེར་དགོང་པ་ཟང་ཐལ་སོགས་ཀྱི་གདམས་ཁྲིད་རྣམས་ཀཿཐོག་པ་ལས་གསན། གཙང་བླ་པདྨ་རྒྱལ་མཚན་སྐབས་བཀའ་བརྒྱད་དང་དགོངས་འདུས། ཡང་ཏི་ནག་པོ་གསེར་ཀྱི་འབྲུ་གཅིག་སོགས་ཀྱི་དབང་ལུང་འཆད་སྤེལ་མཛད། འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་དངོས་སློབ་སྒ་ཆོས་སྐྱོང་རྒྱ་མཚོས་སྒ་རྗེ་ཁམས་དབུས་གསར་དུ་བཏབ། ཀཿཐོག་པའི་སྙན་བརྒྱུད་གདམས་པ་ཆུ་བོ་མ་ལུས་པ་བྱང་ཆུབ་རྒྱལ་མཚན་ནམ་གཏེར་ཆེན་ཀློང་གསལ་སྙིང་པོ་ལ་རྩལ་ནས་ཀཿཐོག་པའི་ཆོས་བརྒྱུད་ལ་བཀའ་དྲིན་ཆེ་བར་སྣང་། གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེ་ཀཿཐོག་ཏུ་ཆོས་ཞུ་ཕེབས་པར་འདྲེན་པ་དཀོན་མཆོག་རྡོ་རྗེ་རྨུགས་སངས་བཞུགས་པས་དེར་བྱོན། ཀཿཐོག་སྔ་རབས་པའི་གདམས་ཁྲིད་རྫོགས་པར་གསན་ནས། སྤུ་ཀོང་ཕྱོགས་སུ་ཕེབས་གཏེར་འབྱིན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར།

ཀཿཐཱོག་ཕྱི་རབས་པའི་ཐོག་མ་གཏེར་ཆེན་རིག་འཛིན་ཀློང་གསལ་སྙཻང་པོ་འདི་ཀཿཐོག་པའི་ཆོས་སྡེ་ཉམས་གསོ་ལ་མཛད་རྗེས་ཤིན་ཏུ་ཆེ། ཁོང་ནི་རབ་བྱུང་བཅུ་པའི་ཤིང་གླང་ལོར་ལི་ཐང་དབྲ་པར་སྐུ་འཁྲུངས། སྒ་ཆོས་སྐྱོང་རྒྱ་མཚོ་ལས་ཀཿཐོག་པའི་སྙན་བརྒྱུད་གདམས་ཁྲིད་ཡོངས་རྫོགས་གསན། ཀཿཐོག་དཔལ་འབར་ནམ་མཁའ་རྒྱལ་མཚན་དང་། རིན་ཆེན་རྡོ་རྗེ། ཉིན་དགོན་སངས་རྒྱས་བཀྲ་ཤིས་རྣམས་ཀྱི་མདུན་ཀཿཐོག་སྔ་རབས་པའི་དབང་ཁྲིད་རྣམས་ཡོངས་རྫོགས་ཞུས། ཁེ་རི་ཆོས་ལུང་རི་ཁྲོད་དུ་སྒྲུབ་པའི་ཉམས་བཞེས་མཐར་ཕྱིན་མཛད། སྤུ་བོར་གཏེར་ཆེན་བདུད་འདུལ་རྡོ་རྗེའི་མདུན་བྱོན་ནས་མཉེས་པ་གསུམ་གྱིས་བསྟེན་ཏེ་ཟབ་གཏེར་གྱི་བདག་པོར་མངའ་གསོལ། ཁེ་མི་འགྱུར་རྡོ་རྗེ་ཀློང་སྒྲོམ་སོགས་ཀྱི་གཏེར་གནས་ཁྱད་པར་ཅན་མང་པོ་ནས་ཟབ་གཏེར་པོད་བཅུ་ཙམ་གདན་དྲངས། སྔོག་གྱི་ཐུགས་བསྐྱེད་དང་ཆོས་རྒྱལ་སྡེ་དགེའི་བཀའ་བཞི་ཀཿཐོག་གི་གདན་སར་ཕེབས། འདྲེ་ངན་གྱིས་བདག་བཟུང་བྱས་པའི་[page 106] ས་བཅུད་ཉམས་པ་དང་མ་རུ་བའི་བྱ་སྤྱོད་མཐའ་དག་ཚད་མེད་པའི་ཐུགས་རྗེས་བཏུལ་ནས། ས་གནད་ཉམས་པ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་ཉམས་པ་ཐམས་ཅད་སླར་གསོ་དང་གཙང་ཁང་དུ་གུ་རུའི་སྐུ་ང་འདྲ་ཞེས་པའི་གསུང་འབྱོན་མ་གཉིས་ཕྱག་བཟོས་མཛད། འདུས་པ་སྟོང་ ཕྲག་ཙམ་ལ་སྔར་སྲོལ་གྱི་དབང་ལུང་ཁྲིད་གསུམ་དར་སྤེལ་གནང་ནས་ཀཿཐོག་སྔ་རབས་པའི་སྲོལ་རྒྱུན་ཉག་ཤིན་ཏུ་ཕྲ་བར་གྱུར་པའི་སྐབས་དེར་དེང་སང་གི་བར་སླར་ཡང་མི་ཉམས་པར་བཞུགས་པའི་འདི་ནི་ཁོང་གི་བཀའ་དྲིན་ཁོ་ན་ཡིན་ནོ།། ཁོང་གི་གཏེར་སློབ་རོང་སྟོན་པདྨ་བདེ་ཆེན། གཏེར་ཆེན་ཁྱུང་དྲག་རྡོ་རྗེ། འཁྲུལ་ཞིག་དབང་དྲག་རྒྱ་མཚོའི། སྤྲུལ་སྐུ་གནམ་ཆོས་མི་འགྱུར་རྡོ་རྗེ། ཁྲོམ་དགེ་པདྨ་མཁའ་སྤྱོད། ཤར་གཏེར་རིག་འཛིན་ཆོས་རྒྱལ་གླིང་པ། འབའ་རྩེ་ར་གཏེར་སྟོན། ཆོས་རྗེ་གླིང་པ། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ། དཔལ་ཡུལ་ཀུན་བཟང་ཤེས་རབ། སྦྲ་མགོ་བརྩོན་འགྲུས་རྒྱ་མཚོ། ལུང་ ཟིན་ཆོས་ཉིད་རྒྱ་མཚོ། གྲུབ་ཐོབ་ནམ་མཁའ་རྒྱ་མཚོ་སོགས་དང་། གཏེར་ཆེན་ཉིད་ཀྱི་སྐུ་མཆེད་བཀྲ་ཤིས་འོད་ཟེར། རྒྱལ་སྲས་བསོད་ནམས་ལྡེའུ་བཙན། གཅུང་བསོད་ནམས་ཚེ་བརྟན། རྗེ་དཔོན་ཨོ་རྒྱན་ལྷུན་གྲུབ་དང་ཨོ་རྒྱན་རྣམ་གྲོལ། རྗེ་དབོན་བཀྲ་ཤིས་ཕུན་ཚོགས་དམ་པའི་སྐྱེས་ཆེན་དུ་མ་བྱོན། ཁྱད་པར་དུ་རིག་འཛིན་ཆོས་རྒྱལ་གླིང་ པས་ལྕགས་ཀོང་ཡུལ་དུ་དགོན་སྡེ་གསར་འདེབས་མཛད། དེ་ལས་གྱེས་པའི་སྔོན་དུས་སུ་དགོན་ལག་དུ་མ་ཡོད་མྱོང་། ད་ལྟའང་ལུམ་ཅུ་ཡན་མན་ཙམ་ཡོད་པ་དེ་དག་ཀྱང་ཤར་ ཀཿཐོག་པའི་ཆོས་བརྒྱུད་འཛིན་པ་ཁོ་ན་བྱུང་བའོ།། རོང་སྟོན་པདྨ་བདེ་ཆེན་གྱི་དཔོན་བརྒྱད་དུ་འཁྲུངས་བ་ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་ནི། རྒྱལ་སྲས་བསོད་ ནམས་ལྡེའུ་བཙན་གྱིས་ཀཿཐོག་ཏུ་གདན་དྲངས་གསེར་ཁྲིར་མངའ་གསོལ་དགེ་བསྙེན་གྱི་སྡོམ་པ་གསན། ཀཿཐོག་དུ་ཡུན་རིང་མ་བཞུགས་ནས་ཕྱོགས་མེད་ཀྱི་གནས་སུ་ཕེབས། རིས་ མེད་ཀྱི་མཁས་གྲུབ་མང་པོའི་ཞབས་ལ་བཏུགས། གྲུབ་མཐའ་ཀུན་ལ་མཁྱེན་རྒྱ་ཡངས་པར་གྱུར། མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མེད། བསམ་པ་ལྷུན་གྲུབ་སོགས་ཀྱི་ཟབ་གཏེར་ཡང་ཁ་ཤས་བཞེས། སྤུ་ཀོང་ཕྱོགས་སུ་དགོན་པ་གསར་འདེབས་མཛད་པ་མང་དུ་ཡོད་ཀྱིང་ད་ལྟ་འདི་ཞེས་མ་ངེས། བལ་ཡུལ་བྱོན་ནས་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་གནང་། དེ་རྗེས་འཕགས་པ་ཤིང་ཀུན་དང་། གོ་མ་ས་ལ་གྷནྡྷ་ཉམས་གསོ་མཛད། མངའ་རིས་སུ་ལ་དྭགས་རྒྱལ་པོ་སྟོད་སྨད་འཁྲུངས་སྐབས་སྟོད་ཧོར་དམག་བྱུང་ནས་དུས་ འཁྲུགས་བྱུང་སྐབས་རྒྱལ་བ་སྐལ་བཟང་རྒྱ་མཚོས་རྗེ་འདི་ལ་འཁྲུགས་པ་བསྡུམ་དགོས་པའི་ཞུ་བསྐུལ་ཕེབས་པ་བཞིན་ཐབས་དང་ནུས་པ་བསམ་གྱིས་མི་ཁྱབ་པས་ཆིངས་ལེགས་འགྲིགས་ བྱུང་བའི་ལེགས་སྐྱེས་སུ་ཉང་ཀོང་ལྗོན་པ་ལུང་གི་ས་རིས་རྗེ་ཀཿཐོག་པ་ལ་གནང་། སླར་ཡང་བལ་ཡུལ་དུ་ཕེབས། དགོན་པ་གསར་བདེབས་དང་ལྷ་ཁང་གསར་གཞེངས་སོགས་ཀྱི་ ཕྲིན་ལས་ད་ལྟའི་བར་དུ་མ་ནུབ་པར་བཞུགས། རྗེ་འདིའི་ཞལ་སློབ་གཙོ་བོ་ཀརྨ་པ་བདུད་འདུལ་རྡོ་རྗེ། འབྲུག་རིན་པོ་ཆེ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་དཔའ་བོ་གཙུག་ལག་དགའ་བ། སི་ཏུ་ཆོས་འབྱུང་། ལ་དྭགས་སྟག་ཚང་རས་པའི་སྤྲུལ་སྐུ་སོགས་སླ་ཆེན་[page 107] དང་། མི་ཆན་སྦས་པའི་རྣལ་འབྱོར་པའང་ཤིན་ཏུ་མང་། གསུང་རྩོམ་དག་ སྣང་དགོངས་གཏེར་སོགས་པོད་བདུ་ཙམ་བཞུགས། རྗེ་འདིའི་གསར་བཏབ་བྱས་པའི་དགོན་པ་ཀཿཐོག་པའི་མིང་ཆགས་པ། མངའ་རིས་སྐྱིད་གྲོང་དང་། ཤབ་རོང་སོགས་སུ་དེང་སང་བར་མང་པོ་བཞུགས། ཁྱད་པར་ཡོལ་མོའི་ཕྱོགས་ཀྱི་དགོན་ཁག་ཐམས་ཅད་རྗེ་འདིའི་ཆོས་བརྒྱད་ལ་ཐུག་པ་ཤ་སྟག་ཡིན་ནོ། དེས་གཏེར་ཆེན་ཀློང་གསལ་སྙིང་པོ་ཆོས་བདག་སློབ་བརྒྱུད་སོགས་ཀྱི་ལོ་རྒྱུས་ཅུང་གྲུབ་ནས། དེ་རྗེས་ཙམ་ན་དབོན་ཚེ་དབང་ཕྲིན་ལས་ཀྱིས་གདན་ས་བསྐྱངས་བ་དང་། ཆོས་བརྒྱུད་གྲུབ་ཐོབ་ནམ་མཁའ་རྒྱ་མཚོས་གཙོ་བོར་བསྐྱངས། གྲུབ་ཐོབ་འདིའི་ཞལ་སློབ། རྗེ་དབོན་བཀྲ་ཤིས་ཕུན་ཚོགས་དང་། བྲོ་རྡུང་ཡེ་ཤེས་ཕུན་ཚོགས། རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ། ཀཿཐོག་པ་དྲི་མེད་ཞིང་སྐྱོང་མགོན་པོ་སོགས་སྐྱེས་ཆེན་མང་དུ་བྱོན། རྗེ་དབོན་བཀྲ་ཤིས་ཕུན་ཚོགས་ཛཿཀ་དང་ ཡེ་ཤེས་ཕུན་ཚོགས་བྲོ་རྡུང་དུ་བཞུགས་ནས་རང་རང་གི་དགོན་པ་ལས་ཉམས་གསོ་དང་སྨིན་གྲོལ་རྒྱ་ཆེར་སྤེལ་ནས་བསྟན་པ་ལ་བཀའ་དྲིན་ཆེ། རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་ནི། བསོད་ནམས་ལྡེའུ་བཙན་གྱི་ཡུམ་ཟུར་པ་ཞིག་ལས་འཁྲུངས་པའི་སྲས་ཡིན། མཁས་དང་གྲུབ་པའི་ཡོན་ཏན་མཆོག་ཏུ་མངའ། ལི་ཐང་དང་ཕྱག་ཕྲེང་། འབའ། སྨར་ཁམས། ཚ་བ་སྒང་། འཇང་ཡུལ་ཡན་ལ་བྱོན་ནས་ཀཿཐོག་པའི་སྔར་གྱི་དགོན་སྡེ་རྣམས་ཞིག་གསོ་དང་། ཕྱག་ཕྲེང་བྱ་ས་ལ་ཁ་དགོན་དང་། འཇང་། གཡུ་འབྲུག་དང་། སྨར་ཁམས་རྒྱལ་སྲས་དགོན་སོགས་གསར་བཏབ་ཀྱང་མང་དུ་མཛད་དེ་ཀཿབསྟན་ཕྱོགས་ཀྱི་ཐ་གྲུ་ཏུ་འདྲེན་པའི་ཤིང་རྟ་ཆེན་པོ་ཞིག་ཡིན་ནོ།།

པདྨ་ཚངས་པ་དྲི་མེད་ཞིང་སྐྱོང་མགོན་པོ་ནི་འབའ་རྩེར་གཏེར་སྟོན་ཆོས་རྗེ་གླིང་པའི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་ལོར་སྐུ་འཁྲུངས། ཀརྨ་པ་ཞྭ་དམར་ནག་ གཉིས་དང་གྲུབ་ཐོབ་ནམ་མཁའ་རྒྱ་མཚོ་བཅས་ཀྱིས་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་། ཀཿཐོག་གེ་གདན་སར་དྲངས་ནས་དྲུང་པ་ རིན་པོ་ཆེའི་མདུན་དགེ་བསྙེན་དང་བདུད་ཀློག་སོགས་ཀྱི་མདུན་དབང་ལུང་ཡོངས་རྫོགས་གསན། སི་ཏུ་ཆོས་ཀྱི་འབྱུང་གནས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གསར་རྙིང་ ཡོངས་འཛིན་དུ་མ་ལས་སྔ་འགྱུར་མདོ་སྒྱུ་རྣམས་ཀྱི་གཙོས་གསར་རྙིང་རིས་མེད་ཀྱི་སྨིན་གྲོལ་མཐའ་དག་དང་། འདུལ་ཕར་དབུ་ཚད་སོགས་ཕྱི་ནང་རིག་པའི་གནས་ཀྱན་ལ་མཁས་བར་སྦྱངས་ནས། ལོ་བཅུ་གཉིས་བར་དུ་སྐུ་མཚམས་བཅད་རྒྱ་མཛད་དེ་སྒྲུབ་པའི་རྒྱལ་མཚན་བཙུགས། དགོན་མ་ལག་བཅས་པར་བཀའ་གཏེར་གྱི་དབང་ལུང་དང་། སྒྲུབ་ཆེན་འཛུགས་པ། སྔོན་འགྲོ་ནས་བརྩམས་ཏེ་བསྐྱེད་རིམ། གཏུམ་མོ། འཕོ་བ། ཁྱད་པར་དུ་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཐོད་རྒལ་བཅས་ཀྱི་ཉམས་ཁྲིད་རྣམས་ཆད་མེད་དུ་བསྩལ་བས་སྐལ་སྡན་གྱི་སློབ་ཚོགས་རྣམས་རྒྱུད་སྨིན་ངེས་སུ་མཛད་ཅིང་སྔོན་གྱི་བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར་དང་མཚངས་སོ།། མཛད་ཕྲིན་ཕྱག་རྗེས་ཀྱང་། ཀཿཐོག་དགོན་གྱི་གཙུག་ལག་ཁང་ཉམས་གསོ་དང་། སྐུ་འབུམ་ཡན་གྱི་ལྷ་ཁང་ཚང་མ་ལ་ཞིག་གསོ་གསར་སྐྲུན་[page 108] བཅས་ཤིན་ཏུ་མང་ཞིང་། ཚེས་བཅུ་ཆེན་མོའི་དུས་མཆོད་སོགས་བཀའ་གཏེར་མང་པོའི་སྒྲུབ་མཆོད་གསར་འཛུགས་གནང་བ་སོགས་ཀཿབསྟན་སླར་ཡང་གསལ་བར་བྱེད་པའི་འདྲེན་པ་གཅིག་པུ་ཉིད་དུ་ངེས་སོ།། ཁྱད་པར་གསེར་ཐང་དུ་གཞེ་ ཆེན་དང་། རག་ཀྲམ། སྟག་རྩེ། རྒྱལ་རོང་དུ་ཁྲོ་ཆུ་བདེ་ཆེན། ཉག་རོང་དུ་ཞི་པ་དགོན་སོགས་དགོན་པ་གསར་འདེབས་དང་རྙིང་པ་ཉམས་གསོ་བཅས་མཛད་པའི་ལོ་རྒྱུས་ཟུར་དུ་ཤེས་པར་བྱའོ།། ཁོང་གི་ཡང་སྲིད་རིག་འཛིན་འཇིགས་མེད་མགོན་པོ་དང་། འཇིགས་མེད་ཡོན་ཏན་མགོན་པོ། འཇིགས་མེད་བདེ་ཆེན་རྡོ་རྗེ་བཅས་དང་། ད་ལྟ་ ཞལ་བཞུགས་བཞིན་པ་བདུད་འདུལ་བདུན་འཇིགས་མེད་ཕྲིན་ལས་མགོན་པོའི་བར་བྱོན་པ་ལས། སྐུ་རབས་ཚང་མ་མཁས་དང་གྲུབ་པའི་ཡོན་ཏན་རྒྱ་ཆེར་མངའ་ཞིང་ཀཿབསྟན་ ཡོངས་ཀྱི་གཙོ་བོ་ཡིན་པས་མཛད་པ་དང་ཕྱག་རྗེས་རེ་རེ་བཞིན་བྲིས་ན་ཡི་གེས་འཇིགས་པས་དེ་ཙམ་མོ།། དྲི་མེད་ཞིང་སྐྱོང་མགོན་པོའི་ཐུགས་སྲས་ཀུན་གྱི་གཙོ་བོ་དགེ་རྩེ་མ་ཧཱ་པཎྚི་ཏ་ འགྱུར་མེད་ཚེ་དབང་མཆོག་གྲུབ་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ་ལོར་འཁྲུངས་ནས་ཚེ་དབང་ཕྲིན་སལ་ཀྱི་སྤྲུལ་སྐུར་ངོས་འཛིན་ནས་ཀཿཐོག་གི་གདན་སར་དྲངས། རྗེ་དྲི་མེད་ ཞི་སྐྱོང་ཞབས་ལ་བརྒྱུད་དེ་མདོ་སྔགས་རིག་གནས་དང་བཅས་པ་དང་། བཀའ་གཏེར་ཡོངས་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ལ་གསན་བསམ་སྒོམ་གསུམ་གྱི་ཉམས་བཞེས་མཐར་ཕྱིན་པར་མཛད། རྨོག་གྲུབ་ནམ་མཁའ་ཆོས་དབང་དང་། རྡོ་གྲུབ་ཀུན་བཟང་གཞན་ཕན་སོགས་རིས་མེད་ཀྱི་བཤེས་གཉེན་མང་པོ་དང་། ཁྱད་པར་ཀུན་མཁྱེན་འཇིགས་ མེད་གླིང་པ་ལས་སྙིང་ཐིག་ཟབ་མོ་གདམས་ཁྲིད་རྣམས་ཀྱི་ཞིབ་མཐར་བཅས། ཁམས་དབུས་ཀུན་ཏུ་ཀཿཐོག་དགེ་རྩེ་པཎྚི་ཞེས་པའི་མཚན་སྙན་ཕྱོགས་ཀུན་ཁྱབས། ཀཿཐོག་གི་ གདན་ས་དགོན་མ་ལགས་བཅས་ཉམས་གསོ་རྟེན་བཞེངས་སྨིན་གྲོལ་སྤེལ་བ་སོགས་ཀྱི་མཛད་རྗེས་རྒྱ་ཆེ་ཞིང་། དགེ་རྩེ་བཀྲ་ལེགས་དགོན་གསར་དུ་བཏབ་ནས་གཙུག་ལག་ཁང་རྟེན་ དང་བརྟེན་པར་བཅས་པ་གསར་སྐྲུན་དང་། འགོ་ལོག་དང་། རྒྱལ་རོང་། ཉག་རོང་། བཞག་སར་སོགས་ཀྱི་ཀཿདགོན་རྙིང་པ་རྣམས་ཉམས་གསོ་གནང་། ཀཿཐོག་གི་གདན་ས་དུ་དྲི་མེད་ཞིང་སྐྱོང་དང་ལྷན་དུ་གཙུག་ལག་ཁང་ཁམས་གསུམ་ཟིལ་གནོན་རྟེན་དང་བརྟེན་པར་བཅས་གསར་བཞེངས་དང་། སྐུ་ཞབས་རིན་པོ་ཆེའི་མཆོད་ གདུང་གངས་རིའི་རྒྱན་གཅིག་སོགས་ཀྱི་རྟེན་བཞེངས་ཧ་ཅང་རྒྱ་ཆེ། ཆོས་རྒྱལ་སྡེ་དགེ་ཚ་དང་མཆོད་ཡོན་དུ་འབྲེལ་ནས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་དང་། ཀུན་མཁྱེན་ཡབ་ སྲས་བཀའ་འབུམ་སོགས་ཀྱི་ཤིང་དཔར་གསར་སྐྲུན་མཛད། སོག་པོའི་རྒྱལ་པོ་སོགས་ཁམས་དབུས་ཀྱི་ཆེ་དགུ་ཀུན་ཀྱིས་ཞབས་ལ་བཏུད། ཀཿཐོག་ཏུ་སྔ་འགྱུར་བཀའ་མའི་སྒྲུབ་ མཆོད་ཆེན་མོ་གསར་དུ་འཛུགས་པ་སོགས་ཀྱི་ཕྱག་རྗེས་འགྲན་ཟླ་དང་བྲལ། སྔ་འགྱུར་རྒྱུད་འབུམ་དཀར་ཆགས་སོགས་པུས་ཏེ་ཀ་མདའ་ཚད་བཅུ་ཕྲག་ལས་བརྒལ་བའི་བསྟན་ བཅོས་ད་ལྟ་བཞུགས་བཞིན་པ་བཅས་དང་། སྐུ་ཚེ་ཧྲིལ་པོར་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་དང་བཀའ་གཏེར་མང་པོའི་སྨིན་གྲོལ་རྒྱུན་པར་གནང་བ་ལས། ཞལ་ལས་སྐྱེས་པའི་སློབ་ཚོགས་མཁས་དང་[page 109] གྲུབ་པའི་ཡོན་ཏན་ཚད་ལས་འདས་ཤིང་མཛད་ཕྲིན་ཕྱོགས་མཐར་ཁྱབ་པ་མང་པོ་བཞུགས། དེའི་སྤྲུལ་སྐུ་ཚེ་དབང་རིག་འཛིན་རྒྱ་མཚོ་དང་། དེའི་སྤྲུལ་སྐུ་ལྔ་རིག་སྨྲ་བའི་དབང་ཕྱུག་དགེ་རྩེ་པཎྚི་ཏ་དང་དབྱེར་མེད་པའི་མཁས་གྲུབ་ཆེན་པོ་འགྱུར་མེད་བསྟན་པ་རྣམ་རྒྱལ། དེའི་སྤྲུལ་སྐུ་འགྱུར་མེད་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བཅས་སོ།། ཀུན་མཁྱེན་སི་ཏུ་རིན་པོ་ཆེ། ཀཿཐོག་པ་རིག་འཛིན་ཚེ་དབང་ནོར་བུའི་བཀའ་ལུང་བཞིན། སི་ཏུ་ཆོས་ཀྱི་འབྱུང་གནས་དང་། ཀརྨ་པ་ཞྭ་དམར་པ་གཉིས་དྲི་མེད་ཞིང་གིས་ཀཿཐོག་གི་གདན་སར་སྤྱན་དྲངས་ནས་སི་ཏུ་རིན་པོ་ཆེ་རྩ་བའི་བླ་མར་བཀུར། སོ་བྱང་སྔགས་གསུམ་གྱི་སྡོམ་པ་ཡོངས་རྫོགས་གསན། བླ་ སློབ་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ནས་ཀཿཐོག་ཏུ་སི་ཏུའི་ཡང་སྲིད་རེ་བྱོན་རྒྱུའི་ཞལ་བཞེས་གནང་བཞིན། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྐུ་སྐྱེ། སི་ཏུ་ཨོ་རྒྱན་བསམ་འགྲུབ་ འཇིགས་མེད་ཆོས་ཀྱི་སེང་གེ་ཀཿཐོག་གི་གདན་སར་མངའ་གསོལ། དྲི་མེད་ཞིང་དང་། དགེ་རྩ་པཎ་ཆེན། རྡོ་གྲུབ་ཀུན་བཟང་གཞན་ཕན་སོགས་ཀྱི་མཁས་གྲུབ་དུ་མ་ལས་བཀའ་ གཏེར་གསར་རྙིང་མང་པོའི་དབང་ཁྲིད་ལུང་བཅས་ཀྱི་རྒྱུན་རྣམས་གསན། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་མདུན་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྨིན་ གྲོལ་གདམས་ཁྲིད་དང་བཅས་པ་གསན་ནས། སླར་ཀཿཐོག་ཏུ་དགེ་རྩེ་དང་རྨོག་རྩ་འཇིགས་བྲལ་ཚོས་ཀྱི་རྡོ་རྗེ་སོགས་ལ་འཆད་སྤེལ་དང་། གཞན་ཡང་སྔ་འགྱུར་བཀའ་ གཏེར་རྣམས་ཀྱི་སྨིན་གྲོལ་འཆད་སྤེལ་ཁོ་ནི་གནང་བ་ལས་དགོན་པའི་གདན་འཛིན་སོགས་ཀྱི་འགན་ཆེར་མ་བཞེས། དེའི་སྤྲུལ་སྐུ་ཀུན་མཁྱེན་ཆོས་ཀྱི་བློ་གྲོས་ཨོ་རྒྱན་བསྟན་པ་རྣམ་རྒྱལ་ ནི་མཁས་བཙུན་བཟང་པོའི་ཡོན་ཏན་གྱི་རྩེར་སོན་ཞིང་། ཀཿབསྟན་གསལ་བའི་སྒྲོན་མེ་ཆེན་པོར་བཞུགས།

དེའི་ཡང་སྤྲུལ་སི་ཏུ་མ་ཧཱ་པཎྚི་ཏ་ཨོ་རྒྱན་ཆོས་གྱི་རྒྱ་མཚོ་ནི། ཀཿཐོག་རྡོ་རྗེ་གདན་གྱི་བྱང་ཤར་གཏེར་ཀླུང་ལ་མགོ་ཞེས་པའི་གཞིས་ཀ་ནང་སྔོན་རྨོག་རྩ་ཆོས་དབྱིངས་རྡོ་རྗེ་དང་། འཇམ་དབྱངས་ཁྱེན་བརྩེའི་དབང་པོ་འཁྲུངས་ཁྱིམ་དེར་རབ་བྱུང་བཅོ་ལྔའི་ལྕགས་འབྲུག་ལོ་ངོ་མཚན་བལྟས་དང་བཅས་སྐུ་འཁྲུངས། འཇམ་མགོན་དེ་ལ་ཀོང་གཉིས་ཀྱིས་གཙུག་ཕུད་ བཞེས་ཏེ་བདེན་ཚིག་གྲུབ་པའི་ཞབས་བརྟན་མཚན་བཀྲ་ཅན་གནང་། ཆོས་སྲུང་དགྱེས་པའི་རྟགས་མཚན་བཅས་ཀཿཐོག་གི་གདན་སར་དྲངས། དྲི་མེད་ཞིང་སྐྱོང་འཇིགས་མེད་ ཡོན་ཏན་མགོན་པོས་དབང་ཁྲིད་གནང་བ་དང་ཀཿཐོག་གི་ཆོས་ཁྲིར་མངའ་གསོལ་མཛད། ཐུབ་བསྟན་རིག་འཛིན་རྒྱ་མཚོ་ཡོངས་འཛིན་དུ་བཞུགས་ནས་ཡི་གེ་འབྲི་ཀློག་ནས་མདོ་སྔགས་རིག་གནས་དང་བཅས་པའི་གསན་སྦྱོང་མཐར་ཕྱིན་མཛད། རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། འཇམ་མགོན་རྡོ་རྗེ་འཆང་ཀོང་སྤྲུལ་རིན་པོ་ཆེ། སྐུ་ཞབས་དྲི་མེད་ཞིང་སྐྱོང་འཇིགས་མེད་ཡོན་ཏན་མགོན་པོ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་སོགས་ སྐྱེས་ཆེན་བཅུ་ཕྲག་བརྒྱད་ལས་རྒལ་བ་ལ་སྔ་འགྱུར་བཀའ་གཏེར་རྣམས་ཀྱི་གཙོས་གངས་ཅན་ན་བཞུགས་སོ་ཅོག་གི་བཀའ་བསྟན་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཀྱི་གདམས་སྲོལ་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་མ་གསན་པར་མེད་པ་ལྟ་བུ་མཛད། [page 110] ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་བསྒྲུབ་དང་འབྲེལ་བའི་རྟགས་མཚན་མང་པོ་མངོན་དུ་གྱུར། ཐོས་བསམ་སྒོམ་པའི་རྩལ་ཆེན་ཡོངས་སུ་རྫོགས་ནས་ཕྱོགས་མེད་གདུལ་བྱ་རྒྱལ་རོང་། འགོ་ལོག ཉག་རོང་། གོ་བྲག་འཇང་ཡུལ། རྒྱ་ནག་རི་བོ་བྱ་རྐང་། ཚ་བ་སྒང་ཁ་བ་དཀར་པོ། སྨྲ་ཁམས་ཡན་གྱི་གནས་དང་དགོན་གནས་ཕྲ་མོ་ཡན་ཆད་ཞབས་ཀྱིས་བཅགས། བསྟན་དགོན་རྣམས་ལ་སྲི་ཞུ་དང་ཆོས་འབྲེལ་གནང་ནས་མཐོང་ཐོས་དྲན་རེག་གི་སྐྱེ་དགུ་རྣམས་ལ་འབྲེལ་ཚད་དོན་ལྡན་མཛད། ཁྱད་པར་ལྷ་ལྡན་དུ་ཕེབས་སྐབས་ལམ་ཞོར་གྱི་གནས་རྟེན་རྣམས་དང་དབུས་གཙང་ལྷོ་བྱང་སོགས་གྱི་སྒྲུབ་གནས་དགོན་སྡེ་ལྷ་རྟེན་བཅས་ལ་མཆོད་འབུལ་ཤིས་སྨོན་རྒྱ་ཆེར་གནང་། རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་མདུན་མཇལ་བ་དང་འབྲེལ་འབུལ་ཆེན་ཞུས། ཇོ་ཁང་བསམ་ཡས། གཙང་གིཟམ་བུ་ལོང་སོགས་རྟེན་རྣམས་དངོས་དང་བརྒྱུད་ནས་གྲུབ་པའི་ཐུགས་བསྐྱེད་ཡོངས་སུ་རྫོགས། ཀ་ཐོག་ཏུ་གཏེར་ཆེན་མཆོག་གྱུར་གླིང་པ་དང་འཇམ་མགོན་རྡོ་རྗེ་འཆང་ཀོང་སྤྲུལ་རིན་པོ་ཆེ་གདན་འདྲེན་ཞུས་ནས་བསྟན་འགྲོའི་ཞབས་རིམ་ཕུར་ཁང་ཆེན་པོའི་ལྷ་ཁང་དང་སྒྲུབ་གྲྭ་བཙུགས། རབ་ཚེས་མེ་རྟ་ལོར་སྡེ་དགེ་ཆོས་རྒྱལ་ཆེན་པོས་སྒ་རྗེ་སྡེ་པ་སྒང་གི་དུད་ཚང་བརྒྱ་ལྷག་ཡོད་པའི་ས་རྩིས་ཡོངས་རྫོགས་དང་ཧོར་པོ་རྡ་ཆེ་ཟེར་བའི་ས་ཞིང་དང་འབྲི་ཆུ་ཁ་དང་དཔེ་ལྦར་དབུ་རྩེ་སྒང་སོགས་ནས་ས་ཞིང་མང་པོ་གནང་སྟེ་ཀ་ཐོག་པའི་བཤད་གྲྭ་དང་སྒྲིག་ལམ་ཆེན་མོའི་སྒྲུབ་པ་གཞུང་གཉེར་བྱེད་པའིནབདག་རྐྱེན་ཐོབ་པ་ལ་བརྟེན་གཞུང་བརྒྱའི་བཤད་གྲྭ་ནོར་བུ་ལྷུན་པོ་གསར་དུ་བཙུགས། བོད་གངས་ཅན་ལྗོངས་འདིར་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་དྲི་མ་མེད་པ་སྐལ་ལྡན་ཟུར་པ་ཡབ་སྲས་དང་། ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་འཇམ་མགོན་མི་ཕམ་ཆོས་རྗེ་སོགས་སྔ་འགྱུར་མཁས་གྲུབ་རིམ་བྱོན་རྣམས་ཀྱི་ཐུན་མོང་མིན་པའི་བཤད་སྲོལ་བཀའ་འཁོར་མདོ་སྔགས་ཡོངས་ཀྱི་ཟབ་གནད་འགལ་མེད་དུ་ཉམས་སུ་ལེན་པ་ལ་གཞན་དྲིང་མི་འཇོག་པའི་ལྟ་གྲུབ་ཀྱི་རྐང་ཚུབ་པའི་འཆད་ཉན་རྨད་དུ་བྱུང་བའི་རྒྱུན་ཕྱོགས་མེད་དུ་ཁྱབ་པའི་བཀའ་དྲིན་འགྲན་ཟླ་དང་བྲལ། བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་རྣམས་དང་ དཔལ་དུས་ཀྱི་འཁོར་ལོ་ངོ་ལུགས་ཀྱི་སྒྲུབ་པ་སོགས་ཀྱི་རྟེན་ཐོད་དང་སྒྲུབ་རྟེན་སོགས་ཚད་ལྡན་གཞུང་མཐུན་དང་ཕྱག་ལེན་འབུད་དཀྲོལ་ཕྲ་མོ་ཚུན་ཆད་རང་ང་སོ་སོའི་ལུགས་མ་འདྲེས་པའི་སྲོལ་རྒྱུན་ཀུན་གྱི་ཡིད་སྨོན་དུ་གྱུར་པ་དང་། གཞན་ཡང་སྐུ་རྟེན་བྲིས་འབུར། གསུང་རྟེན་ཡིག་གེ། ཐུགས་རྟེན་གཙུག་ལག་ཁང་། དཔལ་རིའི་བློས་བསླང་སོགས་ཀྱི་རྟེན་བཞེངས་སུས་ཀྱང་འགྲན་མི་བཟོད་པ་དང་། ཁྱད་པར་སྲུང་མས་དངོས་སུ་བསྐུལ་བ་དང་འབྲེལ་བའི་མདོ་འགྲེལ་མུན་པའི་གོ་ཆ་སོགས་སྔོན་ཆད་ནུབ་སོང་བའི་དཔེ་གཏེར་མང་པོ་བཞེས་ནས་སྔ་འགྱུར་མདོ་སྔགས་ཀྱི་བསྟན་པའི་མི་རོ་རྨང་ནས་སློང་བའི་མཛད་རྗེས་ཆེ། སྔ་འགྱུར་གཙོ་བོར་གྱུར་བའི་གསར་རྙིང་ཀུན་གྱི་སྨིན་གྲོལ་རྒྱ་མཚོ་ལྟ་བུའི་འཆད་སྤེལ་གསར་རྙིང་སོ་སོའི་ལུགས་བཞིན་མ་འདྲེས་པ་སྐྱོང་[page 111] པས་གསར་རྙིང་ཀུན་གྱི་གཙུག་ཏུ་བཀུར། ཆེ་བཙན་སུས་ཀྱང་ཆེ་དྲེགས་ཀྱི་སྤོབས་པ་བག་ལ་ཞ། འདུས་པའི་འཁོར་ཚོགས་ཅི་ཙམ་མང་ཞིང་ལྟར་མི་བཟོད་པའི་གཟི་བརྗིད་ལྷག་པར་མངའ་བ་སོགས་སྟོབས་བཅུའི་ཡོན་ཏན་ཡོངས་སུ་རྫོགས། ལྷག་པའི་ལྷ་དང་སྲུང་མ་རྣམས་ཀྱི་ཞལ་མཇལ་དང་ལུང་བསྟན་བརྡ་རྟགས་ཐོབ། ཤིང་གླང་ལོར་གསར་རྙིང་གི་སྐྱེས་ཆེན་དུ་མ་དང་རིས་མེད་ཀྱི་དགེ་འདུན་སུམ་སྟོང་བདུན་བརྒྱ་ཁ་ལྷག་གདན་ཞུས་བྱས་ཏེ་སྐུ་གསུམ་རིལ་བུའི་སྒྲུབ་བྱེད་བཙུགས། བསྟན་པའི་དབུ་འཕངས་དགུང་དང་མཉམ་པའི་མཐར་ལོ་དེའི་ཟླ་བ་དགུ་པའི་ཚེས་བདུན་ཉིན་དགོངས་པ་ཡོངས་སུ་རྫོགས་ཏེ་རེ་ཞིག་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་རྒྱལ་ཚབ་བྱམས་པ་མགོན་པོའི་ཐུགས་དཀར་གཤེགས་སོ། རྗེ་འདིའི་ཞལ་སློབ་གཙོ་བོ་འཇམ་མགོན་མཁྱེན་བརྩེའི་འཕྲིན་ལས་མཆོག་སྤྲུལ་འཇམ་མགོན་ཆོས་ཀྱི་བློ་གྲོས་དང་། ཀ་ཐོག་དགེ་བརྩེ་འགྱུར་མེད་བསྟན་པའི་རྣམ་རྒྱལ་སོགས་ཁམས་དབུས་ཐམས་ཅད་དུ་དེ་སྐབས་ཀྱི་དུས་ཙམ་ན་གསར་རྙིང་གི་བླ་ཆེན་ཕལ་ཆེར་གྱིས་ཆོས་ཀྱི་བདུད་རྩི་མ་མྱོང་བ་ཆེར་མེད་པས་རེ་རེ་བཞིན་མ་བྲིས་སོ།། དེའི་ཡང་སྤྲུལ་ཨོ་རྒྱན་བྱམས་པ་མི་འགྱུར་བཤད་སྒྲུབ་ཆོས་ཀྱི་ཉི་མ་ཡང་སྐུ་ཡོན་ཆེ་ཞིང་མཛད་འཕྲིན་ཕྱོགས་མེད་དུ་རྒྱས་སུ་ཉེ་བའི་སྐབས་རྐྱེན་དབང་གིས་དུས་འགྱུར་སྐབས་གཤེགས། དེའི་སྤྲུལ་སྐུ་འབྲུག་ཡུལ་ད་ལྟ་འཁྲུངས་ཡོད་ཀྱང་གདན་སར་བཀོད་མ་ཐུབ། སླད་ནས་མི་འགྱང་པས་འགོད་པྲ་རེ་སྨོན་བཅས་པ་ལགས་སོ། རྨོག་རྩ་རིན་པོ་ཆེ་ནི། འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྤྲུལ་སྐུ། གནམ་ཆོས་མི་འགྱུར་རྡོ་རྗེ་དང་། དེའི་ཡང་སྤྲུལ་རྨོག་སྟོན་རིན་འཛིན་ཆེན་པོ་ནམ་མཁའ་ཆོས་དཔང་ནི་རྨོག་རྩ་ས་ངན་ཤེ་ཕོ་ཚང་གི་གདུང་ལས་འཁྲུངས། རྗེ་དཔོན་བཀྲ་ཤིས་ཕུན་ཚོགས་དང་དྲི་མེད་ཞིང་སྐྱོང་མགོན་པོ་སོགས་བསྟེན་ནས་གྲུབ་པའི་གོ་སར་ཕྱིན། ཀ་ཐོག་སྐུ་འབུམ་དུ་ཆོས་རྗེས་ཡབ་སྲས་གདུང་འབུམ་ལ་རྫ་རྒྱུད་ཨ་དོས་ནས་གསེར་གཏེར་བཞེས་ཏེ་གསེར་ཀོ་སྲབ་མཐུག་ཙམ་བྱུག་ནས་ཉམས་གསོ་མཛད། ཉག་རོང་དྷ་ཀི་དྲུག་སྟོད་དགོན་གསར་དུ་བཏབ་པ་སོགས་ཀྱིས་གྲུབ་པའི་རྟགས་མཚན་ལ་མངའ་དབང་འབྱོར་ཞིང་མཛད་འཕྲིན་རྒྱས་པར་བྱོན། དེའི་སྤྲུལ་སྐུ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་དང་། དེའི་སྤྲུལ་སྐུ་འཇིགས་བྲལ་མཐུ་སྟོབས་རྡོ་རྗེ། དེའི་སྤྲུལ་སྐུ་འཇིགས་བྲལ་ཕྱོགས་ཀྱི་གླང་པོ། དེའི་སྤྲུལ་སྐུ་ད་ལྟ་བཞུགས་བཞིན་པ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་བར་རིམ་པར་བྱོན་ཏེ་ཀ་བསྟན་གསལ་བར་བྱེད་པའི་མཛད་འཕྲིན་རྨད་དུ་བྱུང་བའོ།

གཞན་ཡང་ཀ་ཐོག་ཕྱག་ཚ་སྤྲུལ་སྐུ་ནི་སྦྲ་མགོ་བ་བརྩོན་འགྲུས་རྒྱ་མཚོའི་སྤྲུལ་སྐུ་ཕྱག་ཚ་ངེས་དོན་དབང་པོ་དང་། དེའི་ཡང་སྤྲུལ་ཕྱག་ཚ་ཀུན་བཟང་བསྟན་པའི་ཉི་མ་གཉིས་ཀ་ཐོག་ཏུ་བཞུགས་ནས་གདན་སའི་ཐུགས་བཀུར་བཞེས་པ་དང་སྨིན་གྲོལ་གྱི་འཆད་ཉན་མཛད་སྒོ་སྤེལ་བ་སོགས་ཀ་བསྟན་རྒྱ་ཆེར་བསྐྱདེ་ངས། དེའི་ཡང་སྤྲུལ་ཀུན་བཟང་བྱམས་པ་སེང་གེ་དང་། དེ་རྗེས་ཕྱག་ཚ་བཞི་པ་ཀུན་བཟང་པྡ་མ་འཕྲིན་ལས་ཞེས་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་དང་མཁྱེན་བརྩེ་ནུས་པའི་མཛད་འཕྲིན་རླབས་ཆེན་སྐྱོང་བ་དེ་དང་དེའི་སྤྲུལ་སྐུ་ད་ལྟ་ཞལ་བཞུགས་པ་འཇིགས་མེད་ཚུལ་ཁྲིམས་བློ་གྲོས་ཆོས་ཀྱི་རྒྱལ་[page 112] མཚན་བཅས་ཀཿཐོག་གི་གསེར་ཁྲིར་མངའ་གསོལ་ནས་གདན་ས་དངོས་དགེ་རྩེ་བཀྲ་ལེགས་དགོན་སྐྱོང་བར་མཛད་དོ།

ཀཿཐོག་ཉིན་དགོན་རིན་པོ་ཆེ་ནི། དགོན་ཉིན་བླ་མ་སངས་རྒྱས་བཀྲ་ཤིས་ཀྱི་སྤྲུལ་སྐུ་གྲུབ་པའི་དབང་ཕྱུག་བྱང་ཆུབ་རྡོ་རྗེ་ལི་ཐང་དུ་སྐུ་བལྟམས། དྲི་མེད་ཞིང་སྐྱོང་མགོན་པོས་ངོས་འཛིན་དང་ཀཿཐོག་གི་གསེར་ཁྲིར་མངའ་གསོལ། དམ་པ་འདིའི་སྐྱེ་སྲིད་རྣམས་ཀཿཐོག་གི་བསྟན་པ་གསལ་བར་བྱེད་པའི་སྤྲུལ་སྐུ་རིམ་པར་བྱོན་རྒྱུ་ཡིན་ཞེས་ཞིང་སྐྱོང་རིན་པོ་ཆེས་བསྔགས་བརྗོད་གནང་། དེའི་ཡང་སྤྲུལ་ཀཿབསྟན་གསལ་བའི་ཉིན་བྱེད་ཉིན་དགོན་འོད་གསལ་རྡོ་རྗེ་སྙིང་པོའམ་འགྱུར་མེད་ངེས་དོན་བསྟན་འཛིན་དང་། དེའི་སྤྲུལ་སྐུ་ཉིན་དགོན་གཞན་ཕན་རྡོ་རྗེ་ཞེས་གཡོན་རུ་དཔོན་ཚང་དུ་སྐུ་འཁྲུངས་ནས་ལི་ཐང་རྙིང་མ་གྲྭ་ཚང་ཞེས་པའི་ཆོས་སྡེ་འཛུགས་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་གནང་། དེའི་སྤྲུལ་སྐུ་ཉིན་དགོན་བསོད་ནམས་རྡོ་རྗེ་དང་། དེའི་ཡང་སྤྲུལ་རྩ་ཤུལ་སྤྲུལ་པའི་སྐུ་བསོད་རྒྱལ་གྱི་སྲས་འགྱུར་མེད་སྐལ་བཟང་སྟོབས་རྒྱལ་བར་བྱོན་ནས་ལུང་རྟོགས་གཉིས་ཀྱི་བསྟན་པ་ལ་བཀའ་དྲིན་ཆེ་བར་བྱུང་། དེའི་སྤྲུལ་སྐུ་ནི་དེ་སྔོན་ངོས་འཛིན་དང་ཁྲི་འཁོད་མ་ཐུབ། མཚོ་ཕུ་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་དང་། ཛཿཀ་མཆོག་སྤྲུལ་རིམ་བྱོན་དང་། ལུང་ཟིན་ཆོས་ཉིད་རྒྱ་མཚོའི་སྐྱེ་སྤྲུལ་འཇམ་དབྱངས་སྤྲུལ་པའི་སྐུ་རིན་པོ་ཆེ་དང་། ཀཿཐོག་དྲི་མེད་ཞིང་སྐྱོང་འཇིགས་མེད་ཡོན་ཏན་མགོན་པོའི་རྗེ་དཔོན་པདྨ་རྒྱལ་མཚན་གྱི་སྐུ་ཕྲེང་། ལྕམ་བླ་སྤྲུལ་སྐུ་སོགས་ཀྱི་སྐྱེ་ཕྲེང་རྣམས་ཀྱང་ཀཿཐོག་པའི་སེང་ཁྲིར་བཀོད་ནས་བསྟན་དགོན་འདི་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་ཁོ་ན་ལགས་པས་བསྟན་པ་ལ་དངོས་སུ་འཛིན་སྐྱོང་སྤེལ་བའི་མཛད་སྒོ་རྒྱ་ཆེར་བསྐྱངས་བའི་རྒྱུས་ཞིབ་པ་འདིར་མ་སྤྲོས། གཞན་ཡང་རྗེ་འཁྲུལ་ཞིག་ཡབ་སྲས་བརྒྱུད་པ་དང་། ཁྲོམ་དགོན་བླ་རབས་རིམ་བྱོན། ཁྲོ་ཟུར་ཡབ་སྲས། ཁ་སར་གཏེར་རྒན། ཨ་འཛོམ་འབྲུག་པ་ཡབ་སྲས། མཁན་རྒན་རིག་འཛིན་རྒྱ་མཚོ། མཁན་རིན་པོ་ཆེ་ཨ་སྟོབས་སམ་ཐུབ་བསྟན་རྒྱལ་མཚན་འོད་ཟེར། གཏེར་ཆེན་དྲི་མེད་ཡབ་སྲས་བརྒྱུད་པ་དང་བཅས་པ། རིག་འཛིན་མཐུ་སྟོབས་གླིང་པ་ཡབ་སྲས། སྤྲུལ་པའི་གཏེར་ཆེན་ལས་རབས་གླིང་པ། བདེ་ཆའི་གདུང་རྒྱུད་རིམ་བྱོན་རྒྱལ་ཁོས་སྤྲུལ་སྐུ་ཀུན་ཏུ་བཟང་པོ་སོགས་ཕྱོགས་མཐའ་དག་ནས་ཀཿབསྟན་བརྒྱཽད་འཛིན་གྱི་སྐྱེས་ཆེན་མང་དུ་བྱོན་པ་རྣམས་ཀྱི་རྣམ་ཐར་སྨོས་ཀྱིས་ག་ལང་། ཀུན་མཁྱེན་སི་ཏུ་ཆོས་ཀྱི་རྒྱ་མཚོ་སྐུ་གཤེགས་ཤུལ་མཛད་རྗེས་ཀྱི་ལྷག་མ་མཐའ་དག་བསྐྱངས་ནས་ཀཿབསྟན་གསལ་བའི་བྱེད་པོ་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་དང་། དྲི་མེད་ཞིང་སྦྲུལ་རིན་པོ་ཆེ་བདེ་ཆེན་རྡོ་རྗེ། རྗེ་དབོན་པདྨ་རྒྱལ་མཚན། རྨོག་རྩ་འཇིགས་བྲལ་ཕྱོགས་ཀྱི་གླང་པོ་རྣམས་ཡིན་ཡང་རྗེ་དབོན་དང་རྨོག་རྩ་ཡུན་དུ་མ་བཞུགས་ནས་ཞི་བར་གཤེགས། སྐྱབས་མགོན་རིན་པོ་ཆེ་དམ་གྲིབ་ཀྱིས་སྙུང་གཞི་ཆེ་ནས་གདན་སར་ཆེར་བཞུགས་རྒྱུ་མ་གྲུབ་པས། ཞིང་སྐྱོང་རིམ་པོ་ཆེའི་རྒྱབ་སྐྱོར་དུ་རྗེ་འཇམ་མགོན་ཆོས་ཀྱི་བློ་གྲོས་ཀྱིས་ཐུགས་འཁུར་ཆེར་བཞེས་མཛད་དེ། ཟངས་མདོག་དཔལ་རི་དང་། [page 113] ཐུབ་ཆེན་ཁང་སོགས་ཀྱི་ལྷ་ཁང་དང་། བཤད་སྒྲུབ་གཉིས་དང་། བཤད་སྒུརབ་གཉིས་དང་། བཀའ་གཏེར་སྒྲུབ་མཆོད་རྣམས་ཉམས་གསོ་དང་ཀཿཐོག་པའི་ཆོས་ཁྲིམས་བཅའ་བཀོད་བཅས་ཞི་དྲག་སྤེལ་མར་གནང་། དབང་ལུང་གདངས་ཁྲིད་བཅས་ཀྱི་སྲོལ་རྒྱུན་ལེགས་པར་འཛུགས་པ་སོགས་དེ་སྐབས་ཙམ་ན་ཀཿབསྟན་ལ་བཀའ་དྲིན་ཁོང་ལས་ཆེ་བ་མེད།

བཤད་སྒྲུབ་ཀྱི་སྲོལ་འཛུགས་ཚུལ་ནི། སྐྱེས་ཆེན་དམ་པ་དེ་དག་གི་སྐུ་རིང་ལ་ལུང་གི་བསྟན་པ་འཆད་ཉན་དང་རྟོགས་པའི་བསྟན་པ་སྒོམ་སྒྲུབ་མཛད་ནས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་གནང་བའི་ཚུལ་ནི། ཆོས་སྡེ་འདི་ཐོག་མར་འདེབས་སྐབས་ནས་བཟུང་སྟེ་ད་ལྟའི་བར་བཤད་སྒྲུབ་ཀྱི་རྒྱུན་མི་ཉམས་བར་བཞུགས་ཏེ། ཆོས་རྗེ་དམ་པ་བདེ་བར་གཤེགས་པའི་རྣམ་ཐར་ལས་དེའི་སྐབས་ཀྱི་ཆོས་ཞུ་སྟོང་ཙམ་རེ་ཡོད་པས་ཉིན་མོར་ལྷ་ཁང་བཞེངས། མཚན་མོར་ཆོས་ཞུས་ནས་སྒྲིབ་སྦྱོང་སྦྲགས་མར་མཛད་ཅེས་གསུང་པ་དང་། དགུང་ལོ་བཞི་བཅུ་བར་སྲིབ་རི་ལ་བཤད་གྲྭ་དང་ཉིན་རེ་ལ་སྒོམ་གྲྭ་བཙུགས་ཞེས་བྱུང་བ་ལ་གཞིག་ན་རབ་བྱུང་གསུམ་པའི་ལྕགས་སྤྲུལ་ལོ་ནས་བཤད་སྒྲུབ་ཀྱི་སྡེ་སོ་སོར་དངོས་སུ་ཚུགས། དབྱར་དུས་བཤད་གྲྭ་ལ་མདོ་སྔགས་རིག་གནས་དང་གཅས་པའི་འཆད་སྤེལ་དང་བཤད་པ་གཙོ་བོར་མཛད། དགུན་དུས་སྒོམ་གྲྭ་ལ་རྒྱུད་སྡེ་ཕྱི་ནང་གི་སྒྲུབ་པ་དང་ཁྱད་པར་མདོ་རྒྱུ་སེམས་གསུམ་གྱི་ཉམས་བཞེས་གཙོ་བོར་སྐྱོང་བ་ལས་དབྱར་དགུན་གཉིས་ཀྱི་མཁན་པོ་སོ་སོར་སྐོ་འཇོག་གནང་། དེ་རྗེས་སློབ་ཚོགས་ཤིན་ཏུ་མང་ཆེ་བ་ལ་ཐུན་མོང་གི་རིག་གནས་བཟོ་གསོ་སྒྲ་ཚད་དང་། སྡེབ་སྦྱོར་སྙན་དངགས་རྩིས་དཀར་ནག་མན་གོན་བརྗོད་བཅས་དང་། ནང་དོན་གཙོ་བོ་འདུལ་མངོན་དང་ཕར་ཕྱིན་དབུ་མ། བྱམས་ཆོས་སོགས་དང་། བདེ་གསང་དུས་འཁོར་སོགས་ཀྱི་བཤད་པ་རྣམས་མཛད་པ་ལ་མཁན་པོ་ཡེ་ཤེས་རྒྱལ་མཚན་བསྐོས་པ་དང་། སྔགས་རྒྱུད་སྤྱི་དང་གཙོ་བོ་མདོ་སྒྱུ་སེམས་གསུམ་གྱི་འགྲེལ་བཤད་སྨིན་གྲོལ་ཉམས་ཁྲིད་བཅས་གནང་བ་ལ། སྒྲུབ་གྲྭ་མཁན་པོ་ཀོང་བོ་བླ་མ་བུ་ཆུང་མཁན་པོ་བསྐོས་པར་མཛད། དེ་ནས་བཟུང་སྟེ་བླ་རབས་རྣམས་ཀྱི་སྐབས་མཁས་པ་ཆེན་པོ་ཤཱཀྱ་རྡོ་རྗེ་སོགས་མཁན་རབས་བཅུ་གསུམ་དང་། དེ་ནས་བཟུང་སྟེ་བླ་རབས་རྣམས་ཀྱི་སྐབས་མཁས་པ་ཆེ་པོ་ཤཱཀྱ་རྡོ་རྗེ་སོགས་མདོར་ན་སྔོན་དུས་སུ་གདན་རབས་རེ་དང་། མཁན་རབས་རེ་སྤེལ་མར་བྱོན་ནས་མཁན་པོ་རྣམས་ཀྱིས་མདོ་སྔགས་ཕྱི་ནང་རིག་གནས་དང་བཅས་པའི་རྒྱུན་མ་ཉམས་པར་སྐྱོང་བ་དང་། བསྟན་པ་ཕྱི་དར་གྱི་རྗེས་རྗེ་དྲི་མེད་ཞིང་དང་དགེ་པཎ་དུས་ནས་བཟུང་མདོ་སྔགས་རིག་གནས་སྤྱི་དང་ཁྱད་པར་སྒྱུ་འཕྲུལ་གྱི་བཤད་པ་རྒྱ་ཆེར་དར་བར་མཛད་དོ། ཕྱིས་རབས་ཚེ་མེ་རྟ་ནས་ཀུན་མཁྱེན་སི་ཏུ་པཎྚི་ཏ་ཆོས་ཀྱི་རྒྱ་མཚོ་ཉིད་ཀྱིས་ལོ་ཤས་གནང་། དེ་རྗེས་གཞི་ཆེན་དགོན་པའི་མཁན་པོ་བསྟན་བཟང་གིས་ལོ་གཉིས་ཙམ་མཛད་པ་དེ་མཁན་པོ་འདི་འགྲན་ཟླ་དང་[page 114] བྲལ་བའི་བཙུན་པ་ཉེ་བ་འཁོར་ལྟ་བུ་ཞིག་ཡོད་པར་བཤད། འདི་སྐབས་མཁན་པོ་རྡོ་ལི་ཡང་མཁན་པོ་ཟླ་ཤས་བཞུགས་མྱོང་། དེ་རྗེས་མཁན་རབས་གཉིས་པ་ཀུན་བཟང་དཔལ་ལྡན་ནི་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་དང་། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་ཐུགས་སྲས་ཀྱི་གཙོ་བོ་ཡིན། ཀག་ཐོག་སི་ཏུ་རིན་པོ་ཆེས་མི་ཕམ་གདན་འདྲེན་ཞུས་པ་ལ་སྔ་འགྱུར་བསྟན་པའི་ལྷ་གྲུབ་རང་རྐང་ཚུགས་ཐུབ་ངེས་ཀྱི་མཁན་པོ་ཡིན། ཁོང་གདན་འདྲེན་ཞུས་བྱས་ན་ཁོང་དང་ཁྱད་མེད་ཅེས་གསུངས་པ་བཞིན། ཀག་ཐོག་ཏུ་ཕེབས་ནས་ལོ་ལྔ་མཁན་པོར་བཞུགས། ཧོར་པོ་ཤཱཀྱ་རྡོ་རྗེའི་བཞུགས་གནས་ས་མལ་སོགས་ངོས་འཛིན་གནང་ནས་དེའི་སྐྱེ་བར་ཞལ་གྱིས་བཞེས། སློབ་མའི་གཙོ་བོ་མཁས་པ་ཆེན་པོ་སྐལ་བཟང་དབང་ཕྱུག་དང་། མཁན་ཆེན་ལེགས་བཤད་འབྱོར་ལྡན་གཉིས་གཙོས་མཁས་པ་ཆེན་པོ་མང་དུ་བྱོན།

མཁར་རབས་གསུམ་པ་ཀུན་མཁྱེན་བླ་མ་ངག་གི་དབང་པོ་ནི་ཁྲོམ་ཁང་སྨྱོ་ཤུལ་དུ་སྐུ་འཁྲུངས་ནས། བླ་མ་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མའི་ཞབས་ལ་བཏུད་དེ་རྫོགས་པ་ཆེན་པོ་ཀློང་ ཆེན་སྙིང་ཐིག་གི་སྔོན་འགྲོ་དངོས་གཞི་བཅས་བུམ་པ་གང་བྱོའི་ཚུལ་དུ་བཞེས་ནས་སྙིང་ཐིག་བསྟན་པའི་བདག་པོར་མངའ་གསོལ། བླ་མའི་བཀའ་བཞིན་རྫོགས་ཆེན་ཤྲཱཻ་སེང་ཧའི་བཤད་གྲྭ་ནང་གྲྭ་སར་ཕེབས་ཏེ་མཁས་པའི་ཕུལ་དུ་ཕྱིན། རང་ཡུལ་ཕྱིན་ནས་བླ་མའི་ཞལ་ཆེམས་དང་། སི་ཏུ་རིན་པོ་ཆེའི་ཞུ་ཡིག་ལན་གྲངས། མ་ཅིག་དཔལ་ལྡན་ལྷ་མོས་ཡང་ཡང་བསྐུལ་པར་བརྟེན་ཀག་ཐོག་ཏུ་ཕེབས། ཀག་ཐོག་པ་ཡེ་ཤེས་འབུམ་པའི་སྐྱེ་སྲིད་དུ་ཞལ་གྱིས་བཞེས། ཀག་ཐོག་བཤད་གྲྭའི་མཁན་པོ་ལོ་ལྔ་བཞུགས་པ་ལས། སློབ་མའི་གཙོ་བོ་དྲུག་སྟོད་མཁན་པོ་ཨ་དགེ་དང་། ཁམས་སྒར་མཁན་པོ་ཇོ་ཚེ་རྡོ་སོགས་མཁས་དང་སྒོམ་པའི་རྣལ་འབྱོར་བ་མང་དུ་བྱོན། དེ་སྐབས་ཀག་ཐོག་པའི་སྤྲུལ་སྐུ་རྣམས་ན་ཕྲ་བའི་སྐབས་དེར་ལོ་རེར་བཞིན་ཀག་ཐོག་ཏུ་ ཕེབས་ནས་བཀའ་གཏེར་གྱི་སྨིན་གྲོལ་རྣམས་རྒྱུན་མི་ནུབ་པ་མཛད་ཅིང་སི་ཏུ་རིན་པོ་ཆེའི་མཛད་རྗེས་བློས་སློང་གི་སྒོ་རྫོགས་དང་གསེར་འགེབས་རྣམས་ལ་གསེར་རྒྱབ་ས་སོགས་ བརྟེན་བཞེངས་བཅས་ཀྱིས་སྐྱོང་བར་མཛད། གོང་མའི་གཟིགས་སྣང་དང་རྗེ་འཇམ་དབྱངས་མཁྱེན་བརྩེའི་བཀའ་ལུང་ལྟར་མཆོག་གི་ ཡང་སྲིད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ད་ལྟ་ཞལ་བཞུགས་བཞིན་པ་ལས་ཀག་ཐོག་པའི་ཆོས་སྡེ་མ་ལག་དང་བཅས་ལ་སྨིན་གྲོལ་གྱི་བཀའ་དྲིན་རྩོལ་བཞིན་བཞུགས་པའོ།།

མཁན་རབས་བཞི་པ་མཁན་ཆེན་ལེགས་པར་བཤད་པའི་འབྱོར་ལྡ་ནི་ཉག་རོང་འབྱུང་ཁུངས་དགོན་གྱི་ཉེ་འདབས་སུ་འཁྲུངས། སི་ཏུ་རིན་པོ་ཆེ་ཉག་ཡུལ་དུ་ཕེབས་སྐབས་ཞལ་མཇལ་བ་ཙམ་གྱིས་མི་ཕྱེད་པའི་དད་པ་ཐོབ། དགེ་ཚུལ་བསྒྲུབས་ནས་མཚན་ལེགས་བཤད་འབྱོར་ལྡན་དུ་གསོལ། ཀག་ཐོག་བཤད་གྲྭ་ནང་ཕེབས་ངེས་དགོས་ཞེས་ཀབའ་བསྩལ་བ་བཞིན། ཀག་ཐོག་ཏུ་བྱོན་ནས་བཤད་གྲྭ་ཐེངས་དང་པོའི་ནང་བཞུགས། ཕྱིས་མཁན་ཆེན་ཀུན་བཟང་དཔལ་ལྡན་ལས་མདོ་སྔགས་སྤྱི་དང་སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས་ཀྱི་འགྲེལ་བཤད་མ་ལུས་པ་གསན། དེ་རྗེས་བཤད་གྲྭ་ནས་ཕྱིར་བཞུགས་ཏེ་སི་ཏུ་ཐམས་ཅད་མཁྱེན་[page 115] པ་དང་ཀུན་མཁྱེན་ངག་གི་དབང་པོ། དགེ་རྩ་འགྱུར་མེད་བསྟན་པའི་རྣམ་རྒྱལ། འཇམ་དགོན་མཁྱེན་སྤྲུལ་རིན་པོ་སོགས་བཀའ་བསྟན་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་སྦྱོང་མཐར་ཕྱིན་པར་མཛད། རྨོག་སྤྲུལ་ཕྱོགས་ཀྱི་གླང་པོས། ཧོར་པོ་ཤཱཀྱ་རྒྱལ་མཚན་སོགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། དེ་རྗེས་ཀག་ཐོག་མཁན་རབས་བཞི་པའི་སེང་ཁྲིར་ཕེབས་ནས་སྔ་ཕྱིར་ལོ་བདུན་བཞུགས། མདོ་སྔགས་ཀྱི་བཤད་པ་གཏིང་ཟབ་ཚིག་སྒྲོས་ལེགས་པ་སྤྱི་བཤད་དང་གཞུང་བཤད་མ་འདྲེས་པ་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱི་འཆད་ཚུལ་ལྟར་དང་། བཤད་སྒྲའི་སྒྲིག་ལམ་ཀུན་སྤྱོད་ཚང་མ་སི་ཏུ་རིན་པོ་ཆེའི་ཐུགས་བཞེད་ལྟར་ལེགས་པར་བསྒྲུབས་པས། དེའི་དུས་སྐབས་ལྟ་བུའི་སློབ་གཉེར་འཕེལ་རྒྱས་ཆེ་བ་འགའ་ཡང་མ་བྱུང་བར་གྲགས། དེ་ཚེ་སློབ་མའི་གཙོ་བོ་མཁས་པའི་དབང་པོ་ནུས་ལྡན་མཁྱེན་བརྩེའི་བློ་གྲོས་དང་། འགོ་ཚ་མཁན་པོ་ཐུབ་བསྟན་པདྨ་རབ་རྒྱས། ཀག་ཐོག་མཁན་པོ་ཀུན་དགའ་བསྟན་འཛིན། མཁན་རྒན་རྒྱལ་མཚན་འོད་ཟེར་བཅས་བཤད་གྲྭའི་མཁན་ཁྲིར་དངོས་སུ་བཞུགས་པ་དང་། མཁན་ཁྲིར་བཞུགས་སྐབས་མ་བྱུང་ཡང་ལུང་རྟོགས་ཀྱི་བསྟན་པ་གསལ་བར་ནུས་པའི་ མཁན་པོ་འགུ་ལོག་སྤྲུལ་སྐུ་འགྱུར་མེད་རྡོ་རྗེ། ཉག་རོང་མཁན་པོ་མགོ་ལོག་ཕེབས་ནས་བཤད་གྲྭ་བཅུ་གསུམ་བཙུགས་མཁན་འཇམ་དཔལ་རྒྱ་མཚོ་དང་། མདོ་སྔགས་སྤྱི་དང་ཁྱད་པར་སྒྲ་ལ་མཁས་པ་ཆེན་པོ་ཉག་རོང་མཁན་པོ་ཤེས་རབ་སེང་གེ། ཧ་འཇའ་མཁན་པོ་དོན་འགྲུབ་པ་དང་། དཔལ་ཡུལ་མཁན་པོ་པདྨ་འདི་གཉིས་དཔལ་ཡུལ་དགོན་གྱི་མཁན་པོའི་འགན་བཞེས་མྱོང་། ར་ལི་མཁན་པོ་ཨོ་རྒྱན་རིག་འཛིན་ཕྱིས་མཁན་ངག་དགའི་ཞལ་སློབ་གཙོ་བོ་ཞིག་ཡིན། འབིག་ལུ་མན་པོ་དྲི་མེད་བློ་གྲོས་འདི་མགོ་ལོག་ཁྲ་གླིང་དུ་ཕེབས་ནས་བཤད་གྲྭ་མཁན་པོ་ལོ་མང་མཛད། གཞན་ཡང་ཉག་རོང་ཞིབ་དགོན་བསྟན་འཛིན་ཆོས་འཕེལ་དང་། བསྟན་འཛིན་ནོར་བུ། མཚོ་ཁ་བེ་དཀར། ཛག་མཁན་པོ་ཚུལ་ཁྲིམས་སོགས་མཁས་པ་མང་པོས་ཕྱོགས་ཀུན་ཁྱབ་པར་བྱུང་། མཁན་པོ་དེའི་ཡང་སྲིད་བློ་གྲོས་བསྟན་པའི་རྒྱལ་མཚན་ཡང་འཇམ་དབྱངས་མཁྱེན་བརྩེ་ ཆོས་ཀྱི་བློ་གྲོས་ཀྱི་བཀའ་ལུང་བཞིན། སི་ཏུ་རིན་པོ་ཆེ་བྱམས་པ་ཆོས་ཀྱི་ཉི་མ་དང་མཁན་རྒན་རྒྱལ་མཚན་འོད་ཟེར་སོགས་ཀྱིས་ གསོ་སྐྱོང་མངའ་གསོལ་གནང་བ་ལས་ད་ལྟ་ཀག་བསྟན་ཕྱོགས་གཅིག་ལེགས་པའི་སྦོབས་པ་འགྲན་ཟླ་མེད་ཅིང་བསྟན་པའི་གསལ་བྱེད་དམ་པ་དངོས་སུ་བཞུགས་སོ།།

མཁན་རབས་ལྔ་པ་ནུས་ལྡན་མཁྱེན་བརྩེའི་བློ་གྲོས་ནི་གསེར་ཐང་དུ་སྐུ་འཁྲུངས། ལྷ་ལྡན་གནས་མཇལ་ཕེབས་སྐབས། སི་ཏུ་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་མ་ཐག་འདི་སྣང་ཐམས་ཅད་དར་ཅིག་འགགས་ནས་རིག་པ་ཆོས་ཉིད་ཀྱི་ཀློང་དུ་བརྒྱལ། དེ་ནས་བཟུང་བླ་མ་སངས་རྒྱས་དངོས་མཐོང་གི་མོས་གུས་རྒྱུན་ཆད་མེད་པའི་ངོས་རིན་པོ་ཆེའི་བཀའ་བཞིན་ཀག་ཐོག་ཏུ་བྱོན་རྒྱུ་སྡེ་བཤད་གྲྭར་མཁན་པོ་ལེགས་བཤད་འབྱོར་ལྡན་ མདུན་མདོ་སྔགས་ཀུན་གྱི་ཟབ་གདན་རྫོགས་པར་གསན་ནས་མཁས་པ་ཀུན་གྱི་ཕུལ་དུ་ཕྱིན། སྐབས་སྐབས་སུ་རིན་པོ་ཆེའི་མདུན་སྨིན་ཁྲིད་རྣམས་ཀྱང་གསན་སྦྱོང་མཛད། མཁན་ལེགས་བཤད་[page 116] རྗེས། བཤད་གྲྭའི་མཁན་པོར་བཞུགས་ནས་སྔ་སྲོལ་གཞུང་བཤད་རྣམས་མ་ཉམས་པར་བསྐྱངས། རྗེས་སུ་ཕྱོགས་མེད་ཀྱི་མཁས་གྲུབ་དུ་མའི་ཞབས་བཏུད། ཁྱད་པར་གཙང་གྲུབ་བྱམས་པ་ཆོས་འཛིན་མདུན་བྱོན་ནས་རྫོགས་ཆེན་གྱི་ལྟ་གྲུབ་ཟབ་དོན་དགོངས་དོན་མངོན་དུ་གྱུར། ཕྱིས་དགོངས་ཀློང་རྡོལ་བའི་བསྟན་བཅོས་སྤྱི་མདོ་དགོངས་པ་འདུས་པ་དང་། རྫོགས་པ་ཆེན་པོ་སེམས་སྡེ་ནམ་མཁའ་ཆེ་སོགས་ཀྱི་འགྲེལ་ཊཱཻཀ་པོད་བརྒྱད་ཙམ་མཛད་དེ་སྔ་འགྱུར་རྙིང་བསྟན་ལ་རྗེས་བཞག་འགྲན་ཟླ་བྲལ་བར་བཞུགས་སོ།།

མཁན་རབས་དྲུག་པ་ཤིང་ཁྲི་མཁན་པོ་ཀུན་དགའ་བསྟན་འཛིན་བཤད་གྲྭའི་མཁན་པོ་ལོ་ལྔ་བཞུགས་ནས། བཤད་གྲྭ་པ་རྣམས་ཀྱི་ཟླ་བ་རེ་ནང་ཉིན་གསུམ་རེ་བལྟ་བསྐོར་གནང་། སྔ་རྒྱུན་གྱི་བཤད་པ་དང་སྒྲུབ་པ་རྣམས་ཀྱང་ནུབ་མེད་འཛུགས་པར་མཛད། དེ་སྐབས་རིན་པོ་ཆེའི་མཁན་པོ་ཚུལ་ཁྲིམས་ཉི་མ་སོགས་མཁས་པའང་ཁ་ཤས་བྱུང་། མཁན་རབས་བདུན་པ་འགོ་ཚ་མཁན་པོ་པདྨ་རབ་རྒྱས་ནི། འགོ་ཚར་འཁྲུངས། ཀག་ཐོག་ཏུ་གྲྭ་སར་ཕེབས་ཏེ་མཁན་པོ་ལེགས་བཤད་འབྱོར་ལྡན་བཤད་གྲྭར་བཞུགས་པའི་དུས་དང་ཕྲད། ལོ་ལྔའི་བར་སློབ་གཉེར་སྦྱངས་ནས་མཁས་པ་ཆེན་པོར་གྱུར། སླར་ཡང་མཁན་ཆེན་ཀུན་བཟང་དཔལ་ལྡན་མདུན་ཕེབས་ཏེ་བླ་མ་མི་ཕམ་རིན་པོ་ཆེའི་ བཤད་སྲོལ་ཟབ་མོ་ཚིག་ཙམ་གྱི་ཆད་ལྷག་མེད་པའི་ཞལ་རྒྱུན་ལ་རྩལ་འདོན་ནན་ཟབ་གནང་། ཀག་ཐོག་ཏུ་བཤད་གྲྭ་མཁན་པོ་ལོ་ལྔ་བཞུགས་ནས། སྔ་སྲོལ་མདོ་སྔགས་སྤྱི་དང་ཁྱད་པར་སྤྱི་མདོ་དགོངས་འདུས་ཀྱི་འགྲེལ་བཤད་རྣམས་དར་སྤེལ་མཛད། ཁོང་གི་ཞལ་སློབ་ཉག་རོང་མཁན་པོ་ཤེས་རབ་རབ་གསལ་དང་། ཁྱུང་པོ་མཁན་པོ་དོན་དམ་ཆོས་མཆོག དངུལ་ཁག་མཁན་པོ་ཤེས་རབ་མགོ་ལོག་དང་བྱེ་བྲག་འོད་གསལ་རྫོགས་པ་ཆེན་པའི་ཤིང་རྟ་ཆེན་པོ་མགོ་ལོག་མཁན་པོ་མུན་སེལ་ལམ་ཐུབ་བསྟན་ཚུལ་ཁྲིམས་རྒྱ་མཚོའང་མཁན་པོ་འདིའི་ཕལ་སློབ་གཙོ་བོ་གཅིག་ཡིན་ནོ།།

མཁན་རབ་བརྒྱད་པ་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ནི་ཧོར་པོར་སྐུ་འཁྲུངས། ཆུང་དུས་ནས་སྐྱོ་ཤས་དང་སྙིང་རྗེ་ཆེ། དད་པ་བརྟན་པ་ཆོག་ཤེས་མངའ་བ་སོགས་ཀྱི་ཡོན་ཏན་རང་ཤུགས་སུ་ཡོད་ལ། ཕྱིས་བཤད་གྲྭར་མཁན་པོ་ལེགས་བཤད་དུས་བཞུགས་ནས། གུས་རྟག་གི་བརྩོན་འགྲུས་དང་ཤེས་རབ་ཆེ་བས་མདོ་སྔགས་ཀུན་ལ་སྦྱང་བརྩོན་ལྷོད་མེད་མཛད་དེ་མཁས་པའི་གོ་སར་ཕྱིན། སི་ཏུ་རིན་པོ་ཆེ་དང་མཁན་ཆེན་ངག་གི་དབང་པོ། མཁན་པོ་ལེགས་བཤད་སོགས་ཀྱི་མདུན་བཀའ་གཏེར་མང་པོའི་སྨིན་གྲོལ་གསན། ཀག་བཤད་གྲྭའི་མཁན་པོ་ལོ་ལྔ་བཞུགས་ནས་བཅའ་ཁྲིམས་དང་སྒྲིག་ལམ་ལ་ཧ་ཅང་ནན་ཟབ་མཛད། མདོ་སྔགས་གཞུང་བཤད་རྣམས་སྔ་རྒྱུན་ལྟར་བསྐྱངས་བས། མཁན་བུ་ཙམ་མདོ་མན་པོ་རྡོ་རྗེ་བློ་གྲོས་དང་། གསེར་ཐར་བླ་མ། གུ་རུ་དགོན་གྱི་བློ་གྲོས། ཉ་ཤེས་དཔང་རྒྱལ་སོགས་མཁས་པའི་རྣམ་དཔྱོད་མཆོག་ཏུ་མངའ་བ་ཤ་སྟག་བྱུང་།

[page 117] མཁན་རབས་དགུ་པ་ཉག་རོང་མཁན་པོ་ཤེས་རབ་གསལ་ནི། ཉག་སྨད་ཨོ་རྒྱན་ཕུན་ཚོགས་དཀོན་གྱི་ཟུར་དུ་འཁྲུངས། མཁན་ཆེན་པདྨ་རབ་རྒྱས་གཙོ་བོར་གྱུར་པའི་མཁས་པ་མང་པོའི་ཞལ་གྱི་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་བཀང་སྟེ་མདོ་སྔགས་རིག་གནས་དང་བཅས་པ་མཁྱེན་རྟོགས་ཕུལ་དུ་ཕྱིན། བཤད་གྲྭ་མཁན་པོ་ལོ་དྲུག་བཞུགས་ནས་སྔར་རྒྱུན་བཤད་སྲོལ་ནུབ་མེད་སྐྱོང་བའི་ཞལ་སློབ་གཙོ་བོ། ཉག་རོང་མཁན་པོ་པདྨ་རང་གྲོལ་ཞུ་བ་འདི་ཆབ་མདོ་རིན་པོ་ཆེ་རྙིང་མ་གྲྭ་ཚང་གི་མཁན་པོ་ཕེབས་པའི་སློབ་བརྒྱུད་ད་ལྟ་རྒྱ་གར་དང་ཨ་མི་རི་དཀར་མཁན་པོ་དཔལ་ལྡན་ཡེ་ཤེས་ དང་བསོད་ནམས་སྟོབས་རྒྱལ་ཞུ་བ་རྣམས་ཀྱང་འདིའི་སློབ་མ་ཡིན། ཉག་རོང་མཁན་པོ་དགེ་འདུན་འཕེལ་རྒྱས། མགོ་ལོག་སྡེ་ནང་མཁན་པོ་ཡེ་ཤེས། ཁྲ་གླིང་སྤྲུལ་སྐུ་བསྟན་པའི་ཉི་མ། བྲོ་ཕུན་ཚོགས་དང་དགེ་ཁྱི་མཆོག་སོགས་མཁས་པ་ཆེན་པོ་མང་དུ་བྱུང་། མཁན་རབས་བཅུ་པ་པདྨ་མཐར་ཕྱིན་ནམ་དགེ་འདུན་འཕེལ་རྒྱས་ཉག་འབྱུང་ཁུངས་དགོན་དུ་འཁྲུངས། སྨྱོ་ཤུལ་བཤད་གྲྭ་ནང་ལོ་ལྔ་བཞུགས་ནས་མཁན་པོ་ཨ་ཕྲིན་དང་མཁན་རིན་པོ་ཆེ་ནུས་ལྡན་མདུན་ནས་སྦྱང་བརྩོན་མཐར་ཕྱིན། ཀག་ཐོག་ཏུ་ཕེབས་ཏེ་མཁན་ཤེས་རབ་རབ་གསལ་མདུན་ཀག་ཐོག་སྔ་སྲོལ་གྱི་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་རྣམས་ལ་སླར་ཡང་ཞིབ་མཐར་བཅད། ཀག་ཐོག་གི་མཁན་པོ་ལོ་ལྔ་བཞུགས་ནས་སྔ་སྲོལ་ཕྱག་རྒྱུན་རྣམས་ལ་མ་ཉམས་པར་སྐྱོང་པས་ཞལ་ལས་སྐྱེས་པའི་མཁས་དབང་གཙོ་བོ་སངས་བསྟན་དང་། ཉག་རོང་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན། ཨ་བསྟན། ད་ལྟ་ཁམས་དབུས་ཀུན་ཏུ་གྲགས་སྙན་ལྡིར་བའི་མཁས་མཆོག་དམ་པ་ཁྲོ་རུ་ཚེ་རྣམ་ཡང་མཁན་པོ་ཨ་ཤེར་དང་མཁན་པོ་འདི་གཉིས་ཀའི་སློབ་མ་ཡིན་ནོ།། མཁན་རབས་བཅུ་གཅིག་པ་རྡོ་རྗེ་བློ་གྲོས་ཙམ་མདོར་སྐུ་འཁྲུངས། ཀག་ཐོག་བཤད་གྲྭ་ནང་ལོ་མང་བཞུགས། མཁས་དང་བཙུན་པའི་ཡོན་ཏན་ལ་ཀུན་གྱིས་བསྟོད་བསྔགས་བྱེད་ཅིང་ཐུགས་ཞི་དུལ་དང་ལྡན་པའི་སྤྱོད་པ་ཅན་ཞིག་བཞུགས། བཤད་གྲྭ་མཁན་པོར་བཞུགས་ནས་འཆད་ཉན་གྱི་རྒྱུན་ལེགས་པར་སྐྱོང་བཞིན་པར་དུས་འགྱུར་ཆེན་པོ་སྟོབས་ཀྱིས་མཐར་མ་ཕྱིན།

དེ་ལྟར་མཁན་པོ་དེ་རྣམས་ཀྱི་སྐུ་དུས་སུ་འཆད་ཉན་བྱེད་པའི་གཞུང་ནི་ལོ་ལྔ་རེའི་ཁོངས་སུ་ཐོས་པས་བག་ཆགས་འཇོག་པའི་གཞུང་བརྒྱ་ཞེས་རྒྱལ་བའི་བཀའ་ལས་བྱུང་བའི་མདོ་རྒྱུད་དང་། འཕགས་བོད་ཀྱི་མཁས་གྲུབ་རྣམས་ཀྱི་མཛད་པའི་བསྟན་བཅོས་རྩ་འགྲེལ་ཚད་ཐུབ་ཀྱི་གཞུང་བརྒྱ་ལ་ཐོས་པ་མཛད་དགོས་པ་དང་། བསམ་པས་སྒྲོ་འདོགས་བཅད་པའི་གཞུང་ཉེར་ལྔ་དང་སྒོམ་པས་ཉམས་སུ་ལེན་པའི་གཞུང་ལྔ་ཞེས་པ་ནི། དཀོན་མཆོག་རྗེས་དྲན་མདོ་དང་སྤྱོད་འཇུག་དང་། མངའ་པཎ་སྡོམ་གསུམ་འཇིགས་གླིང་ཡོན་ཏན་མཛོད། སོ་ཐར་མདོ་དང་འདུལ་བ་མདོ་རྩ་བ། མངོན་པ་མཛོད་དང་ཀུན་བཏུས་མཁས་འཇུག་དང་། ཚད་མ་རིག་པའི་གཏེར་དང་རྣམ་འགྲེལ་གཞུང་། དབུ་མ་རྩ་འཇུག་བཞི་སུམ་དབུ་མ་རྒྱན། བྱམས་ཆོས་ལྔ་དང་ངེས་ཤེས་རིན་ཆེན་སྒྲོན། ཀུན་མཁྱེན་གྲུབ་མཐའ་མཛོད་དང་ཡིད་བཞིན་མཛོད། [page 118] རྒྱུད་ཀྱི་སྙིང་པོ་གསང་བ་སྙིང་པོ་དང་། ཐེག་པ་སྤྱི་ཆིངས་བཀའ་དེམ་མདོ་དང་བཅས། བསམ་པས་སྒྲོ་འདོགས་བཅད་པའི་གཞུང་ཉེར་ལྔ། ཞེས་པ་དང་། ཀུན་བཟང་བླ་མའི་ཞལ་ལུང་སྤྱོད་འཇུག་དང་། སྡོམ་གསུམ་རྣམ་ངེས་ཡོན་ཏན་རིན་ཆེན་མཛོད། ཀུན་བྱེད་སེམས་སྡེ་སྐོར་གྱི་རྩ་འགྲེལ་བཅས། སྒོམ་པས་ཉམས་སུ་བླང་བའི་གཞུང་ལྔ་གསུངས། ཞེས་སྡོམ་ལྟར་འཆད་སྤེལ་གཙོ་བོར་བསྐྱངས་པ་དང་། ཐུན་མོང་རིག་གནས་སྐོར་རྣམས་སྔོན་དུས་ཀུན་མཁྱེན་དམ་པ་ཡབ་སྲས་ཀྱི་སྐབས་ནས་དབྱར་ཆོས་ལ་བཟོ་གསོ་དང་སྙན་དངགས་སོགས་ཀྱི་བཤད་སྲོལ་འཆད་ཉན་ཡོད་པ་རྣམ་ཐར་ལས་གསལ་བ་ལྟར་དང་། ཕྱིས་པདྨ་ཚངས་པ་དྲི་མེད་ཞིང་སྐྱོང་དཔལ་ཆོས་ཀྱི་རྡོ་རྗེ་དང་། དགེ་རྩ་མ་ཧཱ་པཎྟི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་རྣམ་གཉིས་ཀྱི་སུ་ཏུ་མ་ཧཱ་པཎྟི་ཏ་ ཆོས་ཀྱི་འབྱུང་གནས་མདུན་མདོ་སྔགས་སྤྱི་དང་ཁྱད་པར་སྒྲ་ཚད་བཟོ་གསོ་སོགས་བཅུ་ཕྲག་རིག་པའི་གནས་ལ་སྦྱང་བརྩོན་མཐར་ཕྱིན་གནང་ནས་སྒྲ་ཚད་བཟོ་གསོ་སྙན་དངགས་ མངོན་བརྗོད་སྐར་རྩིས་སོགས་ཐུན་མོང་གི་རིག་གནས་ཆ་ཚང་དར་སྤེལ་ཆེན་པོར་བཏང་བ་ལས་རིམ་པར་བརྒྱུད་དེ། ཟེ་ཆེན་དབོན་པོ་མཐུ་སྟོབས་རྣམ་རྒྱལ་དང་། རྫོགས་ཆེན་དགེ་མང་ཐར་འབུམ། ཛགཀ་འགྱུར་མེད་འཕེལ་རྒྱས། སི་ཏུ་ཆོས་ཀྱི་བློ་གྲོས། ལྕམ་སྤྲུལ་འཇིགས་མེད་རྡོ་རྗེ། མཁན་ཆེན་རིག་འཛིན་རྒྱ་མཚོ། རྗེ་དབོན་པདྨ་རྒྱལ་མཚན། དགེ་རྩ་བསྟན་པའི་རྣམ་རྒྱལ། གླིང་ཚང་མཁན་པོ། ཁུ་ནི་བླ་མ་བསྟན་འཛིན་རྒྱལ་མཚན། མཁས་མཆོག་ཤེས་རབ་སེང་གེ། ཉག་རོང་རབ་བྱུང་སྤྲུལ་སྐུ་མདོ་སྔགས་བསྟན་པའི་སྒྲོན་མེ། ཁྲོ་རུ་མཁན་པོ་ཚེ་རིང་རྣམ་རྒྱལ་སོགས་ཀྱིས་རིམ་པར་ཐུགས་ཁུར་བཞེས་པ་ལས་ད་ལྟའང་གངས་ཅན་མཐའ་དབུས་ཀུན་ལ་རིག་གནས་ཐུན་མོང་པས་དར་ཁྱབ་འབྱུང་བཞིན་པ་འདིའོ།།

ད་ནི་དགུན་ཆོས་སྒྲུབ་པ་ཉམས་ལེན་གྱི་སྐོར་ཅུང་ཟད་བརྗོད་ན། དམ་པ་རིན་པོ་ཆེ་ཡབ་སྲས་ཀྱི་སྐུ་རིང་ནས་གསང་བདེ་དགྱེས་གསུམ་དུས་འཁོར་བཅས་གསར་རྒྱུད་དང་། སྔ་འགྱུར་བཀའ་མ་མདོ་སྒྱུ་རྣམས་ཀྱི་སྒྲུབ་མཆོད་རྒྱུན་པར་དར་ཞིང་། ཁྱད་པར་འདུས་མདོ་ལོ་སྒྲུབ་དང་ཡང་དག་ཟླ་སྒྲུབ་སོགས་མཛད་སྲོལ་བྱུང་། གྲུབ་ཐོབ་མ་ཎི་རིན་ཆེན་ནས་ཉང་དང་གུ་རུ་ཆོས་དབང་གི་ཟབ་གཏེར་བླ་རྫོགས་ཐུགས་གསུམ་གྱི་སྒྲུབ་པ་ཐོག་མར་དར། དྲུང་རབས་དང་པོ་ནམ་མཁའ་སེང་གེའི་དུས་ནས་རནྟ་གླིང་པའི་ཆོས་སྐོར་རྣམས་ཀྱི་སྒྲུབ་པ་ཤིན་ཏུ་དར་རྒྱས་བྱུང་། དེ་ནས་རིམ་བཞིན་ཨ་རྡོ་དཀོན་མཆོག་རྒྱལ་མཚན་དང་། ཧེ་པ་ཆོས་འབྱུང་། གཙང་བླ་པདྨ་རྒྱལ་མཚན་རྣམས་ཀྱི་སྐུ་དུས་ནས། བྱང་གཏེར། ཡང་ཏི། ཀར་གླིང་། བླ་མ་དགོངས་འདུས། ཞིག་གླིང་། མ་ཏི། འཇའ་ཚོན་སོགས་ཀྱི་གཏེར་ཆོས་མང་པོའི་དབང་ཁྲིད་ཀྱི་རྒྱུན་དང་སྒྲུབ་པའང་ཚུགས། ཕྱིས་གཏེར་ཆེན་ཀློང་གསལ་སྐུ་དུས་ནས། བདུད་ཀློང་གཉིས་ཀྱི་ཟབ་གཏེར་རྣམས་གཙོ་བོར་དར་ཞིང་། སི་ཏུ་ཆོས་ཀྱི་སེང་གེས་ཀུན་མཁྱེན་འཇིགས་མེད་གླིང་པ་དངོས་ཀྱི་དམུན་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་མན་ངག་བཅས་རྫོགས་པར་གསན་ནས་གདན་ས་འདིར། དགེ་རྩ་འགྱུར་མེད་ཚེ་དབང་མཆོག་གྲུབ་སོགས་ལ་རིམ་པར་བརྒྱུད་དེ་རྒྱུན་[page 119] མི་ནུབ་པ་བཞུགས་པ་དང་། དགེ་རྩ་པཎ་ཆེན་དུས་སྨིན་ལུགས་ལྟར་བཀའ་མའི་མཆོད་ཁག་གསར་དུ་སྒྲིག་འཛུགས་གནང་། ཁྱད་པར་ཀུན་མཁྱེན་སི་ཏུ་ཆོས་ཀྱི་རྒྱ་མཚོའི་དུས་སྔ་མའི་བཀའ་གཏེར་གྱི་སྒྲུབ་མཆོད་ རྣམས་དག་ཐེར་དང་ཞིབ་བཅོས་གནང་། བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་བཀའ་གཏེར་གྱི་སྒྲུབ་མཆོད་སྒྲིག་ལམ་ཟླ་ གཉིས་ཀྱི་ནང་དུ་ལྔ་སྒྲུབ་དང་བདུན་སྒྲུབ་ཞག་སྒྲུབ་བཅུ་སྒྲུབ་སོགས་སོ་སོར་འཛུགས་པ་དང་། བཤད་གྲྭ་ནང་དུས་འཁོར། གསང་རྙིང་། འཇམ་དཔལ་རྒྱུད་ལུགས། ལོ་མཐར་གཤིན་རྗེ་ཚེ་བདག་གཏོར་ཟློག་བཅས་ཀྱི་སྒྲུབ་པ་རང་རང་སོ་སོའི་ཕྱག་ལེན་མ་འདྲེས་པར་གཙུགས་པར་མ་ཟད་བཀའ་གཏེར་སོ་སོའི་དབང་ལུང་ཁྲིད་རྒྱུན་བཅས་སྤེལ་བར་མཛད། ཉམས་བཞེས་ཀྱི་གཙོ་བོ་བཀའ་གཏེར་ཁྲི་ཆེན་བཅུ་གསུམ་ཞེས་གྲགས་པ་ཆོས་སྡེ་འདི་པའི་ཉམས་ལེན་དངོས་ཀྱི་གདམས་ཁྲིད་དང་། བཀའ་སྡེ་ཟུར་པ་ནས་རིམ་པར་བརྒྱུད་པའི་སྙན་ རྒྱུད་ཟབ་མོ་ལ་བརྟེན་ནས་ཆོས་བརྒྱུད་འདི་ས་ཁོ་ན་ལ་ཀག་དམ་པ་རིན་པོ་ཆེ་དངོས་ཀྱི་སྐུ་དུས་འོད་ལུས་གྲུབ་པ་ལྔ་ནས་བཟུང་དུས་ཕྱིས་རབ་བྱུང་བཅུ་བཞི་པའི་ཆུ་སྤྲེལ་ལ་ཉག་བླ་ པདྨ་བདུད་འདུལ་ཡེ་ཚེ་ལྷ་དབང་སུམ་མདོའི་ཉེ་འདབས་སུ་འཇའ་ལུས་དྭངས་མའི་སྐུར་གཤེགས་པ་ཡན་ལ་འཇའ་ལུས་པ་འབུམ་ཕྲག་གཅིག་བྱོན་པ་ཡོངས་སུ་གྲགས། ལན་ཕར་ཕྱིན་ཐེག་པ་ནས་གསང་སྔགས་གསར་རྙིང་རང་རང་གི་སྐལ་ཐོབ་ཀྱི་འབྲས་བུ་སངས་རྒྱས་འགྲུབ་པའི་ཉམས་ལེན་རེ་ཡོད་ཀྱང་ལམ་མྱུར་བུལ་གྱི་ཁྱད་པར་ཆེ་བས། ཚེ་གཅིག་ལུས་གཅིག་གི་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་སློབ་དཔོན་པདྨ་དང་བི་མ་ལ་སོགས་ཡོངས་ལ་གྲགས་པ་དང་། ཆོས་རྗེ་འདི་ཉིད་དུའང་རྔུ་པ་ཆོས་ཀྱི་རྡོ་རྗེ་དང་ཧོར་པོ་ཤཱཀྱ་རྒྱལ་མཚན་སོགས་བྱོན་པ་སྟེ་ཤིན་ཏུ་ཉེ་ལམ་འོད་གསལ་རྫོགས་པ་ཆེན་པོའི་ཁྱད་ཆོས་མཐོང་ཆོས་སུ་གྱུར་པ་ལ་གུ་དོགས་དང་ཁ་འཛིན་གྱི་རབ་རིབ་སྤངས་ནས་རིག་པའི་སྤྱན་ཟུང་ལེགས་པར་ཕྱེས་ལ་གཟིགས་དང་ངོ་མཚར་གྱི་ལྟད་མི་འདུག་གོ། སྙིགས་དུས་འདིར་ཡང་པཎ་ཆེན་བི་མ་ལ་ལོ་བརྒྱ་རེའི་མཚམས་སུ་རྫོགས་ཆེན་སྙིང་ཐིག་གི་བསྟན་པ་གསལ་བར་བྱེད་པའི་ཆེད་བོད་འདིར་ཁོང་གི་སྤྲུལ་པ་རེ་འབྱུང་ཞེས་ཞལ་བཞེས་གནང་བ་ལྟར། དཔལ་སྤྲུལ་རིན་པོ་ཆེ་དང་ལུང་རྟོགས་བསྟན་པའི་ཉི་མ་སོགས་ཀྱིས་བི་མ་ལ་ཡིན་པ་ཞལ་གྱིས་བཞེས་པ་ཀུན་མཁྱེན་བླ་མ་ངག་དབང་དཔལ་བཟང་པོ་བྱོན། འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་སླར་ཡང་ཉི་མ་ཤར་བ་ལྟ་བུ་གསལ་བར་མཛད་པ་ལས། ལྷ་ས་དང་འཕགས་ཡུལ་རྣམས་སུ་འགྲོ་དོན་ཆེ་བ། སྤོ་ལི་མཁན་པོ་རྡོ་རྗེ་དང་། བྱ་བྲལ་བ་སངས་རྒྱས་རྡོ་རྗེ། མཆོག་སྤྲུལ་ཨ་རྡོར་སློབ་མ་སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ་རྣམས་བྱོན་ནས་རྫོགས་ཆེན་སྙིང་ཐིག་གི་བསྟན་པ་སྤེལ་བཞིན་པ་དང་། ཁོང་གི་ཐུགས་སྲས་དམ་པ་རྣལ་འབྱོར་དབང་ཕྱུག་ཆེན་པོ་མཁན་པོ་མུན་སེལ་ནི་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ལོར་འཁྲུངས། ཀག་ཐོག་ཏི་གྲྭ་ས་ཕེབས་ནས་འགོ་ཚ་མཁན་པོ་ཨོ་རྒྱན་བསྟན་འཕེལ་སོགས་བཤེས་གཉེན་དུ་མར་བསྟེན་ཏེ་མདོ་སྔགས་རིག་གནས་ཀུན་ལ་གསན་བསམ་མཐར་ཆགས་སུ་མཛད། མཁས་བཙུན་བཟང་པོའི་ཡོན་ཏན་ཡོངས་སུ་རྫོགས། ཁྱད་པར་ཀུན་མཁྱེན་ངག་གི་[page 120] དབང་པོ་ལས་རྫོགས་པ་ཆེན་པོའི་མན་ངག་ཞལ་ནས་ སྙན་དུ་བརྒྱུད་པའི་གདམས་ཟབ་མ་ལུས་པ་བུམ་པ་གང་བྱོས་ཀྱི་ཚུལ་གྱིས་བཞེས་ཏེ་ཐུན་མོང་མིན་པའི་རྩ་བའི་བླ་མར་བཀུར། དགུང་ལོ་ཉེར་ལྔ་ནས་བཟུང་མི་ལོ་བཅུ་ཕྲག་ལྔ་ལྷག་ལ་འོད་གསལ་སྙིང་པོའི་དོན་ལ་རྩེ་ གཅིག་ཏུ་གཞོལ་བས་ས་ལམ་གྱི་ཡོན་ཏན་ཁྱད་པར་ཅན་སྣང་བཞིའི་འོད་གསལ་མདོ་སུམ་བརྙེས་པའི་འབྲས་རྟགས་མངོན་དུ་གྱུར། མདོ་ཁམས་སྙི་ཁོག་ཏུ་སྒོམ་མེད་འོད་གསལ་ཐང་ཞེས་པའི་བཤད་སྒྲུབ་ཀྱི་སྡེ་གསར་དུ་བཙུགས་པ་དང་། མདོ་དབུས་ཁམས་གསུམ་གྱི་ཞལ་སློབ་སྔ་ཕྱི་ཁྲི་ལ་ཉེ་བ་འོད་གསལ་རྫོགས་པ་ཆེན་པོ་སྙིང་ ཐིག་གི་སྔོན་དངོས་ཀྱི་ཞལ་ཁྲིད་རྒྱུན་རྩོལ་གནང་ནས་ཉམས་ལེན་རྒྱུན་སྐྱོང་བའི་སློབ་ཚོགས་མང་པོ་ཕྱོགས་ཀུན་ཁྱབ་པ་འདིའོ།།

སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ། ཆོས་སྡེ་འདི་ཆགས་ནས་བགྲང་བྱའི་ཉག་མ་དགུ་བརྒྱར་ཉེ་བའི་རིང་སྐྱེས་ཆེན་དམ་པར་རིམ་བྱོན་གྱིས་བཞེངས་པའི་ཕྱིའི་གཙུག་ལག་ཁང་དང་ནང་གི་སྐུ་གསུང་ཐུགས་རྟེན་ཕལ་ཆེར་ཞིག་རལ་གཏོར་བརླག་ཏོ་སོང་བའང་ཡོད་ལ། དངོས་སུ་བཞུགས་པ་རྣམས་ཀྱང་གྲངས་འདི་ཙམ་མོ་ཞེས་སྨྲ་མི་ནུས་ཀྱང་། འདིར་སི་ཏུ་ཆོས་ཀྱི་རྒྱ་མཚོའི་སྐུ་རིང་ལ་དངོས་སུ་བཞུགས་པའི་མཚན་ཐོ་ཉུང་བསྡུས་རང་རིམ་ཙམ་འགོད་པ་ལས། དེའང་དམ་པ་རིན་པོ་ཆེའི་སྐུ་དུས་ཀྱི་ལྷ་ཆེན་ཁང་དང་། འདུ་ཁང་ཁམས་གསུམ་ཟིལ་གནོན་ཀ་བ་བརྒྱད་ཅུ་ཡོད་པ། ཇོ་ཁང་ཀ་བ་དྲུག་ཅུ་རེ་བཞི་ཅན་གྱི་གཙོས་འདུ་ཁང་ཆེ་ཆུང་བཅོ་བརྒྱད། བཤད་གྲྭ་ཁང་། ཚོགས་ཁང་གསེར་ཁང་མགོན་ཁང་བཅས་དང་རྒྱུད་སྡེ་བཤད་གྲྭའི་གྲྭ་ཤགས་ཞེ་གཉིས། རིག་གནས་ཁང་བཅོ་ལྔ་མཁན་པོའི་བཞུགས་ཁང་བཅས། སྒྲུབ་གྲྭ་ཁག་ལྔ། པར་ཁང་ཁང་ཆེན་གཅིག་ལ་ནང་ཁང་བཅུ་གཅིག གསེར་ཁང་སོ་ལྔ། གྲྭ་ཤགས་ལྔ་བརྒྱ་བཅུ་གསུམ་བླ་བྲང་ཁག་དགུ་སོགས་ཕྱིའི་བཀོད་པ་དང་། ལྷ་ཆེན་ཁང་དུ་རྟེན་གཙོ་ཀག་དམ་པའི་ཕྱག་བཟོས་སྟོན་པ་ཉེ་སྲས་སྒོ་དྲུང་ཆོས་སྐྱོང་བཅས། བསོད་ནམས་འབུམ་གྱི་ཕྱག་བཟོས་བྱམས་པ་ཆོས་འཁོར་མ། དམ་གཙང་བྱམས་པ་གསུམ་དང་འགྲོ་མགོན་ཆོས་འཕགས་སྐུ། རབ་བྱུང་བཞི་པའི་ནང་དབུ་འོད་ཡེ་ཤེས་འབུམ་ལ་ས་སྐྱ་འགྲོ་མགོན་ཆོས་འཕགས་ཀྱིས་ ཕུལ་བའི་རྒྱ་ནག་ལི་མ་མཆོད་རྟེན་མཐོ་ཚད་སྤྱི་ཁྲི་དགུ་ཕྱེད་ཡོད་པ་དང་། རབ་བྱུང་དྲུག་པའི་ནང་དབང་ཕྱུག་དཔལ་གྱི་རྫུ་འཕྲུལ་ལས་འཇང་དམག་ཕྱིར་བཟློག་པ་ལ་འཇང་དམག་གིས་སླར་དད་དེ་ཕུལ་བའི་གསེར་གྱི་ཐུབ་སྐུ་ཐུགས་ཀར་བྱེའུའི་དྲོད་ཙམ་ཡོད་པ་དཔངས་ཚད་ལ་མདའ་ཚད་ཤེལ་གྱི་མཆོད་རྟེན་ནང་བཞུགས་པ་དང་། བུ་འབོར་བ་བྱང་ཆུབ་སེང་གེས་དམ་ཅན་ལས་ལ་བཀོལ་བས་རྒྱ་གར་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་གི་རྟེན་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནེ་དང་ཞལ་མཉམ་པའི་སྟོན་པའི་སྐུ་མི་ཚད་ཅན་དང་། དམ་ཅན་དངོས་སུ་མགར་སྟེ་ཕུལ་བའི་གུ་རུའི་སྐུ་མི་ཚད། ཀློག་གསལ་སྙིང་པོས་རྫུ་འཕྲུལ་གྱིས་བཞེངས་པའི་གུ་རུའི་སྐུ་འདྲ་དང་། ང་མི་འདྲ་ཞེས་གསུང་འབྱོན་མ་རྩེག་ཚད་གཉིས་བཅསདང་། དྲི་མེད་ཞིང་རྒྱ་ནག་བླར་ཕེབས་སྐབས་ཕུལ་བའི་བཞུགས་ཁྲི་དང་གསེར་ཡིག་སོགས་རྒྱ་ནག་གི་ལས་བཟོ་མང་པོ་དང་། གསེར་ཟངས་ལས་གྲུབ་པའི་སྐུ་འདྲ་སྟོང་ལྷག་ཡོད་པའི་གསེར་ཁང་ཆེན་མོ་དང་། [page 121] དགེ་པཎ་གྱིས་ཀུན་གཟིགས་སྒྲོལ་མ་ལྷ་ཁང་དང་། སོག་ལི་ཐུབ་པ་སྟོང་སྐུ། གྱི་ལིང་ཐུགས་མཆོག་རྡོ་རྗེའི་ལྷ་ཁང་དང་། མདོ་སྨྱོན་རིན་པོ་ཆེའི་རྒྱ་ནག་ལི་མ་ཁང་། དྲི་མེད་ཞིང་སྐྱོན་ཡོན་ཏན་མགོན་པོའི་ཞེ་ཁྲོའི་ལྷ་ཁང་དང་། དམ་པ་ཁང་། གཞན་ཡང་བྱམས་ཁང་དང་འཇམ་དབྱངས་ལྷ་ཁང་སོགས་དང་། གདན་རབས་རིམ་བྱོན་གྱོ་མཆོད་གདུང་ཁང་སོགས་ལ། ལི་མ་དང་། གཏེར་མ་ནམ་ལྡན་ཁོ་ནའང་ཁྲི་སྐུ་ཙམ། གདུང་རྟེན་གསེར་ཟངས་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་ཚོམ་ཅན་བརྒྱ་ཕྲག་ལས་ བརྒལ་བར་བཞུགས། ཐུབ་ཆེན་ལྷ་ཁང་དུ་རྟེན་གཙོ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་སྐུ་དཔངས་སུ་ཁྲུ་ཉེར་ལྔ་ཙམ་ཟངས་གསེར་ལས་གྲུབ་པ་དང་། འཁོར་དུ་མཆོག་ཟུང་། གནས་བརྟན་བཅུ་དྲུག་རྒྱལ་ཆེན་བཅས་ཀྱིས་བསྐོར་བ་དང་། ཟངས་མདོག་དཔལ་རིའི་གླིང་བསླངས་ཐོག་རྩེག་ལྔ་པ། བར་གྱི་ཁང་རྩིག་གསུམ་ལ་སྟེང་ནས་རིམ་པར་རྟེན་གཙོ་འོད་དཔག་མེད་དང་། སྤྱན་རས་གཟིགས་ཕྱག་བཞི་པ། པདྨ་འབྱུང་གནས་ཀྱི་སྐུ་རྣམས་གསེར་ཟངས་ལས་གྲུབ་པ་ཕྲ་རྒྱན་སོགས་ཀྱིས་རྒྱན་པ་དཔངས་ཁྲུ་བཅུ་གསུམ་ཙམ་རེ་ཡོད་པ་དང་འཁོར་དུ་སྟེང་ནས་དམ་གཙང་བྱམས་གསུམ་ དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད། མཁའ་འགྲོ་གཉིས་མཁན་པོ་དང་རྗེ་འབངས་རིག་འཛིན་བརྒྱད། གཏེར་སྟོན་བརྒྱ་རྩ་རྣམས་བཞུགས། སི་ཏུ་རིན་པོ་ཆེའི་གསེར་ཁང་ནས་གསར་རྙིང་རྒྱུད་སྡེ་རྣམས་ཀྱི་ལྷ་སྐུ་དང་། རིས་མེད་ཀྱི་མཁའ་གྲུབ་རྣམས་ཀྱི་འདྲ་སྐུ་སོགས་ཆེ་བ་མི་ཚད་ནས་ཆུང་བ་མཐོ་གང་ཡན་ གཏེར་མ་དང་ལི་མ་གསར་བླུགས་བཅས་ཁྲི་ཕྲག་ལས་བརྒལ་བའི་ལྷ་ཁང་སོགས་དང་། དགེ་པཎ་ལ་ལྕང་སྐྱ་རོལ་བའི་རྡོ་རྗེས་ཕྱག་རོགས་མཛད་པའི་གུ་རུ་གོས་སྐུ་ཆེན་མོ་དང་། སི་ཏུ་རིན་པོ་ཆེས་གཙང་ཟམ་བུ་ལུང་དུ་གུ་རུ་ཞལ་མཇལ་ཚེ་ལུག་བསྟན་པ་ལྟར། ཐུབ་པའི་གོས་ཐང་ཆེན་མོ་སྲིད་དུ་འདོམ་སུམ་ཅུ་ཡོད་པ་ཞིག་བཞེངས་པ་དང་། གཞན་ཡང་སྔོན་ཉ་ཤོད་པ་དང་ཕྱིས་ཆབ་མདོ་སྨན་གསར་ལུགས་ཀྱིས་བྲིས་པའི་དཔག་བསམ་ཁྲི་ཤིང་དང་པདྨ་བཀའ་ཐང་བཀའ་དགོངས་སོགས་བཀའ་གཏེར་མང་པོའི་ཞལ་ཐང་སྟོང་ལས་ལྷག་ངེས་དང་། གཙུག་ལག་ཁང་གི་ལྡེབས་བྲིས་སོགས་རྒྱ་ཆེར་བཞུགས། གཞན་ཡང་། ཀག་ཐོག་པའི་མདུན་རི་ཆོས་དུང་གཡས་སུ་འཁྱིལ་འདྲ་ཞེས་པའི་དེའུ་དེའི་ཟུར། ལོ་ཆེན་བེེ་རོ་ཙ་ན་ནས་མཐའ་འདུལ་གྱི་མཆོད་རྟེན་བཞེངས་པའི་བྱིན་ཅན་དེ་དང་། དེའི་གཡས་ཕྱོགས་སྐུ་འབུམ་ཆོས་ཀྱི་ཕོ་བྲང་སྔོན་དུས་ཀག་དམ་པས་རྩ་ར་པདྨ་སྟོང་ལྡན་ ཞེས་གྲགས་པའི་ས་དེར་གྲུབ་ཐོབ་མ་ཎི་རིན་ཆེན་གྱིས་ཐོག་མར་བཞེངས་པའི་རྗེ་ཡབ་སྲས་གསུམ་གྱི་གདུང་འབུམ་དང་དེ་རྗེས་སློབ་མ་རྣམས་ཀྱིས་བཞེངས་པའི་འབུམ་པ་གསུམ་གྱི་སྐུ་གདུང་བཅས་མཆོད་རྟེན་ཁྲུ་ཉི་ཤུའི་ཐོག་ཚད་ཅན་དྲུག་ལ་ཕྱིས་རྨོག་གྲུབ་ནམ་མཁའ་ཆོས་དབང་གི་གསེར་གཏེར་བཞེས་ནས་གསེར་བ་རྐོ་སྲབ་མཐུག་ཙམ་ཡོད་པར་གྲགས་པ་དང་། ལྷ་ཁང་དེ་དང་ཉེར་བར་རོང་བོ་ཐོས་མཆོག་རྣམ་གསུམ་གྱི་སྐུ་གདུང་དང་། རྗེ་ཀློང་གསལ་སྙིང་པོ་ཡབ་སྲས་སྐུ་མཆེད་དང་བཅས་པ་དང་། རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་བཅས་ཀྱི་སྐུ་གདུང་དང་། ཁྱད་པར་ཀློང་གསལ་འདྲ་སྐུ་དང་འདྲ་མ་སོགས་དང་། གཞན་ཡང་བླ་གྲྭ་ཁག་ལ་རྒྱུད་སྡེ་བླ་[page 122] བྲང་གསེར་ཁང་ལྔ། ཞིང་སྐྱོང་བླ་བྲང་གསེར་

ཁང་གཅིག རྨོག་རྩ་བླ་བྲང་གསེར་ཁང་གཅིག བྲག་ར་མ་གཤིན་ཕུར་དང་གེ་སར་ལྷ་ཁང་རྣམས་ཀྱང་བཞུགས་སོ། གསུང་རབ་གླེགས་བམ་སྐོར་ལ། རྒྱལ་བཀའ་རིན་པོ་ཆེ་དང་། དགོངས་འགྲེལ་བསྟན་འགྱུར་ཆེན་མོ་རྣམས་སྔོན་དུས་གསེར་བྲིས་དང་དངུལ་བྲིས་ཡོད་པར་གསུངས་ནའང་དུས་ཡུན་རིང་བས་ཕྱིས་ཆ་འཐོར་བོད་ལྔ་བཅུ་ལྷག་ལས་མི་བཞུགས། གཞན་བཀའ་མའི་དཔེ་རྙིང་སྔོན་བྱོན་གཏེར་ཆེན་རྣམས་ཀྱི་ཟབ་གཏེར་ཁ་ཚང་ཆ་མང་། གངས་ཅན་རིས་མེད་ཀྱི་མཁས་གྲུབ་ཡོངས་ཀྱི་གསུང་འབུམ་དང་རྒྱ་དཔེ་དང་བོད་དཔེ་ ཚང་མ་བསྡམས་ན་པོད་ཁྲི་བདུན་སྟོང་ལྷག་བཞུགས་སོ། དེ་མིན་དགོན་འདིའི་མཁས་གྲུབ་རིམ་བྱོན་གྱི་བཀའ་འབུམ་དང་གཏེར་ཆོས་ཆ་ཚང་སྤུས་ལེགས། ཁྱད་པར་སི་ཏུ་རིན་པོ་ཆེའི་སྐུ་དུས་ཕྱག་ཏུ་གསར་འབྱོར་དཔེ་རྙིང་རྩ་ཆེན་གངས་ཅན་ཙམ་ན་འགྲན་ཟླ་དང་བྲལ་ནའང་དེང་དུས་སྔ་མའི་དཔེ་རྒྱུན་དང་ལོ་རྒྱུས་ཕལ་ཆེར་ནུབ་སོང་ བས་གསལ་པོར་མ་ཤེས།

ཁྱད་པར་གདན་ས་འདི་གའི་སྐྱེས་ཆེན་རྣམས་ཀྱི་གསུང་འབུམ་ཡོད་ཚུལ་ཆེ་ལོང་ཙམ་བཀོད་ན། ཀག་དམ་པ་རིན་པོ་ཆེའི་གསུང་འབུམ་གཞུང་བཤད་ཁྲིད་ཡིག་སྒྲུབ་ཐབས་སོགས་སྔོན་དུས་གླེགས་བམ་བཅུ་དགུ་ཙམ་བཞུགས་ཀྱང་ད་ལྟ་པོད་གཉིས་ཙམ་ལས་དཔེ་རྒྱུན་ཆད། གཙང་སྟོད་རྡོ་རྗེ་རྒྱལ་མཚན་གྱིས་གསང་འགྲེལ་ཆེན་མོ་བཀའ་མཆིམས་ཕུ་མ་དང་། མན་ངག་ལྟ་ཕྲེང་སོགས་ད་ལྟའང་བཞུགས། མཁས་པ་ཆེན་པོ་ཤཱཀྱ་རྡོ་རྗེ་ལ་གསུང་འབུམ་ཐེག་པ་རིམ་དགུའི་བཤད་པ་དང་། ཀུན་འདུས་རིག་པའི་སྒྲོན་མེ་རྫོགས་པ་ཆེན་པོའི་ལྟ་གྲུབ་ཤན་འབྱེད་སོགས་པོད་བཅུ་ཕྲག་ལས་བརྒལ་བར་བཤད་ལ་སི་ཏུ་རིན་པོ་ཆེའི་ཕྱག་དཔེ་ནང་པོད་བཞི་ལྷག་ཡོད་ཀྱང་ལ་ད་ ལྟ་པོད་རེ་ཟུང་ལས་ནུབ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་ལ་གསུང་འབུམ་ལམ་རིམ་འགྲེལ་བ་མུ་ཏིག་ཕྲེང་བ། ཕྱག་ཆེན་མན་ངག་རྒྱ་མཚོ། ཀག་དམ་པའི་ཐེག་དགུའི་སྤྱི་ཆིངས་འགྲེལ་དང་ཞི་ཁྲོ་བུར་གསུམ་འགྲེལ། དམ་ཚིག་གསལ་བཀྲའི་འགྲེལ་བ་སོགས་ད་ལྟའང་བཞུགས། ད་དུང་གསུང་མང་པོ་ཡོད་པར་གསུངས་ཀྱང་ད་ལྟ་དཔེ་རྒྱུན་མེད། དཔལ་འབར་བ་ནམ་མཁའ་རྡོ་རྗེའི་སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་སེམས་པྲ་ཁྲིད། རྨེ་ཤོད་སངས་རྒྱས་རྡོ་རྗེའི་བླ་མ་ཡང་མུ་ཏིག་ཁྲིད། གྲུབ་ཐོབ་ཀུན་དགའ་འབུམ་པའི་གཅོད་གཞུང་ཆེན་མོ་པོད་གཉིས། ལབ་སྟོན་ནམ་མཁའ་རིན་ཆེན་གྱི་ཁམས་དགོན་ཚོགས་བདག་སྐོར། རྨོག་སྟོན་རྡོ་རྗེ་དཔལ་བཟང་གི་མདོ་དཔང་ཁམས་ལུགས་དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་པོད་གསུམ། སྒྲོ་མདོག་ནམ་མཁའ་དཔལ་གྱི་གསང་སྙིང་འགྲེལ་བ་དངུལ་དཀར་མེ་ལོང་དང་། སྒྱུ་འཕྲུལ་ཐུགས་ཐིག་ཊི་ཀ་པོད་བཞི་ལྷག སྡོང་བྱ་བྲལ་བསོད་ནམས་རྡོ་རྗེའི་རྫོགས་ཆེན་བྲམ་ཟེ་ལུགས་ཀྱི་མན་ངག་སེམས་སྡེའི་ཁྲིད་དོན་གསལ་མེ་ལོང་དང་། ཁྲིད་ཕྲན་སྐོར་ཤིན་ཏུ་མང་། རྒྱ་ཕྲ་བཀྲ་ཤིས་རིན་ཆེན་གྱི་རྫོགས་ཆེན་ཁྲིད་ཟབ་མོ་རིག་པའི་མེ་ལོང་། བུ་འབོར་པ་བཀྲ་ཤིས་རྒྱ་མཚོའི་དགོངས་པ་[page 123] ཟངས་ཐལ་ཁྲིད་དང་། ཞལ་གདམས་མགུར་འབུམ་སོགས་ཤིན་ཏུ་མང་། སྟག་བླ་པདྨ་རྒྱལ་མཚན་གྱི་ཞི་ཁྲོའི་ལས་བྱང་འགྲེལ་དང་བར་དོ་དྲུག་ཁྲིད། པདྨ་མ་ཏིའི་རྫོགས་ཆེན་ཡང་ཏིའི་ཁྲིད་སོགས་གསུང་འབུམ་པོད་བཅུ་ལྷག་ཡོད་པར་གསུངས། ཧོར་པོ་ཤཱཀྱ་རྒྱལ་མཚན་གྱི་དགོངས་པ་ཟངས་ཐལ་ཁྲིད། གཏེར་ཆེན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་དང་གསུང་འབུམ་པོད་བཅུ་ལྷག གཏེར་ཆེན་ཀློང་གསལ་སྙིང་པོ་ལ་རྡོ་རྗེ་སྙིང་པོ་སོགས་ཟབ་གཏེར་དང་གསུང་འབུམ་བཅས་པོད་བཅུ་གཅིག རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་ལ། དཀོན་མཆོག་སྤྱི་འདུས་ཁྲིད་དང་། བོད་ཀྱི་ཆོས་འབྱུང་གྲུབ་མཐའི་བྱུང་ཚུལ་སོགས་དང་དགོངས་གཏེར་སྐོར་བཅས་པོད་བདུན་ལྷག་བཞུགས། དྲི་མེདཞིང་སྐྱོང་མགོན་པོ་ལ་གསུང་འབུམ་པོད་གསུམ། དགེ་རྩ་པཎ་ཆེན་ལ་སྒྲ་འགྲེལ་རྟོགས་དཀའི་མུན་སེལ་སོགས་པོ་ཆེན་དགུ། སི་ཏུ་ཆོས་ཀྱི་བློ་གྲོས་ལ། ཀག་ཐོག་པའི་བཅའ་ཡིག་ཆེན་མོ་སོགས་པོད་གཉིས། རྨོག་གྲུབ་ནམ་མཁའ་ཆོས་དབང་ལ་ཟབ་གཏེར་མགུར་འབུམ་བཅས་པོད་གཉིས། སི་ཏུ་རིན་པོ་ཆེ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་ལ། མདོ་ཏིག ཡོན་ཏན་མཛོད་འགྲེལ། ཁམས་དབུས་དགོན་སྡེ་སོགས་སྒྲུབ་གནས་སོ་སོའི་གནས་ཡིག རིན་ཆེན་གཏེར་མཛོད་ཆེན་པོའི་བརྒལ་ལན་སོགས་པོད་བཅུ་གཉིས་བཞུགས་པ་ལས་ད་ལྟ་པོད་ལྔ་ལྷག་བཞུགས། མཁན་ཀུན་བཟང་དཔལ་ལྡན་ལ་སྤྱོད་འཇུག་འགྲེལ་སོགས་པོད་གསུམ། མཁན་ཆེན་ངག་གི་དབང་པོ་ལ་གཙོ་བོ་རྫོགས་པ་ཆེན་པོའི་སྙན་བརྒྱུད་སྐོར་སོགས་པོད་བརྒྱད། མཁན་ནུས་ལྡན་མཁྱེན་བརྩེ་བློ་གྲོས་ལ་མདོ་འགྲེལ་ཆེན་མོ་པོད་བཞི་སོགས་གསུང་རྩོམ་གླེགས་བམ་བརྒྱད་ལྷག་བཞུགས། ཁྱད་པར་སྙིགས་དུས་རྒྱལ་བསྟན་ནུབ་རིར་ཕྱོགས་པའི་སྐབས་འདི་ཀུན་མཁྱེན་སི་ཏུ་རི་པོ་ཆེ་ཁམས་དབུས་གཙང་གསུམ་གྱི་དགོན་སྡེ་དང་། གྲོང་གསེབ་མཆོད་རྟེན་ཞིག་རལ་སོགས་ནས་ལྷ་སྲུང་རྣམས་ཀྱིས་བསྐུལ་མ་བཅས་དཔེ་ གཏེར་གྱི་ཚུལ་དུ་ཕྱག་ཏུ་འབྱོར་བའི་དཔེ་དཀོན་སྐོར་གྱི་མཚན་ཙམ་ཐོས་པས་ཀྱང་དོན་ཆེ་བར་སེམས་ནས་ཆེ་ལོང་ཙམ་བརྗོད་ན། རྫོགས་པ་ཆེན་པོ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་འགྲེལ་བི་མ་ལའི་གསུངས། སྒྲོལ་མ་འབར་བའི་རྒྱུད་འགྲེལ་དང་། སེམས་རྨད་ལས་རིག་པའི་ཁུ་བྱུག རྩལ་ཆེན་སྦྲུགས་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན་རྣམས་ཀྱི་འགྲེལ་བ་འཇམ་དཔལ་བཤེས་གཉེན་གྱི་གསུང་། ནམ་མཁའ་ཆེ་དང་བྱང་ཆུབ་སེམས་སྒོམ་དོན་དྲུག་པ། རྩེ་མོ་བྱུང་རྒྱལ་བཅས་ཀྱི་འགྲེལ་གནུབས་ཆེན་གསུང་། སྤྱི་ཆིངས་གཉགས་ཆེན་གསུང་སོགས་རྫོགས་ཆེན་མན་ངག་སྡེའི་སྐོར་པོད་བཅུ་གསུམ་ཙམ་དང་། རྒྱུད་ཀློང་ཆེན་རབ་འབྱམས་འགྲེལ་དང་། བྱང་ཆུབ་སེམས་སྒོམ་པའི་མན་ངག་རིག་པའི་སྤྱི་བླུགས། བྱང་སེམས་གསེར་གྱི་སྤུ་གྲི། སྐུ་གསུང་ཐུགས་འཕྲད་སོགས་ཤྲི་སེངྷ་དང་བིམ་སོགས་ཀྱི་གསུང་སེམས་སྡེ་སྐོར་པོད་བཅུ་གཉིས། ཀློང་ཆེན་པའི་གསང་སྤྱི་དང་བསྡུས་དོན། ཟུར་ཆོས་ཀྱི་སྡོང་པོའི་རྒྱུད་འགྲེལ། སྒྱུ་འཕྲུལ་བརྒྱད་ཅུའི་ཁོག་དབུབ། ལམ་རིམ་དཀའ་གནད། གསང་འགྲེལ་བཀའ་མཆིམས་ཕུ་མ་སོགས་མ་ཧཱའི་སྐོད་པོད་དྲུག བཀའ་བརྒྱད་ཀྱི་སྒྲུབ་སྡེ་སོ་སོའི་སྐོར་གྱི་བསྡུས་དོན་དང་། མན་ངག་སྤྱི་དོན་འགྲེལ་པ་སྐོར་པོད་ལྔ་ཙམ། སྤྱི་མདོ་སྐོར་མདོ་དབང་[page 124] སྦྲང་རྩིའི་ཆུ་རྒྱུན་ལྕགས་ཟམ་པྲ་བྲང་དཔེ། དུར་ཁྲོད་དུ་ཁྱུ་བྱུག་རོལ་པའི་འགྲེལ། ཡང་དག་གསང་འགྲེལ་ཆེན་མོ། མདོ་འགྲེལ་མུན་པའི་གོ་ཆ། སྤྱི་མདོའི་ཁོག་ཕུབ་དང་དཀའ་འགྲེལ། ཀུན་འདུས་རིག་པའི་སྒྲོན་མེ་སོགས་ཀག་ཐོག་སྔ་རབས་པའི་གསུང་རྣམས་བཅས་པོད་བཅོ་ལྔ་ཙམ་དང་། གཞན་ཡང་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་ནང་དུ་འཁོད་མ་ཐུབ་པའི་རྒྱུད་དང་། འགྲེལ་བཤད་སྐོར་པོད་བརྒྱ་ལྷག་ཡོད་པ། བྱང་དཀར་སྤྲུལ་པའི་སྐུ་མི་འགྱུར་རིན་པོ་ཆེའི་ཤིང་སྤར་ལ་བཀོད་གནང་མཛད་ཀྱང་དུས་འགྱུར་སྐབས་འཐོར་སོང་ངོ་། པར་ཤིང་རིགས་ལ། ལྷ་པར་གྲས། དཔག་བསམ་འཁྲི་ཤིང་། པདྨ་བཀའ་ཐང་། བཀའ་བརྒྱད་གཙོ་དགུ། ཕུར་པ། གུ་དྲག ཀར་གླིང་ཞི་ཁྲོ། གུ་རུ་མཚན་བརྒྱད། གནས་བརྟན་བཅུ་དྲུག ཀག་དམ་པའི་བདེ་ཆེན་ཞིང་ཐང་། ཀློང་ཆེན་པ་དང་བདུད་ཀློང་སི་ཏུ་སོགས་ཀྱི་བླ་སྐུ་བཅས་ཐང་ལྡེབ་བརྒྱ་དང་ལྔ་བཅུ་ཁ་ལྷག་དང་། ཡི་གེ་དཔར་གཞུགས་ཐོ་ལ། བཀའ་བརྒྱད་པོད་དགུ། ཀར་གླིང་ཞི་ཁྲོ་བསྐྱེད་རྫོགས་པོད་གཉིས། དགེ་པཎ་དང་སི་ཏུའི་བཀའ་འབུམ། རྨེ་པ་ཆོས་འགྲུབ་གསུང་འབུམ། བླ་མ་མི་ཕམ་གཞུང་འགྲེལ་སྐོར་དང་། མདོ་འགྲེལ་སྒྱུ་འཕྲུལ་གསང་སྙིང་འགྲེལ་པ་སྐོར་དང་མདོ་འགྲེལ་རིག་གནས་སྐོར། འདོན་ཆ་ཉེར་མཁོ་བཅས། ཚང་མ་ཁྲི་ལྡེབ་གཅིག་དང་སྟོང་ལྡེབ་བདུན་བཅས་བཞུགས་སོ།།

མཆོད་པའི་ཡོ་བྱད་སྐོར་ནི། མཁར་རྔ་རིང་ངར་སྟོང་གསུམ་འབྲུག་སྒྲ་སོགས་བཅོ་ལྔ། རོལ་ཆེན་གཞི་ཆེན་གསེར་གཞོང་དང་། འཕེལ་འཇམ་ལུག་བརྒྱ། ང་རོ་དབང་ཆེན་སོགས་བརྒྱ་དང་ཉེར་བཞི། འདར་སིལ་གལ་སྤྱོད་ཆེ་ཆུང་སོགས་བརྒྱ་ལྷག་བཅས། སྦུབ་ཆལ་དང་སིལ་སྙན་གྲ་ཧོར་ཤང་ཤང་རྒྱ་བལ་རྣམས་ཀྱི་ལི་རྙིང་ནོམ་ལྡན་སུས་ཀྱང་འགྲན་མེད་དུ་གྲགས་པའི་གནའ་རྫས་དང་། སྲུང་མ་རང་འཁོར་དུ་ཡོད་པའི་རྒྱ་གླིང་ཚེ་བརྟན་རྡོ་རྗེ་སོགས་ཆ་བཅུ་དྲུག ཟངས་གསེར་ལས་གྲུབ་པའི་དུང་དམར་དམ་ཆོས་འབྲུག་སྒྲ་དང་། གསེར་དངུལ་ལས་གྲུབ་པའི་དུང་ཆེན་སྟོང་གསུམ་སྒྲ་ཆེན་སོགས། གསེར་དངུལ་ཟངས་རག་གི་རྒྱུ་ལ་གཟི་བྱི་གཡུ་སྤོས་ཤེལ་སོགས་ཕྲ་ལྡན་རིན་གོང་གཞལ་དཀའ་བ་དང་། གཏེར་དུང་དཀར་མོ་རྒྱང་གྲངས་སོགས་ཆ་ལྔ་བཅུ། བུམ་པ་སྨན་རག་གཏོར་ཆས་འཕན་གདུགས་ཡོ་བྱད་རྣམས་སྒྲུབ་པ་སོ་སོར་བརྗེ་ལེན་བྱ་རྒྱུ་ཡོད་པ་དང་། འཆམ་གོས་བཀའ་རྒྱ་མར་གྲགས་པ་རྒྱུ་རྙིང་ནོམ་ལྡན་ཉེར་ལྔ་དང་། རྡོར་ཕྲན་ཅན་བརྒྱད་ཅུ། གཞན་བཟང་ངན་སྣ་ཚོགས་འཆམ་གོས་སུམ་བརྒྱ་ཙམ་དང་། གསེར་འབག་དངུལ་འབག་ཤོག་འདམ་འབག་བཅས་ཉེས་བརྒྱ་ཁ་ལྷག་དང་། གཞན་ཡང་རྔ་བོ་ཆེ་དང་སྒྲིག་རྔ་རྐང་གླིང་དུང་དཀར་གདན་འབོལ་ཐབ་ཆས་ཡན་ཆོད་ གྲངས་མང་ལ་སྒྱུ་བཟང་བ་སྤུས་གཙང་བ་བཀོད་འགྲིག་པ་སོགས་ཀུན་གྱིས་དཔེར་འོས་པ་ཡོངས་སུ་གྲགས་པ་ཡོད་པ་ཡིན་ནོ།།

དགེ་འདུན་འདུས་བའི་ཞལ་གྲངས་ནི། ཀག་དམ་པ་བདེ་བར་གཤེགས་པའི་སྐུ་དུས་སུ་ཚུལ་འཆལ་གྱིས་མ་གོས་པའི་དགེ་འདུན་ཁྲི་བརྒྱད་རེས་དབྱར་གནས་ཀྱི་ཚུལ་ཤིང་ལེན་ཚུལ་དང་། དབུ་འོད་ཡེ་ཤེས་འབུམ་པས་མདོ་སྒྱུ་སེམས་གསུམ་གྱི་འཆད་ཉན་གཙོ་བོར་སྐྱོང་བའི་སྐབས་དབུས་གཙང་ཁམས་གསུམ་གྱི་སློབ་[page 125] ཚོགས་དུས་གཅིག་ལ་དགེ་འདུན་པ་ཁྲི་བཅོ་ བརྒྱད་དངོས་སུ་འདུས་ནས་གསོ་སྦྱོང་མཛད་སྐབས་ཆོས་གོས་འོད་ཀྱིས་ནམ་མཁའི་མདོག་སྒྱུར་ཐུབ་པ་བྱུང་ཞེས་ལོ་རྒྱུས་ལས་གསལ་བསྟེ་མདོར་ན་དམ་པ་རིན་པོ་ཆེ་ནས་མཁས་ གྲུབ་ཡེ་ཤེས་རྒྱལ་མཚན་བར་བླ་རབས་རྣམས་ཀྱི་སྐུ་ཚེ་ལ་བསྟན་པ་ཡར་འཕེལ་དགེ་འདུན་ཇི་རྒྱས་སུ་བྱུང་བར་ངེས་སོ། དཔལ་འབར་ནམ་མཁའ་རྡོ་རྗེ་དགེ་འདུན་པ་སྟོང་ཕྲག་མང་པོའི་དབུས་སུ་མཁན་པོར་མངའ་གསོལ་བའི་ལོ་རྒྱུས་ལས་འཕྲོ་གླིང་པའི་རྣམ་ཐར་ལས་གསལ་བ་དང་། མཁས་གྲུབ་ཆེན་པོ་པྲའོ་ཆོས་ཀྱི་འབུམ་པས་དུས་གཅིག་ལ་དགེ་འདུན་པ་ཁྲི་ཕྲག་ལས་བརྒལ་བ་འདུས་ཞེས་སོགས་དང་། ཀག་ཐོག་བསྟན་པ་ཕྱི་དར་སྐབས་གཏེར་ཆེན་ཀློང་གསལ་སྙིང་པོའི་འདུས་པ་སྟོང་ཕྲག་ཁ་ལྷག་ལ་རང་གཏེར་རྣམས་ཀྱི་སྨིན་གྲོལ་གནང་ཞེས་དང་། སི་ཏུ་ཆོས་ཀྱི་རྒྱ་མཚོས་དགེ་འདུན་པ་སུམ་སྟོང་བདུན་བརྒྱ་འདུས་ནས་སྟོང་གྲྭ་ཆེན་མོ་ཚོགས་ཚུལ་དང་། རབ་བྱུང་བཅུ་དྲུག་པའི་ནང་གྲྭ་གྲངས་དྲུག་བརྒྱ་དྲུག་ཅུ་རེ་གསུམ་ཙམ་རྒྱུན་བཞུགས་ཡོད་ཅེས་ལོ་རྒྱུས་ཀྱི་ཡིག་ཆའི་ནང་འཁོད་ཡོད་པ་བཅས་ལ་གཞིག་ན། མང་དུས་ཁྲི་བཅོ་བརྒྱད་དང་། ཉུང་མཐའ་དྲུག་བརྒྱ་ཁ་ལྷག་ཙམ་རེ་བཞུགས་པ་ཡིན་ནོ།།

དུས་མཆོད་རྒྱུན་སྲོལ་གྱི་སྐོར་ལ། རྒྱུད་དང་བཀའ་གཏེར་གྱི་སྒྲུབ་སྡེ་རྣམས་ཀྱི་དུས་མཆོད་གདན་རབས་རིམ་པར་འཛུགས་ཚུལ་དང་རིམ་བཞིན་འཕེལ་འགྲིབ་བྱུང་ཚུལ་རྣམས་བཞག་ནས། འདིར། སི་ཏུ་ཆོས་ཀྱི་རྒྱ་མཚོའི་སྐུ་རིང་ཙམ་ན་རྒྱུན་འཇགས་སུ་ཡོད་པའི་ལོ་འཁོར་གཅིག་གི་དུས་མཆོད་རག་རིམ་ཙམ་འགོད་ན། བོད་ཟླ་དང་པོའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ཉིན་ལྷ་ཁང་ཆེ་ཕྲ་ཐམས་ཅད་དུ་བླ་སེར་ཚང་མ་འདུས་ནས་རྣམ་ལྔའི་མཆོད་པ་བརྒྱ་ཕྲག་རེ་དང་འབྲེལ་སྤྱོད་འཇུག་མཆོད་པ་འཚོགས། ཚེས་གསུམ་ཉིན་ནས་ཞལ་གྲངས་ཆིག་བརྒྱ་དང་བརྒྱད་ཅུས་སྔ་འགྱུར་བཀའ་མའི་དཀྱིལ་འཁོར་བཅུ་དྲུག་གི་སྒྲུབ་མཆོད་ཆེན་མོའི་ས་ཆོག་དབུ་འཛུགས། དེ་ཉིད་སྒྱུ་འཕྲུལ་རྩ་འཆམ་ཆེན་མོ་མཛད། ཚེས་བཞིའི་ཉིན་མཆོད་ཁག་སོ་སོའི་གཏོར་བཅས་དང་། ཚེས་ལྔའི་ཉིན་སྨིན་གླིང་རྡོར་སེམས་ཀྱི་ལོ་སར་མཆོད་པ་ཤིན་ཏུ་རྒྱས་སྤྲོས་བླ་སེར་ཚང་མ་འཚོགས། ཚེས་དྲུག་དང་ཚེས་བདུན་བརྒྱད་ཀྱི་སང་དྲོ་བཅས་ལ་དཀྱིལ་འཁོར་བཅུ་དྲུག་གི་ཐིག་རྡུལ་ཚོན་དང་མཆོད་བཤམས་བཅས་གྲུབ་ནས། ཚེས་བརྒྱད་ཕྱི་དྲོ་རྒྱན་བཀོད། ཚེས་དགུ་ནས་ཚེས་བཅོ་ལྔ་བར་དངོས་གཞི་ཚོགས་པ་ལས་ཚེས་བཅུ་གཅིག་དང་བཅུ་གཉིས་གཉིས་ལ་གར་འཆམ། བཅུ་གསུམ་ལ་བླ་མ་འོད་ཟེར་རྡོ་རྗེའི་དག་སྣང་དབང་ཕྱུག་ཉེར་བརྒྱད། ཚེས་བཅུ་བཞི་ལ་བཀའ་མའི་ཁྲོ་འཆམ། ཚེས་བཅོ་ལྔ་ལ་སྦྱིན་བསྲེག་སྨིན་དབང་བཅས་ཀྱིས་རྫོགས་པར་མཛད། ཚེས་བཅུ་བདུན་ནས་ཉིན་གསུམ་ལ་བླ་གྲྭ་གཙོར་བསྡུས་ཀྱིས་རབ་གནས་ཉིན་གསུམ། བོད་ཟླ་གཉིས་པའི་ཞག་སུམ་ཅུ་ལ་བླ་སེར་ཞལ་གྲངས་དྲུག་ཅུ་ཐམ་པས་རྒྱུན་གྲྭ་ནཡིན་ལྟར་འཚོགས་ནས་བཀའ་འགྱུར་དག་འདོན་སོགས་དགོས། བོད་ཟླ་གསུམ་པ་དང་བཞི་པ་གཉིས་ལ་བཀའ་གཏེར་གྱི་སྒྲུབ་མཆོད་སྒྲིག་ལམ་ཆེན་མོ་ཟླ་བ་གཉིས་ཀྱི་རིང་ཞལ་གྲངས་བདུན་ཅུ་དོན་ལྔས། དང་པོ་ཉིན་བཅོ་ལྔ་ལ་སྒྲུབ་ཆུང་ཁག་དྲུག་རེས་ལྔ་སྒྲུབ་གསུམ་གྱི་ཚེ་རས་བྲིས་ལ་[page 126] བརྟེན་ནས། སྔར་སྒྲུབ་མཆོད་ནང་མ་འདུས་པའི་བཀའ་མ་རྣམས་དང་གཏེར་མ་བཀའ་བརྒྱད་གསང་རྫོགས་དང་རང་ཤར་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སོགས་སྒྲུབ་ཆུང་ཁག་བཅོ་བརྒྱད། དེ་ནས་བདུད་འདུལ་ཕུར་པ། བླ་མ་དགོངས་འདུས། ཉང་གི་བཀའ་བརྒྱད་བཅས་ཉིན་བཅུ་རེའི་ཁོངས་སུ་སྒྲུབ་ཆེན་གསུམ་ལ་ཉིན་དང་པོ་ས་ཆོག་ཉིན་གཉིས་དང་གསུམ་ལ་མཆོད་བཅའ་ཐིག་རྡུལ་ཚོན་བཅས་མ་འདྲེས་པ་དང་། ཉིན་བདུན་དངོས་གཞི་ཞག་སུམ་ཅུ། དེ་རྗེས་ཉིན་བཅོ་ལྔ་ལ་རིན་ཆེན་གཏེར་མཛོད་ནང་བཞུགས་བླ་སྒྲུབ་ཚང་མ་ཚར་དགོས། མཐར་ཚོགས་བསྐང་རྒྱས་པ་དང་ལྷ་བསང་རྒྱལ་བརྔན་བཅས་ཀྱིས་གྲུབ། ཟླ་བ་བཞི་པའི་ནང་ཟུར་དུ་ཡུལ་པ་རྒས་རྒོན་རྣམས་ལ་བཀའ་ཆོས་དང་འབྲེལ་བླ་གྲྭ་བརྒྱད་རེས་སྨྱུང་གནས་དཀར་པོ་ཆ་བརྒྱད་ཡང་ཚོགས་དགོས། བཤད་གྲྭ་མཁན་སློབ་དགེ་འདུན་དང་བཅས་པས་ཟླ་བ་གསུམ་པོའི་ཚེས་བཅོ་ལྔ་ནས་ས་ཆོག་སྔོན་དུ་སོང་བའི་ཉིན་བདུན་ལ་ཇོ་ལུགས་དུས་འཁོར་སྒྲུབ་ཆེན་ཐིག་རྡུལ་ཚོན་ཕྱག་ ལེན་བཅས་ས་ལུགས་རང་རྐང་དང་། ཚེས་ཉེར་གཉིས་ནས་བླ་མ་མི་ཕམ་འདས་མཆོད་འཇམ་དཔལ་རྒྱུད་ལུགས་སྒྲུབ་ཆེན་རྒྱས་ སྤྲོས་བཤད་གྲྭས་ཟླ་བ་ལྔ་པའི་ཚེས་གཅིག་ནས་སུམ་ཅུ་བར་གསང་སྙིང་ཞི་བའི་སྒྲུབ་མཆོད་དང་འགྲེལ་རྒྱུད་གསང་བ་སྙིང་པོའི་འཆད་ཉན་དམ་རྒྱ་ཅན་མཛད། བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ནས་གྲྭ་ཚང་ཡོངས་རྫོགས་དབྱར་བཅའ་ཆེན་མོའི་ནང་འདུ་ནས། རང་ལུགས་སྐོང་གསོ་ཉིན་གསུམ་དང་། ཞབས་བརྟན་ཉིན་གསུམ་སྤྱི་རིམ་ལྷ་བསང་ཉིན་གཅིག དེ་མིན་ཉིན་ལྔ་ལ་སྦྱོང་མཛད། ཚེས་ཉེར་བརྒྱད་ནས་བླ་སེར་ཞལ་གྲངས་སུམ་བརྒྱ་ཐམ་པས་ཀློང་གསལ་པདྨ་འོད་འབར་དང་། ཆོས་བདང་ཐུགས་ཆེན་ཡང་སྙིང་འདུས་པའི་སྒྲུབ་ཆེན་ཐིག་མཚོན་དབྱངས་རོལ་སོགས་ཤིན་ཏུ་རྒྱས་སྤྲོས་མཛད་དེ། ཚེས་དྲུག་ཉིན་པར་རྫོགས། དེ་དང་ལྷན་དུ་ཕུར་པ་དང་གཤིན་རྗེ་ཐུགས་ཐིག་སྒྲུབ་ཆུང་ཞག་གྲངས་བཅུ་རེ་ཡོད། ཚེས་བདུན་ནས་ཉིན་བཞི་ལ་བླ་མ་གསང་བ་འདུས་པའི་སྒྲུབ་མཆོད་དང་འབྲེལ་ཚེས་བཅུ་ཆེན་མོའི་དུས་སྟོན་སྐབས། གུ་རུ་ཆོས་ཀྱི་དབང་ཕྱུག་གི་དག་སྣང་རྟ་དཀར་མའི་ཕྱག་རྒྱུན་ལྷོ་བྲག་དུ་བྱུང་བ་ལྟར་ཨོ་རྒྱན་སྨིན་གྲོལ་གླིང་གི་བཀའ་སྲོལ་དང་། ཆོས་དབང་དག་སྣང་ཞྭ་ནག་མ་ཞེས་གྲགས་པ་བྱང་པའི་ཚེ་བདག་སྐོར་རྣམས་ཕྱོགས་གཅིག་བསྒྲིགས་པ་ལ་ཐུབ་བསྟན་རྡོ་རྗེ་བྲག་གི་སྲོལ་རྒྱུན་བཞུགས། ཚེས་བཅུ་ཆེན་མོའི་བཀའ་སྲོལ་གཉིས་འདུས་ཤིན་ཏུ་རྒྱས་པའི་ལུགས་འཆམ་ཉིན་ཕྱེད་གསུམ་དང་མཐར་ཁྲོམ་དབང་དང་བདུད་རྩི་ཆོས་སྨན་འགྱེད་སྲོལ་བཅས་སོ། ཚེས་བཅུ་གསུམ་ནས་དགེ་འདུན་ཞལ་གྲངས་བརྒྱ་ཐམ་པས་དབྱར་གནས་ཟླ་བ་ཕྱེད་གཉིས་རིང་ལ་སོ་འཐར་འཆད་ཉན་དང་འབྲེལ་ཟས་སྤྱོད་ཚང་མ་འདུལ་པ་དང་མཐུན་པ་ཡང་དག་པར་བཞུགས། ཟླ་བ་བརྒྱད་པར་བླ་སེར་དྲུག་ཅུ་ཐམ་པས་རྒྱུན་གྲྭ་ཟླ་གཅིག་ཚོགས་དགོས། བོད་ཟླ་དགུ་པའི་ཚེས་ལྔ་ནས་ཞལ་གྲངས་དྲུག་ཅུ་ཐམ་པས་སི་ཏུ་རིན་པོ་ཆེའི་འདས་མཆོད་རྡོར་སེམས་སྒྲུབ་ཆེན་ས་ཆོག་ཐིག་ཚོན་སྟ་གོན་བཅས་ཚེས་བདུན་ནས་དངོས་གཞི་ཉིན་བདུན་ཚོགས། འདིའི་ཚེས་བཅོ་ལྔ་ནས་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་པར་དགེ་འདུན་པ་རྣམས་བསོད་སྙོམས་སོགས་[page 127] ཕེབས་ནས་གུང་གསེང་གི་སྐབས་ཡིན། ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་དགུན་བཅའ་ཆེན་མོ་བླ་སེར་ཡོངས་རྫོགས་འདུས་ནས་ཐོག་མར་བསྟན་བདག་རིན་པོ་ཆེ་དང་དགེ་རྐོས་རྣམས་ཀྱིས་བཀའ་ཡིག་ཆེན་མོ་བསྒྲགས་ནས་སྦྱངས་པ་དང་། སྔོན་འགྲོའི་ཁྲིད་དང་བསྒྲགས་ཐུན་བཞི་བཅད་དེ་འབུམ་ལྔ་ཟླ་གཅིག་གསོག་དགོས། དེ་ཚེ་ཐུན་ནང་འགྲོ་འགྲོས་དང་གཅར་གཏུག་གཏན་ནས་མི་ཆོག་པས། གཟིགས་རྟོག་པ་ཐུན་ཉུལ་དགེ་དཔོན་གཡོག་རྣམས་བཞུགས། བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་གསོལ་ཀ་ཞབས་བརྟན་སྤྱི་རིམ་བཅས་དང་། དེ་ནས་ཉིན་ལྔ་དྲུག་ལ་སྒྲུབ་ཁག་སོ་སོའི་ལས་སྣེ་དང་འཆམ་པ་བཅས་པས་བཀའ་གཏེར་སོ་སོའི་རང་འགན་བཞེས་ནས་སྦྱང་པ་ལ་བརྩོན། བཅའ་རྡུང་འབུད་དགྲོལ་དང་གར་ཐིག་དབྱངས་སོགས། སྔོན་རབས་གོང་མ་རྣམས་ཀྱི་ཕྱག་བཞེས་ལྟར། བཀའ་མ་དང་། སྨིན་ལུགས། བདུད་ཀློང་། བྱང་པ། སྙིང་ཐིག་སོགས་ཕན་ཚུན་མ་འདྲེས་པར་མཛད་དགོས། བླ་སློབ་ཁ་ཤས་ཀྱིས་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་གསུམ་ནས་བཀའ་བརྒྱད་འདུས་ཆེར་དགུ་ཆུང་དང་། ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་བླ་མ་བསྙེན་སོང་བཅུ་ཕྲག་གིས་བདུད་འདུལ་ཕུར་པ་ ཟླ་སྒྲུབ་སོགས་སྒྲུབ་ཆུང་དང་། བཅུ་གཉིས་པའི་ཚེས་ཉེར་གསུམ་ནས་ལོ་འཇུག་དགུ་གཏོར་ཆེན་མོ་ལ་འདུས་པ་བརྒྱད་ཅུ་རེས་བཀའ་བརྒྱད་ཁྲོ་རོལ་དང་། གུ་དྲག་ཡེ་ཤེས་རབ་འབར། བླ་སེར་ཉི་ཤུ་རེས་བཀའ་བརྒྱད་ཡོངས་འདུས་དང་། གཤིན་རྗེ་འཆར་ཁ། གཞན་ཡང་བླ་སློབ་བདུན་རེས། མགོན་པོ། ཞིང་སྐྱོང་། སེང་ཟློག་བཅས་ཀྱི་གཏོར་ཟློག་ཉིན་བདུན་རེ་དང་། བཤད་གྲྭ་ནང་བྱང་ལུགས་ཚེ་བདག་བཅས་འཚོགས་ནས། ཚེས་ཉེར་དགུ་ཉིན། ཀློང་གསལ། སྨིན་ལུགས་བཀའ་བརྒྱད། གཤིན་རྗེ་ཆེ་བདག་སོགས་ཀྱི་ཟོར་འཆམ་དང་མགོན་པོའི་ལས་མཐའ་གིང་དཀར་ནག་དང་གོ་གླུ་སོགས་ཀྱི་གར་འཆམ་དང་བཅས་པ་ནི་ལོ་ལྟར་འཚོགས་དགོས་པའི་སྒྲུབ་མཆོད་རྣམས་དང་། གཞན་ཡང་ཀར་གླིང་ཞི་ཁྲོའི་དུས་མཆོད་དང་ཀུན་མཁྱེན་འདས་མཆོད་སྙིང་ཐིག་རྩ་གསུམ་ཉིན་གསུམ་སོགས་བླ་མ་གོང་མ་རྣམས་ཀྱི་འདས་མཆོད་དང་ཚེས་བཅུ་སོ་སོའི་དུས་མཆོད་སོགས་འཚོགས་རྒྱུ་མཆིས་སོ།།

ཆོས་སྡེ་འདིའི་བཤད་སྒྲུབ་འཛུགས་རྟེན་དང་ཚོགས་པའི་གཏོང་སྒོ་སོགས་ཀྱི་འབྱུང་ཁུངས་ནི། སྔོན་ཆོས་རྗེ་དམ་པ་བདེ་གཤེགས་སྐུ་རིང་ལ། ཧོར་པོ་དཔོན་དགེ་ལུ་དང་། མེ་ཉག་ཏཱ་ཇིན། འཇང་གི་རྒྱལ་པོ། གླིང་དགྲ་ལྷ་དར་རྒྱས། ཀོང་པོ་ཀ་ལེགས་སོགས་ཀྱིས་ཡོན་བདག་བགྱིས་ཏེ། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་བཞེངས་པའི་མཐུན་རྐྱེན་བསྒྲུབས། དགེ་འདུན་པའི་འཚོ་བ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་སྲོལ་ལྟར་བསོད་སྙོམས་ལ་བརྟེན་ནས་ཟས་གོས་སྒྲུབ་པ་ལས་ཕུགས་ནོར་འཆང་བའི་སྤྲོས་པ་མ་མཛད། དེ་རྗེས་བླ་རབས་དང་དྲུང་རབས་རྣམས་ཀྱི་སྐབས་ཀྱང་། འཚོ་བ་བསོད་སྙོམས་ལ་བརྟེན་པའི་སྲོལ་བཟང་རྒྱུན་འཁྱོངས་སུ་བྱུང་བར་མངོན། དེ་བར་ཆོས་སྡེ་སོ་སོའི་སྐྱེས་ཆེན་དམ་པ་རང་ར་གི་ཕྲིན་ལས་ཆེ་ཆུང་ལས་ང་དང་ཁྱོད་ཀྱི་སྡེ་ཁག་ཞེས་ཆེར་མ་བྱུང་། རབ་བྱུང་བཅུ་པའི་སྐོར་ཚུན་ཆད་བོད་ལྗོངས་[page 128] སྤྱི་དང་ཁྱད་པར་མདོ་སྨད་འདིར་ཆོས་སྡེ་རང་རང་གི་ཕྱོགས་ཁག་བཟུང་ནས་དགོན་སྡེ་གསར་ཆགས་མང་པོས་སྡེ་རིས་སོ་སོར་ཕྱེས་པ་ལས། དགོན་པ་འདིར་ཡང་ཆོས་རྒྱལ་སྡེ་དགེའི་མངའ་རིས་སུ་གཏོགས་པར་མ་ཟད་སྔར་ཡབ་མེས་རྣམས་ཀྱིས་བསྟི་གནས་ཡིན་པའི་བདག་རྐྱེན་དང་། ཀློང་གསལ་སྙིང་པོའི་སྐབས་སྡེ་དགེ་ཆོས་རྒྱལ་སངས་རྒྱས་བསྟན་པ་དང་ཡོན་མཆོད་དུ་འབྲེལ་བ་ལས་སྡེ་དགེའི་དབུ་བླ་ཁག་ལྔའི་གཙོ་བོ་ལྟ་བུར་བཀུར། བསོད་ནམས་ལྡེའུ་བཙན་དུས་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་དང་། དྲི་མེད་ཞིང་སྐྱོང་དུས་སྡེ་དགེ་ས་དབང་བློ་གྲོས་བཟང་པོ། དགེ་རྩ་པཎ་ཆེན་དུས་ས་སྐྱོང་དབང་མོ། སི་ཏུ་ཆོས་ཀྱི་རྒྱ་མཚོའི་དུས་ལྷ་སྲས་ཚེ་དངབ་རྡོ་རྗེ་སོགས་ཆོས་རྒྱལ་རྣམས་དང་རིམ་པར་ཡོན་མཆོད་འབྲེལ་བ་ལས་སྡེ་དགེ་གཞུང་གཉེར་དགོན་པར་ཡིན་རྒྱུར་ཆགས་འཇོག་ཐོག་ སྔོན་དུས་འཁོར་ནག་དུད་གྲངས་བརྒྱ་དང་བརྒྱད་ཅུ་དང་གཟིག་རུ་སུམ་ཅུ་སོ་ལྔ་ཞེས་ཞིང་པ་དུད་གྲངས་བརྒྱ་དང་བརྒྱད་ཅུ་དང་། འབྲོག་དུད་སུམ་ཅུ་སོ་ལྔ་ལས་འབྲུ་རིགས་དང་མར་ཆུར་ལོ་ལྟར་ལེན་རྒྱུ་ཡོད་པར་མ་ཟད། སི་ཏུ་ཆོས་ཀྱི་རྒྱ་མཚོའི་སྐུ་དུས་བཤད་གྲྭ་རྟེན་ས་སྨད་དང་རྒ་བརྗེ་སྡེ་ས་སྒང་གི་དུད་གྲངས་ཚང་མའི་ས་ཞིང་དང་། ཧོར་པོ་བརྡ་ཆའི་ས་ཞིང་ཡོངས་རྫོགས། གཞན་ཡང་ཧོར་པོ། དཔལ་ཡུལ་འབྲི་ཆུ་ཁ། དཔེ་ཝར་ཨོ་ཚེ་རི་གཤོང་། རག་ཆབ། རྡོ་ཀུག་རྫོགས་གསུམ་བཅས་ཀྱི་ནང་དུད་ཚང་མང་པོ་བཤད་སྒྲུབ་ཀྱི་རྟེན་རྩར་སྦྱོར་འཇགས་མཛད་པ་དང་། ཀག་རུ་འབྲོག་སྡེ་རྣམས་ཀྱི་ས་ཆ་ཀག་ཐོག་ཚ་རག་སྒང་ནས་ཡིག་ཚེ་ལྷ་དབང་སུམ་མདོའི་པར་རང་བདག་ཆོག་པའི་བཀའ་དྲིན་ལ་བརྟེན་བཤད་སྒྲུབ་ཁག་དང་། གཞུང་གི་སྒྲུབ་པ་རྣམས་གཏན་འཇགས་སུ་བྱུང་བ་དང་། གཞན་མཆོད་སྒྲུབ་དེ་རྣམས་ཀྱི་སྐབས་མཆོད་ཐེབས་འགྲོ་སོང་གཏོང་བྱེད་དགོན་པ་རང་གི་གཞུང་དངུལ་ཁྲི་བརྒྱ་ལྷག་ཙམ་གྱི་སྐྱེད་འཕར་གང་བྱུང་དེས་ལོ་རེ་བཞིན་གྱི་འགྲོ་སོང་རྒྱུན་འཇགས་སུ་བྱེད་དེ་བརྟན་བརླིང་གིས་ཆོས་སྒོ་སྤེལ་ནས་ནུབ་མེད་དར་རྒྱས་བྱུང་བ་ལགས་སོ།།

དགོན་པའི་སྲོལ་རྒྱུན་སྒྲིག་ཁྲིམས་སྐོར་ནི། ཆོས་སྡེ་འདིའི་བསྟན་པ་བཤད་སྒྲུབ་ལས་གསུམ་གྱི་མཛད་སྒོ་སྤེལ་བ་དང་། གཙོ་འགན། སྔོན་དུས་བླ་རབས་གོང་མའི་ཐུགས་སྲས་གཙོ་བོ་རེས་སྐྱོང་བ་ལས་གདན་རབས་ཞེས་གྲགས་པ་དང་། བསྟན་པ་ཕྱི་དར་སྐབས་ཙམ་ནས་དགོན་སྡེ་རང་རང་གིས་སྤྲུལ་སྐུ་རེ་བསླུ་རྒྱུའི་སྲོལ་རྒྱུན་ བྱུང་བ་ལྟར། དགོན་པ་འདི་ལའང་། གཏེར་ཆེན་བདུད་འདུལ་རྡོ་རྗེའི་ཡང་སྲིད་རྒྱལ་སྲས་བསོད་ནམས་ལྡེ་བཙན་གསེར་ཁྲིར་ མངའ་གསོལ་མཛད་པ་ལས་དེ་ཚུན་བསྟན་པའི་བདག་པོ་སྤྲུལ་སྐུ་རེས་ཐུགས་འགན་བཞེས་པའི་སྲོལ་རྒྱུན་འཇགས་སུ་བྱུང་། རྒྱལ་སྲས་རིན་པོ་ཆེ་གཤེགས་རྗེས་དབོན་པོ་ཚེ་དབང་ཕྲིན་ལས་ཀྱིས་གདན་ཚབ་ཏུ་བཞུགས་ནས། བསོད་ནམས་ལྡེའུ་བཙན་སྤྲུལ་སྐུ་དྲི་མེད་ཞིང་སྐྱོང་མགོན་པོ་ངོས་འཛིན་དང་འབྲེལ་གསེར་ཁྲིར་བཀོད། ཞིང་སྐྱོང་རིན་པོ་ཆེ་སྐུ་དུས། དགེ་རྩ་དང་། སི་ཏུ། རྨོག་རྩ། ཕྱག་ཚ། ཉིན་དགོན་བཅས་ཀྱི་སྤྲུལ་སྐུ་རྣམས་གདན་དྲངས་ནས་གསེར་ཁྲིར་མངའ་གསོལ་མཛད། སི་ཏུ་རིན་པོ་ཆེའི་སྤྲུལ་སྐུ་ཆོས་ཀྱི་སེང་གེ། ཀུན་མཁྱེན་འཇིགས་མེད་གླིང་བ་དང་། རྡོ་གྲུབ་ཀུན་བཟང་[page 129] གཞན་ཕན་སོགས་ཁམས་དབུས་ཀྱི་སྐྱེས་ཆེན་རྣམས་ཀྱི་མདུན་ཆོས་སྐྱེལ་འབུལ་ལེན་གྱིས་མཛད་པ་གཙོ་བོར་བསྐྱངས། སྐུ་ཞབས་ཉིད་དང་གཞན་གྱི་སྤྲུལ་སྐུ་རྣམས་ཀག་ཐོག་གཞུང་གི་བསྟན་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་ལས་གསེར་ཁྲི་ལྔ་བདག་ཞེས་པའི་མཚན་ཆགས། དེ་ནས་བཟུང་མཆོག་སྤྲུལ་རེས་ལོ་ལྔ་རེ་དགོན་པའི་བསྟན་བདག་མཛད་རྒྱུའི་སྲོལ་རྒྱུན་བྱུང་། དེ་ལྟར་བསྟན་ཁུར་ཞེས་པའི་འོག་དགོན་པ་རང་གི་ལུགས་སྲོལ། ཆོས་རྒྱལ་སྡེ་དགེའི་ཕྱག་སྲོལ་དགོན་པ་རང་ཞབས་ཀྱི་མངའ་འབངས་དུད་ཚང་གཅིག་ལ་བུ་དང་པོ་བྱུང་བ་ཁྱིམ་བཟུང་བ་དང་། བུ་གཉིས་པ་ཀག་ཐོག་དགོན་པ་ལ་དབང་བས། ལོ་གཉིས་གསུམ་ནས་སྐུ་ཕུད་བླང་སྟེ་གྲྭ་མིང་འདོགས། ལོ་བདུན་ཙམ་ནས་སྐྱབས་སྡོམ་གནང་ནས་བན་ཡིག་ནང་བརྒྱབ་སྟེ་ཡི་གེ་སྦྱོང་དགོས། དེ་ནས་ལོ་རེ་བཞིན་ཡིག་རྒྱུག་བླང་ནས་འགན་འཁྲིའི་ལམ་ལུགས་ལྟར་ཆད་གཅོད་དང་དཔའ་དར་གང་འོས་གནང་ཐོག སྐུ་གསུམ་ཆོ་ག ཀར་གླིང་ཞི་ཁྲོ། ཀློང་གསལ་གུ་དྲག་བདུད་འདུལ་ཕུར་པ། ཚེ་ཆོག བཀའ་བརྒྱད་ཡོངས་འདུས། བསང་ཡིག་པདྨ་བཀའ་ཐང་བཅས་པོད་བརྒྱད་ཀྱི་རྒྱུགས་སྤྲད་དགོས། ཤིན་ཏུ་བླུན་པོ་ཤེས་མེད་ཁ་ཤས་ཇ་དྲངས་ལྟོ་པོ་ཟེར་བའི་ནང་བཞག་སྲོལ་ཡོད། ལོ་བཅུ་གསུམ་ཙམ་ནས། བཅའ་བཟོ། འབུད་བཀྲོལ་འཆམ་གར་སོགས་ཀྱི་སྦྱང་བརྩོན་ཐོག་རིམ་པར་འགྲོ་དགོས། དགུན་བཅའ་ཆེན་པོའི་སྐབས་གྲྭ་ཚང་སྤྱི་དང་ལྷན་དུ་སྔོན་འགྲོ་ཞུས་ནས་འབུམ་ལྔ་བསགས་སྦྱང་ལོ་ལྟར་དགོས། དབང་ལུང་མ་ཐོབ་ན་བཀའ་གཏེར་གྱི་སྒྲུབ་མཆོད་རྣམས་ཀྱི་ནང་འཚོགས་མི་ཆོག་གྲྭ་ཚང་སྤྱི་ནས། དུས་རྒྱུན་ལྭ་སྣམ་མ་གཏོགས་རས་ཀྱི་གཟན་ཤམ་མནབ་མི་ཆོག དབྱར་དགུན་གྱི་དུས་མཆོད་རྣམས་ལ་དབྱར་ཀ་དཔུང་བཅད་དང་སྟོད་འགགས། དགུན་དུས་གོས་སྟོད་སྲམ་ཤན། གསོལ་ཞལ་ཤིང་ཕོར་དཀྲིས་མ་དགོས་པ་དང་། ཀོ་སྣོད་ཀྱི་རྩམ་ཁུག་དང་ལྷམ་གྱོན་བཞིན་ཚོགས་གདན་དུ་འགྲོ་མི་ཆོག་པ་སོགས་ཀྱི་སྒྲིག་ཁྲིམས་ཞིབ་ལ་ཕྲ་མོ་དང་། སེར་ཁྱིམ་པ་ཡིན་ན་དབྱར་བཅའ་ཟླ་བ་གཅིག་དང་དགུན་བཅའ་ཟླ་བ་གཉིས་འཚོགས་ དགོས་པ་དང་། དགེ་བསྙེན་གྱི་སྡོམ་པ་རྒྱུད་ལྡན་བྱེད་དགོས་པས་ཁྱིམ་དུ་འགྲོ་བའི་སྐབས་ཀྱང་བྱེད་མི་ཆོག་པའི་བཅའ་ཁྲིམས་ནི་སྐྲ་སོར་གཉིས་ལས་རིང་བ་དང་། གོས་ཚོན་གྱིས་སྒྱུར་བ་ལས་སྐྱ་གོས་གྱོན་པ། སྐུ་ཆིངས་སེར་པོ་ལས་གཞན་བཅིང་བ། ཁྱད་པར་ཁྱིམ་རང་དབང་ཅན་བླང་བ། བསད་རྡུང་དང་རྐུ་འཕྲོག་སོགས་མངོན་གྱུར་ཡོད་པ་སོགས་ཀྱིས་སྒྲིག་འགལ་བྱུང་ན། ལུས་ཆད་དང་དཔལ་འབྱོར་ཆད་གཅོད་བཅས་ཀྱི་རྗེས་གྲྭ་པའི་གྲལ་ལས་གནས་དབྱུང་བྱེད་སྲོལ་ཡོད། སྤྱིར་བཏང་གྲྭ་པ་ཡག་པོ་རྣམས་ལོ་བཅོ་ལྔ་སྐོར་ནས་བཤད་གྲྭ་ནང་ཞུགས་ཏེ་རང་གི་ཤེས་ཡོན་དང་བསྟུན་པའི་རིག་གནས་དང་སློབ་གཉེར་གང་ནུས་སྦྱངས་ནས་ལོ་ལྔ་རྗེས་གྲྭ་པ་ དཀྱུས་མ་ཙམ་ཡིན་ན་ཕྱིར་བུད་དེ་གཞུང་གི་དབྱར་དགུན་གཉིས་ཀྱི་བཅའ་བ་དང་། དགེ་ཚུལ་སློང་རྣམས་དམིགས་གསལ་རྒྱུན་གྲྭ་དང་། སྒྲིག་ལམ། དབྱར་གནས། རྡོར་སེམས་བཅས་འཚོགས་དགོས། གཤིན་གསོན་གྱི་གྲོང་ཆོག་སོགས་འགྲོ་དགོས་ན་དགེ་བརྐོས་མདུན་དགོངས་ཞུ་བྱས་ཏེ་ཕེབས། རྒྱུན་དུ་དགོན་ཁང་ནང་གཏན་བཞུགས་བྱེད་པ་ལས་ཁྱིམ་དུ་བྱོན་སྲོལ་[page 130] མེད། དགོན་དུ་བཞུགས་དུས་འཚོགས་བཙུགས་སགོ་རྣམས་དང་འབྲེལ་ཆོ་ག་ཕྱག་ལེན་དང་། བཅའ་རྡུང་འབུད་བཀྲོལ་སོགས་གཙོ་བོར་བརྩོན་བཞིན་བཞུགས་ནས་དུས་རྒྱུན་དགོན་དུ་ བཤད་སྒྲུབ་རྣམས་མི་ཐེ་བའི་བླ་གྲྭ་བརྒྱ་ལྷག་རེ་ངེས་པར་ཡོད་དོ། དེ་ལྟར་དབྱར་དགུན་གྱི་བཅའ་བ་དང་། དུས་མཆོད་ཆེ་ཕྲ་རྣམས་ཀྱི་སྒྲིག་ལམ་དང་ལས་ཚན་བརྐོ་བཞག་དང་བྱ་སྤྱོད་སོགས་ཀྱི་གཙོ་འགན་དགེ་འདུན་སྤྱིའི་ཐུགས་བབས་དང་བསྟུན་པའི་གཞི་བྱས་ཀྱི་དགེ་བསྐོས་དཔོན་གཡོག་བཞི་དང་། དགོན་པའི་ཡོན་འབུལ་རྣམས་ཀྱི་དཔལ་འབྱོར་འགན་དྲང་བདེན་ཅན་གྱི་སྤྱི་བླ་གཉིས། བཀའ་གཏེར་སྒྲུབ་མཆོད་ཚང་མའི་དབྱངས་རྟ་འབུད་དཀྲོལ་ཕྱག་ལེན་གང་ལའང་ཆགས་ཐོགས་མེད་པའི་བྱང་འདྲེན་ཆེན་པོ་གཅིག་དང་། དབུ་རོགས་བཞི། རྩ་གར་ཁྲོ་གསུམ་དང་ཚེས་བཅུ་དགུ་ཆེན་སྐབས་སོགས་ཀྱི་འཆམ་གར་ཚང་མ་ཤེས་པར་མ་ཟད་ལུས་ཀྱི་རྣམ་འགྱུར་དང་ཉམས་རྩལ་ལྡན་པའི་འཆམ་དཔོན་ཆེ་ཆུང་གསུམ། དཀྱིལ་འཁོར་རྣམས་ཀྱི་ཐིག་ཚོན་དང་། མཆོད་གཏོར་བཅའ་བཟོ་བཅས་ཀྱི་ལག་རྩལ་མཁས་ལ་མཆོད་འབུལ་བཤམ་བཀོད་རྣམས་ཀྱི་ཕྱག་ལེན་རྣམ་འགྱུར་དང་ལྡན་པའི་མཆོད་དཔོན་ཆེན་པོ་བཞི། ཀག་ཐོག་སྔར་རྒྱུན་མདོ་དར་བཅུ་གསུམ་གྲགས་པ་དང་སི་ཏུ་རིན་པོ་ཆེའི་སྐུ་དུས་ནས་དར་བའི་རྒྱ་གླེང་སྣེ་གྲནས་བཅུ་ཕྲག་ལྔ་ལྷག་མཁྱེན་པའི་གླིང་པ་སོགས་ལ་རང་རང་གི་བབས་ བསྟུན་ཤེས་ཡོན་དང་འབྲེལ་བའི་གོ་གནས་མཚན་འབུལ་བཅས་མཛད་རྗེས་རང་འགན་གང་ཡོད་དུས་རྒྱུན་འགན་ཧྲིལ་ཁུར་མཛད་པ་ལས་ལོ་རེ་བཞིན་གསར་དུ་གྲྭ་སྒྲིགས་དགོས་སྲོལ་མེད། དགོན་པའི་འཁོར་དུད་རྣམས་ཀྱི་འབྲུ་དང་། གཟིག་རུ་རྣམས་ཀྱི་མར་ཆུར་སོགས་སྤྱིའི་འོང་སྒོ་རྣམས་དགོན་པ་གཞུང་གི་ཕྱག་མཛོད་གཅིག་དང་མགྲོན་གཉེར་བཞི་རེས་ལག་ལེན་དགོས་པ་དང་། འཚོགས་སྒོ་སྤྱིའི་གསོལ་མགྲོན་དང་མཆོད་འབུལ་རྣམས་སྤྱི་ཆེན་མི་བཅུ་གསུམ་རེས་ལག་བླང་བྱས་དེ་མདོར་ན་རང་རང་གི་ལས་ཀ་རྣམས་སོ་སོར་མ་འདྲེས་པ་ཁུར་དགོས། བཤད་གྲྭ་ནི་གཙོ་བོ་སི་ཏུ་རིན་པོ་ཆེའི་བླ་བྲང་གིས་ཐུགས་འགན་གནང་བས། རྒྱུད་སྡེ་བླ་བྲང་དང་། རྒྱུད་སྡེ་བཤད་གྲྭ་ཞེས་མིང་ཐོགས། གོང་དུ་ཅུང་ཟད་སྨོས་པ་ལྟར་གཙོ་བོ་ཆོས་རྒྱལ་སྡེ་དགེའི་གཞུང་གཉེར་བྱེད་པའི་ཁུར་བཞེས་ནས། སྡེ་པ་སྒང་དང་། ཧོར་པོ་བརྡ་ཆེ་རྣམས་ཀྱི་ས་ཚིགས་རྣམས་ལ་བརྟེན་ནས་བཙུགས་པ་རེད། བཤད་གྲྭ་རིག་གནས་དང་བཅས་པ་མཁན་སློབ་དགེ་འདུན་ཇ་མ་ཤིང་པ་བཅས་ཞལ་གྲངས་ལྔ་བཅུ་ང་བཞི་ལ་ལོ་རེ་གསོལ་ཕོག་འབྲུ་རྒྱ་མ་སུམ་བརྒྱ་མར་རྒྱ་མ་བཅུ། ཇ་བག་གཉིས་རེད་བཅས་ཡོད། བཤད་གྲྭ་གཞི་བྱེས་སུ་ཡིན་ཡང་ལོ་ལྔ་རེ་མ་རྫོགས་པར་ཕྱིར་ལོག་འགྲོ་རྒྱུའི་དགོངས་པ་མེད། བཤད་གྲྭའི་ནང་བཅའ་ཁྲིམས་གཙོ་བོ་མཁན་པོ་དང་། དགེ་བསྐེས་བླ་མ་རེས་བལྟ་དགོས། མཁན་པོའི་ཆོས་ཐུན་རྗེས་སྐྱོར་སྦྱོང་མཁན་དཔོན་གཉིས་གསུམ་རེ། དཔལ་འབྱོར་ཐོག་དང་སྒྲིག་ཁྲིམས་དྲང་བདེན་བལྟ་མི་བསམ་ཡོད་བཞི་རེ། དཔལ་འབྱོར་དངོས་པོའི་ལག་ལེན་སྤྱི་པ་གཉིས་རེ་བཅས་ཀྱིས་རང་འགན་བཞེས་ཐོག་ནང་སྔ་སྐྱ་རེངས་ཤར་དུས་མཁར་རྔའི་བརྡས་བསྐུལ་བ་དང་སྡོམ་གསུམ་གསོ་སྦྱོང་འཚོགས་གྲོལ་ནས་མེ་ཇ་བླང་སྟེ་རང་ཤགས་སུ་ཞལ་གསོལ་གསོལ། དེ་ནས་ཉི་[page 131] དྲོས་རང་སྦྱོང་ཐུན་གཅིག་གནང་། ཡང་མཁར་རྔ་བརྡུང་བ་དང་། ཆོས་ཐུན་འཚོགས། སླར་གྲོལ་བ་དང་མེ་ཇ་བླང་སྟེ་གུང་ཚིགས་བཞེས། དེ་རྗེས་སྐྱོར་སྦྱོང་དང་རང་ཤགས་སུ་ཐུན་གཅིག་སྦྱོང་། ཉི་ཐལ་ཙམ་ནས་གསོལ་ཀ་འཚོགས། ཚོགས་པ་གྲོལ་བ་དང་མཉམ་མེ་ཇ་བླང་ནས་ཕྱི་ཇ་གསོལ་འཕྲལ་སྐྱོར་སྦྱོང་ལན་གཅིག་དགོས། དེ་ནས་ས་རུབ་བ་དང་མཉམ་སྲོད་ཐུན་རིང་ཙམ་སྡོམ་པ་ལ་མཁན་པོ་ཐུན་སྐོར་ལན་རེ་དང་། དགེ་བརྐོས་ཀྱིས་རྒྱུན་པར་བལྟ་དགོས། དགོངས་ཞུས་མེད་པར་དགོན་པ་ནང་ཡང་མི་ཕེབས། ཚོགས་པ་དང་གྲྭ་ཤགས་ནང་བཞུགས་སྐབས་བཅས་ལ་འབོད་བརྡ་དང་འུར་སྒྲ་སྣེ་གཅིག་རྒྱག་མི་ཆོག དུས་རྒྱུན་ཕེབས་བཞུགས་ནམ་ཡིན་ལ་གཟན་ཤམ་དང་མི་འབྲལ་ཞིང་གཟན་ཕབ་དང་ བཅས་ཞི་དུལ་ལྷོད་གསུམ་འཛོམ་པ་གཞན་གྱིས་མཐོང་ཚེ་འདི་ནི་བཤད་གྲྭ་བ་ཞིག་ཡིན་པ་ངོ་ཤེས་ནུས་པའི་སྤྱོད་བཟང་དང་ལྡན་པ་ཁོ་ན་དགོས། ཆོས་ཐུན་སྐབས་ཉིན་བཞིན་རྒྱུགས་སྤྲོད་དགོས་པ་ལས་དེ་ཉིན་མ་དྲོད་ན་ཕྱིས་ཉིན་ཡང་སྤྲད་དགོས། གཞུང་ཆེན་རེ་ཆོས་ཐུན་ཚར་དུས་ཀག་ཐོག་གཞུང་གི་བསྟན་བདག་གམ་ཡང་ན་སྔ་མའི་ མཁན་རྒན་ཞིག་བཞུགས་ནས་གཞུང་ཡོངས་རྫོགས་ཀྱི་སྤྱི་རྒྱུག་འབུལ་བ་ལས། མཁས་པ་ཆེན་གྲས་གཟེངས་བསྟོད་གནང་སྦྱིན་བཅས་མཛད། གཞི་བྱེས་སུ་ཡིན་ཡང་། མི་གཞི་བཟང་པོ་དང་ཤེས་ཡོན་ཆེ་ཙམ་ཡོད་པ་རྣམས་ལོ་ལྔ་རེའི་རྗེས་ཡང་ཞུགས་བྱེད་པ་ལས་དགོངས་པ་མི་གཏོད། སྐྱོར་དཔོན་ནུས་པའི་མཁས་པ་ལ་བླ་ཞྭ་དཀྲིས་མེད་རེ་གནང་ནས། རང་གཞུང་གི་སྐྱོར་དཔོན་དང་། ཡང་ན་དགོན་པ་གཞན་གྱི་མཁན་པོར་བསྐོ་བཞག་གནང་། དགོན་པ་རང་གི་མཁན་པོར་འོས་པ་ལ་སྐྱོར་དཔོན་ཆེ་བའི་འགན་ལོ་ཤས་བཞེས་རྗེས་ བཤད་གྲྭ་ཕྱིར་བུད་ནས་བཤེས་གཉེན་དམ་པའི་མཁས་གྲུབ་གཞན་རྣམས་ཀྱི་མདུན་སྨིན་གྲོལ་གྱི་དཔང་ལུང་དང་རྫོགས་པ་ཆེན་པོའི་གདམས་ཁྲིད་སོགས་ཀྱི་གསན་སྦྱོང་བཅས་ ལེགས་པར་གྲུབ་རྗེས་མཁན་ཁྲིར་མངའ་གསོལ་དང་འབྲེལ། སྐུ་གསུང་ཐུགས་རྟེན། ན་བཟའ། དབུ་ཞྭ་གསེར་དཀྲིས་གསུམ་པ་བཅས་འབུལ་གནང་མཛད། དགོན་པ་གཞུང་གི་ཚོགས་སྒོ་ནང་ཕེབས་ཚེ། སྔ་མའི་མཁན་པོ་རྣམས་ཀྱི་འོག་ལས་ཐོག་མཁན་པོའི་བཞུགས་ཁྲི་རྒྱབ་ཡོལ་ཅན་རེ་བཞག་སྲོལ་ཡོད། གྲུབ་གྲྭར་བཞུགས་པའི་ལམ་སྲོལ་ལ། ཉིན་དགོན་སྒྲུབ་གྲྭ་གཞི་བྱེས་བཅོ་ལྔ་དང་ཇ་མ་བཅས་བཅུ་དྲུག ལོ་གསུམ་གྱི་རིང་སྒྲུབ་གྲྭ་མཁན་རིན་པོ་ཆེའི་མདུན། ཐོག་མར་སྔོན་འགྲོ་ཞུས་ནས་འབུམ་ལྔ་དང་། དེ་ནས་དུས་མཚམས་རེ་རེ་བཞིན་བསྙེན་སྒྲུབ་གང་དགོས་ཀྱི་དབང་དང་བསྙེན་ཁྲིད་སོགས་གསན་སྦྱོང་དང་འབྲེལ། བདུད་འདུལ་ཕུར་པ། བླ་མ་ཞི་དྲག ཀར་གླིང་ཞི་ཁྲོ། བཀའ་དགོངས། ཚེ་བདག་ཁྲོས་ནག ཚེ་སྒྲུབ། མགོན་པོ་ཚོགས་བདག་བཅས་ཀྱི་བསྙེན་པ་གཞུང་མཐུན་དང་། འཕོ་ལུང་། རྩ་རླུང་། མཐར་རྫོགས་པ་ཆེན་པོ་ཁྲེགས་ཐོད་བཅས་ཀྱི་མཉས་བཞེས་མཐར་ཕྱིན་རྗེས་དགོན་པ་ གཞུང་གི་རོལ་བསུ་ཐོག་བསྟན་བདག་མདུན་ཕེབས་ནས་བསྙེན་པ་གཏོང་ཚུལ་གྱི་ཡིག་ཆ་དང་གཏང་རག་གི་མཎྜལ་འབུལ་བ་བཅས་[page 132] མཛད་འཕྲོས་དབུ་ཞྭ་པཎ་ཞུ་དཀྲིས་མེད་རེ་གནང་ནས་བླ་མའི་གོ་སར་འཇོག དེ་བཞིན་སྒྲུབ་གྲྭ་གཞན། དམ་ཕུག་ཏུ་ཞལ་གྲགས་བཅུ་རེས་ཀློང་གསལ་རྩ་གསུམ་ཚེ་སྒྲུབ་བཅས་ཀྱི་བསྙེན་པ་བསྟེན་ པ་དང་། བྲག་ར་སྒྲུབ་གྲྭ་བཅུ་གཉིས་ཀྱིས་མ་གཤིན་ཕུར་གསུམ་བསྙེན་པ། ཕུར་ཁང་དུ་སྒྲུབ་གྲྭ་བཅུ་གཅིཅ་གིས་བཀའ་གཏེར་གཉིས་ཀྱི་ཕུར་པ་རྣམས་ཀྱི་བསྙེན་པ། བར་ཁྲོད་སྒྲུབ་གྲྭ་ལྔ་ཙམ་གྱིས་ཚེ་ལྷ་རྣམ་གསུམ་བསྙེན་པ་བཅས་རང་རང་གི་བཅའ་ཡིག་དང་ཞལ་བཀོད་ལྟར་ལོ་གསུམ་རེ་བཞུགས་དགོས་པ་ཚང་མ་འདྲ། སྒྲུབ་གྲྭ་འདི་རྣམས་ཀྱི་བླ་མ་ལ་དམིགས་གསལ་ཁ་ཤས་རེ་མ་རྟོགས་དཀྱུས་མའི་བླ་མ་ཙམ་ལས་ཞྭ་བཞེས་སྲོལ་མེད། མཆོག་སྤྲུལ་རིན་པོ་ཆེ་རྣམས་ནི་ཐོག་མར་ཡིད་ཆེས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་འཁྲུལ་མེད་ལུང་གིས་གསལ་བ་ན། སྤྲུལ་སྐུའི་གོང་མའི་གོ་གནས་དང་བསྟུན་རྐྱ་བསུ་རིང་ཐུང་དང་རོལ་བསུའི་བཀོད་པ་བཅས་ཀྱིས་རང་དགོན་དྲ་གདན་དྲངས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བའི་དགེ་རྒན་རེ་རྒྱུན་བཞུགས་མཛད་དེ། ཐོག་མར་ཡི་གེ་འབྲི་ཀློག་ནས་རིག་པའི་གནས་ཆེ་ཕྲ་རྣམས་དང་། རང་ལུགས་མཆོད་སྒྲུབ་ཁག་གི་ཕྱག་ལེན་རྣམས་གསན་སྦྱོང་དང་། ཁྱད་པར་རང་གཞན་གྱི་བཤེས་གཉེན་ཀུན་ལས་མདོ་སྔགས་གཉིས་ཀྱི་གཞུང་དང་གདམས་ངག་རང་ལུགས་གཙོ་བོར་གྱུར་པའི་བཀའ་གཏེར་རྣམས་ཀྱི་སྨིན་གྲོལ་ཕྱག་རྒྱུན་དང་བཅས་པའི་ཞལ་ཁྲིད་རྣམས་མཐར་མ་ཕྱིན་པར་རང་དགོན་གྱོ་མཆོད་སྒྲུབ་རྣམས་ཀྱི་རྡོ་རྗེ་སློབ་ དཔོན་དང་ཡུལ་གཞན་དུ་གདུལ་བྱ་བཅས་མཛད་སྲོལ་གཏན་ནས་མེད་དེ་དེ་ནི་དགེ་རྩ་པཎ་ཆེན་དང་སི་ཏུ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ལ་གཟིགས་དང་གསོལ། དགོན་པ་གཞུང་གི་སྒྲུབ་ཆེན་རྣམས་ལ་སྐུ་སྔ་མའི་གོ་གནས་ལ་མ་ལྟོས་པར་མཆོག་སྤྲུལ་དམ་པ་རྒན་རབས་གང་བཞུགས་དེས་རྡོ་རྗེ་རྒྱལ་པོའི་ཐུགས་འགན་བཞེས་སྲོལ་དང་། ཚེས་བཅུ་སོགས་ཀྱི་དུས་ཆེན་སྐབས་རྣམས་པ་བླ་གོང་མའི་གོ་གནས་དང་བསྟུན། ཁྲི་མཐོ་དམན་གྱི་དབྱེར་ཡོད་དགོས་པ་དང་། ཕེབས་འབྱོན་སྐབས། དགེ་བསྐོས་དང་ཞབས་ཞུ་ཁ་ཤས་སྤོས་སྣ་དུང་རྒྱག་བཅས་ཀྱིས་བསུ་སྐྱེལ་དགོས་པ་དང་། བསྟན་བདག་རིན་པོ་ཆེས་བན་ངོ་བླང་བ་དང་ཚེས་བཅུའི་གྲ་སྒྲིག ཡི་གེ་དང་འཆམ་རྒྱུགས་བླང་སྐབས་སོགས་ལ། དགེ་སྐོས་དང་ཞབས་ཞུ་བཞི་ལྔ་རེས་བསུ་སྐྱེལ་ཞུ་བ་དང་། དགོན་པའི་ཚོགས་སྒོ་དང་། སྒྲིག་ཁྲིམས། བཅའ་བཀོད་གང་ཐད་དགེ་བསྐོས་དཔོན་གཡོག་ནས་བསྟན་བདག་རིན་པོ་ཆེའི་མདུན་བཀའ་འདྲི་མ་བསྐོར་བར་རང་སྣང་གང་ཤར་གྱིས་ལས་ཀ་སྣེ་གཅིག་བྱེད་སྲོལ་མེད་པ་བཅས་སྔར་རྒྱུན་ལམ་ལུགས་རྣམས་མདོ་བསྡུས་ཙམ་སྨོས་པའོ།།

དེང་གི་གནས་ཚུལ་ནི། དེ་ལྟར་རྒྱལ་བ་ཀག་ཐོག་པའི་བསྟན་པ་བཤད་སྒྲུབ་ལས་གསུམ་གྱིས་བསྐྱངས་བས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བཀའ་གཏེར་ཡོངས་ཀྱི་རིང་ལུགས་དྲི་མ་མེད་པའི་སྲོག་ཤིང་ལྟ་བུར་གྱུར་ནའང་སྐྱེ་རྒུའི་བསོད་ནམས་དམན་པས་བསྟན་པའི་ ཉི་མ་ཆུ་ལྷའི་འཕང་ལ་ལོ་སུམ་ཅུ་ཙམ་གྱི་རིང་གཟིམ་ནས་བོད་ཁམས་ཀྱི་དགོན་སྡེ་ཕལ་མོ་ཆེ་དང་མཚུངས་ངོ་རྒོལ་བཞི་པའི་སྐབས་བཤད་སྒྲུབ་ཀྱི་རྣམ་པ་ཐམས་ཅད་སྟོངས་བགྲངས་བྱ་དགུ་བརྒྱ་ཉེ་བར་བསགས་པའི་གནའ་རྫས་[page 133] རྟེན་གསུམ་རྣམས་ཀྱི་གཙོས་རྟེན་དང་བརྟེན་པའི་གཙུག་ལག་ཁང་དང་བཅས་པ་ཐམས་ཅད་བརླགས། ད་བར་རིག་གནས་གསར་བརྗེ་སྐབས། དགོན་པའི་ལམ་ཤུལ་ཁང་པ་དང་། གྲྭ་ཤགས་བཅས་གཤིགས་ནས་ས་ཕུང་དང་རྡོ་ཕུང་ལས་མེད་པ་དང་། སྐུ་འབུམ་ཆོས་རྗེ་ཡབ་སྲས་ཀྱི་སྐུ་གདུང་ཆེན་མོ་དྲུག་དང་། འདག་སྐུ་ལྷ་རིས་བཅས་དང་། ཀློང་གསལ་སྙིང་པོ་ཡབ་སྲས་ཚང་མའི་སྐུ་གསུང་ལྷ་ཁང་རྣམས་བཤིག་ཤོར་བར་མ་ཟད། རིན་ཐང་གཞལ་དུ་མེད་པའི་གནའ་རྫས་མང་པོ་བརླག་ཚུལ་ལ་བསམ་ན་ཡིད་སྐྱོ་བའི་གནས་སུ་གྱུར། དེང་ཆོས་ལྡན་བོད་འབངས་ཡོངས་ལ་ཆོས་དད་རང་དབང་སྤྲིན་གསེབ་ཉི་མ་ཤར་མ་ཐག་གདན་ས་འདིར་སྔོན་གྱི་བླ་ཆེན་མཁན་སྤྲུལ་ཕལ་ཆེར་འདས་གྲོང་དང་ཡུལ་བྱོལ་སོགས་ ཀྱིས་མི་བཞུགས་ཀྱང་གུ་རུ་པདྨའི་གཏེར་ལུང་ལས། སྐབས་སྐབས་འཇིགས་ཀྱང་ལས་ཅན་རིམ་བཞིན་འབྱུང་གསུངས་པ་ལྟར། རླབས་ཆེན་གྱི་ཐུགས་བསྐྱེད་བཟང་པོ་དུས་སུ་སྨིན་ནས། སྙིགས་དུས་ཀྱི་བསྟན་པའི་སྒྲོན་མེ་མཁན་ཆེན་རྒྱལ་མཚན་འོད་ཟེར་བཀའ་དྲིན་ལས་ཀཿ བསྟན་སླར་ཡང་གསལ་བར་མཛད་པ་སྟེ། ཁོང་ནི། རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོར་ཧོར་པོར་སྐུ་འཁྲུངས། ཀག་ཐོག་བཤད་གྲྭ་ནང་མཁན་རབས་བརྒྱད་པའི་ཐུགས་འགན་བཞེས། ཕདེ་རྗེས་ཀག་ཐོག་པའི་བསྟན་གསུམ་ཉམས་གསོ་སོགས་ཀྱི་ཐུགས་ཁུར་བཞེས་པ་དང་། གསེར་གདོང་རི་ཁྲོ་དུ་གཙོ་བོ་སྒྲུབ་ལ་གཞོལ་བཞིན་བཞུགས། དུས་འགྱུར་ཆེན་པོའི་སྐབས་ལའང་བར་ཆད་དང་འགལ་རྐྱེན་གང་གིས་མ་ཚུགས་པར་འཚོ་བཞེས་བཞུགས་པ་ལས། རྒྱལ་བསྟན་སྤྱི་དང་བྱེ་བྲག་ཕལ་ཆེར་ཉམས་གསོ་ཆོག་པའི་བཀའ་གནང་ཐོབ་པ་དང་ཆབ་ཅིག་སླར་གསོའི་ལས་དོན་དབུ་བཙུགས་ནས། དཔལ་ཀག་ཐོག་པའི་གདན་སར་ཐོག་མར་པར་ཁང་ཉམས་གསོ་ལྷ་ཆེན་ཁང་དང་། དེ་རྗེས་གཙུག་ལག་ཁང་ཁམས་གསུམ་ཟིལ་གནོན་རྟེན་དང་བརྟེན་པར་བཅས་པ་གསར་སྐྲུན་དང་། དགེ་འདུན་པ་བཞི་བརྒྱ་ལྔ་བཅུ་ཙམ་གྱིས་ཚེས་བཅུ་ཆེན་མོ་སོགས་ཀྱི་སྒྲུབ་མཆོད་དང་ལོ་ འཇུག་དགུ་གཏོར། མ་ཎི་དུང་སྒྲུབ་ཆེན་མོ། འཆམ་གར། ཞྭ་གོས། སྒྲུབ་རྟེན། བཞུགས་གདན། མཆོད་ཆས་སོགས་ཡོངས་རྫོགས་དང་། ཀག་ཐོག་སྔ་རབས་པའི་རྟེན་གཙོ་བཀའ་བརྒྱད་བུམ་སྐུ་ཆེན་མོ་དང་། བདེ་མཆོག་བུམ་སྐུ། ཐུབ་པ་འཛམ་གླིང་རྒྱན་གཅིག་སོགས་རྟེན་རྙིང་ཕྲན་བུ་ལྷག་ཡོད། ཁ་ཤས་དད་ཅན་རྣམས་ཀྱིས་རང་མོས་ཀྱིས་ཕུལ་བ་དང་། ཁ་ཤས་རང་གི་ཕྱག་རྫས་རྣམས་ཀྱིས་བླུས་པའི་སྐུ་རྙིང་དང་། ལི་མ་གཏེར་མ་སོགས་ཐམས་ཅད་ཡོད་པའི་ལྷ་ཁང་གཉིས་དང་རྒྱན་ཁང་སོགས་བཞེངས། དགོན་མ་ལག་གཙོས་པའི་ཕྱོགས་ཀྱི་ཆོས་ཞུ་གཞི་བྱེས་ཀུན་གྱི་བླ་སྤྲུལ་རྣམས་ལ་སྔོན་འགྲོ་དང་། སྤྱོད་འཇུག་སྡོམ་གསུམ་རྒྱུད་གསང་བ་སྙིང་པོ་སོགས་གཞུང་བཤད་དང་། བཀའ་མ། བདུད་ཀློང་། སྙིང་ཐིག་ཡ་བཞི་དང་། གཏེར་པོད་རྣམས་ཀྱི་སྨིན་གྲོལ་ཚར་གྲངས་མང་པོ་གསུངས། ཁྱད་པར་བའི་སློབ་མ་རྣམས་ལ་རྫོགས་པ་ཆེན་པོ་ཁྲིད་ཀྱི་དངོས་གཞི་དང་། ཡེ་ཤེས་བླ་མ་སོགས་ཀྱི་ཞལ་ཁྲིད་བཅས་བརྒྱུད་པ་ཆད་ལ་ཉེ་བའི་སྨིན་གྲོལ་རྣམས་ཀྱི་སྲོག་མཐུད་པར་མཛད། མར་མེ་སྣུམ་ཟད་ལྟ་བུའི་འདུལ་བསྟན་རྨང་ནས་བསླངས་ཏེ་རབ་བྱུང་དང་བསྙེན་[page 134] རྫོགས་སྣོམ་རྒྱུན་སླར་ཡང་སྤེལ་གནང་བས་ངུར་སྨྲིག་རྒྱལ་འཚན་འཆང་བའི་དགེ་འདུན་པ་སྔ་ཕྱིར་སྟོང་ལས་བརྒལ་བར་བྱུང་། བརྒྱུད་འཛིན་གྱི་གཙོ་བོ་མཁན་པོ་ལེགས་བཤད་འབྱོར་ལྡན་ཡང་སྲིད་བློ་གྲོས་བསྟན་པའི་རྒྱལ་མཚན་ལ་ནང་པ་རྩེའི་གཅེས་སྐྱོང་དང་སྨིན་གྲོལ་རྣམས་ཀྱང་བུམ་པ་གང་བྱོས་ཀྱི་ཚུལ་དུ་བསྩལ། གཞན་ཡང་འཇམ་དབྱངས་སྤྲུལ་པའི་སྐུ་དང་། ཕྱག་ཚ། དགེ་རྩ་རིན་པོ་ཆེའི་ཡང་སྲིདསོགས་རང་དགོན་དང་། བྱང་དཀར་མཆོག་སྤྲུལ། གསུང་རབ་རིན་པོ་ཆེ། རྒྱལ་སྲས་མེ་ལོང་སྤྲུལ་སྐུ་སོགས་ཀྱི་གཙོས་མཁན་སྤྲུལ་སྐུ་བླ་སེར་བཅས་སྔ་ཕྱིར་ཞལ་སློབ་སུམ་སྟོང་ལས་བརྒལ་བར་བྱུང་། སྐུ་ཡི་བཀོད་པ་ཆོས་ཀྱི་དབྱིངས་སུ་གཏད་དོ།

མཁན་འཇམ་དབྱངས་རྒྱལ་མཚན་ནི། རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ལོར་བལྟམས། དགུང་གྲངས་དགུ་པའི་དུས་ནས་མཁན་འབྱོར་ལྡན་གྱི་ཉེ་གནས་མཛད། བྲིས་ཀློག་སོགས་ཐུན་མོང་རིག་པའི་སྐོར་དང་། གཞུང་ལུགས་དུ་མ་ལ་སན་བསམ་བགྱིས་ཏེ་ཐོས་བསམ་གྱི་རྩལ་རྫོགས། གྲུབ་བརྙེས་བླ་མ་དཔལ་ལྡན་ལས་སྙིང་ཐིག་སྔོན་དངོས་ཡོངས་རྫོགས་བུམ་པ་གང་བྱོས་ཚུལ་

དུ་བཞེས་ཏེ་རྟོགས་པ་མངོན་དུ་གྱུར། ཀུན་མཁྱེན་ངག་གི་དབང་པོ་སོས་བཤེས་གཉེན་བརྒྱ་ཕྲག་ཙམ་ལས་རིས་མེད་ཀྱི་ཟབ་ཆོས་མང་དུ་མནོས། བསྙེན་སྒྲུབ་ཀྱི་ལས་ལ་བརྩོན་པས་དངོས་གྲུབ་ཀྱི་མཚན་མ་བརྙེས། སློབ་ཚོགས་སྟོང་ཕྲག་དུ་མ་ལ། ཀློང་གསལ་དང་སྙིང་ཐིག་སོགས་ལན་གྲངས་དུ་མ་གསུང་ཤིང་། ད་ལྟའང་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བསྟན་འགྲོའི་དོན་མཁའ་དང་མཉམ་བཞིན་པའོ། དེ་ལྟར་སྔ་སྲོལ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གནང་བའི་རྒྱུན་ཚུགས། ཐུབ་ཆེན་ལྷ་ཁང་ཆེན་པོ་གསར་བཞེངས་མཛད་རྒྱུའི་ཐུགས་ཆགས་གནང་བཞིན་པ་དང་། དགོན་ལ་ལག་ཀུན་ནས་སྤྲུལ་བའི་སྐུ་ཆེ་ཆུང་ལྔ་བཅུ་ཁ་ལྷག་དང་། མཁན་པོ་དང་བླ་མ་སེར་མོ་ཚང་མ་ཞལ་གྲངས་སུམ་སྟོང་ཁ་ལྷག་བསྡུས་ནས་རབ་བྱུང་བཅུ་བདུན་པའི་ལྕགས་སྤྲེལ་ཟླ་བ་དྲུག་པའི་ཚེས་བཅུ་ཆེན་མོའི་དུས་སྟོན་ཚོགས་པའི་མཆོད་ ཐེབས་གནང་བ་སོགས་ཀྱི་ཀག་བསྟན་སྐྱོང་བཞིན་པ་དང་། མཁན་ལེགས་འབྱོར་རིན་པོ་ཆེའི་ཡང་སྲིད་ནས་སྔར་མཁན་རྒན་སྐུ་དུས་མཁན་པོའི་རྟེན་ བཞེངས་རྣམས་ཀྱི་སྐབས་ཞབས་འདེགས་རྒྱ་ཆེར་ཞུས་པ་མ་ཟད། ཉིན་དགོན་སྒྲུབ་སྡེའི་འདུ་ཁང་གཙུག་ལག་ནང་རྟེན་དང་བཅས་པ་དང་། སྒྲུབ་ཁང་གསར་བཞེངས་ཐོག་སྒྲུབ་གྲྭ་བཅུ་དྲུག་གཏན་འཇགས་ཕོག་ཐེབས་གནང་བ་སོགས་ཀྱིས་མཛད་སྒོ་གང་ལེགས་དང་། གཞན་ཡང་འཇམ་དབྱངས་སྤྲུལ་པའི་སྐུ་རིན་པོ་ཆེ་དང་དགེ་རྩའི་མཆོག་སྤྲུལ་རིན་པོ་ཆེ་མཁན་འཇམ་དབྱངས་རྒྱལ་མཚན་སོགས་མཁན་སྤྲུལ་བླ་གྲྭ་ཀུན་ཐུགས་མཐུན་ཁྲིམས་ གཙང་སྒོ་ནས་ཀག་ཐོག་པའི་བསྟན་པ་བཤད་སྒྲུབ་ལས་གསུམ་གྱིས་འཕྲིན་ལས་ཕྱོགས་ཀུན་ནས་འཕེལ་བཞིན་པ་དང་། གཞི་བྱེས་བླ་སེར་ཀུན་གྱིས་སོ་ཐར་ནང་བྱང་སེམས་གསང་སྔགས་ཀྱི་ཉམས་བཞེས་དང་། ཆོས་མཐུན་གྱི་མཛད་སྤྱོད་ཇེ་རྒྱས་སུ་གཏོང་བཞིན་པ་ལགས་སོ།།

ཞེས་པའང་མཁན་ཆེན་རོང་འཇམ་དབྱངས་རིན་པོ་ཆེའི་ཀག་ཐོག་ཆོས་འབྱུང་སོགས་ལ་གཞི་བྱས་ནས་[page 135] ལེགས་པར་སྒྲིག་པ་པོ་བྱ་ཚེ་རིང་གིས་རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ལོར་དར་མདོ་རུ་སྦྱར་བའོ།།

ཇོ་མོ་དགོན་གྱི་ལོ་རྒྱུས།

ཐོག་མའི་ཕྱག་འདེབས་གནང་ཚུལ། མདོ་སྨད་ས་ཡི་ཐིག་ལེ་ཆུ་བཞི་ལས། ཉག་ཆུ། འབྲི་ཆུའི་བར་དང་། རྫ་ཆུ། འབྲུ་ཆུའི་བར་ཏེ། སྒང་དྲུག་ལས་འབྲི་རྫ་ཟལ་མོ་སྒང་། སྦྲ་རྒྱལ་རེ་ཁོའི་ལྗོངས་འདིར། སྟག་བུ་གཙང་ཐལ་གྱི་རུས་སུ། གྲུབ་ཆེན་པདྨ་ཇོ་ལྡིང་། རབ་བྱུང་བདུན་པའི་ས་མོ་ཡོས་ལོར་སྐུ་བལྟམས་པ་ནས་བཟུང་། རིམ་པར་བྱོན་པའི་མཁས་གྲུབ་ཆོས་རྗེས་པདྨ་བློ་གྲོས། ལྟ་དགོངས་རྩེ་མོ་རྒྱལ་བཀྲ་ཤིས་དོན་གཉིས་མཐར་ཕྱིན་བྱང་ཆུབ་བློ་གྲོས། མཁས་གྲུབ་གཙུག་ནོར་པདྨ་མ་ཏི། བརྟུལ་ཞུགས་མཆོག་བརྙེས་བྱང་ཆུབ་རྒྱལ་མཚན། འཁོར་འདས་རོ་སྙོམས་རྡོ་རྗེ་རྒྱལ་མཚན། རིམ་གཉིས་ཀློང་གྲུབ་པདྨ་རིག་འཛིན། རྟགས་པ་ཀློང་གྱུར་པདྨ་རྡོ་རྗེ། འོད་གསལ་སྒྱུ་མ་ཨོ་རྒྱན་ཏིང་འཛིན། བདེན་གཉིས་ཞེན་བྲལ་ཨོ་རྒྱན་ཡེ་ཤེས། ཐར་སྨ་སྣང་མཛད་སངས་རྒྱས་བཀྲ་ཤིས། སྣང་བཞི་མཐར་ཕྱིན་པདྨ་ནོར་བུ། མཁྱེན་བརྩེའི་གཏེར་ཆེན་པདྨ་བློ་ལྡན། བསླབ་གསུམ་མཛོད་འཛིན་བསོད་ནམས་ནོར་བུ། མདོ་སྔགས་ཤིང་རྟ་ཚེ་དབང་ནོར་བུ་སོགས་སྐུ་ཕྲེང་རིམ་པར་བྱོན་པའི་མཛད་པ་ནི། འཇིག་རྟེན་ཆོས་བརྒྱད་རིང་དུ་དོར་ནས། ཚེ་འདི་བློས་བཏང་། རི་ཁྲོད་བྲག་ཕུག་གཙོ་བོར་བརྟེན་ནས་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་རང་ལམ་གྱི་རྟགས་ངོ་མཚར་བར་མཛད་ནས། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཁོ་ནའོ། སྟག་བླའི་མ་དགོན་བཅུ་གསུམ་དུ་གྲགས་པའི་ནང་ཚན། གཡུ་མཚོ་སྔོན་མོའི་གླིང་དང་། ཉིན་དགོན་ཐུབ་བསྟན་བྱང་ཆུབ་གླིང་། ཇོ་དགོན་མཁའ་འགྲོའི་གླིང་། བར་ཁྲོད་སྨིན་གྲོལ་གླིང་རྣམས་འདི་ཕྱོགས་ཕན་ཚུན་དུ་བཞུགས་པ་དེ་དག་གི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པས་ཀྱང་ནེ་ཙོས་ཆོས་བཤད་ལྟ་བུའི་བཤད་ཡམ་གྱི་འུར་སྒྲ་ལ་བརྟེན། ང་རྒྱལ་གྱི་གོང་བུས་དམྱལ་བ་ཚད་མའི་རྒྱུ་འབྲས་ཚབས་ཆེ་བ་བསྒྲུབ་པ་ལྟ་བུའི་མི་ཚེ་སྟོང་ཟད་ལ་མགོ་བོ་རབ་ཏུ་འཁོར་ནས་རྒྱལ་བསྟན་ཡིན་ཡིན་འདྲ་མོའི་ཟོལ་སྦྱོར་གྱི་ཐ་གུས་ལྕེ་ མཆུ་བཅིངས་ནས་རང་མགོ་རང་གཡོག་མ་ཡིན་པར་ངེས་པ་དོན་གྱི་བཤད་སྒྲུབ་མཛད་པ་ཁོ་ནའོ།། དེ་ཡང་སྐུ་ཕྲེང་གདན་རབས་གོང་རྣམས་ཀྱི་འཁྲུངས་ལོ་སོགས་ལས་སྔར་ཡོད་ཆོས་འབྱུང་ གི་དཔེ་ཆ་ནི་སྲུན་གདུག་པའི་ཉེར་འཚེས་ཞིག་རལ་འཐོར་བརླག་སོང་བས་ཇི་བཞིན་མ་ངེས་ཀྱང་། རབ་བྱུང་བདུན་པའི་ས་མོ་ཡོས་ལོ་ནས། པདྨ་ཇོ་ལྡིང་འཁྲུངས་པ་ནས་བརྩམས། རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྟག་གི་ལོར་ཤར་བའི་བར། རིམ་པར་བྱོན་ནས་བརྒྱུད་པའི་ཟམ་མ་ཆད་པ་ལགས་སོ།། འཁྲུངས་ཡུལ་གཙོ་བོ་རེ་ཁེ་ཉིན་སྲིབ། ཁྱད་པར་སྟག་གསལ་ལྗོངས་ནི་ད་ལྟ་སི་ཁྲོན་ཞིང་ཆེན་དུ་གཏོགས་པ་དང་། རེ་ཁེ་ཉིན་རེར་བལྟམས་པ་རྣམས་ནི། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་གཏོགས།

[page 136] གདན་རབས་རག་རིམ་པར་བྱོན་པའི་མཁས་གྲུབ་གང་དག་གདན་རབས་སུ་བཤད་པ་ལས། ད་ལམ་སྐབས་སུ་བབས་པ། གསང་བདག་ཆོས་སྐྱོང་མགོན་པོ། བྱང་ཆུབ་ཆོས་ཀྱི་སེང་གེའི་འཁྲུངས་ཡུལ་རིགས་རུས་གང་ཞེ་ན། གསང་བདག་ངྷརྨ་ན་ཐ་ནི། པདྨ་བདེ་ཆེན་གླིང་པའི་གདུང་རབས་གསུམ་པའི་འཁྲུངས་ཡུལ་བསོ་རོལ་ལམ། ལྡུ་ལུང་རྩི་བླ་ཞེས་པའི་བུ་མོ་ཌཱཀྐིའི་མཚན་རྟགས་ངོ་མཚར་ཅན། ཡབ་རིག་འཛིན་འཇམ་དཔལ་ཞེས་སྒྲུབ་སྨྱོན་ཧེ་རུ་ཀའི་སྲས་སུ་བལྟམས། གང་དེས་ངོས་འཛིན་མཛད་པའི་རྟ་མགྲིན་སྤྲུལ་པ་ཨཱརྻ་པ་ལོའི་རྣམ་རོལ་རིག་འཛིན་ དཔའ་བོ་སྟག་ཤམ་རྡོ་རྗེ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཟུང་དུ་འཇུག་པའི་དངོས་སྤྲུལ་མཚན་བརྗོད་པར་དཀའ་བ། བོད་ངྷ་ངྷ་ངྷ་ནི་སྟག་རིགས་རྒྱལ་བ་ནོར་བུ་ཞེས་པའི་མཚན། འབྲི་རྫ་ཟལ་མོ་སྒང་། ཡུམ་ཝ་ཉིན། ཡབ་རིག་འཛིན་རྡོ་རྗེ། ཡུམ་བསོད་ནམས་མཚོ་ཞེས་པའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ལུག་ལོར་ངོ་ མཚར་བའི་ཡ་མཚན་རྨད་དུ་བྱུང་བའི་ཆོ་འཕྲུལ་དང་བཅས་ཏེ་བལྟམས་པར་སྣང་ངོ་། གནས་གང་ཞེ་ན། འཇང་ཆུའི་རྒྱུད་དུ། རོང་སྟོན་པདྨ་བདེ་ཆེན་གླིང་པའི་གཏེར་གནས་ཁྱད་པར་ཅན་བཙན་རི་རྡོ་རྗེ་བྲག ཨོ་རྒྱན་མཁའ་སྤྱོད་གླིང་དང་། སྟག་གསལ་ལྗོངས་ངོགས་ཉིན་དགོན་ཐུབ་བསྟན་བྱང་ཆུབ་གླིང་དང་། ཕན་ཚུན་གཉིས་ཀར་བཟུང་བའོ།། སྤྲུལ་སྐུ་རིན་པོ་ཆེ་བྱང་ཆུབ་ཆོས་སེང་ནེ་སྤྱིར་ཐུབ་བསྟན་ཡོངས་རྫོགས་ཀྱི་རྒྱལ་བསྟན་བོད་འདིར་ཕེབས་སོ་ཅོག་ལ་ཕྱོགས་རིས་ཀྱི་ཁ་ཚོན་གཅོད་པར་མ་མཛད་ཅིང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་བཤད་རྒྱུར་བཅུ་ཕྲག་སྲོལ་འབྱེད། རིག་པའི་གནས་ཆེན་བཅུ་ཕྲག་གང་ལ་ཡང་སྤོམས་པ་མ་ཞུམ་པར་གཟིགས་མོད། འོན་ཀྱང་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་གཙོ་བོར་མཛད་པ་ལས། ཆོ་ག་དབྱངས་རོལ་གར་འཆམ་ལ་སོགས་པའི་ཕྱག་ལེན་བྱང་ལུགས་རྡོ་རྗེ་བྲག་གི་ཕྱག་ བཞེས་ལྟར་བླ་མ་དེ་གཉིས་ཀྱི་མཛད་ཕྲིན་མདོར་བསྡུས་པ་གང་ཞེ་ན། ཧེ་རུ་ཀག ངྷརྨ་ནཱ་ཐ་ནི་རིམ་གཉིས་ཀྱི་བསྐྱེད་རྫོགས་ལ་རང་བྱན་ཚུད་ཅིང་སྣང་སྲིད་དག་པ་རབ་ འབྱམས་ལས་ཆོས་སྐྱོང་བྲན་ལྟར་འཁོར་བས། ས་སྐྱོང་སྡེ་དགེར་མདོ་སྨད་མཁའ་ཁུལ་བྲག་གནས་ཡན་ཆད་སྐུ་རིམ་སྒྲུབ་པའི་ཞབས་འདེགས་ཕེབས་སྐབས། དྲེའུ་ཞིག་གཅན་གཟན་སྟག་གིས་ཟོས་སོང་བས། ཕྱིར་ནངས་མོར་དྲེའུའི་རོ་སྟེང་དུ་གཅན་གཟན་ཤི་བའི་ལྤགས་པ་བཤས། སྡེ་དགེ་རྒྱལ་པོ་ཧ་ལས་པ་ལྟར་མཛད་ནས། མངའ་གསོལ་གཟེངས་བསྟོད་དུ་སྒ་རྗེ་ཞེ་སྨད་ཞེས་པ་ནས་ཞིང་རྒྱ་ཆེར་གནང་སྦྱིན་མཛད་ནས་སྒྲུབ་རྟེན་དང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་ཆ་རྐྱེན་འབོགས་པ་སོགས་རྒྱ་ཆེ་བའོ།།

དེའི་འཕྲོས་བོ་ངྷི་རིན་པོ་ཆེའིམཛད་རྣམས་མདོར་བསྡུས་ནི་སྐུ་ན་ཕྲ་བའི་གོང་ནས་འབྲི་ཀློག་སོགས་དཀའ་ཚེགས་མེད་པར་མཁྱེན་ཅིང་། རྒྱལ་རོང་ནས་བྱོན་པ། ཀག་ཐོག་མ་ཧཱ་པཎྚི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཞབས་ཀྱི་དངོས་སློབ་ཐུགས་སྲས་མཆོག་གྱུར། གནས་འགོ་བ་བདེ་ཆེན་རྒྱ་མཚོའི་ཞབས་པད་བསྙེན་ཅིང་ཐོས་བསམ་མཛད། དགུང་གྲངས་བཅོ་བརྒྱད་ཐོག་སྟག་ཤམ་འོད་དཔག་མེད་བསྙེན་བསྒྲུབ་མཛད་ནས་སྟན་ཐོག་གཅིག་ཏུ་དུང་ཕྱུར་གསུངས། སྟོད་གནས་སུ་གནས་སྐོར་ཕེབས་པའི་ལམ་ཞོར་དུ་ངོ་[page 137] མཚར་བའི་གྲུབ་རྟགས། སྐལ་ལྡན་སློབ་བུའི་ཞུས་ལེན། དྲུག་གསུམ་བཅོ་བརྒྱད་ཀྱི་གདམས་ངག་དང་། གདན་སར་ཕེབས་ནས་འཇམ་དགོན་བློ་གྲོས་མཐའ་ཡས་མདུན་སར་བྱོན་པས་རིན་པོ་ཆེ་ གང་གི་བཀའ་འབུམ་མཛོད་ཆེན་ལྔ་དང་། གཞུང་ལུགས་ཀྱི་གསན་བསམ་རྒྱ་ཆེར་མཛད་ནས་འཁོར་གྱི་ཐོག་མར་བཞུགས་པའོ། བརྩམས་པའི་བསྟན་བཅོས་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་སོགས་ཐར་ལམ་ཡོངས་རྫོགས་ཀྱི་བླ་སྒྲུབ་ཁྲིད་ཡིག་བྱང་ཆུབ་ལམ་བཟང་བྱང་ཆུབ་སྡེ་ལྔའི་སྤྱི་དོན་ཐོགས་མེད་དགོངས་རྒྱན་ ཤེས་བྱའི་ཡན་ལག་བཅས་དང་། སྟག་ཤམ་ཡི་དམ་དགོངས་འདུས་དང་བྱང་གཏེར་གཙོ་བོར་གྱུར་པའི་རྩ་གསུམ་སྤྱི་དང་བྱེ་བྲག་གི་བསྙེན་ཡིག་ཆོག་སྒྲིག་ཚོགས་འདོན་ཆོས་སྤྱོད་སྐོར། ཉམས་མགུར་ལེ་ཚན་སོགས་རྒྱ་ཆེ། དགོངས་གཏེར་དག་སྣང་གི་སྐོར་པད་འབྱུང་སྐུ་གསུམ་དབྱེར་མེད་ཀྱི་སྒྲུབ་ཐབས་མཚོ་རྒྱལ་སྒྲུབ་ཐབས་མཁའ་སྤྱོད་སྙིང་ཐིག འཇམ་དབྱངས་སྒྲུབ་ཐབས་བློ་གྲོས་མཆོག་སྦྱིན། སྒྲོལ་དཀར་སྒྲུབ་ཐབས་ཡིད་བཞིན་འཁོར་ལོ། རྒྱལ་འགོང་འདུལ་བའི་གུ་རུ་ལྕགས་སྡིག་ནག་པོའི་གསོལ་འདེབས་གཟིར་མནན་སོགས་དང་། བཀའ་སྲུང་ཆོས་སྐྱོང་གི་སྐོར། དཔལ་ལྡན་ལྷ་མོ་མེ་རླུང་འཁྱིལ་པ། མགོན་དཀར་དུར་བདག་ཡབ་ཡུམ། བཙན་རྒོད་རི་བཀྲ་རྡོ་རྗེ་འབར་བ་སོགས་ཀྱིས་མ་ཡི་བུ་ལྟར་སྐྱོང་བ། སྲིང་ལྟར་ཉེ་བ། མཛའ་ལྟར་བརྟེན་པ། བྲན་ལྟར་འཁོར་བ་ལ་བརྟེན་པའི་གསོལ་མཆོད་རྟེན་སྒྲུབ་ཕྲིན་བཅོལ་སོགས་མདོར་ན་སྐུ་ཚེ་ཧྲིལ་པོར་རྟེན་བཞེངས་བསྙེན་བསྒྲུབས་སྤོབས་པའི་གཏོར་བརྒྱད་གྲོལ་བས་ལུང་དང་རྟོགས་པའི་ཆོས་མཛོད་གང་ལའང་མངའ་དབང་འབྱོར་བཞིན་པའི་ཕྲིན་ལས་ཐོགས་པ་མེད་པར་བསྩལ་ཞིང་། བར་ཁྲོད་སྨིན་གྲོལ་གླིང་དུ་ཚམས་གྲྭ་ལོ་ལྟར་དབྱར་དགུན་རྒྱལ་བའི་དུས་ཆེན་སྤྱི་བྱེར་གང་ལའང་། ཚེས་དུས། སྒྲུབ་མཆོད། གཏོར་བཟློག་སོགས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཐུགས་བཞེད་རླབས་པོ་ཆེས་དུས་འདའ་བར་མཛད་ནས་གདུལ་བྱ་དུས་ལས་ཡོལ་ཉེ་ལ་ཁད་དུ་གཤེགས་གྲབ་མཛད་པ་ན། སྐུ་དཔོན་ཚེ་རིང་རྡོ་རྗེས་ཞབས་ལ་འཇུས་ནས་སྨྲེ་ངག་གིས་གདུང་ཡུས་ཀྱིས་བཤོལ་བཏབ་པས། སྐུ་གདུང་ཕྱག་མཆོད་ཀྱི་རྟེན་དུ་བཞག་པ་ཙམ་མོ། ཧེ་རུ་ཀག་དཔལ་ཆོས་སྐྱོང་མགོན་པོ་དང་། མཁས་གྲུབ་འགྲན་བྲལ་བྱང་ཆུབ་ཆོས་སེང་ཞེས་པ་མཚན་ཡོངས་སུ་གྲགས་པའོ། དེ་ལྟར་སྐུ་ཕྲེང་རིམ་བྱོན་ནོར་བུའི་ཕྲེང་བ་ནི་རྗེ་དཔོན་བསྟན་འཛིན་ཚེ་རིང་རྡོ་རྗེ། འཁྲུལ་ཞིག་སྤྲུལ་སྐུ་བསོད་ནམས་སྙན་གྲགས། མི་འགྱུར་ཡང་སྲིཕ༹་འཇིགས་མེད་རྣམ་རྒྱལ། ངྷརྨའི་ཡང་སྲིད་པདྨ་འགྱུར་མེད། བོངྷིའི་ཟློས་གར་འཇམ་དབྱངས་བློ་གྲོས། རྒྱལ་སྲས་པདྨ་དབང་ཕྱུག ཚེ་དབང་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་རྣམས་བྱོན་པ་ཡིན་ཡང་། སྐུ་ཚེ་དུས་ལས་ཡོལ་ཏེ་ཞི་ཁམས་གཞན་དུ་གཤེགས་པའོ།།

སྐུ་གསུང་ཐུགས་རྟེན་བླ་མ་དེ་དག་གི་ཕྱག་རྗེས་གསུམ་ཇི་ལྟར་ཡོད་ཅེ་ན། རྒྱ་གར་འཕགས་པའི་ཡུལ་ནས་སྤྱན་དྲངས་པའི་རིས་ལྔའི་སྐུ་དང་། འཕུར་རྟེན་རྔ་བོ་ཆེ་དང་། ཀུན་མཁྱེན་ཚེ་དབང་ནོར་བུའི་བལ་ཡུལ་ཆོས་ལ་བཀོད། བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་སྲོག་ཤིང་བརྗེས་ནས་སྐུ་ང་འདྲ་མ་འཛམ་[page 138] གླིང་གཡོན་བཞག་དང་ཙན་དན་གྱི་སྤར། སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་ཐུགས་དམ་གྱི་རྟེན། སྣང་མཐའ་འཛམ་གླིང་རྒྱན་གཅིག་གཏེར་བྱོན་གསང་ཡེ། རྒྱ་ནག་ནས་ཕུལ་བའི་དྲིལ་བུ་བཀྲ་ཤིས་གསེར་འགོ། ལྷ་འདྲེ་མི་མ་ཡིན་གྱིས་གསེར་དང་མཚལ་སྣག་ཕུལ་ནས་བྲིས་པའི་འབུམ་ཆ་བཀྲ་ཤིས་གསེར་འགོ་མ་དང་གསེར་ཚབ་མ་གཙོ་བོར་གྱུར་པའི་མཆོད་ཆ། རོལ་ཆས། གར་ཆས། གསུང་རྟེན་བཀའ་བསྟན་འགྱུར། མཛོད་ཆེན་ལྔ་བླ་མ་དགོངས་འདུས། ཡི་དམ་དགོངས་འདུས། བཀའ་བརྒྱད་རྣམ་གསུམ། བདེ་གླིང་ཆོས་སྐོར་ཡོངས་རྫོགས། ཀུན་མཁྱེན་ཡབ་སྲས་བཀའ་འབུམ། སྟག་བླའི་གཏན་རབས་བཀའ་འབུམ། སྐུ་གུང་ཆ་བརྒྱད་གཙོ་བོར་གྱུར་བའི་ཐུགས་རྟེན་རིགས། བ་ཟོལ་པདྨ་དང་རྒྱལ་ཕྱག་བྲིས་གཙོ་བོར་གྱུར་པའི་སྐུ་ཐང་གྲངས་མང་། གཞན་ཡང་ཡོན་བ༹ན་དང་། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྣང་ཆ་བྱིན་རླབས་ཅན་མང་དུ་ཡོད། གོང་མ་དེ་དག་གི་ནང་ནས། པདྨ་མ་ཏི་དང་། པདྨ་བློ་ལྡན་ཚེ་དབང་ནོར་བུ་རྣམས་ཀྱི་དགོངས་གཏེར། དག་སྣང་། མདོ་རྒྱུད་གཞུང་ལུགས་ཀྱི་བསྟན་བཅོས་ཉང་གཏེར་བཀའ་བརྒྱད། བླ་མ་དགོངས་འདུས། ཀར་གླིང་ཞི་ཁྲོའི་ཁ་བསྐང་། ཆོག་སྒྲིག་སོགས་མང་དུ་ཡོད།

གདན་ས་འཛིན་པ་གང་ཞིག་མཚན་སྨོས་དེ་དག་གི་ཕྱག་རྟེན་གནའ་རྫས་ཡོངས་སུ་གྲགས་པ་མང་རབས་ཡོད་པར་གནའ་མི་རྣམས་ནས་གོ་ཐོས་ཡོད་པར་བཤད་ཀྱང་ད་ལྟ་ནི་མིང་ཙམ་དུ་ལུས་སོ། རིམ་པར་བྱོན་པའི་བླ་མ་དེ་དག་བྲག་ཕུག་དུ་བཞུགས་པ་རྣམས་ནི་ཕལ་ཞེ་ཕུང་པོ་ལྷག་མེད་དུ་གཤེགས་པས་ལུགས་གཉིས་གང་ཐད་ཀྱི་རྒྱུ་རྫས་གང་ཡང་མེད། གདན་ས་འཛིན་པ་རནམས་ཀྱང་ཡུན་རིང་སོང་གཤིས་ཤུལ་རྗེས་འགའ་ཡང་དབེན། དངོས་བཞུགས་དག་ཀྱང་དུས་འགྱུར་སྔ་ཕྱི་བར་གསུམ་དུ་གང་མོས་གྱི་བྱ་བ་ཁོ་ནས་གཏོར། དེ་ལྟར་བརླགས་སོང་བས་ད་ལྟ་ཡིད་སྐྱོ་བའི་ངང་དུ་གནས་སོ།། གཞན་ཡང་ལྷ་ཁང་ཁག་དང་། རི་ཁྲོད་ཁག གྲྭ་ཤགས་མཆོད་རྟེན། ཚྭ་ཁང་། རྡོ་འབུམ་བཅས་ས་ཕུང་རྡོ་ཤུལ་ཙམ་ལས་མེད།

ཡོན་གྱི་འབྱུང་ཁུངས་དགོན་བཞེངས་པའི་གོ་རིམ། སྔར་བླ་མ་དེ་དག་ཕལ་ཆེར་སྤྲོས་སྤོང་བྱ་བྲལ་ཁོ་ནར་གཙོ་བོར་མཛད་པས། ཆོས་གཞིས་ལྔ་སྡེ་སོགས་ཆེར་མ་བརྟེན་མོད། འོན་ཀྱང་མཆོད་ཐེབས་དང་། སྒྲུབ་རྟེན། དུས་མཆོད་ཁ་གསོ་བཅས་ནི། སྒ་རྗེ་སྨད་ཞེས་པ་ནས་དུད་གྲངས་བཅུ་ལྷག་ཙམ་ཞིང་ཁལ་བཅུ་ཕྲག་ཁ་ཤས་ཀྱི་འབྲས་བུ་ལ་བརྟེན་པ་དང་། དེ་མིན་བླ་མ་རིམ་བྱོན་རྣམས་ཀྱི་དབྱར་སྟོན་འབྲུ་མར་གྱི་བསོད་སྙོམས་ཕྲན་བུ་ལ་བརྟེན་པ་མ་གཏོགས་གཞན་གང་ཡང་མེད། གཞན་ཡང་དགོན་པ་འདི་ལ་གཙོ་འགན་བཞེས་ན་ནི་རིམ་བྱོན་བླ་མ་རྣམས་ཡིན་པས། དུས་མཆོད། རྒྱུན་སྲོལ་གྱི་ནང་ལ་བྱང་འདྲེན་པ་དང་། ཆོས་ཁྲིམས་དཀོར་གཉེར་བ་བཅས། དགེ་འདུན་པ་རྣམས་ལོ་ལྟར་རེས་མོས་བྱེད་པ་ལས། གཏན་འཁེལ་བ་མི་འདུག ཡུལ་དགོན་གཞན་དང་འབྲེལ་བ། བླ་མ་རིམ་བྱོན་དེ་དག་ས་ཐག་རིང་ཕྱོགས་གང་དུ་ཕེབས་པ་དང་། ཡུལ་དགོན་གཞན་དང་འབྲེལ་བ་ཇི་ལྟར་ཞེ་ན། བླ་མ་ཕལ་ཆེར་རྫ་བྲག་རང་བྱུང་གི་ཕུག་པར་བཞུགས་པས་དགོན་པའི་བྱ་བ་ཆེར་མ་མཛད། འོན་ཀྱང་དེའི་ནང་ནས། རྒྱལ་བ་བཀྲ་ཤིས་ལྷ་ལྡན་[page 139] ཕེབས་ནས། ཆོས་འཁོར་བསྐོར་བ་དང་། བསམ་ཡས་ལ་རབ་གནས་མཛད་པས། ངོ་མཚར་བའི་མཚན་རྟགས་མངོན་པ་དང་། པདྨ་བློ་གྲོས་ཕེབས་ནས། རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་དང་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་ངྷརྨ་ཤྲཱཻ། རྡོ་བྲག་ཞབས་དྲུང་རིན་པོ་ཆེ་པདྨ་ཕྲིན་ལས་རྣམས་དང་། ཕན་ཚུན་སྨིན་གྲོལ་རྒྱ་ཆེར་གསན་རེས་མཛད་པའི་ལོ་རྒྱུས་ཡོད། ཚེ་དབང་ནོར་བུ་སྟོད་ཕྱོགས་ཕེབས་ནས། ལྷ་འདྲེ་མི་མ་ཡིན་རྣམས་ཀྱི་སུ་ཝརྣ་མི་ཁུར་བཅོ་བརྒྱད་ཕུལ་བས་བལ་ཡུལ་མཆོད་རྟེན་རྣམ་གསུམ་ཞིག་གསོ་མཛད། ཇོ་ཤག་རྟེན་ལ་གསེར་མདངས་ཕུལ། ཡོངས་གྲགས་ཀྱི་སློབ་འབངས་མང་རབས་བཅས་མང་ཡུལ་རི་བོ་དཔལ་འབར་དུ་བཞུགས་ཉི་ཟེར་ཆིབས་ནས་གཤེགས་བཞུགས་མཛད་པའོ།། ལོ་རྒྱུས་ཐོག་གི་ཐོབ་ཐང་དང་གོ་གནས་ཀྱི་ཐུགས་ཁུར་ཅི་ཡང་མི་མཛད་པས་བཏང་སྙོམས་སུ་བཞག་མོད། འོན་ཀྱང་རྒྱལ་དབང་ལྔ་པ་ཆེན་པོས་བཀའ་ཤོག་དང་ཏོག་ཐམ་པདྨ་དབང་རྒྱལ་ལ་གང་བ་དེ་ཉིད་གསང་བདག་ཆོས་སྐྱོང་མགོན་པོས་ཡར་བསྣམས་ནས་ཉིན་དགོན་དུ་བཞུགས་པའང་འཐོར་ཞིག་ཏུ་སོང་། དེ་མིན་དགོན་ལག་ནི། བྲག་དམར། བྱང་དཀར། ཁྱད་པར་འབའ་ཐང་། གྲུབ་དགོན་ཞེས་པ་ནས་གྲུབ་དགོན་བདུད་འདུལ་རྡོ་རྗེ། རྒྱ་ནག་སྐུ་ཞབས་ནས་བཟུང་རིམ་བྱོན་གྱི་བླ་མ་རྣམས་ཀྱིས། བྱང་གཏེར་རྡོ་རྗེ་བྲག་གི་ལག་ལེན་ནི། གྱེར་དབྱངས་གདངས་གསུམ། འབུད་རྡུང་བཀྲོལ་གསུམ། བྲི་ཐིག་ཐག་གསུམ། བཅའ་འཆམས་གར་གསུམ་བཅས་ཀྱི་འབྱུང་ཁུངས་ཡིན་པར་ངེས་སོ།། དེ་མིན་འབྲི་མུ་ནུབ་རྒྱུད་ནས། ཉི་ཕུ་དཔལ་རི། གློག་དགོན་བཅས་དེང་སང་དངོས་སུ་བཞུགས་འདུག

དུས་མཆོད་རྒྱུན་སྲོལ། སྔོན་བྱོན་རག་རིམ་བླ་མ་འགའ་རེ་ལ་ཆོས་གྲྭ་མང་རབས་རེ་དང་ཕྱིས་ཆོས་སྐྱོང་མགོན་པོ་དང་། བྱང་ཆུབ་ཆོས་སེང་ཞལ་བཞུགས་རིང་། དགེ་འདུན་བརྒྱ་ཕྲག་ལྡང་མི་ལྡང་ཙམ་དང་། དེང་སྐབས་བཞི་བཅུ་ལྷག་ཙམ་ཡོད། སྐུ་ཕྲེང་རིམ་བྱོན་གཡི་བཅའ་ཡིག་ནོར་བུའི་ཐེམ་སྐས། རྡོ་རྗེའི་གད་མོ་ཞེས་བྱ་བ་ངྷརྨཱ་སེང་ཧས་མཛད་པ་སོགས་ངོ་མཚར་ཅན་ཡོད་རབས་ཐོས་ཀྱང་འཐོར་བརླག་སོང་བས་མཇལ་རྔོ་མ་ཐོག དབྱར་དགུན་སྟོན་དཔྱིད་བཅས་རིག་འཛིན་ཆེན་པོ་སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་ཆོས། བླ་སྒྲུབ་ཡིད་བཞིན་ནོར་བུ། ཞི་ཁྲོ་མི་ཊཱ་ཛོ་ཀིའི་ཆོ་ག སེང་གདོང་མའི་གཏེར་བཟློག ཀར་གླིང་ཞི་ཁྲོ་སྟོང་མཆོད། བདེ་ཆེན་གླིང་པའི་གཏེར་ཆོས་ཡོངས་རྫོགས། བྱང་གཏེར་ཆོ་ག་དང་གཏེར་བཟློག་བཅས་རྒྱུན་མ་ཆད་པ་ཡིན།

དེང་རབས་ཀྱི་གནས་ཚུལ་ནི། དགོན་པ་དང་དགོན་པའི་སྔོན་གྱི་ལུགས་སྲོལ་ཉམས་གསོ་བྱས་ཏེ། རིམ་བྱོན་རྒྱལ་སྲས་ངྷརྨ་ནཱ་ཐའི་གདུང་རྒྱུད་མ་ཆད་པར། སྤྲུལ་སྐུ་རྡོ་རྗེ་རྒྱལ་མཚན་གྱི་ཡང་སྲིད་ཉིད་ཀྱང་བོད་ལྗོངས་སྟག་གསལ་རྫོང་གི་བསོ་རུལ་ལམ་ཞེས་པའི་རིགས་སུ་སྐུ་འཁྲུངས། གྲུབ་དབང་པད་མ་ནོར་བུའི་ངོས་འཛིན་མཛད་ནས་ཐུབ་བསྟན་དྲི་མེད་རྡོ་རྗེ་ཞེས་མཚན་དུ་གསོལ། ཁམས་གཞུང་སྤྲུལ་རིན་པོ་ཆེ་འགྱུར་མེད་རྡོ་རྗེས་མངའ་གསོ་དང་ཁྲི་འདོན་མཛད་པས་ད་ལྟ་དགུང་ལོ་བཅུ་གཅིག་ལོན། དེང་སྐབས་[page 140] བོད་ཡིག་ཕྲན་བུ་ཙམ་དགོངས་པ་མ་གཏོགས་མཛད་རྗེས་གཞན་འབྲི་རྒྱུ་མི་འདུག དུས་མཆོད་ལ་དགུན་དུས་དགུ་གཏོར་རྒྱུན་མ་ཆད་པ་ཙམ་ཚུགས་ཡོད་པ་དང་། གཞན་ལྷ་ཁང་གཅིག་དང་། རྒྱུན་ལྡན་གྱི་སྤྱོད་ཆས། མཆོད་ཆས་ཆ་ཚང་ཙམ་མ་གཏོགས་སྔར་བཞུགས་ཀྱི་སྐུ་གསུང་ཐུགས་རྟེན་ལྟ་བུ་ནི་སྒྲུབ་ཐབས་དང་བྲལ་ལ། ད་ལྟ་དགོན་པ་འདིའི་ནང་དདགེ་འདུན་པ་ཉི་ཤུ་ལྷག་ཙམ་བཞུགས་པ་བཅས་སོ།།

ཅེས་པ་འདི་ནི་ཇོ་མོ་དགོན་པའི་ལོ་རྒྱུས་ལ་གཞི་བྱས་ནས་ཚེ་རིང་གིས་དར་མདོ་ནས་ལེགས་སྒྲིག་བྱས།

ཨ་འཛོམས་དགོན་གྱི་ལོ་རྒྱུས།

དགོན་པ་ཐོག་མར་ཕྱག་བཏབ་ཚུལ་སྐོར། མདོ་ཁམས་ལི་ཐང་གི་ཕྱོགས་སུ་གནས་པའི་ཝ་དཔོན་བསོད་ནམས་ནོར་བུས་འཁོར་དུ་ སོག་པོ་དུར་ཐུའུ་ཇིའི་བུ་བཀྲ་ཤིས་འབུམ་ཟེར་བའི་ནང་བློན་དེའི་བསྟན་པའི་སྦྱིན་བདག་མཛད་ཅིང་རབ་བྱུང་བཅུ་པ་ལྕགས་ཕོ་འབྲུག་གི་ལོར། རྒྱལ་དབང་ཕྱག་ན་པདྨོའི་ཟློས་གར་གོང་ས་སྐུ་འཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་བསྟན་དགོན་འདེབས་དགོས་པའི་ལུང་བསྟན་བསྟན་བྱུང་ནས། མདོ་ཁམས་སུ་དཔོན་སློབ་ལྔ་ཙམ་སྤྲོས་མེད་དུ་བྱོན་ནས་ས་གནད་འཚོལ་སྐབས་དྲེའུ་དཀར་མོ་ཞིག་ལ་ན་བཟའ་བཀལ་ཡོད་པ་དེ་ས་མིག་དེར་ཉལ་ནས་འགྲོ་མི་འདོད་པས། སྲུང་མས་ཕྲིན་ལས་ཡིན་གསུངས་ནས་དགོན་ས་ངོས་འཛིན་མཛད། བཀྲ་ཤིས་འབུམ་ལུག་རྫི་འོང་བ་དང་འཕྲད་ནས་ཕྱག་དབང་སོགས་ཞུས། ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་འདྲི་སྐབས། ཁོའི་མིང་ལ་བཀྲ་ཤིས་འབུམ་ཟེར། ས་ཆ་འདི་ལ་ལི་ཐང་དགའ་འཁྱིལ་ཐང་ཞེས་མི་རྣམས་ཀྱིས་གླེང་འདུག་ཞུས་ནས་རང་གི་རྫི་ཞོ་དྲངས་ནས་བཀྲ་ཤིས་པའི་རྟེན་འབྲེལ་འགྲིག་སོང་གསུང་། བཀྲ་ཤིས་འབུམ་ལ་ས་གནས་འདིར་དགོན་ས་ཞིག་བཏབ་དགོས་པས་ཁྱོད་རང་གི་ཁྲུ་འདོམས་འཇལ་དགོས་གསུང་པ་ལྟར་བསྒྲུབས་པས་གཙུག་ལག་ཁང་རྩེ་ཁང་དམར་ཞེས་པ་དེ་བཞེངས་རྗེས། བཀྲ་ཤིས་འབུམ་ལ་རྒྱལ་དབང་རིན་པོ་ཆེའི་ཐུགས་དམ་གྱི་རྟེན་ནག་པོ་སྐོར་གསུམ་གྱི་ཞལ་ཐང་ཞིག་གནང་།

རབ་བྱུང་བཅུ་གཅིག་པའི་ནང་ལ་ཨ་འཛོམས་རིག་འཛིན་ཆེན་པོ་སྐུ་འཁྲུངས་པས་ཨ་འཛོམས་ཞེས་ཐོགས་ཚུལ་ནི། སྔོན་སྦས་པ་སངས་རྒྱས་བཀྲ་ཤིས་ཀྱི་ཡབ་གཞི་ལ་མི་བརྒྱུད་མ་ཟུག་སྐབས་ཀག་ཐོག་པའི་ དྲུང་རབས་བླ་མ་ཞིག་གིས་ཁྱེད་ཀྱིས་ཟངས་རི་འབུམ་པའི་ཨ་མཆོད་པན་ངྷ་ཁྱིམ་དུ་དྲོངས་ནས་འབུམ་ཚར་བཅུ་གུམ་ཀློག་དང་མི་བརྒྱུད་དར་འོང་གསུངས་པས་ཨ་མཆོད་དེའི་རིགས་བརྒྱུད་སངས་རྒྱས་བཀྲ་ཤིས། རྣམ་རྒྱལ་བཀྲ་ཤིས། རྡོ་རྗེ་བཀྲ་ཤིས་སོགས་བུ་ལྔ་བྱུང་བས་ལྔ་ཀ་སྤྲུལ་སྐུར་གྱུར། གཡོག་མོའི་མིང་ལ་ཁ་དགེ་ཟེར། ཨ་འཛོམས་པོ། བུ་ལྔ་ལ་བཀྲ་ཤིས་ཐོགས་པའི་མིང་ལྔ་འདོགས་པས་དེ་ཚུན་ཆད་ཨ་འཛོམས་ཞེས་མིང་ཐོགས། རིག་འཛིན་ཆེན་པོས་ལྷ་ཁང་རྟེན་བཞེངས་བཅས་གསར་བཞེངས་དང་ཉམས་གསོ་[page 141] སོགས་མཛད། སྨྱོ་ཤུལ་དང་རྒྱ་ཤོད་པ་གཉིས་ནས་གྲྭ་ཚང་བསྡུས་ཤིང་ཀེ་འགུ་དགོན་གསར་དུ་བཏབ་ནས་ཚེས་བཅུའི་དབྱངས་འཆམ་སོགས་རྒྱས་སྤྲོས་མཛད།

ཁོང་གི་སྐུ་ཚ་ཨ་འཛོམས་བསོད་ནམས་རྒྱ་མཚོའི་སྲས་ཨ་འཛོམས་འབྲུག་པ་རིན་པོ་ཆེ་ཁོང་དགུང་གྲངས་ཉེར་གཉིས་སོན་སྐབས་དགོན་པ་ཞིག་གསར་འདེབས་མཛད་དང་ཀེ་འགུ་ དགོན་ཉམས་གསོ་བགྱི་སྙམ་མས་སྐུ་མཚམས་ཞིག་ལ་བཞུགས་སྐབས་ས་གནས་འདི་འདྲ་ཞིག་ལ་དགོན་པ་འདེབས་དགོས་ཞེས་མཁའ་འགྲོས་ལུང་བསྟན་ཀྱང་ས་གནས་བརྟག་དཔྱད་མ་ཐེངས་ཁྲོམ་གྲུབ་ཐོབ་ལ་ལུང་བསྟན་ཞུས་པས་དགོན་རྙིང་སླར་གསོ་ཉས་ན་ལེགས་ གསུངས། གཙུག་ལག་ཁང་སྤེན་པ་དང་བཅས་གྲུབ་པར་བཞེངས། དེ་ནས་སྐུ་གཞི་ལ་འཚུབས་ཆ་ཆེ་བས་ལྷ་ཁང་བཞེངས་འཕྲོ་བཤོལ།

དེ་རྗེས་སྡེ་དགེའི་གཉེར་ཆེན་པདྨ་ལེགས་གྲུབ་ཁྲོམ་ཐར་སྤྱིའི་བླ་དཔོན་དུ་གྱུར། མཆོད་རྟེན་དགོན་གསར་བཞེངས་མཛད། མཐའ་འདུལ་ཕུན་ཚོགས་དགའ་ཚལ་དུ་གཟིམས་ཁང་དང་གཙུག་ལག་ཁང་སོགས་བཞེངས། སྔར་གྱི་གྲྭ་རྒྱུན་རྒྱ་ཤོད་དང་སྨྱོ་ཤུལ་སྡེ་ཁག་གཉིས་ཡིན། གྲྭ་ཁང་ཐོག་བརྩེགས་ཅན་མང་དུ་གྲུབ་རྗེས། དགོན་པ་བསྐྱུར་དགོས་དགོངས་ནས་ཆོས་སྒར་ངེས་མེད་དུ་བྱེད་ནས་བཞུགས་སྐུ་མཚམས་བཞུགས་སྐབས་ཤིག་ན་ཌྰཀྐི་མ་འཇོ་སྒེག་དང་ལྡན་པ། ཕྱག་གཡོན་ན་ཤེལ་དཀར་གྱི་མེ་ལོང་ཐུགས་ཀར་བཟུང་བ་ཞིག་གིས། ཨེ་མ་སྐལ་ལྡན་པ་རིགས་ཀྱི་བུ་ཁྱོད་ཉོན། །ངལ་བ་མེད་པར་སེམས་ཀྱི་ཁུར་འདི་ཕོག་མ་དྲོས་རྒྱ་ཚོའི་ཁ་ཞག་ཆགས་པའི་སྤྲིན། །ནཱ་ག་ནོར་རྒྱས་བུ་ཡི་ཁང་སྟེང་དུ། །གསེར་གྱི་ཉ་མོ་ཟུང་གནས་ལྟེ་བ་ན། །ཆོས་དུང་གཡས་འཁྱིལ་ལེགས་ངོམ་ས་མིག་ཡོད། །དཀར་པོའི་ཞིང་ས་བཟང་པོའི་སོ་ནམ་གྱི། །མི་འདྲའི་འབྲུ་དྲུག་གསུམ་ཡང་སྨིན་ནས་འོང་། །ལེགས་པའི་དགེ་མཚན་གསུམ་ཡང་བསྟན་ནས་འོང་། །འགྲོ་དོན་རླབས་ཆེན་རྟེན་འབྲེལ་དེ་ན་ཡོད། །གསུངས་ནས་མི་སྣང་བར་གྱུར། །དེ་རྗེས་འབར་ཆུང་རྒན་པོ་དོན་འགྲུབ་བཀྲ་ཤིས་དང་། བསམ་གནས་གུ་རུ་ཚེ་བརྟན། རྟ་མགྲིན་ཚེ་རིང་། ཚེ་བརྟན་བཅས་ལ་དངོས་ཉམས་དང་མཁའ་འགྲོའི་ལུང་བསྟན་ཚུལ་གསུངས་པས་དད་ སྤྲོའི་ངང་ཇི་སྲིད་བར་ས་གནས་འབུལ་བས་གདན་ས་གསུམ་པ་འོད་གསལ་ཐེག་མཆོག་གླིང་ངམ་ཨ་འཛོམས་ཆོས་སྒར་ཞེས་པའི་བླ་བྲང་དང་གཙུག་ལག་ཁང་སོགས་བཞེངས་ཤིང་

ཕུན་སུམ་ཚོགས་པའི་ངང་འཛམ་གླིང་སྙན་པར་གྲགས་པ་ཞིག་ཏུ་གྱུར་ཡོད། དེ་རྗེས་རྒྱལ་སྲས་འགྱུར་མེད་རྡོ་རྗེས། རྟེན་གཞི་གཙུག་ལག་ཁང་སོགས་ཡོངས་སུ་གྲུབ་ནས། རྫོགས་པ་ཆེན་པོའི་ཆོས་ཉམས་ལེན་ཁོ་ན་བྱེད་པའི་ཆོས་སྒར་ཁྱད་དུ་འཕགས་པ་རྒྱ་གར་རྒྱ་

ནག་སོགས་འཛམ་གླིང་ཡོངས་ལ་སྙན་པར་གྲགས་པའི་ཨ་འཛོམས་ཆོས་སྒར་ཞེས་མཚན་སྙན་གྱི་བ་དན་སྲིད་འདིར་མངོན་པར་མཛེས་པས། གྲོང་སྡེ་ལས་རྒྱངས་རིང་ཞིང་དགོན་པའི་ཡོན་ཏན་ཡོངས་སུ་ཚང་བས་དཔྱད་ལེགས་ལ། ནགས་ཚལ་དང་སྤང་རིས་ཡོངས་སུ་བསྐོར་བས་ཞི་གནས་དང་ལྷག་མཐོང་ངང་གིས་འཕེལ་བའི་གནས། རིག་པ་དྭངས་ཤིང་ས་གཞི་ཁོད་ཡངས་བ། ཉི་ཟླའི་འཆར་ནུབ་རིང་ཞིང་མདོར་ན་[page 142] སྔགས་རིམ་ལས་གསུངས་པའི་སའི་དགེ་ མཚན་མ་ཚང་བ་མེད་པའི་དབུས་སུ་དགོན་པ་ཆགས་ཡོད།

དགོན་པའི་གདན་རབས་སྐོར། བསོད་ནམས་རྒྱ་མཏཚོ་ནི་དགོན་གནས་ཐོག་མར་འདེབས་པ་པོ་ཡིན་ལ། ཁོང་གིས་བཀྲ་ཤིས་པའི་རྟེན་འབྲེལ་དུ་མ་བྱུང་བས་བཀྲ་ཤིས་འབུམ་ལ་རྒྱལ་དབང་རིན་པོ་ཆེའི་ཐུགས་དམ་གྱི་རྟེན་ནག་པོ་སྐོར་གསུམ་གྱི་ཞལ་ཐང་གནང་བར་མཛད། རྗེས་སོར་སྦྲ་རྒན་གྱི་ནང་རྟེན་གཙོ་བོ་ཡིན། རིག་འཛིན་ཆེན་པོ་ནི། ཡབ་ཨ་ཁྲ་ཞེས་པའི་སྲས་སུ་རབ་འདོད་མེ་བྱི་ལོར་འཁྲུངས། ཀག་ཐོག་དྲི་མེད་ཞིང་སྐྱོང་གཡོན་རུའི་ཕྱོགས་སུ་གདུལ་བྱར་བྱོན་སྐབས་ཁོང་སྦས་པ་སངས་རྒྱས་བཀྲ་ཤིས་ཀྱི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན། ཨ་འཛོམས་ཞེས་པའི་མིང་ཡང་འདི་ཚུན་ནས་བྱུང་བ་ཡིན་ཁྲོམ་ཁོག་ཏུ་ཕེབས་ནས། སངས་རྒྱས་ཞེས་པས་ཡོན་བདག་མཛད་ནས་ས་གནས་རྫ་ཤར་ཞེས་པ་ཇི་སྲིད་བར་ཕུལ་ བས་གཞན་དུ་མི་ཕེབས་པར་བཞུགས་སུ་གསོལ་བའི་ཞུ་བ་ཕུལ། སྐུ་ཚེ་ཧྲིལ་པོར་ཆོས་ཀྱི་གསན་སྦྱང་ཅི་རིགས་གནང་ཞིང་གྲུབ་རྟགས་ཡ་མཚན་པར་དུ་མར་མཛད། ལྕང་ལུང་མཚོ་ནས་སྲིན་པོའི་སྙིང་ཤོག་ཞེས་པའི་ཤོག་སེར་གཏེར་དུ་བཞེས་ཤིང་། གཟིམ་སྦྲའི་རྟེན་སྒམ་དུ་བཞུགས། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་བྱ་བ་ལས་ཀྱི་འཁོར་ལོ་ལ་འབད་ནས་སྐུ་ཚེ་མཐར་ཕྱིན། དགུང་གྲངས་གྱ་བཞི་ལོར་སྐུ་གཤེགས་ཁར་གྲ་འཁོར་མ་ཡུམ་སོགས་ལ་ཁོང་གི་ཡང་སྲིད་ ཁྱིམ་འདིར་འཁྲུངས་རྒྱུ་ཡིན་པས་མ་ནོར་པའི་རྟགས་དུང་རལ་བྲག་དཀར་མཐོང་བའི་ས་ཞིག་ལ་སྐུ་བལྟམས་ཚུལ་གསུངས།

འགྲོ་འདུལ་དཔའ་བོ་རྡོ་རྗེ་ནི། རིག་འཛིན་ཆེན་པོའི་སྐུ་ཚ། ཨ་མཛོམས་བསོད་ནམས་རྒྱ་མཚོ་ཞེས་པ་བཀའ་བརྒྱད་ཀྱི་སྒོ་ནས་གྲུབ་པ་བརྙེས་པའི་སྐྱེས་བུ་དེས་སྲས་སུ་འཁྲུངས། རིག་འཛིན་བདུད་འདུལ་རྡོ་རྗེས་ཟབ་གཏེར་དགོངས་པ་ཡོངས་འདུལ་དང་། རྫོགས་ཆེན་མི་འགྱུར་ནམ་རྡོའི་ལུང་བསྟན་དངུལ་དཀར་མེ་ལོང་སོགས་ལས་ལུང་བསྟན་པ་བཞིན་འབྲི་རྫ་ཟལ་མོ་སྒང་གི་ཉེ་ཞོལ་བཀྲ་ཤིས་ཁྲོམ་གྱི་ས་ཆ་དུང་དཀར་སྣང་ཞེས་ཡུལ་གྱི་དགེ་བཅུ་ཡོངས་སུ་ཚང་བའི་གནས་མཆོག་དེ་ལ། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་སྟག་གི་ལོའི་ཆུ་སྟོད་ཟླ་བའི་ཉ་ལ་སྐུ་བལྟམས།

རང་ཡུལ་གྱི་བླ་མ་གཅོད་པ་ཞིག་གིས་ན་བཟའ་དང་གསོལ་ཆས་སོགས་གཙང་མར་ཕུལ། དགུང་གྲངས་བཞི་ལྔ་སོན་སྐབས་ཟེ་ཆེན་མ་ཧཱ་པཎྚི་ཏ་སོགས་རིས་མེད་ཀྱི་བཤེས་གཉེན་དུ་མར་བསྟེན་ནས་དགུང་གྲངས་བརྒྱད་བཞེས་སྐབས་འབྲི་ཀློག་དང་རིག་གནས་བཅས་སྦྱང་རྩོན་གཤིས་ཕྱིན་པར་མཛད། དགུང་གྲངས་བཅུ་གཉིས་སྐབས་སི་ཏུ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཀྱི་མདུན་ནས་སྔོན་འགྲོ་སོགས་གསན་སྦྱོང་མཛད་དེ་སྤྲོས་མེད་ཀྱི་ཉམས་ལེན་དང་། རྡོ་རྗེའི་མགུར་བཞེངས་དང་ཞལ་གདམས་སོགས་མཛད། ཉག་ཁོག་སོགས་ལ་ཕེབས་ནས་གྲུབ་རྟགས་དུ་མར་མཛད། ཕྱི་རིག་པའི་གནས་ཆེན་དང་གནས་ཆུང་ལྔ་བཅས་དང་རྙིང་མ་ས་སྐྱ་བཀའ་གདམས་ བཀའ་བརྒྱུད་སོགས་ལས་དབང་ལུང་དུ་མར་ནོད་དེ་ཀུན་མཁྱེན་འཇིགས་མེད་གླིང་པ་མངོན་སུམ་དུ་ཞལ་གཟིགས་མཛད། སྐུ་ཚེ་ཧྲིལ་པོར་འཁོར་འབངས་ཁོ་ན་བསྐྱངས་ཤིང་སྨིན་[page 143] གྲོལ་ཆོས་ཀྱིས་གདུལ་བྱ་རྣམས་ཚིམ་པར་མཛད། དགོན་པ་དུ་མ་ཞིག་གསོས་དང་གསར་བཞེངས་མཛད་པ་གོང་དུ་གསལ། སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པར་བཞེངས་མཛད། དད་ལྡན་ཕོ་མོ་ཚོས་འབུལ་བ་རྒྱ་ཆེན་པོ་འབྱོར་རུང་། དེ་ལྟར་སྐུ་ཚེ་ཧྲིལ་པོར་འཁོར་ལོ་གསུམ་གྱི་འཕྲིན་ལས་ནམ་མཁའ་དང་མཉམ་པར་མཛད་ནས། དགུང་གྲངས་བརྒྱད་ཅུ་ལོ་གཤེགས་ཤིང་སྐུ་གདུང་ལས་འཇའ་འོད་ཐིག་ལེ་ཟླུམ་པོའི་ཀློང་ནས་བླ་མ་ཏེ་རུ་ཀའི་རྣམ་པར་ཤར། གདུང་ཐལ་ལ་ཐུགས་ལྗགས་སྤྱན་གསུམ་གཅིག་ཏུ་འདུས་པ་སོགས་འདུལ་བྱ་རྣམས་ཡིད་ཚིམ་པར་མཛད་དོ།། རྒྱལ་སྲས་འགྱུར་མེད་རྡོ་རྗེ་ནི། རབ་ཚེས་མེ་ཕོ་སྤྲེལ་ལོར་འཁྲུངས། ཨོ་རྒྱན་གཏེར་བདག་གླིང་པའི་ཡང་སྲིད་ཡིན་པར་ལུང་བསྟན་ནས། མཚན་རིག་འཛིན་འགྱུར་མེད་རྡོ་རྗེ་ཞེས་གསོལ།

མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་ཅིང་། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པར་བྱེད་པའི་སྐྱེས་བུ་དམ་པ་འདི་དགུང་ལོ་བཅུ་གསུམ་བཞེས་སྐབས། ཡབ་རྗེ་ཉིད་ཀག་ཐོག་སི་ཏུ་མཆོག་སྙིང་ཐིག་དབང་ལུང་ཕུལ་བར་གདན་ཞུས་སྐབས། སྲས་ཀྱི་གཙུག་ཕུད་བཞེས་ཤིང་དགུང་ལོ་བཅུ་དགུ་ནས་རབ་བྱུང་དང་བསྙེན་པར་རྫོགས། ཐུབ་བསྟན་ཆོས་རྡོར་མདུན་རྫོགས་སྡེ་རྒྱུད་བཅུ་བདུན་གྱི་དབང་སོགས་གསན། སྐུ་ཆུང་ངུའི་དུས་ནས་མཁྱེན་བརྩེ་ནུས་གསུམ་གྱི་རྩལ་རྫོགས་པ་ཞིག་ཡིན། ཡབ་རྗེའི་བཀའ་བཞིན་གཙུག་ལག་རྟེན་དང་བརྟེན་པར་བཅས་པ་བཞེངས་ནས། གྱང་ལྷ་སོགས་ཀྱང་གསེར་བྲིས་དང་། ཡབ་འདས་རྗེས་ཀྱི་དུས་དྲན་མཆོད་འབུལ་དང་ཚོགས་བསགས་ཁོ་ན་མཛད་ཅིང་སྐུ་ཚེ་ ཧྲིལ་པོར་ཡབ་རྗེ་རིན་པོ་ཆེའི་འཁོར་སློབ་བསྐྱངས་ནས་ཆོས་བརྒྱུད་བཟུང་། སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་བཀའ་བབ་མ་ཧཱ་ཡོ་གའི་བསྟན་པ་མི་ཉམས་གོང་འཕེལ་མཛད་ཅིང་རྒྱུད་ཀྱི་བཤད་བཀའ་རྒྱ་འགྲེལ་དང་བོད་འགྲེལ་བོད་ལོ་ལྟར་འཆད། སྔོན་འགྲོ་རྒྱས་བསྡུས། རྩ་རླུང་། མུན་ཁང་སོགས་ཇི་སྙེད་དང་སྒྱུ་འཕྲུལ་ལམ་རིམ་སོགས་གཞུང་འགྲེལ་གྱི་བསྟན་བཅོས་དུ་མ་བརྩམས་ཏེ་ལོག་སྨྲ་ཚར་གཅོད་ཅིང་། བྱམས་དང་སྙིང་རྗེའི་རྗེས་སུ་འཛིན་ཅིང་གདུལ་བྱ་རང་གི་ཁམས་དང་མཐུན་པའི་ཆོས་འབྲེལ་ཟབ་རྒྱས་ཅི་རིགས་པར་གནང་ཞིང་། རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྲིན་ལས་རྒྱ་ཆེར་མཛད་མཐར་དགུང་གྲངས་རེ་བཞི་ལོ་སྐུ་གཤེགས་པར་གྱུར། ཐུབ་བསྟན་པདྨ་འཕྲིན་ལས་ནི། གུ་རུའི་ཟབ་གཏེར་སྦས་པའི་ཡིད་ལྷུང་ལྷ་མཚོ་ཕྱུག་མོའི་ཉེ་འདབས་དགེ་བཅུ་མངོན་པར་ཕྱུགས་པའི་ཡིད་ལྷུང་ལྷ་ཡི་རི་བོའི་གྲོང་དུ། སོགས་ཝ་ལྷའི་རིགས་བརྒྱུད། ཡབ་བསོད་ནམས་རྣམ་རྒྱལ་དང་། ཡུམ་རྐང་ཚའི་བརྒྱུད་པ་བདེ་སྐྱིད་ཟེར་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ནང་ཚན་མེ་ཕོ་སྟག་གི་ལོར་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས།

དགུང་ལོ་གསུམ་བཞེས་སྐབས་སྐྱབས་རྗེ་དམ་པའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་གདན་སར་ཞབས་པད་བཀོད། དགུང་ལོ་ཆུང་དུས་ནས་མཁྱེན་རབ་ཤིན་ཏུ་ཡངས་ཤིང་དགུང་ལོ་ལྔ་དྲུག་ནས་འབྲི་ཀློག་ དང་ཐུན་མོང་གི་རིག་གནས་མཐར་ཕྱིན་པར་མཛད། རྒྱལ་སྲས་རིན་པོ་ཆེ་ཡོངས་འཛིན་དུ་བསྐོས་ཤིང་[page 144] ཡང་གསང་བླ་མེད་ཀྱི་སྙན་བརྒྱུད་རྫོགས་པར་གསན་ཅིང་རིས་མེད་ཀྱི་བཤེས་གཉེན་དུ་མར་བསྟེན་ནས་སྨིན་གྲོལ་རྒྱབ་རྟེན་ རྫོགས་པར་གསན་ནས་ཡབ་རྗེ་གོང་མ་རྣམས་ཀྱི་ཕྱག་བཞེས་ཇི་ལྟ་བ་བཞིན་བསྐྱངས། དགོན་པའི་བཤད་སྒྲུབ་སྤེལ་ཚུལ། གྲུབ་པའི་རིག་འཛིན་ཆེན་པོ་མཆོག་གིས་དབང་ལུང་ཁྲིད་མན་ངག་རྒྱབ་བརྟེན་དང་བཅས་པ་གསུངས།

སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་ཅིང་དམ་པ་མཆོག་གིས་ཡང་སྲིད་དུ་མངའ་གསོལ་བ་གྲུབ་རིག རྒྱ་མཚོའི་གཙུག་རྒྱན་འགྲོ་འདུལ་དཔའ་བོ་རྡོ་རྗེས་སྐལ་ལྡན་ཕོ་མོ་མཆོག་དམན་ཀུན་ལ་སྐུ་ཚེ་ཧྲིལ་པོར་མདོ་རྒྱུ་སེམས་གསུམ་བཀའ་གཏེར་རྒྱ་མཚོའི་དབང་ལུང་དང་། བློ་སྦྱོང་གི་རིམ་པ། ཡེ་ཤེས་བླ་མ། རྩ་རླུང་མུན་ཁང་བཅུད་ལེན་སོགས་སྙན་བརྒྱུད་མྱོང་ཁྲིད་སྐོར་གདུལ་བྱའི་བློ་དང་མཐུན་པར་གསུངས། རྒྱལ་སྲས་རིན་པོ་ཆེས་བསྒྲུབ་བརྒྱུད་ཀྱི་བསྟན་པ་ཉམས་མེད་མཛད་པས། སྒྱུ་འཕྲུལ་ཏནྟྲའི་བཀའ་བབས། རྒྱུད་སྡེ་དུ་མར་རྒྱ་བོད་ཀྱི་འགྲེལ་བ་ལྔ་བཅུ་ལྷག་ཙམ་ལོ་རེའི་ནང་འགྲེལ་བཤད་ཞིབ་རྒྱས་མཛད། དེང་སང་ཡང་རིན་པོ་ཆེ། ཐུབ་བསྟན་པདྨ་འཕྲིན་ལས་ཀྱིས། སྐལ་ལྡན་འདུས་པའི་ཚོགས་ལ་ཐུན་མོང་དང་ཐུན་མིན་གྱི་ཆོས་རྣམས་སྨིན་གྲོལ་རྒྱབ་བརྟེན་དང་བཅས་མཐོང་བའི་བརྒྱུད་པའི་ཕྱག་ལེན་རྗེ་ཡབ་སྲས་ཀྱི་མཛད་པ་དང་མཚུངས་སོ།།

དགོན་པའི་སྐུ་གསུང་ཐུགས་རྟེན་སྐོར་ལ་དང་པོ་སྐུ་རྟེན་སྐོར་མཁྱེན་གོ་བོ་རབ་འབྱམས་ཀྱི་ཐུགས་རྟེན་ལ་འོག་ནས་རང་བྱུང་གིས་འཁྲུངས་པའི་རྒྱ་གར་ཤར་ལི་མ་དང་། ལྕང་སྐྱ་རོལ་བའི་རྡོ་རྗེའི་ཐུགས་རྟེན་ཀུན་བཟང་ཡབ་ཡུམ་སོགས་ལི་གཏེར་ལས་གྲུབ་པ་དུ་མ་དང་། གསེར་དངུལ་ཟངས་ལྕགས་ལས་གྲུབ་པའི་སྐུ་རྟེན་བརྒྱ་ཕྲག་དུ་མ་དང་། ས་སྣ་འདྲ་མིན་ལས་གྲུབ་པའི་སྐུ་རྟེན་བརྒྱ་ཕྲག་དུ་མ་དང་། ལྡེབ་རིས་ཐང་ཀ་སོགས་གསེར་མཚོན་གྱིས་གྲུབ་པ་བརྒྱ་ཕྲག་དུ་མ་ཡོད། གསུང་རྟེན་སྐོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་བཅས་ཆ་ལྔ་དང་། སྔ་འགྱུར་རྙིང་མའི་མཁས་དབང་རྣམས་ཀྱི་བཀའ་འབུམ་པོད་སྟོང་ཕྲག་ལས་བརྒལ་བ་དང་། ཀུན་མཁྱེན་ཡབ་སྲས་ཀྱི་གསུང་འབུམ་ཆ་ཚང་བཅས་བཞུགས། ཐུགས་རྟེན་སྐོར། མཚོ་བུ་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཕྱག་དྲིལ་དང་རྒྱལ་པོ་ཛའི་ཐུགས་རྟེན་ཤེལ་གྱི་མཆོད་རྟེན་བཅས་གསེར་ཟངས་སོགས་ལས་གྲུབ་པའི་མཆོད་རྟེན་སོགས་བཞི་ཅུ་ལྷག་དང་། ཀུན་མཁྱེན་འབྲུག་པ་ཡབ་སྲས་ཀྱི་སྐུ་གདུང་སོགས་མཐའ་ཡས་སོ།། གཞན་ཡང་གསེར་དངུལ་སོགས་གྲུབ་པའི་མཆོད་ཆས་སྣ་ཚོགས་དང་། དར་ཟབ་སྣ་ལྔའི་འཕེན་གདུགས་ཡོ་བྱད་མཆོད་རྫས་མཐའ་ཡས་དང་། ཁྲི་དང་འབོལ་གདན། ལི་ཟངས་ལས་གྲུབ་པའི་ཐབ་ཆས་ཆེ་ཆུང་དུ་མ་བཅས་ཡོད་དོ།།

དགོན་པའི་དུས་མཆོད་སྐོར། ལོ་རེར་བཞིན་དུས་མཆོད་རྒྱུན་སྲོལ་ནི་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་བསྙུང་གནས་ཆ་བརྒྱད་ཁྲིད་ཡིག་ཐར་ལམ་གསལ་སྒྲོན་འཆད་ཅིང་སིངྷི་དུང་སྒྲུབ་དང་འབྲེལ། ཧོར་ཟླ་གཉིས་པའི་ཟླ་མཇུག་ནས་གསུམ་པའི་འཇུག་བར་ཡེ་ཤེས་བླ་མའི་ཁྲིད་སྦྱང་ཟླ་རེ་ལྷག་དང་། [page 145] དེའི་ཟླ་མཇུག་ཏུ་ཉིན་གསུམ་ལ་པདྨ་དབང་རྒྱལ་གྱི་འདས་མཆོད་སྨན་བླའི་ཆོ་ག ཧོར་ཟླ་ལྔ་པའི་ཚེས་མགོ་ལ་གནས་བདུན་རི་བསང་ཉིན་བདུན། དེའི་རྗེས་ཉིན་བཅུ་ལ་རྒྱལ་སྲས་རིན་པོ་ཆེའི་གདུང་མཆོད་རྡོར་སེམས། ཧོར་ཟླ་དྲུག་པའི་ཚེས་གཅིག་ནས་བཅུ་བར་གསང་མཛོད་འཁོར་ལོ་དོང་སྤྲུགས་ཀྱི་བུམ་སྒྲུབ་

ཆེན་མོ་ལ་གར་འཆམ་སོགས་ཡོད། དེའི་ཚེས་བཅོ་ལྔ་ནས་དབྱར་གནས་ལ་བཀའ་ཆོས་འཆད་ཧོར་ཟླ་བདུན་པའི་ནང་རིན་ཆེན་

གླིང་པའི་སྨན་བླའི་མཆོད་ཆོག་ཉིན་བདུན་དང་། མགོན་པོ་ཉིན་བཞི་བཅས་འཚོགས། ཧོར་ཟླ་བརྒྱད་པའི་ཟླ་གཅུག་ལ་ཡེ་ཤེས་བླ་མའི་ཁྲིད་སྦྱར་དང་། རྩ་རླུང་མཁན་རྣམས་ཉིན་ཉེར་གཅིག་རིང་རྩ་རླུང་སྦྱང་། ཧོར་ཟླ་བཅུ་པའི་ནང་རྟ་ནག་གསོལ་ཀ་ཉིན་བདུན་དང་དེའི་ཚེས་གཅིག་ནས་ཟླ་གཅིག་ལྷག་དུས་ཆོས་དང་ཉིན་བདུན་ལ་འཕོ་ལང་། དེའི་ཚེས་ཉེར་དགུ་ལ་དགུ་ཆུང་སེང་གདོང་བསྒྲུབ་པ་ཉིན་གཅིག ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་ནས། ཀློང་ཆེན་རབ་འབྱམས་དང་འགྲོ་འདུལ་དཔའ་བོ་རྡོ་རྗེ་གཉིས་ཀྱི་གདུང་མཆོད་ཆེན་མོ་བླ་སྒྲུབ་ཉིན་བརྒྱད་དང་ཆོས་སྐོར་ཉིན་གཅིག ཐོས་གྲོལ་སྟོང་ཚར། བཀའ་འགྱུར་དག་ཚར་བཅས་འདོན་དགོས། དེའི་ཚེས་ཉེར་ལྔ་ལ་དགུ་ཆེན་གསང་མཛོད་རྡོ་རྗེ་གྲོ་ལོད་སྒྲུབ་པ་ཉིན་བཞི་བཅས་ཡོད་དོ།།

དུས་མཆོད་དྲུག་ནི། ཟླ་རེར་བཞིན་ཚེས་བརྒྱད་ལ་རིན་གླིང་སྣམ་བླ། མི་འཁྲུགས་པ། ཚེས་བཅུ་ལ་རིག་འདུས། གཏེར་གསར་རིག་འདུས། ཚེས་བཅོ་ལྔ་ལ་གསང་མཛོད་འཁོར་བ་དོང་སྦྲུག གསོ་སྦྱོང་ཚེས་ཉེར་ལྔ་ལ་ཡུམ་ཀ། མཁའ་འགྲོ་གསང་འདུས། ཚེས་ཉེར་དགུ་ལ་དཔལ་འདུས། རྟ་ཁྱུང་། ཚེས་སུམ་ཅུ་ལ་གསང་མཛོད་རྡོར་སེམས། གསོ་སྦྱོང་བཅས་རྒྱུན་ཆད་མེད་པར་ཡོད་དོ།།

དགོན་པའི་ཡོན་གྱི་འབྱུང་ཁུངས་དང་འཁན་བཞེས་སྐོར། སྡེ་དགེའི་ས་སྐྱོང་དང་མཆོད་ཡོན་འབྲེལ། མདོ་ཁམས་རུ་རྒྱ་ལྡིང་དཔོན་བཅས་བླ་སློབ་འབྲེལ་བས་འཚོ་བའི་མཐུན་རྐྱེན་སྦྱར། གཞན་ཡང་ཤར་མི་ཉག་ལྕགས་ལ་རྒྱལ་པོ། ལྷོར་འབྲུག་པ་རྒྱལ་པོ། ནུབ་ཏུ་གླིང་འགུ་ཟི་རྒྱལ་པོ། བྱང་དུ་ཡིད་ལྷུང་ལྷ་རི་དཔོན་བརྒྱུད་བྱ་རྒོད་ཚང་བཅས་བཉེན་བཀུར་དང་བསྟན་པའི་ སྦྱིན་བདག་རྒྱ་ཆེར་མཛད་པའོ།། གཞན་ས་གནས་འདི་གའི་སྡེ་བ་ཆོས་སྐྱབས་འཇུག་དང་བསྔོ་ཞུས་ཀྱི་ཡོང་སྒོ་བཅས་ལས་བྱུང་བ་དང་། དགོན་སྤྱི་ཁག་གིས་འབྲི་བརྒྱ་ཚོ་བཅུབ་བདུན་རུ་ཁག་ལྔ་ལ་ཤི་མེད་བཞག་ཡོད་པས་ལོ་རེ་བཞིན་མར་གང་འཚམས་སྤྲོད་དགོས།

དགོན་པའི་འགན་བཞེས་གཙོ་བོ་ནི། རིན་པོ་ཆེའི་བཀའ་སློབ་གནང་མཐར་མཆོག་སྤྲུལ་རྣམས་ཀྱིས་སྤྱིའི་སྒྲིག་ཁྲིམས་ལ་གཟིགས་ཞིབ་མཛད་པ་ལས་མེད་དོ།། སྔོན་ཆད་བླ་སྤྲུལ་གྲྭ་བ་བཞི་བརྒྱ་ལྷག་ཡོད་ཀྱང་། དེང་སང་བླ་སྤྲུལ་ལྔ་བཅུ་གྲྭ་བཙུན་ཉིས་བརྒྱ་ཙམ་ཡོད། སྔོན་ཆད་བླ་སྤྲུལ་ཇོ་མོ་བླ་གྲྭ་སུམ་བརྒྱ་ཙམ་ཡོད་ཀྱང་དེང་སང་ལྔ་བཅུ་ལས་མེད།

[page 146] དགོན་པའི་སྒྲིག་ལམ་ནི། འབྲུག་པ་རིན་པོ་ཆེས་གསུངས་པའི་བཅའ་ཡིག་ཆེན་མོའི་ནང་དོན་ལྟར་བཀོད་པ་ནི་ཆོས་ཁྲིམས་གཙོ་བོ་ཡིན། ཆོས་ཁྲིམས་དར་གྱི་མདུ་པ་དམ་ལ་ཀུན་སློང་ཀུན་སྤྱོད་ཀྱི་བསམ་བློ་ཆོས་མཐུན་ཁོ་ན་ལགས། ཕྱི་དམ་ཆོས་འདུལ་བ་གཞི་གསུམ་གྱི་ཆོ་གར་གཙིགས་སུ་མཛད་ནས་སོ་ཐར་དང་། ནང་བྱང་སེམས་ཀྱིས་རྒྱལ་ཡུམ་ཕར་ཕྱིན་དྲུག་པོ་ཉམས་ལེན་དང་། གསང་བ་རྫོགས་པ་ཆེན་པོ་འཆད་ཉན་སྒོམ་སྒྲུབ་གྱིས་བསྟན་པ་ཕྱོགས་བཅུར་སྤེལ་ཞིང་དམ་ཚུལ་བཞིན་བསྲུང་བའོ། གཞན་དམར་མཆོད་དང་ཤ་ཟ་བ་སོགས་སྤང་བ་དང་། ཚུལ་ཁྲིམས་གཙང་མས་རྒྱུད་དག བསྐྱེད་རྫོགས་ལམ་གྱི་རིམ་པ་ལ་ཉམས་ལེན་མཛད་ཅིང་རྟག་པར་ཐུན་དྲུག་བཅད་དེ་འབད་བརྩོན་བསྐྱེད་པའོ། དུས་ཚོད་ལྟར་ཇ་བསྐོལ་དང་མེ་འབུད་བྱེད་པ་ལས་གང་བྱུང་འབུད་མི་ཆོག མ་རབ་སྡིག་ ཏོའི་སྤྱོད་པ། སྐྱ་ཆས། མི་རིགས་མི་གཅིག་པའི་ཆ་ལུགས་སྨད་གཡོགས། རྒྱ་ལྷམ་ཐྲིག་ཐྲིག་གི་སྒྲ་ཅན་དང་འཛེར་མ་ཅན་གྱོན་མི་ཆོག་ཇོ་སེར་ཕན་ཚུན་འགྲོ་འདུག་བྱེད་མི་ཆོག དུས་མིན་ལ། བཞད་གད། མཆོང་རྒྱུག རྟ་རྒྱུག མདའ་འཕེན། ཤྭ་རྒྱལ། ཆང་དུད། གླུ་སྒྲུང་། བྲོ་གར། ཁ་འཐབ་རྩོད་གླེང་། ཚོང་སོ་ནམ། གྲོང་ཉུལ་འགྲོ་སྡོད་དང་ངའཁྱལ་མི་ཆོག་མདོར་ན་གཡེང་བའི་རྒྱུ་རྣམས་རྒྱུན་པར་སྤང་དགོས། ཁྱིམ་མི་ཉེ་འབྲེལ་མིང་སྲིང་ཕན་ཚུན་འབྲེལ་གཏུགས་དགོས་ན་དགོན་པའི་ཆོས་ཁྲིམས་ པར་བཀའ་འདྲི་དགོས། བཀའ་འདྲི་ཐོབ་རྗེས་མི་གཉིས་གསུམ་ལྷན་དུ་ཕྱིན་དགོས། དེ་ལྟར་མ་བྱས་ཚེ་ཞུ་བཤགས་གང་ཡང་བྱེད་རྒྱུ་མེད་ལ་རང་ཡུལ་དུ་བཏང་རྒྱུ་རེད། དགོན་ཉིན་སྲིབས་རི་ཁྲོད་གང་ལ་ཡང་འགྲུལ་བ་ཞག་འདུག་མི་ཆོག་གལ་ཏེ་སྡོད་མཁན་བྱུང་ཚེ་དཔལ་འབྱོར་དང་སྒྲིབ་སྦྱོང་གིས་ཁྱད་པར་ཡོད། ཐག་རིང་ཐུང་གང་ནས་ཡོང་བའི་ལམ་འགྲུལ་གྱིས་དགོན་པ་མཐོང་ས་ནས་ཞྭ་ཕུད་པ་དང་མཚོན་ཆ་འདོགས་མི་ཆོག་དགོན་པའི་ཉེ་འཁོར་ནས་ནགས་གཅོད་པ་དང་རི་དྭགས་སྒོ་ཕྱུགས་གསོད་པ་སོགས་མི་ཆོག་གཤིན་གསོན་གྱིས་ཡོན་བརྒྱབ་དགོན་པ་ལ་བྱུང་བ་ཟླ་རེའི་དུས་མཆོད་དང་འཕོ་འདེབས་ལ་མཆོག་དམན་ཀུན་ཕེབས་དགོས། དགོན་ཁྲིམས་དང་སྡོམས་འགལ་སོགས་བྱུང་ཚེ་ཉེས་པ་ཆེ་ཆུང་ལ་གཞིགས་ནས། རྒྱུ་ཆད། སྒྲིབ་སྦྱངས། གནས་དབྱུང་། བཤགས་སྦྱར་སོགས་དྲང་དབེན་གྱིས་གཅོད་པ་ལས་ཕྱོགས་ལྷུང་སོགས་མེད་དོ། །མི་ཆོས་ནས་ཡུལ་ལུགས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་དགེ་སྒྲུབ་སྡིག་སྤོངས་སོགས་བྱེད་དུ་འཇུག་གོ

གོང་གི་བརྗོད་དོན་རྣམས་དགོན་པའི་ལོ་རྒྱུས་ཕྱོགས་བསྡུས་ལས་བསྡུ་སྒྲིག་བགྱིས་པས་རྗོད་བྱེད་ལ་སྙན་འགྱུར་དང་སྡེབ་ལེགས་བརྗོད་བྱ་མི་འཛོལ་བ་ཅི་མང་ཤོར་སྲིད་པས་དགོངས་མཚམས་མེད་པར་སྐྱོན་བརྗོད་དང་བཅོས་བསྒྱུར་གནང་རོགས་ཞེས་དཔལ་བསྡུས་ཀྱིས་ལེགས་སྒྲིག་བྱས།

ཁྲོམ་དགེ་དགོན་གྱི་ལོ་རྒྱུས།

[page 147] དགོན་པ་འདེབས་མཁན་ནི་སྐུ་མདུན་ཉི་མ་རྒྱལ་མཚན་དཔལ་བཟང་པོ་ཡིན་ཞིང་། སྔོན་ཁྲོམ་ཡུལ་འདིར་ཁྲི་དཔོན་རྒྱལ་པོ་ཟེར་བའི་རྒྱལ་པོ་མངའ་ཐང་ཆེ་ཞིང་བློན་པོའང་མཁས་མཛངས་དཔའ་རྩལ་དང་ལྡན་པ་དུ་མ་དང་། དམག་མི་གྲངས་མང་ཞིང་གོ་ཆ་བཙན་པོ་དང་ལྡན་པ་སོགས་དར་རྒྱས་ཆེ་བར་བཤད། དེའི་དུས་སུ་འཇང་ཡུལ་ས་དམ་རྒྱལ་པོ་དེའི་བསམ་པར་ད་སྐབས་ ཕྱོགས་འདིར་ཁྲོ་ཁྲི་དཔོན་རྒྱལ་པོ་ལས་མངའ་ཐང་ཆེན་པོ་མེད་པས། ངའི་མངའ་འབངས་སུ་བསྡུ་དགོས་བསམ་ཞིང་ཁྲོ་ཡུལ་དུ་བང་ཆེན་བརྫངས་ཏེ་མངའ་འབངས་བྱེད་དམ་མི་བྱེད་ཟེར་སྐབས། ཁྲི་དཔོན་པས་བྱེད་པ་ལྟ་ཅི་དམག་གྲབ་བྱེད་ཟེར་ནས་བང་ཆེན་རང་ཡུལ་ལ་མངགས། དེའི་དུས་འཇང་རྒྱལ་ནས་དམག་ཕོན་ཆེན་ཁྲོམ་ཡུལ་དུ་ཆས་ས་ལོ་གཅིག་དམག་འཐབ་བྱས། ཁྲོམ་ལྟོད་སྨད་ཀྱིས་གནས་གཞིའི་རྫོང་རྣམས་མེར་བསྲེགས། རྒྱལ་པོ་བཀྲོང་། འཛིང་རག་རྣམས་གཏོར་ནས་ཕམ་པར་བཏང་ཟེར། འདིར་ལོ་རྒྱུས་མང་པོ་བཤད་སྲོལ་ཡོད་ཀྱང་མ་བྲིས། དེའི་དུས་ཁྲི་དཔོན་བཙུན་མོ་ཆུང་མ་ལ་སྲས་ཟླ་ ངོ་ཙམ་ལོན་པ་ཞིག་ཡོད་དི་ཁུར་ནས་གཡོག་མོར་བརྫུས་ནས་བྲོས་ཕྱིན་པས་རིམ་གྱིས་སྐྱ་གོང་དུ་བྱིན་ནས་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་དང་མཇལ། ཁོང་གིས་མདུན་དྲུང་ནས་ཆུང་ནར་སོན་བཅུག་ནས་ཡིག་རྩིས་སོགས་རིག་གནས་མཐར་དག་གསན་སྦྱངས་མཐར་ཕྱིན་མཛད་ནས་རྩོད་མེད་མཁས་རྩེར་སོན། མཚན་གཅོད་རྒན་རལ་བ་ཅན་གསོལ་ནས་ས་སྐྱར་ལོ་མང་དུ་བཞུགས་རིང་། ཡང་ཕུར་དང་ལམ་འབྲས་སོགས་ཐུན་མོང་ཐུན་མིན་ཆོས་བཀའ་གསན་སྦྱངས་མཛད་ནས་གྲུབ་པའི་རྟགས་མཚན་མངོན་དུ་གྱུར། ཡང་རྗེ་བཙུན་གྲགས་པ་རྒྱལ་མཚན། ཕག་མོ་གྲུབ་པ། ཀཿཐོག་དམ་པ་བདེ་གཤེགས་སོགས་ཁམས་དབུས་ཀྱིས་བཤེས་གཉེན་མང་དུ་བསྟེན་ནས་བཀའ་གཏེར་གསར་རྙིང་མཐའ་དག་ལ་གསན་བསམ་མཛད། སློབ་དཔོན་ བསོད་ནམས་རྩེ་མོར་རབ་བྱུང་གི་དགོངས་འདྲི་ཞུས་པས། ཁྱོད་རབ་ཏུ་བྱུང་བ་བས་རིགས་རྒྱུད་སྤེལ་ན་བསྟན་འགྲོར་ཕན་ཐོགས་འབྱུང་གསུངས་ནས། འཁོན་གྱི་སྲས་མོ་ཞིག་ཐབས་གྲོགས་སུ་རྩལ་ཞིང་། ཁྱེད་རང་རྣམས་ཁྲོམ་པས་ཡུལ་དུ་སོང་ན་བསྟན་འགྲོར་དགེ་ལེགས་རྒྱ་ཆེན་པོ་འོང་། ང་ཡང་ཁྲོམ་ཡུལ་དུ་འཁྲུངས་འོང་གསུངས་ནས། སྐྱེས་སུ་ཐུབ་སྐུ་བདུད་རྩི་གསོལ་ཟེར་ བའི་ལི་མ་ཤིན་དུ་སྤུས་ལྡན་གཅིག་ཁ་ཆེའི་གསེར་ཞུན་ཟེར་བའི་སྦུབ་ཆལ་རིན་ཐང་བརྩི་མི་ཤེས་པ་གཅིག་དང་། ཤང་བ་ཤང་མ་ཟེར་བའི་འདར་ཟིལ་སྤུས་ལྡན་གཅིག་ འདི་གར་བུའི་མཆོད་རྟེན་ཆ་བརྒྱད་གཅིག་བསོད་ནམས་རྩེ་མོའི་ཐུགས་དམ་འཇམ་དབྱངས་གསུང་བྱོན་མ་སོགས་དངོས་རྫས་གྱ་ནོམ་པ་དང་། སྐྱེལ་མ་བཅས་ཁམས་ཁྲོམ་དུ་བྱོན་ཏེ་གཞི་བཅས་ནས་བཞུགས་པས། མིང་ཡང་ཁྲོམ་དགེའི་བླ་བྲང་ཟེར་བར་གྲགས་སོ།། གཅོད་རྒན་རལ་བ་ཅན་དང་། འཁོན་ཟ་མ་གཉིས་ལ་སྲས་[page 148] གཉིས་སྲས་མོ་གཅིག་འཁྲུངས་པའི་ཆེ་ཤོས་སྐུ་མདུན་ཉི་མ་རྒྱལ་མཚན་ནི། ཡབ་ཀྱི་དྲུང་ནས་ཡིག་རྩིས་དང་རིག་གནས་མཁས་པར་མཐར་ཕྱིན་མཛད་ནས་དབུས་ཕྱོགས་སུ་བྱོན་ནས་ས་ སྐྱའི་ཆོས་གྲྭ་ཡུན་རིང་བཞུགས། ས་སྐྱ་པཎ་ཆེན་དང་། འཕགས་པ་རིན་པོ་ཆེ་ཕྱག་ན་སྐུ་མཆེད་གཉིས་སོགས་དམ་པ་དུ་མ་ལས་གསན་སྦྱངས་མཛད་ནས་མཁས་གྲུབ་ཆེན་པོར་གྱུར། གཅུང་དམ་པ་བསྟན་འཛིན་པས་གདུང་རྒྱུད་སྤེལ་ནས་ད་ལྟའི་བར་གདུང་མ་ཆད་པའོ། སྐུ་མདུན་ཉི་མ་རྒྱལ་མཚན་དང་། མདོ་སྔགས་བསྟན་འཛིན་གཉིས་བར་བླ་རབས་བཞི་བཅུ་ཞེ་དགུ་ཡོད་པར་གྲགས་ཀྱང་། བླ་རབས་འདི་དང་འདིའོ་ཞེས་ཡི་གེ་རྒྱས་པ་མེད་པས་བྲི་མ་ཕོད། བསོད་ནམས་རིན་ཆེན་དང་། ཡིད་བཞིན། དྲུང་སྤྲུལ་ནམ་མཁའ་རྒྱ་མཚོ། ཀརྨ་སོགས་བཞི་དབོན་དུ་འཁྲུངས་པའི་ཆེ་ཤོས་བསོད་ ནམས་རིན་ཆེན་ནི། ཁྲོམ་དགེ་སྐུ་མདུན་གྱི་ཡང་སྲིད་ཡིན་ཞིང་ཁོང་གིས་ཁ་བ་དཀར་པོ་ཡན་ཆོད་དུ་སློབ་རྒྱུད་ཡོད་པར་བཤད་ཅིང་། སྐབས་ཤིག་ཁོང་ཁ་བ་དཀར་པོར་ལོ་གསུམ་སྒྲུབ་པ་མཛད་ནས་བཞུགས་པའི་སྐབས་གྲུབ་ཆེན་ཏེ་ལོ་པས་རྗེས་སུ་བཟུང་ནས་གནང་པའི་ཕྱག་ཆེན་སྙན་རྒྱུད་མར་གྲགས་པའི་ཆོས་རྒྱུད་ད་ལྟ་ཡང་བཞུགས། ཁོང་ཁག་རྐེད་དཀོན་གྱི་དབུ་བླ་མཛད་ནས། ཉག་རོང་ཕྱོགས་སུ་དབོན་དྲུག་ཅུ་ཟེར་བའི་སློབ་རྒྱུད་ཡོད་ཅིང་ཐམས་ཅད་འཇའ་ལུས་པ་ཡིན་ཟེར་བར་གྲགས། སྐབས་ཤིག་བྲག་འགོ་སྤྲུལ་པའི་ལྷ་བཟོ་ལ། མགོན་པོ་གུར་སོགས་ཀྱི་ཞལ་ཐང་བཞེངས་བཅུག་དུས། མགོན་པོ་ཞལ་གྱི་ཞལ་ཐང་ཉིན་གཅིག་ལ་བྲིས་ཚར་བ་དང་རབ་གནས་བཅས་དགོས་པས་དེ་བཞིན་གྲུབ་ཟིན་ནས་རབ་གནས་མཛད་དུས་ལྷའི་ཕྱག་གི་མི་རྐང་གླིང་བུས་པའི་སྒྲ་ཆོས་སྒར་གྱི་མི་ཀུན་གྱིས་ཐོས་པར་གྲགས། ས་རྙིང་། བཀའ་བརྒྱུད། བོན་པོ་སོགས་སློབ་མའི་མོས་པ་ལྟར་ཆོས་གང་དགོས་གནང་ཞིང་བལྟན་པ་ཤིན་ཏུ་རྒྱས་པར་སྣང་། སློབ་མའང་ཤིང་ཏུ་མང་ངོ་། དེའི་ཡང་སྲིད་རྣམ་རྒྱལ་མདོ་སྔགས་བསྟན་འཛིན་ནི་ཁྲོམུ་དགེའི་དབོན་དུ་འཁྲུངས། དེའི་དུས་སློབ་མ་ཤིན་ཏུ་མང་ཞིང་ཆོས་བོན་འདྲེས་མར་གསུངས། དེའི་ཡང་སྲིད་འཇིགས་མེད་མདོ་སྔགས་ཨ་ཚབ་བླ་འབུམ་ཚངས་ལ་འཁྲུངས་ཏེ། ཆུང་དུས་ནས་དམ་པའི་རྟགས་མཚན་དང་ལྡན། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྐུ་མདུན་ཡང་སྲེད་དངོས་བཟུང་ནས་འཇིགས་མེད་མདོ་སྔགས་བསྟན་འཛིན་དུ་མཚན་གནང་། ཁྲོམ་དགེ་དྲུང་སྤྲུལ་མདུན་རབ་བྱུང་བཞེས་ནས་ཉེས་བྱས་ཕྲན་བུ་ཡན་མིག་འབྲས་བཞིང་སྲུང་སྡོམ་གནང་། ཡིད་བཞིན་དྲུང་ནས་རང་ལུགས་ཆོས་བཀའ་ཡོངས་རྫོགས་དང་། རཊ་གླིང་། མཁའ་སྤྱོད་གཏེར་ཆོས་དབང་ཁྲིད་ལག་ལེན་བཅས་གསན་སྦྱངས་མཛད། རྫོགས་ཆེན་མཁན་ཀུན་དཔལ་དྲུང་ནས། བསྙེན་རྫོགས་དང་། བྱམས་ཆོས་སྡེ་ལྔ་སོགས་མཚན་ཉིད་ཐེག་པའི་བཀའ་དང་བསྟན་བཅོས་བཞུགས་སོ་ཅོག་སྦྱངས་བརྩོན་བྱས་ནས་མཁས་པའི་གོ་འཕེང་ཆེན་པོར་གྱུར་ནའང་སྙན་གྲགས་དོན་གཉེར་གཏན་ནས་མི་མཛད་པར་དམན་པ་ཁོ་ནར་བཞུགས། ཀློང་ཆེན་ཡབ་སྲས་གསུང་འབུམ་དང་གཏེར་ཆོས་སོགས་གསན་སྦྱངས་རྒྱ་ཆེར་མཛད་ནས་སློབ་མའི་གཙོ་བོར་མངའ་གསོལ། གསུང་རྩོམ་ཡང་མང་ཙམ་བཞུགས་པ་ནི། སྐར་རྩིས་བྱེད་སྒྲུབ་དགོངས་[page 149] འགྲེལ། མ་ཎིའི་ཕན་ཡོན་པད་དཀར་ཆུན་པོ། ཀ་ལྷུན་གཉིས་ཁྲིད་ཡིག་བརྒྱུད་གསུམ་བླ་མའི་ཞབས་ལུང་གནད་ཀྱི་བཅུད་བྱུང་། སྔོན་འགྲོ་དམ་པའི་ཞལ་ལུང་ཆེ་ཆུང་གཉིས། ཚོགས་ཆེན་འདུས་པའི་སྒྲུབ་ཆེན་ཁོག་ཕུབ་ཀྱི་ཁ་སྐོང་ཟུར་རྒྱན། སྐུ་གསུམ་དགོངས་འདུས་སྒྲུབ་ཆེན་ཁ་སྐོང་དང་སྨྱུང་གནས་ཆོ་གའི་ལག་ལེན། གཏེར་སྟོན་པད་མ་ཡེ་ཤེས་ཀྱི་གཏེར་བྱོན་གདུགས་དཀར་སྒྲུབ་ཆེན། བརྒྱུད་པའི་གསོལ་འདེབས་དང་ཁོག་ཕུབ་བཅས་བཞུགས། ཁོང་གི་ཚ་བུ་ཐུགས་ཀྱི་སློབ་མའི་གཙོ་བོ་ནི་ཁྲོམ་སྤྲུལ་ཡིད་བཞིན་རིན་ཆེན་ཨ་རིག་དང་གཏེར་སྟོན་ལས་རབ་གླིང་པ་བླ་མ་བཀྲ་ཚེ། ཇ་བཟི་ཨ་མྱེ་སྤྲུལ་སྐུ་ཉག་རོང་བཁན་ཨ་དགེ། ཛ་སྤྲུལ་བསྟན་འཛིན་དང་། གཡོན་རི་སྤྲུལ་སྐུ་དང་། གཞན་ཡང་ཉག་རོང་། རྫ་རྒྱུད། ཀཿཛ་སོགས་སུ་སློབ་མ་མང་། ཀ་ལྷུན་གཉིས་དང་རྩ་རླུང་སོགས་སློབ་མ་རྣམས་ལ་དུས་རྒྱུན་དུ་སྩལ། གདན་རབས་གོང་མས་གསར་གཏོད་གནང་བའི། རྐུ་ཇག་དང་རི་རྒྱ་ཀླུང་རྒྱའི་མཛད་རྗེས་རྒྱ་ཆེན་པོ་གནང་ནས་རེ་ཞིག་དགོངས་པ་དབྱིངས་སུ་ཐིམ་ཚུལ་བསྟན།

དེའི་ཡང་སྲིད་འཇིགས་མེད་རྣམ་རྒྱལ་ནི། ཡབ་སངས་རྒྱས་བསྟན་འཛིན་ནམ་པདྨ་སམ་བྷ་ལྦས་མཚན་གནང་བ་འོད་གསལ་བྱང་ཆུབ་གླིང་བ་ ཞེས་རྫས་གཏེར་ཆོས་གཏེར་གཉིས་ཀ་བཞེས་ཤིང་གཏེར་ཆོས་པོད་བཅུ་གསུམ་ལྷག་ཙམ་ཡོད་པ་དེ་དང་། ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་མེ་སྟག་སྤྱི་ལོ་1926ལོ་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ལ་འཁྲུངས། ཆུང་ངུའི་དུས་ནས་དམ་པའི་སྤྱོད་ཚུལ་དང་ལྡན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། ཨ་འཛོམས་འབྲུག་སྤྲུལ་དུ་ངོས་བཟུང་གནང་ནའང་། འགྲོ་དོནདང་སྐུ་ཚེ་བརྟན་པ་སོགས་ཀྱི་ཆེད་དུ། རྫོགས་སྤྲུལ་ནམ་མཁའི་རྡོ་རྗེས་འཇིགས་མེད་མདོ་སྔགས་གསྟན་འཛིན་ཡང་སྲིད་དུ་ངོས་བཟུང་། ཐུབ་བསྟན་འཇིགས་མེད་རྣམ་རྒྱལ་ཞེས་པའི་མཚན་གནང་། དྲུང་སྤྲུལ་མདུན་ནས་ཡིག་རྩིས་སོགས་གསན་སྦྱང་མཛད་ནས་མཁས་པར་གྱུར། སྤྲུལ་ཨ་དགེ་ དྲུང་ཀ་དག་ཁྲིགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་རྩ་རླུང་གསན་ཅིང་། དགེ་ཚུལ་གྱི་སྡོམ་པའང་བཞེས། ཀུན་མཁྱེན་ངག་གི་དབང་པོ་ལས། ཀློང་ཆེན་ཡབ་སྲས་བཀའ་འབུམ་ཚང་མ་དང་། དགོངས་པ་ཟང་ཐལ་སོགས་གསན། ཀཿཐོག་བཤད་གྲྭའི་ནང་མཁན་རྒྱལ་མཚན་འོད་ཟེར་དྲུང་། བསྙེན་རྫོགས་བཞེས་ཤིང་། བཤད་གྲྭའི་ནང་དབུ་བཞུགས་རིང་། བཀའ་བསྟན་བཅོས། གསང་སྔགས་གསར་རྙིང་སོགས་མདོར་ན་ཆོས་རྗེ་ཀཿཐོག་པའི་གདན་རབས་རྣམས་ཀྱི་གསུང་འབུམ་སོགས་དང་གཏེར་ཆོས་ཐམས་ཅད་བུམ་པ་གང་བཤོའི་ཚུལ་དུ་གསན་སྦྱང་མཛད། སྐྱོར་དཔོན་ཡང་ལོ་གསུམ་ མཛད་ནས་ཚུར་གདན་སར་ཕེབས་ཏེ་བསྟན་བདག་མཛད། གཞན་ཡང་སྡེ་སྤྲུལ་འཇམ་དཔལ་རྒྱལ་མཚན་དྲུང་། ས་སྐྱའི་ལམ་འབྲས་ཐུན་མོང་ཐུན་མིན། མགོན་པོ་གུར་ཕྱི་ནང་གསང་བ། ན་རོ་མཁའ་སྤྱོད། གྲྭ་ལེགས་ ཕྱག་སྤྲུལ་དྲུང་རིན་ཆེན་གཏེར་མཛོད། བླ་མ་ཨོ་རྒྱན་རིག་འཛིན་མདུན་དཔལ་སྤྲུལ་བཀའ་འབུམ་སོགས་དང་བླ་མ་བཀྲ་ཚེ་ལས། བདུད་ཀློང་གཉིས། དགོངས་པ་ཟང་ཐལ་བཅས་གསན་སྤྲུལ་ལ་རིག་ལས་རྫོགས་ཆེན་སྙན་རྒྱུད་རྣམས་བུམ་པ་གང་བྱོའི་ཚུལ་དུ་[page 150] གསན་ཞིང་། ཐུགས་ཉམས་སུ་ བཞེས་ནས་རྟོགས་པ་མངོན་དུ་གྱུར། སློབ་མ་མང་ཡང་དེའི་གཙོ་བོ། ཛཿསྤྲུལ། མཁན་ཤེས་རབ། ལྕགས་མདུད་སྤྲུལ་སྐུ། སྤྲུལ་ཐུབ་བསྟན་པད་ཕྲིན་སོགས་ཡིན། ཁྲོམ་དགེ་དགོན་གསར་བཞེངས་གནང་། དབང་ལུང་། ཁྲོམ་ཡུལ་དུ་བདུད་ཀློང་གཉིས་སོགས་བཀའ་གཏེར་གསར་རྙིང་གིས་དབང་ལུང་དགོས་རིགས་དང་། ལྕགས་མདུད་དགོན་དུ་བཀའ་མི་དབང་ལུང་། ཛཿཀ་དགོན་དུ་བདུད་ཀློང་གཉིས་དབང་ལུང་དང་ཟབ་ཁྲིད་བཅས་བསྩལ་ཅིང་ཁྲོམ་ཡུལ་སྤྱི་དང་ཉག་རོང་། དཀར་མཛེས་སོགས་ས་ཁུལ་མང་པོར་རྐུ་ཇག་དང་། རི་དྭགས་མི་གསོད་རྒྱུ་སོགས་ཁས་ལེན་བྱེད་བཅུག་ནས། རྗེས་མའི་ཞལ་ཆེམས་བསྩལ་ཅིང་སྤྱི་ལོ་1983ལོ་ཟླ་བཅུ་གཅིག་པའི་ཚེས་ཉེར་ ལྔ་གཟུགས་སྐུའི་བཀོད་པ་དབྱིངས་སུ་ནུབ་པའི་ཚུལ་བསྟན།

ཁོང་གི་ཡང་སྲིད་དཔལ་ཡུལ་གྲུབ་དབང་རིན་པོ་ཆེས་ངོས་བཟུང་གནང་ཞིང་། ཡབ་བཀྲ་ཤིས་དང་ཡུམ་ཨ་ཞེས་གཉིས་ཀྱི་སྲས་སུ་འབྲུག་གྲགས་ཤིང་ཆར་འབེབས་པའི་མཚན་བཟང་དང་བཅས་འཁྲུངས། དཔལ་སྤྲུལ་པད་ནོར་བསམ་མཚན་ཡང་འཇིགས་མེད་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་གསོལ། སྤྱི་ལོ་1991ལོ་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་འཁྲུངས་པ་འདི་ཡང་སྐུ་ཚེ་བསྐལ་བརྒྱར་བཞུགས་པར་སྨོན། མཁའ་སྤྱོད་བདེ་ཆེན་ནི་ཧོར་དཀར་མཛེས་རྡོ་གྲོང་དུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེའི་བཟུང་གནང་། མཚན་བདེ་ཆེན་རྡོ་རྗེར་གསོལ་ནས་གསེར་ཁྲིར་མངའ་གསོལ། དྲུང་སྤྲུལ་དང་ཡིད་བཞིན་རྣམ་གཉིས་དྲུང་ནས། ཡིག་རྩིས་དང་རང་ལུགས་བཀའ་ གཏེར་དབང་བཀའ་གསན་སྦྱངས་མཛད་དེ་རྫོགས་ཆེན་ལ་བྱོན། མཁན་ཀུན་དཔལ་ལས་རབ་བྱུང་བསྙེན་རྫོགས་བཞེས་ནས་སུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ་མཛད། སྐུ་ཚེ་དེར་ཡུམ་མ་བརྟེན་པས་རྐྱེན་གྱི་སྐུར་མྱུང་གཞི་ཆེ་ཞིང་། མཁའ་འགྲོ་ཆོས་སྐྱོང་གིས་འཁུ་ལྡོག་ཕྲན་ཙམ་རེ་ཡོད་པར་སྣང་། ཀུན་དཔལ་ལས། མཚན་ཉིད་ཐེག་པའི་ཆོས་དང་གསང་སྔགས་བཀའ་གཏེར་གཉིས་སོགས་གསན་བསམ་རྒྱ་ཆེན་མཛད། འཇམ་དབྱངས་མཁྱེན་བརྩེ། ཀོང་སྤྲུལ་བློ་གྲོས་མཐའ་ཡས། བློ་གཏེར་དབང་པོ། མི་ཕམ་རིན་པོ་ཆེ་ སོགས་ལས་སྒྲུབ་སྡེ་ཡོད་རིང་དང་། གཏེར་མཛོད་སོགས་གཏེར་ཆོས་དབང་ཁྲིད་རྒྱུན་བཞུགས་སོ་ཅོག་གསན། ཀཿཐོག་གདན་རབས་ཀྱི་གསུང་འབུམ་སོགས་བཀའ་གཏེར་ཡོངས་དང་། ཛཿཀའི་སྤྲུལ་ཀུན་བཟང་རྣམ་རྒྱལ་ལས། བདུད་ཀློང་ཟབ་ཁྲིད་དབང་ལུང་སོགས་གསན། རྐུ་ཇག་དང་རི་རྒྱ་ཀླུང་རྒྱའི་མཛད་རྗེས་རྒྱ་ཆེན་མཛད་ནས་གཤེགས་པའི་ཚུལ་བསྟན་ཏོ།།

དེའི་ཡང་སྲིད་བདེ་ཆེན་རྡོ་རྗེ་ནི། ཉག་བླ་བསོད་རྒྱལ་ལམ་ལས་རབས་གླིང་པའི་སྐུའི་སྲས་བློ་གྲོས་དང་། ཡུམ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་མེ་སྟག་སྤྱི་1937ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། ཀཿཐོག་རྨོག་སྤྲུལ་དང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཉིས་ཀས་མཁའ་སྤྱོད་ཡང་སྲིད་དུ་ངོས་བཟུང་གནང་ནས་མཚན་ཡང་སྔར་བཞིན། བདེ་ཆེན་རྡོ་རྗེ་བཏགས་ནས་དྲུང་སྤྲུལ་ལས། བདུད་ཀློང་གཉིས་ཀྱི་དབང་ཁྲིད་དང་། རང་ལུགས་བཀའ་གཏེར་ཡོངས་རྫོགས། སྤྲུལ་ཨ་རིག་ལས་ཀློང་[page 151] སྙིང་སོགས་རྫོགས་ཆེན་ཟབ་ཁྲིད་ཐུན་མིན་སྙན་རྒྱུད། སྡེ་སྤྲུལ་ལས་ས་སྐྱའི་ལམ་འབྲས། གུར་མགོན་སྐོར། བླ་མ་བཀྲ་ཚེ་ལས་ཀློང་གསལ་དབང་བཀའ་ཟབ་ཁྲིད། སྤྲུལ་ཆོས་འཕེལ་རྒྱ་མཚོ་ལས་ལས་གླིང་གཏེར་ཆོས་ཡོངས་རྫོགས་དབང་བཀའ་ཟབ་ཁྲིད་བཅས་གསན། རྫོགས་ཆེན་སྤྲུལ་མཁན་རྣམས་ཀྱི་དྲུང་ནས་ཆོས་མང་ཙམ་གསན། རིན་པོ་ཆེ་འདི་ཉིད་བྱ་བཏང་ཁོ་ནས་ངེས་མེད་རི་ཁྲོད་དང་། ཕྱོགས་མེད་རྒྱལ་ཁམས་ཀྱི་གནས་རྣམས་སུ་སྒྲུབ་པ་མཛད་པ་ལས། འདུ་འཛིའི་གནས་སྤངས་ཤིང་དབེན་པ་ཁོ་ན་བརྟེན་ནས་གཞུགས། ལྐོག་གྱུར་གྱི་ཆོས་ཐམས་ཅད་མཁྱེན་ཡང་མི་མཁྱེན་པའི་ཚུལ་མཛད། ཁྲོམ་དགེ་དགོན་གསར་བཞེངས་མཛད། ལས་ཅན་ དམ་ལྡན་རྣམས་ལ་ཆོས་དང་ཟས་གོས་སོགས་གང་ལ་གང་མཁོ་སྩལ་བཞིན་པ་འདི་ཡང་ཞབས་པད་རྡོ་རྗེའི་ཁྲི་ལ་རབ་ཏུ་བརྟན་པར་སྨོན།

སྐུ་ཕྲེང་ཀཿཐོག་པ་དྲུང་རབས་བཅུ་གསུམ་འཁྲུངས་པའི་བཅུ་བཞི་ཁྲོམ་དགེར་འཁྲུངས་པའི་ནམ་མཁའ་རྒྱལ་མཚན་ནི་དབོན་དུ་འཁྲུངས། རྨོག་ སྤྲུལ་པས་དྲུང་སྤྲུལ་ངོས་བཟུང་གནང་ནས་དགོན་པའི་ཁུར་ཆེན་ཡུན་རིང་དུ་མཛད། དེའི་ཡང་སྲིད་དྲུང་སྤྲུལ་སྒེག་པའི་རྡོ་རྗེ། ནོར་འབུམ་ཚངས་ཟེར་བ་རྒའི་རིགས་སུ་འཁྲུངས། བཟོ་གསོ་སྒྲ་ཚད་ནང་རིག་སོགས་མཁས་ཆེན་དུ་གྱུར་ནས་དགོན་པའི་གཙོ་འགན་ཡུན་རིང་མཛད་དེ་བསྟན་པའི་མེ་རོ་བསླངས། སྤྱིར་མདོ་སྔགས་ཐམས་ཅད་དང་ཁྲོམ་དགེའི་རང་ལུགས་ཀྱི་ དབང་བཀའ་རྣམས་རྒྱུན་མཐུད་པ་དང་། རྐུ་ཇག་དང་རི་དྭགས་གསོད་པ་སོགས་བཀག་སྡོམ་གནང་ནས་མཐར་དགོངས་པ་ཆོས་དབྱིངས་སུ་ཞི་བར་གཤེགས། ཁོང་གི་གཅུང་མཚོ་རྒྱལ་པས་གདུང་བརྒྱུད་བཟུང་ནས་གཤེགས་སོ།། ཡིད་བཞིན་རིན་པོ་ཆེ་ནི། ལོ་ཆེན་བཻ་རོ་དང་། ཀུན་མཁྱེན་ཀློང་ ཆེན་པ་སོགས་ཀྱི་སྐུའི་སྐྱེ་བ་ཡིན་ཞིང་ཤེས་བྱའི་གནས་ཀུན་མཁྱེན་པའི་སྤྱན་རས་དང་ལྡན། ཁྱད་པར་རྟོགས་པའི་དོན་ལྡན་ཀྱི་མངོན་པར་མཐོ་ཞིང་ས་ཆེན་པོར་གཤེགས་པའི་འཕགས་ཆེན་གནས་དང་དུས། མཁྱེན་པ་ཐོགས་མེད་དུ་མངའ་ཞིང་དགོན་པའི་ལས་དོན་བསྟན་བདག་དང་ཁྲོམ་ཡུལ་སྤྱི་དང་། ཉག་རོང་སོགས་ཀྱི་འཁོན་བསྡུམས་པ་སོགས་བསྟན་འགྲོར་ཕན་པའི་དོན་ རླབས་ཆེན་མཛད་ནས་དགོངས་པ་དབྱིངས་སུ་ཐིམ་ཚུལ་བསྟན། ཡིད་བཞིན་ཡང་སྲིད་ཐུབ་བསྟན་བྱང་ཆུབ་རྒྱལ་མཚན་ནི། རབ་བྱུང་བཅུ་བཞི་བ་སྤྱི་ལོ་1905ཤིང་སྦྲུལ་ལོ་ཟླ་དང་པོའི་ཚེས་བཅོ་ལྔ་ལ་ངོ་མཚར་བའི་ལྟས་དང་བཅས་ཨ་ཚབ་བླ་འདོང་ཚང་ལ་ཡབ་སྐྱ་ལི་དང་། ཡུམ་ཨ་ཁྱ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་མདུན་འཇིགས་མེད་མདོ་སྔགས་བསྟན་འཛིན་ཁུ་བོ་ཡིན་ཞིང་ཁོང་གི་དྲུང་དུ་ཆུང་དུས་ནས་ཡིག་རྩིས་སོགས་གསན་སྦྱང་མཛད་ནས་ཚེགས་མེད་དུ་མཁྱེན། སྐུ་ན་སོན་པ་དང་ཀཿཐོག་སཱི་ཏུ་ཆོས་ཀྱི་རྒྱལ་མཚན་མཆོག་ལ་གཙུག་ཕུད་ཕུལ་ནས་མཚན་ཐུབ་བསྟན་བྱང་ཆུབ་རྒྱལ་མཚན་དུ་གསོལ། ཁྲོམ་དགེ་སྤྲུལ་མཁའ་སྤྱོད་དང་སྐུ་མདུན་རྣམ་གཉིས་དྲུང་ནས་རང་ལུགས་བཀའ་གཏེར་སྤྱི་དང་། བདུད་ཀློང་དབང་ཁྲིད་ལག་ལེན་བཅས་མཁས་པར་སྦྱངས། ཁྱད་པར་ཟབ་ཁྲིད་རང་ལུགས་ཕྱག་ཆེན་སྙན་བརྒྱུད་མར་གྲགས་པ་དང་། སྒམ་པོའི་མཛུབ་ཁྲིད། ཀློང་གསལ། རཏྣ་གླིང་པའི་[page 152] སྐོར་རྣམས་གསན་བསམ་མཛད་པས་ཟབ་ དོན་མངོན་དུ་གཟིགས། ཉག་རིང་མཁན་ཨ་དགེ་དྲུང་ནས་མདོ་ཕྱོགས་སྐོར་རྣམས་གསན་ནས་མཁས་པའི་ཕུལ་དུ་བྱུང་། བླ་བྲང་དུ་མ་བཞུགས་པར་སྐུ་ཚེ་ཧྲིལ་པོར་བྱ་བཏང་ཁོ་ན་མཛད། ཀུན་མཁྱེན་ངག་གི་དབང་པོའི་དྲུང་དུ་ཨུན་རིང་བཞུགས་ནས་མཉེས་པ་གསུམ་གྱིས་ཞབས་ཏོག་བསྒྲུབས་སྟེ། སྔ་འགྱུར་བཀའ་མ་ཡོངས་རྫོགས། དགོངས་པ་ཟངས་ཐལ། ཀློང་ཆེན་ཡབ་སྲས་གསུང་ཚང་དང་། ཁྱད་པར་རྫོགས་ཆེན་རྙིང་ཐིག་སྙན་བརྒྱུད་ཀྱི་མན་ངག་ཁྱད་འཕགས་བསྩལ་ཅིང་བསྟན་པའི་བདག་པོར་མངའ་གསོལ། སྡེ་སྤྲུལ་འཇམ་དཔལ་རྒྱལ་མཚན་ལས། ས་སྐྱའི་གསུངས་ངག་རིན་པོ་ཆེ་ལམ་འབྲས་ཚོགས་སློབ་གཉིས་དང་ཐུན་མིན་ངག་ཆིག་བརྒྱུད་མར་གྲགས་པས། མགོན་པོ་གུར་ཕྱི་ནང་གསང་བ་བཅས་གནང་ཞིང་ས་བསྟན་གྱིས་བདག་པོར་མངའ་གསོལ། ཁོང་གི་ཐུགས་ཉམས་སུ་བཞེས་པས་ཡིད་དམ་གྱི་ཞལ་གཟིགས་ཆོས་སྐྱོང་རྣམས་ཀྱི་ཕྲིན་ལས་སྒྲུབ་པ་སོགས་མངོན་དུ་གྱུར་ཀྱང་གསང་རྒྱ་ཁོ་ན་མཛད་པ་ལས་སུ་ལའང་མི་གསུངས། བླ་མ་བཀྲ་ཚེ་ལས་ཀློང་རྒྱལ་སོགས་གསན། འཇམ་དབྱངས་ཆོས་བློ་ལས་ས་སྐྱའི་ཆོས་སྐོར་མང་དུ་གསན་མངའ་གསོལ་རྒྱ་ཆེན་པོ་མཛད། ཁྲོམ་དགེའི་གདན་རབས་གོང་མའི་ཕྱག་བཞེས་ལྟར། རྐུ་ཇག་རི་རྒྱ་སོགས་སུ་ཕྱོགས་གང་དུ་བྱོན་ཀྱང་ཆད་མེད་མཛད། དབུས་གཙང་ཕྱོགས་སུ་གནས་སྐོར་ལ་བྱོན་ ནས་བསམ་ཡས་མཇལ་སྐབས་བེ་དཀར་སྐུ་རྟེན་གྱིས་གུས་འདུད་དང་དར་ཁ་འབུལ་བ་སོགས་ཕྲིན་ལས་སྒྲུབ་པའི་མཚན་མ་མངོན་དུ་བསྟན། མདོར་ན་ཁོང་སྐུ་ཚེ་གཅིག་པོར་རི་ཁྲོད་མ་ གཏོགས་གྲོང་པའམ་གྲོང་པའི་ཉེ་འདབས་སུ་བཞུགས་སྲོལ་མེད། སྤྱི་ལོ་1958ལོ་ཁྲོམ་སྨད་ དུ་བཞུགས་དུས་རྒྱ་དམག་མང་པོ་འོང་ནས་རིན་པོ་ཆེར་བརྡུང་བརྡེག་ཚད་མེད་བྱེད་སྐབས། འཇོལ་མོ་དང་བྱ་ཝང་སོགས་ར་དེར་གནས་པའི་བྱ་རིགས་རྣམས་ཀྱི་གཤོག་པས་ཁོང་གིས་སྐུ་ལུས་ལ་བཀབ་པ་སོགས་བྱས་ཚེ། དམག་མི་རྣམས་ཞེ་སྡང་ཞི་ནས་ངོ་མཚར་ཞིང་ཞབས་ཞུ་ ཚད་མེད་བྱས་པ་སོགས་མདོར་ན་མཁས་དང་གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་དང་མཚུངས་པར་སེམས། ཁོང་གིས་སློབ་མ་རྣམས་ཀྱི་ནང་ནས་ཁྱུ་མཆོག་ལྟ་བུ་ན་བླ་མ་ཨ་ཁྱུག་ཡིང་ཞིང་རྣམ་ཐར་རག་བསྡུས་འོག་ཏུ་འཆད། གཞན་ཡང་སློབ་མ། སྐུ་མདུན། མཁའ་སྤྱོད། ཉག་རོང་སྤྲུལ་ཨ་ཟླ་མཆེད་གསུམ། དཔལ་ཡུལ་སྤྲུལ་ཐུབ་བཟང་། ཁྲོམ་སྤྲུལ་ཨ་གསང་། ཛཿསྤྲུལ། སེ་ར་ཡང་སྤྲུལ། མཁན་ངག་ཀི་དབང་པོའི་ཡང་སྲིད། ཁྲོམ་སྤྲུལ་པད་མ་རྡོ་རྗེ། ཉག་སྤྲུལ་རྡོར་ལོ། ཁྲོམ་སྤྲུལ་ཉི་མ་རྒྱལ་བཚན། དྲུང་སྤྲུལ་པད་མ་རིག་འཛིན། བླ་མ་བསོད་དབང་། ལྕགས་མདུད་སྤྲུལ་སྐུ་གོང་འོག་གཉིས། སྡེ་གཞུང་སྤྲུལ་སྐུ་ཉག་སྤྲུལ་སྙན་གྲགས། མཁན་ཤེས་རབ། མཁན་དགེ་ལེགས། མཁན་བསོད་ནམས་དགའ་སོགས་སློབ་མ་སྐྱོང་ནུས་ཤ་སྟག་ཡིན་ཞིང་དེར་མ་ཟད་ཁོལ་རིའི་གནས་ནང་ལོ་གསུམ་བཞུགས་རིང་མི་དང་མི་མིན་གྱི་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་པ་ སྨོས་ཀྱིས་མི་ལང་པ་ལྟ་བུ་ཡིན་ནོ།། སྐུ་གསུངས་ཐུགས་རྟེན་བཞེངས་པ་ལས་ཁྱད་པར་འཕགས་སྙམས་བགྱིད་དོ་གསུངས་ཤིང་། རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་སྟོན་ཚེའང་། ཀུན་མཁྱེན་ངག་གི་[page 153] དབང་པོ་བསམ་ཡས་མཆིན་ཕུ་ནགས་ཀྱི་ཚལ་དུ་མངོན་པར་བྱང་ཆུབ་པ་ལྟར། སྒྲ་ཆེན་པོ་དང་། འོད་ཆེན་པོ་དང་། གདུང་ཆེན་དང་བཅས་ཏེ་རབ་བྱུང་བཅུ་བདུན་སྤྱི་1988ལོས་འབྲུག་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ཞི་བར་གཤེགས་སོ།། དྲུང་སྤྲུལ་གསུམ་པ་པད་མ་རིག་འཛིན་ནི། སྐུ་མདུན་མདོ་སྔགས་བསྟན་མཛིན་གྱི་དབོན་རིགས་སུ་སྤྱི་ལོ་1923ལོའི་རབ་བྱུང་བཅུ་དྲུག་པའི་ཆུ་གླང་ལོར་འཁྲུངས། ཡིག་ཀློག་བྲིས་སོགས་གསན་པ་ཙམ་གྱིས་དགོངས་ཤིང་སྤྲུལ་ཨ་རིག་ལས་དབང་བཀའ་དང་ཟབ་ཁྲིད་རྣམས་གསན་ནས་རྟོག་པ་མངོན་དུ་གྱུར། དགུང་ལོ་བཅུ་བ་ལ་བང་ མཛོད་ཞལ་ལུང་དང་ལུང་རྟོགས་ཟིན་བྲིས་རྣམས་ཐུགས་ནས་འཆད་པ་མ་ཟད། སྤྱོད་འཇུག་སྡོམ་གསུམ་སོགས་ཀྱང་ཐུགས་ཐོག་ནས་འཆད་ཐུབ་པ་སོགས་ལ་བསམ་ན་འཕགས་པ་ཞིག་ཡིན་པ་ངོ་གནོང་མི་དགོས་སོ། དེར་མ་ཟད། བླ་མ་ཨ་ཁྱུག མཁན་ཤེས་རབ། སྤྲུལ་སངས་རྒྱས་ཚེ་རིང་སོགས་དང་། སྤྲུལ་ཉི་མ་རྒྱལ་མཚན་ལས་མདོ་སྔགས་གཉིས་སོགས་གསན་བསམ་མཛད་བཞིན་པ་འདི་ཡང་སྐུ་ཚེ་ཡུན་དུ་བརྟན་པར་སྨོན། གོང་སྨོས་ལྟར་དྲུང་སྤྲུལ་ནམ་མཁའ་རྒྱལ་མཚན་གཅུང་མཚོ་རྒྱལ་གྱི་སྲས་འཇིགས་མེད་ཁྲོ་རྒྱལ་ནི། ཆོ་གའི་གར་དབྱངས་འདོན་སོགས་ལ་མཁས་ཤིང་། ཁྱད་པར་བཟོ་གསོ་སྒྲ་ཚད་སོགས་ལ་ མཁས་པའི་ཕུལ་དུ་ཕྱིན། དེའི་སྲས་སྨྱོ་ཤུལ་གོང་མའི་གཏེར་སྟོན་མཐུ་སྟོབས་གླིང་བའི་ཡང་སྲིད་དུ་མདོ་སྔགས་བསྟན་འཛིན་པས་ངོས་བཟུང་གནང་། ཀུན་བཟང་སྙན་གྲགས་ འདི་གྲུབ་པའི་རྣམ་ཐར་ཤིན་ཏུ་མང་། ཁྱད་པར་སྡིག་པོ་ཆེ་རྣམས་ལ་ཐུགས་གཏད་པ་ཙམ་གྱིས་རྣམ་ཤེས་བཙན་ཐབས་ཀྱི་འཕེན་ནུས་པའི་ཐུགས་རྗེ་ཆེན་པོ་དེ་ཉིད་ནི་ཁྲིམས་ཁང་དུ་གཤེགས། དེའི་ཡང་སྲིད་ཚུལ་ཁྲིམས་བློ་གྲོས་ནི་རབ་བྱུང་བཅུ་དྲུག་ལྕགས་ཁྱི་ལོ་1970 ལོར་དབོན་དུ་འཁྲུངས། ཆུང་དུས་ཡིག་རྩིས་ཚེགས་མེད་དུ་མཁྱེན། སྤྲུལ་ཨ་རིག་ལས་དབང་དང་ཟབ་ཁྲིད་གསན་ནས་དེ་ཉིད་གཟིགས། བླ་མ་ཨ་ཁྱུག་ལས་རབ་བྱུང་བཞེས། སྤྲུལ་ལངས་རྒྱས་ཚེ་རིང་ལས་མདོ་སྔགས་ཐམས་ཅད་གསན་སྦྱངས་མཛད་ནས་དགོན་དང་རི་ཁྲོད་ཁོ་ནར་བཞུགས་བཞིན་པ་ཡང་སྐུ་ཚེ་ཡུན་དུ་གནས་པར་སྨོན། ཀུན་བཟང་སྙན་ གྲགས་ཀྱི་གཅུང་དཔལ་ཆེན་ལྷུན་གྲུབ་ཟེར་བ་དེ་ནི་གསོ་རིག་ལ་ཤིན་ཏུ་མཁས་ཤིང་ཡ་རབས་ཀྱི་སྤྱོད་ཚུལ་དང་ལྡན་པ་དེ་ཡང་ཁྲིམས་ཁང་དུ་གཤེགས། དེའི་སྲས་ནོར་བཟང་དང་། རབ་གསལ་ཟླ་བ་གཉིས་ཡོད། ཕྱི་མའི་སྲས་ཆོས་འགྲུབ་ནི་བཟོ་རིག་རྣམས་མཁྱེན། དགེ་སློང་གི་སྡོམ་པ་བཞེས་ནས་བཞུགས་བཞིན་པ་ཡིན། གཅུང་ངག་དབང་རྡོ་དྗེ་དེ་བཞིན་ འདུལ་འཛིན་ཨིན་ཞིང་རིག་གནས་མཐའ་དག་ལ་སྦྱངས་བརྩོན་བྱས་ནས་འཚོ་བཞིན་ནོ།། སྐུ་མདུན་རིན་པོ་ཆེ་འཇིགས་མེད་རྣམ་རྒྱལ་སྐུའི་སྲས་ཕྲིན་ལས་འོད་ཟེར་ནི་རབ་བྱུང་བཅུ་ དྲུག་ལྕགས་གླང་སྤྱི་ལོ་1961འཁྲུངས། ཡིད་བཞིན་རིན་པོ་ཆེ་དང་། བླ་མ་ཨ་ཁྱུག་ངོར་མཁན་ཆེན། སྐུ་མདུན་མཁའ་སྤྱོད་གཉིས་སོགས་ལས་བཀའ་གཏེར་དབང་ཁྲིད་ རྣམས་རྫོགས་པར་གསན། ལྷག་པར་འདུལ་བ་ནས་གསུངས་པ་བཞིན་ཕམ་ལྷག་ཉེས་བྱས་རྣམས་མིག་འབྲས་བཞིན་སྲུང་སྡོམ་ཚུལ་བཞིན་གནང་། རྒྱལ་བསྟན་སྤྱི་དང་རང་དགོན་གྱི་གཙོ་འགན་བཞེས་ཤིང་བཞུགས་བཞིན་པ་སྐུ་ཚེ་ཡུན་རིང་དུ་[page 154] བརྟན་པར་སྨོན། སྤྲུལ་ཐུབ་བསྟན་པདྨ་བཟང་པོ་ནི། ཁྲོམ་དགེ་འཇིགས་མེད་ཁྲོ་རྒྱལ་སྲས་མོ་ཟླ་བ་སྒྲོལ་མའི་སྲས་སུ་རབ་བྱུང་བཅོ་ལྔ་ལྕགས་རྟ་སྤྱི་ལོ་1930ལོར་འཁྲུངས། སྤྲུལ་ཆོས་བློས་ཉག་རོང་ལྕགས་མདུད་སྤྲུལ་སྐུར་ངོས་བཟུང་གནང་། བདུད་འཇོམ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་། དེ་ལ་འགོ་མཁྱེན་སྤྲུལ་སོགས་ལས་བཀའ་གཏེར་དཔག་མེད་གསན། ཕྱི་རྒྱལ་དུ་དགོན་སྡེ་དྲུག་ཅུ་རེ་བདུན་ཙམ་བཞེངས། ཆོས་ཀྱི་སྒོ་ནས་འགྲོ་དོན་རྒྱ་ཆེན་པོ་གནང་བ་དང་། ཁྲོམ་དགེ་ དགོན་དུ་ལན་གཉིས་ཕེབས་ཤིང་སྐུ་གསུམ་ཐུགས་རྟེན་དང་དངོས་རྫས་ཀྱི་རོགས་རམ་གནང་བ་དང་ད་ལྟ་ཕྱི་རྒྱལ་དུ་ཡོད་པའི་དགོན་པ་དང་སློབ་མ་ཐམས་ཅད་ཀྱིས་ཁྲོམ་དགེའི་དགོན་པའི་ཆོས་བརྒྱུད་འཛིན་པ་ཡིན་ཞིང་། སྒྲུབ་གྲྭའི་ཉམས་བཞེས་མཛད་རྒྱུ་ཡང་མཁའ་སྤྱོད་དབང་པོའི་གཏེར་ཆོས་ཡིན་པར་སྣང་། དེ་ལྟ་བུའི་མཛད་རྗེས་རླབས་ཆེན་གྱིས་བསྟན་འགྲོའི་དོན་མཛད་ནས་ནུབ་ཕྱོགས་རྒྱལ་ཁམས་ཨ་རིར་བཞུགས་པ་ལགས།

དགོན་པ་ཁག་གྱེས་པའི་ལོ་རྒྱུས། སྐུ་མདུན་ཚེ་དབང་རྣམ་རྒྱལ་དུས་སུ་བྱམས་པ་མི་འགྱུར་ཟེར་བའི་དབོན་ཞིག་ལོགས་སུ་བཞུགས་པའི་ཡང་སྲིད། ཀུན་དགའ་ཉི་མ། ཨ་སྐུ་ཚུལ་ཁྲིམས། རང་གྲོལ། ཆོས་གྲགས་རྒྱ་མཚོ་སོགས་ཡིན་ཞིང་། ཁོང་རྣམས་ནི་རྡོ་དགོན་གྱི་ཁྲི་བ་ཤ་སྟག་ཡིན་པ་མ་ཟད་གྲུབ་རྟགས་ཀྱང་རྡོ་ལ་ཕྱག་རྗེས་མང་པོ་ད་ལྟ་མཇལ་རྒྱུ་ཡོད། བྱམས་པ་མི་འགྱུར་གྱི་ཡང་སྲིད་པདྨ་གར་གྱི་དབང་ཕྱུག་ནི་ཧོར་སྟོད་གསེར་མཁར་གྲོང་དུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ སོགས་དམ་པ་དུ་མ་བསྟེན་ནས་བཀའ་གཏེར་ཆོས་དཔག་མེད་གསན། ཁྱད་པར་ཟབ་མོ་གཏེར་གྱི་ཁ་བྱང་ལྟར། གུ་རུའི་ཐུགས་ཀྱི་གནས་བརྡ་གོང་ཕུག་ནས་གཏེར་བཞེས། གནས་དེར་དགོན་པ་བཏབ་གནང་མཛད་ནས་རྟེན་དང་བརྟེན་པའི་ལྷ་ཁང་མི་ཆུང་བ་བཞེངས། བཀའ་འདུས་ཆོས་ཀྱི་རྒྱ་མཚོ། ཚེ་སྒྲུབ་གསང་འདུས་གདུགས་དཀར། བདུད་ཕུན། མཱ་ཏིའི་སེང་གདོང་། གུ་དྲག་ཡེ་འབར་སོགས་ཀྱི་སྒྲུབ་མཆོད། བླ་མ་གསང་འདུས་སྨན་སྒྲུབ་སོགས་འཛུགས་སྐྲུན་གནང་བ་མ་ཟད། ཁྲོམ་རྡོ་དགོན་གྱི་ཁྲི་པའམ་བསྟན་པའི་བདག་པོ་སྐུ་མ་གཤེགས་བར་དུ་མཛད། གཏེར་ཆོས་ལའང་། གདུགས་དཀར་སྒྲུབ་ཆེན་སྟོད་སྨད་གཉིས་ལ་པོད་ཆེན་གཉིས་དང་། ཨོ་རྒྱན་ནོར་སྒྲུབ་སོགས་མང་དུ་བཞུགས་པ་རྣམས་གདུང་སྲས་རྣམས་ལ་ད་ལྟར་རྒྱན་བཞུགས། སྔར་ལྷ་ལུང་ དཔལ་རྡོར་པས་གླང་དར་བཏུལ་ནས་ཁམས་སུ་བྱོན་དུས་བཞུགས་གནས་སྒྲུབ་ནས་ཀྱང་ཡོད། སྤྲུལ་པད་མ་རྡོ་རྗེ་ནི་གཏེར་སྟོན་པད་མ་ཡེ་ཤེས་ཀྱི་ཡང་སིད་ཡིན་ཞིང་། བླ་བྲང་གི་གཞི་ ཐོག་ཏུ་ཕབ་བསོད་ཁོ་དང་། མ་ཡུམ་སྒྲོལ་མ་དུང་རིས་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་མདུན་དུ་མཁའ་སྤྱོད་རྣམ་གིས་ནས་ངོས་བཟུང་གནང་། ཡིག་རྩིས་གསན་སྦྱང་མཛད་ནས་མཁས་པར་གྱུར། སྤྲུལ་རྣམ་གཉིས་དང་། སྤྲུལ་ཨ་རིག་བླ་མ་བཀྲ་ཚེ་སོགས་ཕྱོགས་མེད་ཀྱི་མཁས་གྲུབ་མང་པོ་བརྟེན་ནས་མཁས་གྲུབ་ཆེན་པོར་གྱུར། སྐུ་ཚེ་ཧྲིལ་པོར་རི་ཁྲོད་ བཅད་རྒྱས་སྒྲུབ་པ་ཁོ་ན་མཛད་པ་མ་ཟད་བཀའ་གཏེར་གཉིས་ཀའི་རྨིན་གྲོལ་གྱི་བཅུད་སྐྱེ་འགྲོ་ཀུན་ལ་གནང་ཞིང་བདེ་ལ་བཀོད་པ་སོགས་བསམ་ཡས་ཤིང་

[page 155] མཐར་ཁྲིམས་ཁང་དུ་གཤེགས་སོ། པད་མ་མཁའ་སྤྱོད་སྐུ་རིང་འཛིན་ཁ་རག་དགོན་པ་ཁྲོམ་དགེ་ནས་ཕར་གྱེས་ནས་འཛིང་ཁོག་ཏུ་དགོན་པ་བཏབ་པ་བོན་པོ་ཡིན་ཞིང་། སྔར་ཁྲོམ་དགེ་དགོན་པའི་ཆོས་རྒྱུད་དང་། རིགས་རྒྱུད་གཉིས་ཀ་ཁྲོམ་དགེ་ཚང་དང་གཅིག་ཡིན་པའི་བཤད་སྲོལ་ཡོད།

ཉག་སྨད་ཨུ་བུ་དགོན་པ་ནི་མཁའ་སྤྱོད་འོད་གསལ་སྙིང་པོས་བཏབ་གནང་བའི་བུ་དགོན་ཡིན་པས། ཁོང་ཡང་དགོན་དེར་ཡུན་རིང་བཞུགས་མྱོང་ཞིང་གཏེར་གནས་ཀྱང་ཡིན་པར་བཤད། ཉག་སྨད་དགོན་གསར་དགོན་པའི་ནང་དུ་གཏེར་ཆུ་ཞིག་བཏོན་ནས་

དེར་ཆོས་རྒྱུན་ཡང་ཡོད་པར་སྣང་། མི་ཉག་སེང་གེ་དོན་དུ་སྐུ་གསུམ་དགོངས་འདུས་ཀྱི་སྒོ་ནས་སྨྱུང་གནས་ཆོ་ག་དང་སྒྲུབ་མཆོད་ཡང་ཡོད་པར་སྣང་།

རྟེན་གྱི་རྣམ་གྲངས་ཡོད་རིགས་ལ། བླ་བྲང་གཟིམ་ནང་སྐུ་རྟེན། སངས་རྒྱས་ཐང་ཀ་སྐྱེས་རབས་སོ་གཅིག་གྲུབ་བརྒྱ་ཐང་ལྡེབ་བཅུ་མགོན་ཐང་ལྡེབ་བདུན་རྗེ་འབངས་ཐང་སྡེབ་དགུ་གནས་བཅུ་ཐང་ལྡེབ་ཉེར་གསུམ་ཨོ་རྒྱན་སྐྱེ་རབས་ཐང་སྡེབ་ཉེར་གཅིག སྒྲོལ་མ། མི་འཁྲུགས། ཤཱཀ་ཐུབ། ཚེ་དཔག་མེད། ཨོ་རྒྱན། འོད་དཔག་མེད་སྟོང་སྐུ་ཐང་ལྡེབ་ལྔ་དང་། གཞན་ཡང་གསར་རྙིང་ཡི་དམ་སོ་སོའི་ཞལ་ཐང་གྲངས་མང་ཁྲོན་སུམ་བརྒྱ་བཞི་ལྷག་ཙམ་ཡོད་པར་བཤད། གསུང་རྟེན་གསེར་དངུལ་བཀྲ་མའི་བཀའ་འགྱུར། ཡུམ་རྒྱས་འབྲིང་། ཐང་ཡིག་སྡེ་ལྔ་སོགས་དང་། སྡེ་དགེའི་བཀའ་བསྟན་གཉིས་སོགས་པོད་བཞི་བརྒྱ་ལྷག་ཙམ་ཡོད་ཅིང་། ལི་མ་དང་གཏེར་མ་གཙོས་པའི་གསེར་སྐུ་ཉིས་བརྒྱ་ལྷག་ཙམ། མཁའ་སྤྱོད་དང་པདྨ་ཡེ་ཤེས་ཀྱི་རྫས་གཏེར་གོང་འཁོད་རྣམས་དང་། ཐུགས་རྟེན་མཆོད་རྟེན་བཀའ་གདམས་མ་དང་རྟེན་ཆེ་ཆུང་སུམ་ཅུ་བཅས་བཞུགས་པ་ལགས་སོ།། ཁང་རིའམ་རྒྱ་རིའི་རྩེ་མོར་རྫོགས་ཆེན་ཟབ་ཁྲིད་སྦྱངས་པའི་སྒྲུབ་ཁང་ཡོད། དགོན་པར་རྟེན་ཡོད་གྲངས་ལ། གཙུགས་ལག་ཁང་གཙོ་བོར་གུ་རུའི་སྐུ་ཐོག་ཚད་མ་དང་མཁའ་འགྲོ་གཉིས་དང་བཅས་པའི་མཚན་བརྒྱད། གནས་བརྟན་བཅུ་དྲུག་བཅས་སྨན་འདམ་ཨིན། ལྡེབ་རིས་ལ་སངས་རྒྱས་སྟོང་དང་རྒྱུད་སྡེའི་ལྷ་གྲངས་མང་། ཆོས་སྐྱོང་ནི་ས་རྙིང་གཉིས་ཀའི་ཡེ་ཤེས་དང་འཇིག་རྟེན་པ་རྣམས་ཕལ་ཆེར་ཡོད། བར་ཁང་དུ་ཀློང་ཆེན་འོད་གསལ་སྙིང་པོའི་གཏེར་བྱོན་ཐང་ཡིག་ཆེན་མོ་ལྟར་ཨོ་རྒྱན་སྐྱེ་རབས་ཤིན་ཏུ་རྒྱས་པ་ཁྱད་འཕགས། ཕྱིའི་འཁོར་ཁང་དུ་འཁོར་ཆུང་བརྒྱ་དང་ལྔ་བཅུ་རྣམ་རྒྱལ་ལྷ་དགུ་དང་། ཨོ་རྒྱན་སྟོང་སྐུ་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར། སྒོ་ཁང་དུ་གྲོང་གྲོལ་མཆོད་རྟེན་དང་སྲིད་པ་འཁོར་ལོ། རྒྱལ་ཆེན་སྡེ་བཞི། རྨ་ཆེན་གཙོ་བོ་ཡིན་པའི་ཡུལ་སྐྱོང་ཟོ་དོར་བཅས་བཞུགས། སྟེང་ཁང་དུ་གདན་རབས་རྣམས་ཀྱི་སྐུ་གདུང་ཟངས་གསེར་ཀྱི་རྒྱུ་ཅན་མདའ་ཚད་མ་ལྔ། གསེར་དངུལ་བཀྲ་མའི་བཆོད་རྟེན་ཐོག་ཚད་མ་ལྔ་གཟི་བྱུར་གཡུ་དང་སྤོས་ཤེལ་ཕྲ་ལྡན། སྤྱན་གཟིགས་མདའ་ཚད་མ་གཅིག ཐུབ་སྐུ་མདའ་ཚད་མ་གཅིག འོད་དཔག་མེད་མདའ་ཚད་གཅིག་བཅས་དང་བདེ་གཤེགས་སོ་ལྔ་མདའ་ཚད་མ། གསུང་རྟེན། བཀའ་མ་ཡོངས་རྫོགས། ཀློང་ཆེན་དང་མི་ཕམ་དང་གོ་རམས་སོགས་ཀྱི་བཀའ་འབུམ། རྒྱུད་སྡེ་ཀུན་འདུས་སོགས་ཁྱོན་པོད་བཞི་བརྒྱ་ལྷག་ཙམ་[page 156] བཞུགས། དེའི་གཡས་སུ་མཁའ་སྤྱོད་གཟིམ་ཤགས་སུ་གུ་རུའི་སྐུ་ཐངས་གསེར་ ལས་བྱས་པའི་མིའི་ལུས་ཚད་མ་གཅིག མཚན་བརྒྱད་མདའ་ཚད། སྒྲོལ་མ་ཉེར་གཅིག་སྨན་བླ་མཆེད་བརྒྱད་བརྒྱད་བཅས་ཁྲུ་གང་རེ་ཅན། གསུང་རྟེན་སྒྲུབ་ཐབས་ཀུན་བཏུས་བདུད་ཀློང་གཉིས་དང་། རཏ་གླིང་། ཀར་གླིང་། སྟག་ཤམ་སངས་གླིང་རྣམས་ཀྱིས་གཏེར་ཆོས་ཆ་ཚང་དང་། ཐུགས་རྟེན་བཀའ་གདམས་ཆེ་ཆུང་འགའ་ཡོད་པར་སྣང་། གཡོན་ཕྱོགས་སྐུ་མདུན་གཟིམ་ཤགས་སུ་ཐུབ་སྐུ་ཟངས་གསེར་གྱི་རྒྱུ་ཅན་མི་ཚད་མ་གཅིག མཆོག་ཟུངས་གཉིས་ཞལ་ཐང་ལྔ་བརྒྱ་ལྷག་ཙམ། གནས་བཅུ་ཁྲུ་གང་རེ་ཅན། ཉེ་སྲས་བརྒྱད་བཅས་བཞུགས། གསུང་རྟེན། བཟོ་གསོ་སྒྲ་ཚད་ནང་དོན་བཅས་རིག་གནས་མཐའ་དག སྒྲུབ་ཐབས་ཀུན་བཏུས། ས་ངོར་ཚར་གྱི་གསུང་འབུམ། ཀློང་ཆེན་ཡབ་སྲས་བཀའ་འབུམ། དབུ་ཚད་ཕར་ཕྱིན་འདུལ་མངོན་སོགས་ བཀའ་བསྟན་མཚན་ཉིད་ཐེག་པའི་གླེགས་བམ་མང་པོ་བཅས་རང་ལུགས་བཀའ་གཏེར་གཉིས་ཀྱི་པོད་མང་དུ་བཞུགས། རྒྱ་མཐོང་གཡོན་ངོས་ མགོན་ཁང་དུ་གུར་ཞལ་གཉིས་ལྷ་མོ་པྰུ་ཏྲ་མིང་སྲིང་གསུམ་མ་གཟའ་དམག་གསུམ་སེང་གདོང་མའི་སྐུ་དང་རྡོ་རྗེ་བུ་ཁྲིད་བཅས་གསུང་རྟེན། མདོ་སྐལ་བཟང་ནས་ཤེར་ཕྱིན་བརྒྱད་སྟོང་། མདོ་སེར་འོད་སོགས་གསེར་བྲིས་མ་ཡིན་ལ། སྒྲུབ་རྟེན་རྣམས་ཚང་པར་ཡོད། ལྷ་ཁང་གཡས་ཕྱོགས་མུན་ཁྲ་ནག་གསན་སྦྱང་མཛད་པའི་སྒྲུབ་ཁང་དང་། རྒྱབ་རིའི་གཡོན་ཕྱོགས་རྩ་རླུང་སྒྲུབ་ཁང་བཅས་ཡོད། དགོན་པར་ཆག་འཇིག་འོང་ལུགས་ནི། རྒྱ་ཨ་འབམ་དང་། ཕྱག་འཕྲེང་དམག་ཐེངས་གཉིས་བརྒྱབ་ཅིང་། རྫ་ཆུ་ཁ་སོགས་སུ་ བྲོས་ཕྱིན་ནས་ལོ་གསུམ་ལྷག་དགོན་སྟོང་བསྐྱུར་ནས་གྱོང་གུད་ཆེན་པོར་བཏང་བར་གྲགས། གསར་བཞེངས་བྱས་པའི་དགོན་པར་རྒྱུ་རྫས་སམ་རྟེན་བཞེངས་ཡོད་གྲངས། སྐུ་མདུ་ མཁའ་སྤྱོད་རྣམ་གཉིས་གསར་གཏོད་མཛད་པའི་སྐུ་རྟེན་ལི་གཏེར་གཙོ་བོ་ཡིན་པའི་སྐུ་གསར་རྙིང་གཉིས་བརྒྱ་ལྔ་བཅུ་ལྷག ཞལ་ཐང་གསར་རྙིང་སོ་ལྔ་ཙམ། གསུང་རྟེན། བཀའ་འགྱུར་ཆ་གཉིས་དང་བསྟན་འགྱུར་ཆ་གཉིས། གཏེར་ཆེན་དང་ཀློང་ཆེན་ཡབ་སྲས་གསུང་འབུམ། མི་ཕམ་གསུང་འབུམ། རྙིང་མ་རྒྱུད་འབུམ་སྒྲུབ་ཐབས་ཀུན་བཏུས། བདུད་ཀློང་གཉིས་གཏེར་ཆོས་ཆ་ཚང་། པར་ཤིང་ལ་སྐུ་གསུམ་དགོངས་འདུས་སྤྱོད་འཇུག་རྩ་འགྲེལ། སྡོམ་གསུམ་རབ་དབྱེ་རྩ་འགྲེལ། རྟེན་འབྲེལ་ཉེས་སེལ་འབྲིང་པོ། ཐར་མདོ། གདུགས་དཀར། རྡོར་གཅོད་སྨོན་ལམ་ཆ་ལྔ། སྔོན་འགྲོ་དམ་པ་ཞལ་ལུང་དང་། སྔོན་འགྲོའི་ཟིན་བྲིས་བཅས་པ་རྣམས་སོ། གྲྭ་ཤགས་སུམ་ཅུ། སྒྲུབ་གྲྭ་ཁང་ཚན་བཅུ་བཅས་སོ།། སྤྲུལ་སྐུ་དྲུག བླ་མའམ་དབོན་གསུམ། གྲྭ་ཚང་བཅས་ཞེ་གསུམ། འདུ་ཁང་ཆེན་མོ་བཞེངས་བཞིན་པ་ལགས། ཧོར་ཟླ་དང་པོ་བསྙུང་གནས་ཆ་བརྒྱད། ཟླ་བཞིའི་སྨན་བླའི་སྒྲུབ་མཆོད་ཉིན་བདུན། ཟླ་བ་གསུམ་ཉེས་སེལ་སྒྲུབ་པ་དང་སྦྱིན་སྲེག་བཅས་ཉིན་བདུན། ཟླ་བདུན་པར་སྐུ་གསུམ་དགོངས་འདུས་སྨན་སྒྲུབ་ཉིན་དགུ ཟླ་བཅུ་བར་མི་ཕྱུག་གཤིན་གསོན་ཀུན་གྱི་ཆེང་དུ་སྐུ་གསུམ་དགོངས་འདུས་གཤིན་ཆོག་ཉིན་བདུན། ཟླ་བཅུ་གཅིག་པར་བླ་རབས་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་ཕྱིར་འདས་མཆོད་སྨིན་གླིང་རྡོར་སེམས། [page 157] སྙིང་ཐིག་རིགས་འདུས། ཀར་གླིང་ཞི་ཁྲོ་བཅས་ཉིན་བདུན། ཟླ་བཅུ་གཉིས་པར་གུར་མགོན་ཁྲོ་བཅུའི་གཏོར་ཟློག་དགུ་ཆེན་ཉིན་བདུན། བསྐང་གསོལ་ཉིན་བདུན་བཅས་ཡོད། གཞན་ཡང་གཟིམ་སྤྲའི་ནང་དུ་དུས་མཆོད་དང་ དུས་གཏོ་ནི་བཀའ་བརྒྱད་གྲི་འདུལ། ཕུར་བ་སྲིན་མནན། རྟ་མགྲིན་སྦྱིན་སྲེག གཏེར་གསར་གདུགས་དཀར། གུ་དྲག་གཡང་སྒྲུབ་དང་འབྲེལ་བ། མགོན་པོ་གུར་ལྷ་བརྒྱད་བསྐང་གསོལ་འབུམ་སོགས་ཡོད། སྔོན་མར་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་ ཡོད་ཀྱང་ད་རུང་འཛུགས་ཐུབ་མེད་པས་གསར་འཛུགས་བྱེད་དགོས་ལགས་གོང་སྨོས་སྔོན་གྱི་དངོས་རྫས་དག་ནི་རྨི་ལམ་གྱི་རྣང་བ་བཞིན་ངོ་རྒོལ་བཞིའི་རླུང་ནག་གིས་གཙང་ཕྱགས་བྱས་ཚར་སོང་། དགོན་གནས་འདིར་ཀཿཐོག་རྨོག་རབས་དང་ཞིང་སྐྱོང་རིམ་བྱོན། ཀློང་གསལ་སྙིང་པོ། རྫོགས་ཆེན་བླ་རབས། དཔལ་ཡུལ་རྒྱ་སྤྲུལ། དཔལ་སྤྲུལ་འཇིགས་ མེད་ཆོས་ཀྱི་དབང་པོ་སྰི་ཏི་ཆོས་ཀྱི་རྒྱ་མཚོ། ས་སྐྱའི་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། ཛཿསྤྲུལ་ཀུན་བཟང་རྣམ་རྒྱལ། སྡེ་སྤྲུལ་འཇམ་དཔལ་རྒྱལ་མཚན། ངོར་ ཁང་གསར་ཀརྨ་པ་མཐོང་བ་དོན་སྡན། ཐར་རྩེའི་མཁན་ཆེན་རྣམས་ཀྱིས་ཞབས་ཀྱིས་བཅག་མྱོང་ཞིང་མདོ་སྔགས་གཉིས་ཀྱི་ཆོས་ཀྱང་གསུང་མྱོང་བར་གྲགས། གོང་འཁོད་ལྟར་ འགྲོ་མགོན་ཆོས་འཕགས་སྐུ་མདུན་ཉི་མ་རྒྱལ་མཚན་དུས་ཡིན་པས་ཆོས་དང་དབང་བཀའ་མཐའ་ཡས་པ་བསྩལ་ཅིང་ཁྲོམ་དགེ་ཚང་ལ་ཁྲོམ་སྡེ་ཤོག་ཆེན་བཞི་ཆབ་འབངས་སུ་རྩལ་ཞིང་ཆོས་སྲིད་གཉིས་ཀྱི་བདག་པོར་བསྐོ་གནང་མཛད་ནའང་སྲིད་འབྱོར་ལ་བདག་པོ་མཛད་རྒྱུར་མི་དགྱེས་ཤིང་། སྡེ་དགེ་རྒྱལ་པོར་ཕུལ་ནས་རྒྱལ་པོས་བྱ་དགའ་ལ། དམག་ཁྲལ་འཇལ་འུ་ལག་མི་དགོས་པའི་བཀའ་ཤོག་དང་། ཐམ་ཁ་གཅས་གནང་ཞིང་ཆོས་ཁོ་ན་མཛད་ནས་བཞུགས་པར་གྲགས་སོ།། ཁྲོམ་དགེ་དགོན་པའི་ལྷ་ཁང་དང་གྲྭ་ཤགས་བཟོ་སའི་ས་མ་གཏོགས། ཆོས་སྡེ་རི་དུད་བཞི་བཅུ་ལྷག་ལ་སྡོད་པའི་ས་གནས་གཏན་ནས་མེད་པས་དེ་བཞིན་ཞུ། དེ་ལྟར་ཁྲོམ་དགེ་དགོན་པའི་ལོ་རྒྱུས་རག་རིམ་ཙམ་སྨོས་པ་འདི་ནི་ལོ་རྒྱུས་ཀྱི་ཡིག་ཆ་རྙིང་པ་རྣམས་བོར་བརླག་ཤོར་བས་གནའ་རབས་རྒན་པོའི་ངག་རྒྱུན་དང་། ཁྲོམ་ དགེ་བླ་རབས་རྣམས་ཀྱི་གསུང་འཐོར་བུ་བཞུགས་རྣམས་དང་། འདས་ལོག་ཤེར་སྒྲོན་གྱི་ དག་སྣང་ལོ་རྒྱུལ་གཞན་སོགས་ལས་ཅི་རིགས་བཏུས་ཏེ་བཀོད་པ་ལགས་པས་ཧ་ཅང་གསལ་པོ་དང་རབ་བྱུང་གང་གི་ནང་ཡིན་སོགས་ཁྲིགས་སེ་མི་གོ་བས་འབྲི་ཐབས་བྲལ་བས་བཟོད་བཞེས་འཚལ།

ཛཿཀ་དགོན་གྱི་ལོ་རྒྱུས།

ཛཿཀ་དགོན་གསང་སྔགས་རབ་བརྟན་ནི་ཡུལ་འབའ་རོང་ཕྱོགས་སུ། འབའ་ལེ་སྨན་གྱི་གནས་ཛཿགད་ཞེས་པའི་གདན་ས། ཡི་དམ་རྟ་ཕག་ཡབ་ཡུམ་དང་། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད། ཛམ་ལྷ་ཉེར་གཅིག ཚེ་རིང་མཆེད་ལྔ་སོགས་ཀྱི་གནས་རི་ཁྱད་པར་ཅད་དུ་མས་བསྐོར་བའི་དབུས། ས་གྲུབ་[page 158] བཞི་དཀྱིལ་འཁོར་ལྟ་བུའི་ལྟེ་བར་རྡོ་ཕ་བོང་སྟེང་ཛཿདང་ཀ་ཡིག་རང་བྱོན་ཡོད་པའི་ས་དེར། རབ་བྱུང་བདུན་པའི་ནང་ཙམ་ལ། ཀཿཐོག་པ་དཔལ་འབར་ནམ་མཁའ་རྒྱ་མཚོའི་སློབ་མ་ཀོ་མོ་ཆོས་ཉིད་རྒྱ་མཚོ་ལ་ཆོས་སྐྱོང་ གིས་ལུང་བསྟན་ནས་དགོན་གནས་ཐོག་མར་བཏབ་པའི་སྐབས་ཨུ་ཕྲུག་བླ་མ་རྟོགས་ལྡན་དེར་ཕེབས་ནས་ས་འདུལ་འཛད་དེ་ཛཿཀ་གསང་སྔགས་རབ་བརྟན་གླིང་ཞེས་པའི་མཚན་བཏགས། གཙུག་ལག་ཁང་གསར་སྐྲུན་གནང་། དེ་རྗེས་སྤྲུལ་པའི་གཏེར་ཆེན་ཀློང་གསལ་སྙིང་པོ་གདན་ས་དེར་ཕེབས་ནས་རང་གཏེར་གྱི་ཆོས་བཀའ་ཡོངས་རྫོགས་སྨིན་གྲོལ་དང་གུ་རུའི་སྐུ་འདག་སྐུ་སོགས་སྐུ་གསུང་ཐུགས་རྟེན་ཡང་མང་ཙམ་བཞེངས། ཀློང་གསལ་སྙིང་པོ་སྡེ་དགེ་ཆོས་རྒྱལ་སངས་རྒྱས་བསྟན་པ་དང་མཆོད་ཡོན་འབྲེལ་ནས་དགོན་འདི་ལ་རྣམ་དཀར་གྱི་ མཆོད་ཐེབས་འཁོར་དུད་ཉེར་ལྔ་དང་ཆོས་སྤྱོད་བཅུའི་འདུས་སྡེའི་སྲོལ་བཟང་གི་ཆོས་ཁྲིམས་བཀའ་ཤོག་ལས་ཐམ་བཅས་ཐོབ། དེ་རྗེས་ཀློང་གསལ་སྙིང་པོའི་རིགས་དཔོན་བཀྲིས་ཕུན་ ཚོགས་ནས་གདན་རབས་གསུམ་པའི་འགན་འཛིན་གནང་། དེ་སྐབས་དགོན་ཞབས་ལྷ་སྡེ་དུད་ཚང་བརྒྱ་ལྷག་ཙམ་རེ་དང་། གྲྭ་པ་དྲུག་ཅུ་ཁ་ལྷག་ཡོད། སྐུ་ཚེ་ཧྲིལ་པོར་བསྙེན་སྒྲུབ་གཙོ་བོར་མཛད་པ་དང་། སྟོན་པ་གཙོ་འཁོར་དང་གནས་བརྟན་སོགས་དཔར་ཁང་བླུགས་མ་སྤུས་ལེགས་གསར་དུ་བཞེངས། གཞན་སྟོན་པ་གཙོ་འཁོར་དང་བཀའ་བསྟན་སོགས་ཀྱི་དཔེ་ཆ་དང་། ཀར་གླིང་ཞི་ཁྲོ་སོགས་ཀྱི་སྒྲུབ་ཁག་མང་པོ་གཙུགས། ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་དངོས་རྩ་རླུང་བཅས་ཀྱི་ཁྲིད་རྒྱུན་འཛུགས་པ་སོགས་དགོན་འདིར་ཐོག་མར་བྱུང་བས་བཀའ་དྲིན་ཆེ། དེ་རྗེས་གདན་རབས་བཞི་པ་སྤྲུལ་སྐུ་ཨོ་རྒྱན་འཇམ་དབྱངས་དང་། གདན་རབས་དྲུག་པ་གྲ་རུ་རྒྱལ་མཚན་བཅས་ཀྱིས་བསྐྱངས། གདན་རབས་བདུན་པ་ཛཿསྤྲུལ་བསོད་ནམས་རྣམ་རྒྱལ། ས་ངན་བྱང་བུམ་ཤོ་ཕོ་ཞེས་པའི་ཁྱིམ་དུ་རྨོག་གྲུབ་ནམ་མཁའ་ཆོས་དབང་གི་སྐུ་ཚར་འཁྲུངས། ཛཿཀ་རྗེ་དཔོན་བཀྲ་ཤིས་ཕུན་ཚོགས་ཀྱིས་སྤྲུལ་སྐུར་ངོས་བཟུང་ནས། ཛཿཀ་དང་ཀཿཐོག་དྲི་མེད་ཞིང་གིས་ཀཿཐོག་ཏུ་གདན་དྲངས་ནས་ཁྲི་འདོན་མངའ་གསོལ་གནང་། ཀཿཐོག་པའི་མཆོག་སྤྲུལ་རྣམས་དང་། ཁུ་བོ་རྨོག་གྲུབ། བྲག་མར་ཡིད་བཞིན་དབང་རྒྱལ་སོགས་ལས་གསན་སྦྱོང་མཐར་ཕྱིན་མཛད། ཀཿཐོག་དང་ཛཿཀ་གཉིས་ཀའི་བཤད་སྒྲུབ་ལས་གསུམ་གྱི་ཕྱིན་ལས་ཀྱི་རྒྱུན་བསྐྱངས། མཚོ་ཕུད་དང་ཁྲོམ་དགེ་གཉིས་ལའང་ཆོས་ཞུ་ཕེབས་ཞོར་སྒྲུབ་སྡེ་ཞབས་འདེགས་རྒྱ་ཆེར་གནང་། ཁྱད་པར་ཛཿདགོན་གྱི་རྟེན་གསུམ་ཉམས་གསོ་ལྡེབ་བྲིས་སོགས་གསར་སྐྲུན། བཀའ་བརྒྱད་དགོངས་འདུས་སོགས་ཀྱི་སྒྲུབ་པ་མང་པོ་གསར་བཞག་མཛད་པ་སོགས་ཀྱི་ཕྱག་རྗེས་ཤིན་ཏུ་ཆེ། བཀའ་དགོངས་བདུད་ཀློང་སྙིང་ཐིག་ཡ་བཞི་སོགས་ དང་བཀའ་བསྟན་རྣམས་ཀྱི་འཆད་སྤེལ་ཡང་མང་པོ་མཛད་དོ།། དེ་རྗེས་ཛཿསྤྲུལ་རིམ་བྱོན་ཕལ་ཆེར་ཤོ་པོའི་གདུང་བརྒྱུད་དུ་སྐུ་འཁྲུངས་པ་ཤ་སྟག་ཡིན་པས། མཆོག་སྤྲུལ་རིམ་བྱོན་ དང་དཔོན་བརྒྱུད་རྣམས་ཀྱིས་དགོན་འདི་སྐྱོང་པ་ལས། བསོད་ནམས་རྣམ་རྒྱལ་རྗེས་སྐུ་ཚ་

བསོད་ནམས་བསྟན་འཛིན་དང་། ཁྱད་པར་རྗེ་བོན་བསོད་ནམས་དཔལ་ལྡན་རིན་པོ་ཆེ་ནས་བཤད་སྒྲུབ་ལས་གསུམ་[page 159] གྱིས་མཛད་རྗེས་རྒྱ་ཆེར་བསྐྱོངས། དེ་ནས་ཛཿསྤྲུལ་ འབུམ་པ་ཀུན་བཟང་རྣམ་རྒྱལ་འཁྲུངས་ནས། ཀཿཐོག་པའི་མཆོག་སྤྲུལ་རྣམས་དང་། འཇམ་མགོན་དེའུ་ཀོང་རྣམ་གཉིས་སོགས་གཤེས་གཉེན་མང་པོའི་ཞབས་ལ་བཏུད། མཁས་བཙུན་བཟང་པོའི་ཡོན་ཏན་མངོན་པར་མཐོ་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་གསལ་བར་བྱེད་པའི་མངའ་བདག་ཏུ་གྱུར། ཆོས་འཆད་ཉན་གྱི་མཛད་སྒོ་དང་། རྟེན་ གསུམ་གསར་སྤེལ་གྱི་ཕྲིན་ལས་སྔ་མ་རྣམས་ལས་ཀྱང་དར་རྒྱས་ཆེ་ཞིང་དུས་སྐབས་དེར་ཀཿཐོག་སི་ཏུ་རིན་པོ་ཆེ་དང་། གཏེར་ཆེན་ལས་རབ་གླིང་པ། མཁན་པོ་ཨ་སྟོབས་ ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་སོགས་བླ་ཆེན་ཕལ་ཆེར་ཁོང་གི་ཞལ་སློབ་དུ་མ་གྱུར་བ་མེད་དོ།། དེ་ལ་སྤྲུལ་སྐུ་གཉིས་བྱོན་པའི་གཅིག་གཡོན་རུ་དཔོན་ཚང་དུ་འཁྲུངས་པ་ སྔ་མོ་ནས་འདས། གཅིག་ཤོ་ཕོར་འཁྲུངས་པ་སྤྲུལ་སྐུ་རིན་པོ་ཆེ་བསྟན་འཛིན་སྐྱེས་སྦྱོང་གི་ཡོན་ཏན་མཆོག་ཏུ་མངའ་ཡང་རྒྱལ་ཁབ་ཀྱི་ཁྲིམས་ཞབས་སུ་གཤེགས། གཞན་ཡང་ཀུན་ བཟང་རིན་པོ་ཆེ་སྐྱེ་རྒྱུད་སྤྲུལ་སྐུ་ཐེག་མཆོག་དང་། དེའི་སྤྲུལ་སྐུ་བསོད་ནམས་ཚེ་བརྟན་དང་། བསོད་ནམས་དཔལ་ལྡན་སྤྲུལ་སྐུ་བསོད་ནམས་དཔལ་ལྡན་སྤྲུལ་སྐུ་བསོད་ནམས་ རྣམ་རྒྱལ་སོགས་གདན་སར་དངོས་སུ་འཁོད་པ་དང་། གདན་སར་དྲངས་མ་ཐུབ་པའི་སྤྲུལ་སྐུ་ཡང་མང་བར་སྣང་ངོ་།།

དགོན་པ་འདིར་རྗེ་དབོན་བཀྲ་ཤིས་ཕུན་ཚོགས་སྐུ་དུས་ནས་སྔོན་འགྲོ། རྩ་རླུང་སོགས་དགུན་ཆོས་དང་། སྤྱོད་འཇུག་སྡོམ་གསུམ་སོགས་དབྱར་ཆོས། ཡིག་བྲིས་དང་དག་ཡིག སྨན་རྩིས་སོགས་རིག་གནས། ཀློང་གསལ་གཙོ་བོར་གྱུར་པའི་བཀའ་རྣམས་ཀྱི་གདངས་དབྱངས་བཅའ་བཟོ། ཐོག་མཚན། ལག་ལེན་བཅས་ལོ་རེ་བཞི་སྒྲིག་འཛུགས་ཡོད་པ་དང་། བར་སྲིང་ཐམས་ཅད་དུ་བཀའ་གཏེར་རྣམས་ཀྱི་སྨིན་གྲོལ་འཆད་ སྤེལ་མཛད་པའི་སྲོལ་རྒྱུན་མ་ནུབ་པ་བཞུགས།

སྐུ་གསུང་ཐུགས་རྟེན་སྐོར། ཨོ་རྒྱན་ལྷ་ཁང་ནང་རྟེན་གཙོ་བོ་གུ་རུའི་སྐུ་སྨན་འདག་ལས་གྲུབ་པ་ཁང་བརྩེགས་གཅིག་ཡོད། ཀློང་གསལ་ཕྱག་བཟོས་ཐུབ་པ་གཙོ་འཁོར། ཆོས་སྐྱོང་ཁག་བཅས་དང་ཟངས་གསེར་ལས་གྲུབ་པའི་སྐུ་གདུང་ཆེ་བ་གཉིས། ལྷ་ཆེན་ཁང་ན་ཀློང་གསལ་སྨན་འདག་མདའ་ཚད་གསུམ་པ། འཛམ་ལྷ་ཉེར་གཅིག་གུ་རུ་མཚན་བརྒྱད་ཞལ་ཐང་རྒྱུན་བཤམས་དང་། དེ་མིན་ལྷ་ཁང་ཆུང་བ་རྣམས་ནང་། ཇོ་བོ་ལི་མ་མདའ་ཚད་བྱིན་ལྡན་གཉིས། ཐུབ་སྐུ་གངས་ཅན་མཚོ་སོགས་ལི་མ་དང་། ཟངས་གསེར། འདགས་སྐུ་གཅས་ཆེ་བ་སྟོང་ལས་བརྒལ་བ་དང་། ཞལ་ཐང་རིས་བཀའ་ བརྒྱད་དགོངས་འདུས་སོགས་ཀྱི་ཐང་ཀ་བརྒྱ་ཕྲག་ལྷག་ཙམ། གཞན་ཡང་མཆོད་རྫས། རོལ་ཆས་རྣམས་ཆ་གྲངས་བཅུ་ཕྲག་མང་པོ་དང་། གཞན་དགོན་ཆེན་རྣམས་ལ་འགྲན་ནའང་མི་དམན་པ་ཡོད། གསུང་རྟེན་རིགས་བཀའ་འགྱུར་དང་བསྟན་འགྱུར་ཆ་བཅུ་རེ། རིན་ཆེན་གཏེར་མཛོད་དང་བཀའ་མ་དང་རྙིང་མ་རྒྱུད་འབུམ་སོགས་ཡིག་རྙིང་གསེང་དངུལ་གྱིས་བྲིས་པ་དང་། དེ་མིན་བཅས་པོད་བརྒྱ་ལྷག་ཡོད། བདུད་ཀློང་སོགས་ཀྱི་གཏེར་ཆོས་དང་། ས་དགེ་ཀར་རྙིང་མང་པོའི་མཁས་པ་རྣམས་ཀྱི་བཀའ་འབུམ་བཅས་གླེགས་[page 160] བམ་ལྔ་སྟོང་ཙམ་བཞུགས་པའི་ལྷ་ཁང་ཆེ་ཆུང་བདུན། གསེར་ཁང་བཞི། མགོན་ཁང་གསུམ། པར་ཁང་གཅིག གྲྭ་ཤགས་བརྒྱ་ཙམ་ཡོད་དོ།། དུས་མཆོད་རྒྱུན་གནས། ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ནས། བདུད་ཕུར། ཀློང་གསལ་གུ་དྲག མ་ཏིའི་སེང་གདོང་གསུམ་གྱི་གཏོར་ཟློག ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ནས། གུ་དྲག་སྒྲུབ་ཆེན། ཚེས་བཅུ་གཉིས་ནས་ཉིན་ལྔ་ལ་བཀའ་འགྱུར་དག་སྒྲོགས། ཚེས་བཅུ་བདུན་ལ་ལྷ་བསངས། ཚེས་བཅུ་དགུ་ནས་སྦྱོང་བཅའ། ཚེས་ཉེར་དྲུག་ནས་བཀའ་བརྒྱད་མགོན་པོ་བདུད་ཕུར་རྣམས་ཀྱི་གཏོར་ཟློག་ཉིན་གསུམ་དང་བཀའ་བརྒྱད་ཡོངས་འདུས་དགུ་གཏོར་འཆམས། ལོ་སར་ཚེས་གསུམ་ལ་རབ་གནས། ཚེས་བཞི་ནས་ཀློང་གསལ་སྐུ་གསུམ་ཆོ་གའི་སྒྲུབ་ཆེན་ཚེས་བཅུ་ཉིན་ཿཐོག་དགོན་ལྟར་ཚེས་བཅུ་འཆམས། ཚེས་བཅུ་གཅིག་ནས་དཀར་གླི་ཞི་ཁྲོ་ཉིན་བདུན་དང་། བླ་མ་དགོངས་འདུས་ཞག་བདུན་ བཅས་དགུན་བཅའ་དང་བོད་ཟླ་ལྔ་པའི་ཚེས་ཉེར་བདུན་ནས་དབྱར་བཅའ་ཚོགས། ཚེས་ཉེར་བརྒྱད་ནས་མགོན་པོ་དང་ཟླ་བ་དྲུག་པའི་ཚེས་ལྔ་ཀཿདམ་པའི་ཕུར་ནག་ཞག་བདུན་ཚོགས། དེ་ཚེར་རྩ་གར་ཁྲོག་སུམ་འཆམས་ཡོངས་རྫོགས་ཡོད། དེ་རྗེས་དབྱར་གནས་ཟླ་བ་གཅིག་དང་། བོད་ཟླ་དགུ་པ་ནང་བཀའ་བརྒྱད་འདུས་ཆེན་དང་། གསང་སྔགས་ གླིང་པའི་ནོར་ལྷ་དགོངས་འདུས་ཞག་བདུན་བཅས་དང་། གཞན་ཡང་ཚེས་བཅུའི་དུས་མཆོད་དང་། གོང་མ་རྣམས་ཀྱི་འདས་མཆོད་སོགས་ཚོགས་ཆུང་ཁ་ཤས་བཞུགས། སྒྲུབ་ གྲྭ་བ་ཞལ་གྲངས་བརྒྱད་ལ་ཕོག་ཐེབས་དང་། བསྙེན་སྒྲུབ་གང་དགོན་བཅའ་ཡིག་དང་ལྡན་པ་དང་ཟླ་ཕྱེད་གསོ་སྦྱོང་བཅས་ཀྱི་སྲོལ་རྒྱུན་དང་། ཡོན་གྱི་འབྱུང་ཁུངས་ཆོས་རྒྱལ་སྡེ་ དགེའི་བདག་རྐྱེན་འཁོར་དུད་ཉེར་ལྔ་དང་། རྫིས་རི་བཅུ་གསུམ་གཏན་འཇག་ཡོད་པ་དང་། དེས་མ་ཆོག་པ་དགོན་བདག་མཆོག་སྤྲུལ་ཁུ་དབོན་རྣམས་ཀྱིས་དབྱར་དུས་དཀར་ བསོད་དང་དགུན་ཀ་འབྲུ་བསོད་ཁོ་ནས་དགེ་འདུན་པ་རྣམས་ཀྱི་ཞལ་འཚོ་དགོས་པ་ཡིན། དེ་ལྟར་ཛཿཀའི་མཆོག་སྤྲུལ་རིམ་བྱོན། ཁྲོམ་ཁོག་དང་། ཉག་རོང་། གཞག་སར། ལི་ཐང་། འབའ་པ། ས་ངན་སོགས་ཀྱིས་དད་སྦྱིན་ཆེ་ཕྲ་རྣམས་དང་མཆོད་ཡོན་གྱི་འབྲེལ་པ་ཆེ་བས་དེ་རྣམས་ཀྱིས་ཕྱག་འབུལ་བྱུང་བའི་དངོས་རྫས་ཆེ་ཕྲ་གཏོར་རླག་དང་ཆུད་ ཟོས་མེད་པར་དགོན་སྡེ་འདི་ལེགས་པར་སྐྱོང་བ་ལས་ད་ལྟའི་བར་དུ་འཕེལ་རྒྱས་བྱུང་དང་འབྱུང་བཞིན་བཞུགས་སོ།། དགོན་སྡེ་འདིར་ཡང་སྔར་གཙུག་ལག་ཁང་གི་བཀོད་པ་སྐུ་ གསུང་ཐུགས་རྟེན་སྒྲུབ་མཆོད་ཁག་མ་སྐྱོན་ཙམ་བཞུགས་ཀྱང་མདོ་སྨད་ཀྱི་དགོན་སྡེ་གཞན་དང་འདྲ་བར་དུས་འགྱུར་ཆེན་པོའི་སྐབས་འཐོར་རླག་དུ་སོང་འཕྲོས། འདུ་ཁང་དང་། མགོན་ཁང་བཅས་ཀྱི་ལོག་བྲིས་དང་སྐུ་གསུང་ཐུགས་རྟེན་ཞལ་འབག་འཆམ་གོས་མཆོད་ཆ་སོགས་ཀྱང་ཆོས་དད་མང་ཚོགས་ཀྱི་ཉར་ཚགས་བྱས་ཡོད་པའི་རྟེན་ཆས་རག་རིམ་ཕྱོར་འབུལ་བྱུང་བ་ལ་བརྟེན། བླ་རྒན་ལྷག་ལུས་རྣམས་དང་། ཡུལ་སྡེ་བསམ་ཤེས་རྣམས་ཀྱིས་ཐུགས་ཁུར་ཆེར་བཞེས་ཐོག་དགོན་པ་ཉམས་གསོ་ཆོག་པའི་ཆོག་མཆན་ཐོབ་པ་དང་འབད་བརྩོན་བྱས་པ་ལས། ད་ལྟ་དབྱར་དགུན་གྱི་དུས་མཆོད་མ་ཆག་ཙམ་དང་། དགུ་[page 161] གཏོར་དང་། ཚེས་བཅུའི་མཆམ་གར་སོགས་ཀྱང་ཧ་ལམ་འཛུགས་བཞིན་པ་དང་ རྗེས་སུ་དར་རྒྱས་གཏོང་རྒྱུ་རེ་འདུན་བྱེད་བཞིན་ཡོད། ཁྱད་པར་ཛཿསྤྲུལ་བསོད་ནམས་སྟོབས་ལྡན་དུས་འགྱུར་སྐབས་སྐུ་ཤིན་ཏུ་ཆུང་བས་ཁྲིམས་བཅད་མ་ཕོག ཕྱིས་ཁྲོམ་དགེ་རྡོ་ རྗེ་འཆང་དཀོན་མཆོག་ལེགས་སྡན་མདུན་སྐུ་བཅར་ཞུས་ནས་ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོ་ནས་དངོས་གཞིའི་མཐར་མ་ཕྱིན་བར་བཞུགས་ནས་དགོན་པའི་ཁག་གཉེར་ཆེར་མ་བཞེས། ད་ལྟ་དགོན་པའི་གཙོ་འགན་བཞེས་ནས། རྟེན་གསུམ་གསར་སྐྲུན་དང་། བླ་སེར་བརྒྱ་ལྷག་སྒྲིག་འཛུགས་སོགས་སྔར་རྒྱུན་ཉམས་གསོ་མཛད་བཞིན་པ་དང་། རྗེས་སུ་ཛཿསྤྲུལ་རིན་པོ་ཆེ་བསྟན་འཛིན་ཡང་སྲིད་རྒྱལ་མཚན་འོད་ཟེར་གྱིས་ངོས་འཛིན་མངའ་གསོལ་བཅས་བྱས་ཏེ་བསྟན་པ་སླར་གསོའི་ལས་དོན་བརྩོན་བཞིན་པ་ལགས་སོ།།

ཞེས་པའང་ཀཿཐོག་མཁན་པོ་འཇམ་དབྱངས་ཀྱི་རྩོམ་གཞི་ལྟར་བྱ་ཚེ་རིང་གིས་དར་མདོ་རུ་བསྒྲིགས་པ་དགེའི།།

སྨྱོ་ཤུལ་ལྗོན་པ་ལུང་དགོན་གྱི་ལོ་རྒྱུས།

ཟལ་མོ་སྒང་གི་སྨད་ལ་འབྲོག་ཝ་ཤུལ་སྨུག་པོ་གདུང་གི་རུས་ལས་དཀར་པོ་གླིང་ཆུང་བརྒྱུད་ལས་མཆེད་པ། ལྷ་རུ་ཇག་པ་མི་བདུན་ནས་གླིང་ཕྲུག་ཨ་བཀྲ་ཟེར་བ་དཔའ་ མཛངས་ལྡན་པའི་རྒྱུད་པ་ལས་སྨྱོ་ཤུལ་ཞེས་གྲགས་པའི་འབྲོག་སྡེ་ཞིག་རིམ་བཞིན་ཆགས་ཏེ་ད་ལྟའི་བར་བྱུང་། སྔོན་དུས་སུ་ཤར་ཀཿཐོག་པའི་ཆོས་བརྒྱུད་ལས་མཆེད་དེ་སྒྲུབ་སྐོར་ཙམ་ རེ་དར་ན་ཡང་། སྦྲ་གུར་ལ་བརྟེན་ནས་སྤྲོས་མེད་ཁོ་ན་ལས་ཡོངས་གྲགས་ཀྱི་དགོན་སྡེ་མ་བྱུང་། བླ་མ་ལུང་རྟོགས་ནི། འབྲོག་ཝ་ཤུལ་ཞུ་དཀར་ཅན་སྨུག་པོ་སྡོང་གི་རུས་ལས། ཡབ་ཆོས་དགེ་དང་། ཡུམ་ཨ་ལྷ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་ལོར་བལྟམས། ཁུ་བོ་བླ་མ་པདྨ་ལས་ཀློག་བསླབ་པས་ཐོགས་མེད་དུ་མཁྱེན། དགུང་ གྲངས་བཅུ་གཅིག་དུས་ཐུགས་ཆེན་བསྙེན་མཚམས་ཟླ་གཅིག་བཞུགས་པས། ཟུར་གྱི་ཕ་བོང་ཆེན་པོ་ཞེག་ལ་ཡི་དྲུག་རང་བྱོན་སྔར་མེད་གསར་དུ་ཤར་བ་ད་ལྟའང་མཇལ་རྒྱུ་ཡོད། ཁྲོམ་གྲུབ་ཐོབ་རྒྱལ་བ་བྱང་ཆུབ་ལས་སྙིང་ཐིག་སྔོན་འགྲོ་དང་རྩ་རླུང་སོགས་ཞུས། རྒྱལ་ སྲས་གཞན་ཕན་མཐའ་ཡས་མདུན་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་ཏེ་མཚན་ལུང་རྟོགས་བསྟན་པའི་ཉི་མ་གསོལ། དཔལ་སྤྲུལ་རིན་པོ་ཆེའི་མདུན་དུ་ཉེ་གནས་ཀྱི་ཚུལ་ དུ་ལོ་ཉེར་བརྒྱད་པར་མཉེས་པ་གསུམ་གྱིས་བསྟེན་པ་ཐུན་མིན་གྱི་ཐུགས་སྲས་གཅིག་ཕུར་གྱུར་ཏེ་མདོ་སྔགས་སྤྱི་དང་བྱེ་བྲག་རིག་མཛིན་འཇིགས་མེད་གླིང་པ་ནས་སྙན་བརྒྱུད་བར་མ་ཆད་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཚོགས་སྦྲུགས་སུ་བསྩལ། གང་གསུངས་ཐམས་ཅད་ཐོས་རྐྱང་དུ་མ་ལུས་པར་བསམ་པས་ཐེ་ཚོམ་དང་སྒྲོ་འདོགས་ཐམས་ཅད་གཅད། སྤྱོད་འཇུག་དང་ངལ་གསོ་སྐོར་གསུམ་སོགས་ལ་བློ་སྦྱོང་ལོ་མང་[page 162] བགྱིས་པས་བཅོས་མིན་གྱི་སྙིང་རྗེ་རྒྱུད་ལ་འཁྲུངས་པ་དང་། སྣང་བ་ཐམས་ཅད་བདེན་མེད་དུ་ཞིག་རྫོགས་ཆེན་ཨོ་བུ་དཔལ་སྤྲུལ་ནགས་ཆུང་ཁ་ན་བཞུགས་དུས་ཐབས་ཀྱི་ སྒོ་མས་རྫོགས་པ་ཆེན་པོ་ངོ་སྤྲད་པས་ཡིད་དཔྱོད་ལ་རག་མ་ལས་པ་ལྟ་སྒོམ་ཅིག་ཆོད་དུ་སོང་ཞིང་རྟོགས་པའི་རྩལ་འཕང་བརྙེས། བཞན་ཡང་མཁྱེན་བརྩེ་རིན་པོ་ཆེ། གླིང་སྤྲུལ། མི་འགྱུར་ནམ་མཁའི་རྡོ་རྗེ། འགྲོ་མགོན་ཡེ་ཤེས་རྡོ་རྗེ། མཁན་པད་རྡོར་སོགས་ལས་བཀའ་གཏེར་སྨིན་གྲོལ་རྒྱ་མཚོ་ལྟ་བུ་ཞུས་ཏེ་མཐར་རྫ་ཆུ་མ་མོའི་ ཐང་རྡོ་མཁར་ཆོས་ཀྱི་ཕུང་པོའི་རྩར་ཨ་བུ་དཔལ་སྤྲུལ་མདུན་ནས་རང་ཡུལ་དུ་ཕེབས་དུས་ ཨ་བུས་གོམ་པ་ཆ་ཤས་བསྐྱལ་ནས་བླ་མ་ལུང་རྟོགས་དབུ་ལ་ཕྱག་ཟུང་གིས་ཡང་ཡང་བྱུག་ཏེ་ཁྱེད་སེམས་སྡུག་མི་དགོས། ངས་ནི་མི་འཇལ་ཁྱེད་རང་མ་ཤི་ ཚུན་ཆོད་ཀུན་མཁྱེན་ཆེན་པོ་ཆེའི་པོ་དང་མཇལ་འོང་ནི་རེད་ཅེས་གསུངས། ཡང་ལུང་རྟོགས་བྱོན་མི་གཟོད་པས་ཕྱིར་ཨ་བུ་རིན་པོ་ཆེའི་ཐུགས་དཀར་དབུ་གཏད་དེ་བཤུམས་པ་ན། ཨ་བུས་ཕྱག་གཉིས་ཀྱིས་དབུར་ཡང་ཡང་བྱུག་ནས་སྔར་ལྟར་གསུངས། དེ་འདྲ་ལན་གསུམ་གྱིས་མཐར་བཤུམས་བཞིན་བརྒྱལ་ལ་ཁད་པ་ལྟ་བུས་བྱོན་ཏེ་ཤར་ཀཿཐོག་བྱང་སེམས་རི་ཁྲོད་དུ་ལོ་གསུམ་བཞུགས། སླར་རང་ཡུལ་དུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་བསྐོར་ཞིང་། ཁྱད་པར་དུ་སྙིང་ཐིག་སྔོན་དངོས་གསང་མཛོད་ཀྱི་སྒོ་འཕར་ཕྱེས་ཏེ་བླ་མ་མི་ཕམ་རིན་པོ་ཆེ། གཏེར་ཆེན་བསོད་རྒྱལ་དང་ངག་དབང་བསྟན་འཛིན་ཉག་བླ་རིག་འཛིན། རྫོགས་སྤྲུལ་ཐུབ་བསྟན་ཆོས་རྡོར་སོགས་བསྟེན་ཏེ། མཐར་དགུང་གྲངས་དོན་གསུམ་དུས་ཆོས་ཉིད་ ཟད་སའི་རྟགས་ཚད་ཡོངས་སུ་རྫོགས་ཏེ་གཟུགས་སྐུའི་བཀོད་པ་བསྡུས། ཀུན་མཁྱེན་ངག་གི་དབང་པོ་ནི། བོད་ཀྱི་གནས་ཆེན་ཉེར་ལྔའི་ཡ་གྱལ་ཀཿཐོག་ཤམ་པོ་དུང་གི་ར་བའི་ཕྲིན་ པས་ཀྱི་གནས་མཆོག་པདྨ་བྲག་དཀར་གྱི་ཉེ་འདབས་སུ་སྨུག་པོ་སྡོང་གི་བརྒྱུད་པ་ལས་སྨྱོ་ཤུལ་ཞེས་གྲགས་པའི་འབྲོག་སྡེ་ཉུང་ངུ་ཞིག་གི་ནང་། ཡབ་རྣམ་རྒྱལ་དང་། ཡུམ་པདྨ་མཚོ་གཉིས་ལས། རབ་བྱུང་བཅོ་ལྔ་པའི་ས་ཡོས་ལོར་ཧོར་ཟླ་བཅུ་པའི་ཚེས་བཅུ་ཉིན་ཁྲོ་རྟ་སྙག་ཤར་ཞེས་འབྲོང་བུ་ཉལ་འདྲའི་དཔྱི་སྟེང་དུ། མཁའ་ལ་འཇའ་ཚོན་དང་། སྤོས་ཀྱི་དྲི་རོལ་མོའི་སྒྲ་དང་བཅས་ངོ་མཚར་གྱ་མཚན་དཔེ་བཞད། ཞག་གསུམ་ནས་ཨོ་བཛྲ་ཀཱི་ལི་ཀཱི་ལ་ཡ་བརྒྱ་སྐོར་ཙམ་བགྲངས། དགུང་གྲངས་གསུམ་པར། མཛོ་མོའི་ལྟོ་ལེ་ཞིག་འདམ་རྫབ་དུ་འཆི་མི་ཐུབ་པ་སྐད་ངན་འདོན་པར་སྙིང་རྗེ་ཤུགས་དྲག་གིས་དམིགས་རྣམ་ གཞན་མ་ཤེས་ཀྱ་རྣམ་ཤེས་འོད་དཀར་པོ་དམིགས་ཏེ་བླ་མ་དཔོན་མཆོག་མཆོད་ཅེས་ཕཊཿསྒྲ་འཕང་བས་དབུགས་འགྲོ་བ་དང་མཉམ་སྤྱི་བོའི་རུས་པ་མཐེ་བོང་ཙམ་གོག་ཏེ། རླངས་པ་ ཆུ་ཚན་ལྟར་བྱུར་པ་ཀུན་གྱིས་མཐོང་། དགུང་གྲངས་ལྔར་རིང་པོ་དིལ་རྒྱུག་སར་ཟོ་འབྲོག་ཡོད་སར་ཤུ་འོད་ཆེན་པོས་དེད་ལ་ཁད་ན་ང་རྒྱལ་གར་ཡུལ་གྱི་བི་མ་ལ། ཆུ་བོ་གངྒྰ་ཟློག་ནུས་ན། ལུང་བའི་ཆུ་ཕྲན་སྨོས་ཅི་འཚལ། ངོ་མཚར་གྱི་ལྟད་མོར་ཨ་མས་ལྟོས། ཨོ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧྰུཾཿཞེས་གསུངས་ནས། ཕྱག་གིས་ཤིང་ཕུར་བསྒྲིལ་བས་ཆུ་འོད་དེ་རླུང་ གིས་དེད་པ་བཞིན་ཕ་ཚད་དུ་ལོག་སོང་བས་ད་ལྟའང་དངོས་སུ་མཇལ་རྒྱུ་སྣང་། ལོ་བདུན་པར་ཁུ་བོ་ལས་ཀ་ཁ་ནས་བཟང་སྤྱོད་ཡན་[page 163] ལག་བདུན་པ་ཡན་འབྲུ་དེད་བསླབ་པས། གཉིད་སད་པ་ལྟ་བུས་བཟང་སྤྱོད་ཡོངས་རྫོགས་བཀླགས་པས་དེ་ཚུན་ཚེགས་མ་དགོས་པར་མཁྱེན་ཏེ་སྔ་དྲོ་ཞིག་ལ་འཕགས་པ་བརྒྱད་ལྟོང་གསུངས་ཐུབ། དག་སྣང་དང་མོས་གུས་སྙིང་རྗེ་སོགས་ཚད་མེད་མངའ་བས་བྱིས་པ་བླ་མ་ཞེས་མིང་ཐོགས། ཉིན་རེར་ཆོས་སྤྱོད་ལྡེབ་ལྔ་བཅུ་ཙམ་རེ་བློར་འཛིན་ནུས། ཛི་ཕུ་མཁན་ཆེན་བློ་གྲོས་རྒྱ་མཚོས་མཚན་ངག་ དབང་དཔལ་བཟང་གསོལ། བླ་མ་ལུང་རྟོགས་བསྟན་པའི་ཉི་མའི་ཞབས་པད་བསྟེན་ཏེ་སངས་རྒྱས་དངོས་མཐོང་གི་དད་མོས་དྲག་པོས་རྟོག་ངན་རེ་མཆར་པ་ཡན་བླ་མས་མཁྱེན་ སྙམ་ནས་འཇིགས་སྐྲག་གནོང་འགྱོད་དང་བཅས་ཀློང་ཆེན་སྙིང་ཐིག་སྔོན་འགྲོ་འབུར་ལྔ་བླ་མའི་རྣལ་འབྱོར་བཅས་བསགས། མཎྜལ་སྐབས་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་ ཀྱིས་ཞལ་གཟིགས་ཏེ་སྡེ་གསུམ་རྫོགས་པ་ཆེན་པོའི་ཚིག་དབང་རིན་པོ་ཆེ་སྩལ། མཁན་ཨ་སྟོབས་ལས་རབ་ཏུ་བྱུང་བའི་མཚན་ཚུལ་ཁྲིམས་རྒྱ་མཚོ་གསོལ། བླང་འདས་སོ་གསུམ་གྱི་སྤང་བླང་ཚུལ་བཞིན་མཛད། དགུང་གྲངས་བཅུ་བདུན་པར་ཤེར་ཕྱིན་རྒྱས་པ་ཚར་གཅིག་གསུངས་པས། སྒྱུ་མས་སྒྱུ་མ་ལ་རློམས་སེམས་སུ་མི་བྱའོ་སོགས་ཀྱི་སྐབས་སྣང་བ་ཐམས་ ཅད་བདེན་མེད་རྨི་ལམ་ལྟ་བུའི་ངེས་ཤེས་འཁྲུངས་བ་དང་། ཡུལ་དང་ཡུལ་ཅན་རོ་གཅིག་ཏུ་གྱུར་ཏེ་མདོ་ལ་མ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས། གཏེར་ཆེན་ངག་དབང་ བསྟན་འཛིན་མདུན་དུ་ཀློང་གསལ་དང་སྙིང་ཐིག་གཉིས་ཀྱི་སྨིན་གྲོལ་རྒྱས་པ་མནོས། མཁན་ཨ་སྟོབས་རྒྱལ་མཚན་འོད་ཟེར་མདུན་བསྙེན་པར་རྫོགས་ཏེ་ཉེས་ལྟུང་དྲི་མས་མ་སྦགས་པ་ཉེ་བ་འཁོར་གཉིས་པ་ལྟ་བུར་གྱུར། དགུང་གྲངས་ཉེར་གཅིག་པའི་དུས་བླ་མ་ལུང་ རྟོགས་རིན་པོ་ཆེས་རྫོགས་ཆེན་སྙན་བརྒྱུད་ཀྱི་དམར་ཁྲིད་སྩལ་བས་རྟོགས་པ་རྒྱུད་ལ་སྐྱེས། བླ་མས་ཕ་ལ་བུ་སྐྱེས། བུས་བརྒྱུད་པ་ཟིན་པ་ཞིག་འོང་ཞེས་བསྔགས་པའི་མེ་ཏོག་སིལ་མ་བཀྲམ། བླ་མ་ལུང་རྟོགས་ཀྱིས་ཁོ་བོ་ལ་ཨ་བུ་བཀའ་དྲིན་ཅན་གྱིས་གསུངས་པ་བཞིན་ངག་དགའ་འདི་ཉིད་ཀུན་མཁྱེན་ཀློང་ཆེན་པའི་རྣམ་འཕྲུལ་དངོས་ཡིན་པ་སློབ་ཚོགས་རྣམས་ལ་ཡང་ཡང་གསུངས། ད་ཁྱོད་ལ་གཞན་དོན་གྱི་རེ་བ་ཡོད་པས་རྫོགས་ཆེན་དུ་བླ་མ་མི་ཕམ་མདུན་སློབ་གཉེར་ལ་འགྲོ་དགོས། དེ་ནས་ཀཿཐོག་ཏུ་སོང་ལ་བསྟན་པ་སྤེལ་བར་གྱིས་གསུངས་འདུག་པས། ནན་གྱིས་ཞུས་ཀྱང་མ་གནང་བར། ལག་པ་འདིར་ཐོངས་དང་ངས་སྨོན་ལམ་ཞིག་བྱ་གསུངས་ནས་བླ་མ་ཡང་ཏིག་གི་གསོལ་འདེབས་སྨོན་ལམ་བཅས་གསུངས། ང་ཡི་སྙན་བརྒྱུད་ཀྱི་གདམས་ངག་རྣམས་ཉམས་སུ་མ་འཇུག་པར་ཅི་འཕེལ་གྱིས་ ཞེས་བུར་གོར་བཅུ་གསུམ་དང་དར་ཉིན་མོར་བདེ་ལེགས་ཞིག་གནང་ནས་ཁྱོད་བཅུ་གསུམ་རྡོ་རྗེ་འཛིན་པའི་སར་མངའ་གསོལ་དབུགས་དབྱུང་། གཟེངས་བསྟོད་པ་ཡིན་གསུངས་ནས་ཤིས་བརྗོད་བཅས་གནང་། དགུང་གྲངས་ཉེར་གཉིས་དུས་ལྕགས་བྱི་ལོར་རྫོགས་ཆེན་དུ་བྱོན། ལོ་གསུམ་གྱི་རིང་ཉིན་མཚན་ལྟོ་སྦྱར་ནས་མཁན་བློ་གསལ་སོགས་དམ་པ་དུ་མའི་ ཞབས་པད་བསྟེན་ཏེ་མདོ་རྒྱུད་མན་ངག་གི་གཞུང་བཤད་མང་དུ་ཞུས་པས་ཤེས་རབ་ཀྱི་རྩལ་རྫོགས། གཞན་དྲིང་མི་འཇོག་པའི་སྤོབས་པའི་གཏེར་བརྒྱད་གྲོལ། བླ་མ་མི་ཕམ་མདུན་ཕེབས་པར། དེ་རིང་[page 164] མཁས་འཇུག་བརྩམས་གྲུབ་ཏེ་རྒྱལ་ཕུར་འཛོམས་པའི་དུས་བསྟན་བཅོས་མཐར་དབྱུང་བ་དང་ཕྲད་པས་རྟེན་འབྲེལ་བཟང་གསུངས་པ་དང་། དེ་དང་ འཇམ་དཔལ་རྒྱུད་ལུགས། ད་སྔོན་བཀའ་རྒྱ་ཡིན་བྱིན་རླབས་ཀྱི་བབས་གཞན་ལས་ཆེ། གཅིག་འབྲི་ཆོག་ཅེས་དེ་གཉིས་ཀྱིས་སྒོ་ཐོག་མར་ཕྱེས། ཀཿཐོག་ཏུ་སི་ཏུ་སྤྲུལ་པའི་སྐུས་ ཐུགས་བསྐྱེད་དུས་སྨིན་རེ་འོང་ན་ཁྱེད་མ་འཆུག་ཅེས་འཇམ་དཔལ་མཚན་བརྗོད་དཔེ་རས་དང་འཇམ་དབྱངས་རིལ་བུ་བདུན་ཆ་བཅས་གནང་ནས་ཐུགས་དགྱེས་པའི་ཉམས་ཀྱིས་བསྐྱངས། རང་གནས་སུ་དཀར་ལྡིང་རི་ཁྲོད་དང་འཁྱིལ་སྐོར་སོགས་སུ་སྒྲུབ་པ་ལ་གཞོལ། ལྷ་ལྕམ་པདྨ་གསལ་དུ་གྱུར་ནས་འོག་མིན་དུ་རྡོ་རྗེ་ཕག་མོའི་མདུན་མཁའ་འགྲོ་ཡང་ཏིག་གི་ སྨིན་བྱེད་ཡོངས་སུ་རྫོགས་པ་ཞུས་ཚུལ་སོགས་དག་པའི་སྣང་བ་སྐོར་བསམ་གྱིས་མི་ཁྱབ་པ་རང་རྣམ་ལས་གསལ། རྫོགས་ཆེན་རིག་པ་ཚད་ཕེབས་ཀྱི་རྟགས་ཚད་མངོན་དུ་གྱུར། རྨོག་གྲུབ་ལུང་བྱང་ལས། སྦལ་སྦྲུལ་གཉིས་ཀྱི་རྡོ་རྗེ་རྒྱ་གྲམ་རྩོད། །ངག་གི་མིང་ཅན་ཤར་གྱི་ཕྱོགས་ནས་འབྱུང་། །འོད་ཀྱི་མེ་ལོང་ལག་མཐིལ་ཙམ་ཞིག་ལ། མ་ཆགས་ཀཿཐོག་ཕྱོས་སུ་གནས་བཅས་ན། ཕྲིན་ལས་མཛད་པ་མཐའ་རུ་རྒྱས་པ་འབྱུང ྃ ཞེས་སྔོན་རྗེས་མེད་པར་སི་ཏུ་རིན་པོ་ཆེས་ཀཿཐོག་ཏུ་མཁན་པོ་ཕེབས་དགོས་ཚུལ་གྱི་གསུང་ཤོག་དང་ འདོད་ཁམས་བདག་མོས་བསུ་མར་བརྟེན་ཀཿཐོག་བྱོན་ཏེ་ལོ་བཅུ་གསུམ་ཙམ་ལ་འཆད་སྤེལ་ཁོ་ན་བགྱིས་ཏེ་གཞན་དོན་ནུས་ངེས་པའི་ཞལ་སློབ་སོ་བདུན་ཙམ་བྱུང་། དབང་ཆོས་ཀྱི་ འབྲེལ་བ་བསམ་གྱིས་མི་ཁྱབ། རབ་ཏུ་བྱུང་བ་གཅིག་པུའང་སུམ་སྟོང་བཞི་བརྒྱ་བྱུང་། སྐྱབས་རྗེ་སི་ཏུ་རིན་པོ་ཆེའི་མདུན་རིན་ཆེན་གཏེར་མཛོད་སོགས་ཆོས་བཀའ་པོད་བརྒྱ་ཕྲག་མང་པོ་ཞུས། དཔལ་ཡུལ་དང་གྲྭ་ལག་ཏུ་བཤད་གྲྭ་གསར་དུ་འཛུགས། རིན་ཆེན་གཏེར་མཛོད་ཚར་གསུམ་གསུངས། མཛོད་བདུན་ཡ་བཞི། བདུད་ཀློང་སོགས་སྐུ་ཚེ་ཧྲིལ་པོར་སྨིན་གྲོལ་དང་། རྫོགས་པ་ཆེན་པོ་སྔོན་དངོས་ཀྱི་ཆོས་ཆར་ཟད་མེད་དུ་སྤེལ།

ཀུན་མཁྱེན་ཆེན་པོའི་སྐུའི་སྣང་བས། ད་རེས་རྫོགས་པ་ཆེན་པོའི་གྲུབ་མཐའི་གནད་གསལ་བར་བྱེད་པའི་བསྟན་བཅོས་བརྩམས་པའི་གནང་བ་ཐོབ་པར་བརྟེན། འོད་གསལ་ རྫོགས་པ་ཆེན་པོའི་སྙན་བརྒྱུད་ཐུན་མིན་རྣམས་བརྩམས། གཞན་ཡང་དབུ་མ་བཞི་བརྒྱ་པའི་འགྲེལ་སོགས་དཀའ་འབུམ་ནི་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཡི་གྲངས་ལྡན་དུ་བཞུགས། དགུང་གྲངས་དྲུག་ཅུ་རེ་གསུམ་པའི་དུས་གཟུགས་སྐུའི་བཀོད་པ་གདོད་མའི་ཀློང་དུ་བསྡུས་སྐབས་ས་གཡོ་བ་ད་ང་། འོད་དང་སྒྲ་ཆེན་པོ་གྲགས། ཞུགས་ལ་ཕུལ་བས་ཁ་དོག་ལྔའི་གདུང་ཆེན་དང་རིང་བསྲེལ་གྱི་ཕུང་པོར་གྱུར། དགོན་པ་ཆགས་པའི་དུས་ནི། སྨྱོ་ཤུལ་ས་ཡི་ལྟེ་བར། སྟོད་ན་ཟངས་མདོག་དཔལ་རིའི་གནས་ཆེན་བྲག་དཀར་དགུང་ལ་ རེག་པ་ལ་གུ་རུའི་སྐུ་རང་བྱོན་འབུར་དུ་དོད་པ། སིངྷི་དང་འབྲུ་གསུམ། འཇམ་པའི་དབྱངས་ཀྱི་མཚན་སྔགས། མཁའ་འགྲོའི་སྲོག་སྔགས་སོགས་ཀྱི་རང་བྱོན་སྐུ་གསུང་ཐུགས་ ཀྱི་དཀྱིལ་འཁོར་གྱི་བཀོད་པ་ཡོངས་སུ་རྫོགས་པའི་གནས་མཆོག་ལྗོན་པ་ལུང་ཞེས་བྱ་བ། གནམ་འཁོར་ལོ་རྩིབས་དགུ་གདུགས་ལྟར་ཕུབ་པ། ས་པདྨ་འདབ་བརྒྱད་[page 165] གདན་ལྟར་འདིང་བའི་ཐང་དཀྱིལ། ལྷོར་གཡུ་འབྲུག་གྱེན་དུ་རྒྱུགས་འདྲ་དང་། ནུབ་གླང་ཆེན་ཆུ་འཐུང་གི་རྣམ་པ། མཐའ་ན་ལྷ་ཤིང་སྣ་ཚོགས་ཀྱི་ནགས་ཚལ་ན་ ལྷ་བྱ་ཁུ་བྱུག་སོགས་ཀྱིས་སྐད་སྙན་གྱི་འགྱུར་ཁུག་སྒྲོགས་ས། ཤ་དགོ་རྣ་བ་དང་གླ་བ་སོགས་རི་དྭགས་རྣམས་ཀྱིས་རྩེ་བྲོ་འཁྲབ་ས། མདོར་ན་དགོན་པའི་ཡོན་ཏན་ཀུན་ཚང་བའི་ཡུལ་དེ་ན། རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེའི་ལུང་བསྟན་ལྟར་ལུང་རྟོགས་བསྟན་པའི་ཉི་མས་ཞལ་བཀོད་དང་། ཁྱད་པར་དུ་ཀཿཐོག་སི་ཏུ་པཎ་ཆེན་ཆོས་ཀྱི་རྒྱ་མཚོའི་གཟིམ་ལམ་ན། རྒྱ་མཚོ་ལྟ་བུའི་དཀྱིལ་ན་མེ་ཏོག་པདྨ་ཆེན་པོ་ཞིག་ལ་དེ་འདྲ་བ་ལྔས་བསྐོར་བ། རེ་རེའི་ལྟོ་བར་རལ་གླེགས་མཚན་པ་ལས་འོད་འཕྲོ་ ཞིང་དེ་འདྲ་བ་ལྔ་ཕྲག་རེ་འཕྲོ་བས་ཀཿཐོག་གི་རྒྱུད་སྡེ་འདི་ལས་ད་དུང་ལྔ་ཕྲག་འདེབས་པའི་རྟེན་འབྲེལ་ཡོད་པས་ཁྱོད་ནས་ལྗོན་པ་ལུང་དུ་དགོན་གཞི་ཞིག་བཏབ་ན་བསྟན་འགྲོའི་ དོན་དུ་ལེགས་ཚུལ་གསུངས་པར་བརྟེན། མཁན་ཆེན་ངག་གི་དབང་པོ་དགུང་གྲངས་ཞེ་ལྔའི་དུས། རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ལོར་གཙུག་ལག་ཁང་རྟེན་དང་བརྟེན་པ་ བཅས་བཞེངས་ཏེ་ཀཿཐོག་པའི་དགོན་ལག་ཐམས་ཅད་ནང་ནས་གཙོ་བོར་གྱུར། འཁོར་ལོ་གསུམ་གྱི་མངའ་ཐང་གིས་འཛིན་མའི་ཁྱོན་ཀུན་འགངས། ལུང་རྟོགས་བསྟན་པའི་ཉི་མའི་ཡང་སྤྲུལ་ནི་ཁྲོམ་རྒྱ་ཤོད་ཡུལ་དུ་ཡབ་ཡེ་བསྟན། ཡུམ་དཀོན་མཆོག་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ལོར་བལྟམས། མཚན་རྡོ་རྗེ་ཆོས་སྐྱོང་གསོལ། མཁན་ཆེན་ངག་གི་དབང་པོས་ལུང་རྟོགས་ཡང་སྤྲུལ་དུ་ངོས་འཛིན་ཏེ་མཚན་བཤད་སྒྲུབ་ཉི་མར་གསོལ། ཆེར་སོན་དུས་ལྗོན་པ་ལུང་དུ་ཆོས་ཀྱི་ཁྲི་ ལ་མངའ་གསོལ་ཏེ་མཁན་ཆེན་རིན་པོ་ཆེ་ལ་བཀའ་གཏེར་སྨིན་གྲོལ་དུ་མ་དང་། ཡ་བཞི། མཛོད་བདུན་ཀློང་ཆེན་སྙིང་ཐིག་སྔོན་དངོས་ཡོངས་རྫོགས་ཞུས་ཏེ་རྟོགས་པའི་ཁྲི་འཕང་ལ་འཛེགས། མཁན་ཆེན་ཉིད་ཀྱིས་འདའ་ཁར་པཎ་ཞྭ་དབུ་ལ་དཀོན་ཏེ་ཆོས་ཀྱི་ཁྲི་ལ་རྒྱ་ཚབ་དུ་མངའ་གསོལ། དགོན་འདིར་བཤད་སྒྲུབ་ཀྱི་བསྟན་པ་ཇེ་འཕེལ་དུ་བཏང་སྟེ། བཤད་ གྲྭའི་མཁན་པོ་ཐོག་མར་མཁན་འབྱོར་ལྡན་གྱིས་དབུ་བཟུང་། དེ་ནས་མཁན་ཨ་ཕྲིན། མཁན་ཨ་ཡིག མཁན་ནུས་ལྡན་སོགས་ཀྱིས་གྲྭ་པ་ཉེར་ལྔ་ལ་གསོལ་ཕོག་བཅས་ཤར་ ཀཿཐོག་པའི་བཤད་རྒྱུན་མི་ཕམ་རིན་པོ་ཆེའི་གཞུང་ཁོ་ན་འཆད་ཉན་བགྱིས་པས་མཁན་པདྨ་མཐར་ཕྱིན་སོགས་ལྔ་རིག་སྨྲ་བའི་ཁྱུ་ཚང་རྡོལ། ཕྱོགས་ཀྱི་འདུས་པའི་སློབ་ཚོགས་བརྒྱ་ཕྲག་ཙམ་ལ་སྔོན་དངོས་དང་སྨིན་གྲོལ་ཆོས་ཀྱི་བདུད་རྩི་ངོམ་མེད་དུ་སྩལ། འཁོར་ལོ་གསུམ་ གྱི་མངའ་ཐང་མཁའ་དང་མཉམ་བཞིན་པའི་སྐབས་དགུང་གྲངས་དྲུག་ཅུ་རེ་དྲུག་པས་ཁྲི་ལོར་མཁན་ཨ་ཕྲིན་དང་ཨ་ཡེ་བཅས་དཔལ་ཡུལ་རྫོང་བཙོན་ཁང་ནང་དུ་ངོ་མཚར་བའི་རྟགས་ མཚན་བློས་མི་ཁྱུད་པའི་ངང་དུ་གཤིགས་སོང་། ཀུན་མཁྱེན་ངག་གི་དབང་པོས་ཁོ་བོ་སྐྱེ་སྲིད་ཕྱི་མ་ཀོང་པོ་བུ་ཆུ་ལྷ་ཁང་དང་ཉེ་བའི་བདེ་སྐྱིད་ཁང་སར་ཚང་ལ་འཁྲུངས་ཚུལ་རང་ རྣམ་ན་ཞལ་གསལ་བོར་བཀོད་པ་ལྟར། བོད་ལྗོངས་ཉི་ཁྲི་རྫོང་བདེ་སྐྱིད་ཁང་སར་ཚང་། ཡབ་པདྨ་ཚེ་དབང་དང་། ཡུམ་ཚེ་རིང་ལྷ་མོ་གཉིས་ལ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ ལོ་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ལ་མཚན་དཔེ་བཞད། ཡབ་ཀྱིས་སངས་རྒྱས་[page 166] ཚེ་རིང་མཚན་གསོལ། ཁྲག་འཐུང་བདུད་འདུལ་རྩལ་གྱིས་ལུང་བྱང་ལས། གངས་རིའི་ཕྲེང་ བས་བསྐོར་བའི་རྒྱལ་ཁབ་ཆེར། །དབུས་གཙང་ཁམས་ཀྱི་བརྡའ་རུ་ཡོངས་གྲགས་པའི། །ཁམས་སྟོད་ཡུལ་མིང་ཀ་ལས་བྱས་པའི་སར། །ཁྱིམ་མིང་པ་གྲུབ་པའི་ཁྱིམ་བདག་གི། །མིང་གཞི་མ་ལས་གྲུབ་པ་མཁའ་ལྡིང་ལོ། །ཐབས་ལ་ཤེས་རབ་ངའམ་མར་གྲུབ་པའི། །མཚན་ལྡན་བྱང་ཤར་མཚམས་འཛིན་ཟུང་སྡེབས་ལ། །ཁྱེའུ་རིགས་བཟང་རྟ་ལུག་སྤྲེལ་གསུམ་ལོ། །གང་རུང་མཚན་གཞི་ཡ་ལ་ཉེ་འཕྲད་ཡུ། གྲུབ་བམ་གསར་པའི་མཚན་ཡང་དེས་དཔྱད་ཅིང་། འདོགས་ན་སྐུ་འཚོའི་ལྗོན་བཟང་རིག་བརྟན་འགྱུར། ཞེས་དང་། མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་ཀྱིས། མཁན་ཆེན་བླ་མ་ཞིང་ཁམས་གཟིགས་པའི་མཇུག་དུ་ངེད་ཀྱི་འཁྲུལ་སྣང་ལ། མཁན་ཆེན་བླ་མ་དེ་ཉིད་སྐུ་དངོས་མཇལ་ལྟ་བུས་ཁོང་གི་སྤྲུལ་པ་པད་བཀོད་དང་སྤོ་བོའི་མཚམས་སུ་ཡབ་པདྨ་རྒྱལ་པོ་དང་། མ་ཚེ་གཡང་ལྷ་མོའི་བུར་སྐྱེ་བ་བཞེས་རྒྱུར་གསུངས་པའི་ཉམས་ཞེག་བྱུང་གསུངས་པ་ལྟར་ལུང་བསྟན་ཐམས་ཅད་དོན་མཐུན་དུ་གྱུར། ཕྱག་སྤྲུལ་དང་མཆོག་སྤྲུལ་ཨ་རྡོ་མཆོག་ནས་རྭ་སྒྲེང་རིན་པོ་ཆེ་ལ་དགོངས་པ་ཞུས་ཏེ་སྐུ་བདག་མཛད། རྭ་སྒྲེང་མཆོག་སྤྲུལ་གྱིས་འཇམ་དཔལ་ལེགས་བཤད་ཆོས་ཀྱི་ཉི་མ་ཞེས་མཚན་གསོལ། དགུང་གྲངས་གཉིས་པའི་དུས་མཁྱེན་སྤྲུལ་སོགས་བཞི་བྱས་ཀྱི་མཁན་སྤྲུལ་བླ་གྲྭ་སྟོང་གི་དབུས་སུ་ཀཿཐོག་རྡོ་རྗེ་གདན་གྱི་གནྡོ་ལ་ཆོས་ཀྱི་ཁྲི་ལ་མངའ་གསོལ་ཏེ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞེས་མཚན་གསོལ། སླར་གདན་ས་ལྗོན་པ་ལུང་དུ་གྲངས། མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་རིགས་བརྒྱའི་ཁྱབ་བདག་ཆོས་ཀྱི་རྒྱལ་པོའི་ངོ་བོར་མངའ་གསོལ། འབྲི་ཀློག་ཐམས་ཅད་འབད་པ་ལ་མ་ལྟོས་པར་དཔྱིས་ཕྱིན་པར་མཁྱེན། མཆོག་སྤྲུལ་ཨ་རྡོའི་མདུན་སྙིང་ཐིག་ཡ་བཞི་དང་པོད་གཉིས་སོགས་སྨིན་གྲོལ་མང་དུ་ཞུས། བླ་མ་ཨོ་རྒྱན་རིག་འཛིན་མདུན་རྒྱལ་བའི་བཀའ་འགྱུར་གྱི་ལྗགས་ལུང་ཡོངས་རྫོགས་ཞུས། ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ལ་བསྙེན་པར་བཏང་བས། སྨན་གྲོལ་རྒྱབ་རྟེན་བཅས་མཐར་ཆགས་སུ་ཞུས། དེ་ནས་ས་ཁྱི་ལོ་བཞི་རྒོལ་དང་འཕྲད་དེ། འཐབ་རྩོད་དྲག་པོས་མནར་ཡང་ཐུགས་རྒྱུད་བྱང་ཆུབ་སེམས་ཀྱི་གསོས་སུ་གྱུར། དུས་ངན་ གྱི་ངང་དུ་ཡུན་དུ་བཞུགས་དགོས་སྐབས་ཀྱང་མཁས་ཤིང་གྲུབ་བརྙེས་ཀུན་སྤང་བྱ་བྲལ་གྱི་རྣལ་འབྱོར་པ་ཁྲོམ་མཆོག་སྤྲུལ་རིག་མདུན་གསང་ཐབས་ཀྱིས་ཞབས་པད་ཡུན་དུ་བསྟེན་ཏེ། ཀློང་ཆེན་སྙིང་ཐིག་སྔོན་དངོས་སྙན་བརྒྱུད་རྣམས། གབ་སྦས་མེད་པ་དམར་ཁྲིད་མཛད་པས་རྟོགས་པའི་ས་མཐོར་གཤེགས། སྐུ་གོང་མའི་ལུང་དོན་བཞིན། གཏེར་ཆེན་ངག་ དབང་བསྟན་འཛིན་གྱི་སྲས་མོ་ལུང་ཟིན་གྱི་ཇོ་བཙུན་མ་བསམ་གཏན་སྒྲོལ་མ་དེ་མ་ཐག་སྤྲུལ། དཀོན་མཆོག་དང་བླ་མ་ལ་གུས་ཤིང་། དམན་སྤྲང་ལ་བྱམས་བརྩེ་ལྡན་པ། སྤྱོད་ལམ་ཞི་ ཞིང་ངང་རྒྱུད་རིང་བ། གཏོང་ཕོད་ཆེ་བ། སྤྲང་པོད་དབྱུག་ཐོགས་ཀྱང་གཙུག་ཏུ་བཀུར་བ་ཁེངས་སེམས་སྤོང་བ། [page 167] རྫོགས་པ་ཆེན་པོ་ཀ་ལྷུན་གྱི་ཉམས་ལེན་ལ་བརྩོན་ པས་རྟོགས་པའིས་མཐོར་གཤེགས་པ་སོགས་མདོར་ན་བུད་མེད་སྐྱོན་གྱི་དྲི་མས་མ་སྦགས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་ཕག་མོ་དངོས་ཡིན་པ་མཁན་དམ་པ་མུན་སེལ་དང་སྤྲུལ་ཨ་རིག་ སོགས་ཀྱིས་བསྔགས་པའི་མེ་ཏོག་འཐོར་བ་བཀྲ་ཤིས་སྒྲོལ་མ་ཟེར་བ་དེ་ཁབ་ཏུ་བཞེས། རྒྱལ་བསྟན་སླར་འཆར་གྱི་དུས་ཕྱོགས་ཀྱི་འདུས་པའི་སློབ་ཚོགས་དུ་མ་ལ་སྙིང་ཐིག་ཡ་བཞི་ སོགས་སྨིན་གྲོལ་ཅི་རིགས་དང་། ཁྱད་པར་དུ་ཀློང་ཆེན་སྙིང་ཐིག་ཀུན་མཁྱེན་བླ་མ་དང་མཁན་ངག་གི་དབང་པོའི་ཟིན་བྲིས་སྟེང་ནས་བློ་སྦྱོང་ཞག་བརྒྱ་སྔོན་དུ་འགྲོ་བ་བསགས་སྦྱོང་ འབུམ་ལྔ་ཚད་ལྡན་སོང་རྗེས། དངོས་གཞི་ཁྲེགས་ཆོད་དང་ཐོད་རྒལ་བར་སྔོན་བྱོན་བླ་མའི་བརྒྱུད་པ། གོང་མའི་ཕྱག་སྲོལ། སྦོམ་ཁྲིད་ཙམ་མིན་པ་རྣལ་འབྱོར་མྱོང་ཁྲིད་ཆེན་ པོས་གཏན་ལ་ཕབ་པས་རྫོགས་ཆེན་རང་ངོ་འཕྲོད་པ་ཁོ་ན་བྱུང་། སྔར་གྱི་དགོན་གཞི་ཐམས་ཅད་གྱང་རལ་དུ་གྱུར་པ་ལ། བསྟན་པའི་མེ་རོ་གསར་དུ་བསླངས་ཏེ། གཙུག་ ལག་ཁང་རྟེན་དང་བརྟེན་པ་བཅས་ཟླ་ཤས་ཀྱིས་བཞེངས་གྲུབ་པས་བཟོ་ལས་ཀུན་ཀྱང་ངོ་མཚར་བར་གྱུར། དགོན་གཞུང་སྤྱི་ལ་སྐུ་གསུང་ཐུགས་རྟེན་ཡོ་བྱད་དང་བཅས་དམ་པའི་ཁོ་ ནའི་བཀའ་དྲིན་ལས་གཞན་དུ་མ་དམིགས། བསྟན་འགྲོའི་རྩ་ལག་བཤད་སྒྲུབ་ཡིན་པར་དགོངས་ནས། ད་ལྟ་བཤད་གྲྭའི་འདུ་ཁང་བཞེངས་བཞིན་པ་ལ་བཤད་གྲྭ་སུམ་ཅུ་ཡན་ མན་ལ་གསོལ་ཕོག་བཅས་བདག་རྐྱེན་སྒྲུབ་བཞིན་པའོ།། ཀཿཐོག་ཏུ་མཁན་ཆེན་རྒྱལ་མཚན་འོད་ཟེར་དང་མཆོག་སྤྲུལ་བློ་གྲོས་རྒྱལ་མཚན་སོགས་ཀྱིས་ཞུས་ངོར་དང་། རང་དགོན་སྨྱོ་ཤུལ་དང་གྲྭ་ལག གོ་འཇོ་ཀོར་ཁང་དགོན་བཅས་ལ་འདུས་པ་སྟོང་ཕྲག་དུ་མར་རིན་ཆེན་གཏེར་མཛོད་ཀྱི་སྨིན་གྲོལ་ཚར་བཞི་གསུངས། དད་གཤིན་གྱི་རྫས་ནི་རྟེན་གསུམ་ ཆེད་མ་གཏོགས་འཚོ་ཆས་སོགས་སུ་སྒོར་ཟུང་གཅིག་གཏོང་བ་ནི་ནམ་ཡང་མི་སྲིད། མཚོ་རྒྱལ་བསྙེན་ཕུར་ལ་ལོ་གཅིག་སྐུ་མཚམས་དམ་པོ་བཞུགས་ཏེ་བསྙེན་སྒྲུབ་ལས་གསུམ་ཚུལ་ བཞིན་མཛད་པས་དངོས་གྲུབ་ཀྱི་མཚན་མ་བརྙེས། བར་ཆད་ཀྱི་སྒྲོག་ལས་གྲོལ། འགྲོ་དོན་དུས་ལ་བབས་པ་སྲུང་མ་རྣམས་ཀྱིས་ཆོས་འཁོར་བསྐོར་བར་སྐུལ་མ་གཏོང་། དགོན་ ཟུར་དུ་ཆུ་མིག་གཏན་ནས་མི་སྲིད་པའི་ས་རྒོད་ནས་ཆུ་གཏེར་གོང་འོག་གཉིས་བླངས་པ་དང་། ས་མཁྲེག་རྡོ་ལ་ཆིབས་རྟའི་རྐང་ལག་གཉིས་ཀྱི་རྗེས་འདམ་སྟེང་དུ་དོད་པ་ལྟར་ཤིན་ཏུ་བཀྲ་བ་སོགས་ངོ་མཚར་བའི་རྟག་མཚན་ཕལ་བའི་བློས་དཔག་བར་དཀའ་བ་དུ་མ་བཞུགས་ཀྱང་། མེ་ཐལ་ཕུང་གི་བཀབ་པ་ལྟར་ཐུགས་སྒམ་པས། སྦས་པའི་འཛད་སྤྱོད་ཁོ་མ་ཐུགས་དམ་དུ་འཆང་བས་འདིར་འཆད་ནའང་བཀའ་བཀྱོན་དུ་དོགས་ནས་ཞུ་མ་སྤོབས། ད་ལྟའང་ འཁོར་ལོ་གསུམ་གྱི་མངའ་ཐང་དགུང་དུ་རེག་བཞིན་པའོ།། སླད་ཀྱང་བསྟན་པ་སྤྱོ་དང་བྱེ་བྲག་ཏུ་འོད་གསལ་སྙིང་ཐིག་གི་བསྟན་པ་རིན་པོ་ཆེ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཕྲིན་ལས་ཀྱི་འོད་ སྣང་བརྡལ་ཏེ། ཞབས་ཟུང་རྡོ་རྗེའི་ཁྲི་ལ་བསྐལ་བའི་བར་དུ་བརྟན་ཅིང་བདག་ཅག་སྐྱེ་འགྲོ་ཡོངས་ཀྱི་དཔུང་གཉེན་དུ་ནམ་ཡང་མི་འདའ་བར་གསོལ་བརྩེ་གཅིག་ཏུ་འདེབས། ལྷ་སྲས་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་ནི། དམ་པ་དེ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་མེ་[page 168] འབྲུག་ལོ་ཟླ་བ་བཅུ་གཉིས་པའི་ཚེས་ལྔ་ལ་སྐུའི་པདྨ་གསར་དུ་བཞུད། མཆོག་སྤྲུལ་ཨ་རིག་ནས་བླ་མ་ལུང་རྟོགས་སྤྲུལ་སྐུ་ས་རྡོ་རིན་པོ་ཆེའི་ཡང་སྲིད་དུ་ ངོས་བཟུང་ཏེ་མཚན་ཚུལ་ཁྲིམས་བློ་གྲོས་གསོལ། གྲུབ་དབང་པདྨ་ནོར་བུས་བསྟན་འགྲོར་སྨན་པའི་ཐུགས་སྨན་དང་བཅས་བཤད་སྒྲུབ་བསྟན་འཛིན་གསོལ། ཡབ་རྗེའི་ མདུན་རིན་ཆེན་གཏེར་མཛོད་ལན་གསུམ་དང་ཡ་བཞི་སོགས་སྨིན་གྲོལ་ཞུས། དགུང་གྲངས་བཅུ་པའི་དུས་བྲག་ངོས་སུ་ཞབས་རྗེས་བཅུ་དགུ་ཙམ་དོད་པ་ད་ལྟ་མཐོང་ཆོས་སུ་གྱུར། མཁན་ཨ་ཆུང་ཁྱུང་མདུན་རབ་ཏུ་བྱུང་། ཁྱད་པར་དུ་རིགས་བརྒྱའི་ཁྱབ་བདག་མཁན་ མུན་སེལ་མདུན་མ་ཡུམ་དང་བཅས་ཞབས་པད་གཙུག་ཏུ་བརྟེན་ཏེ་ཀློང་ཆེན་སྙིང་ཐིག་སྔོན་དངོས་ལྷག་ལུས་མེད་པར་སྩལ་ཏེ་ཐུན་མིན་གྱི་བླ་མར་བཟུང་། ཆུ་སྤྲེལ་ལོར་ཞིང་སྤྲུལ་ཕྲིན་ ལས་མགོན་པོ་བདག་རྐྱེན་ལས་ཀཿཐོག་ཏུ་བླ་སྤྲུལ་བཞི་སྟོང་ཙམ་གྱི་དབུས་སུ་ཆོས་ཀྱི་ཁྲི་འཕང་འཁོར་ལོའི་རེ་ཁས་མཚན་པར་རྒྱལ་དབང་པདྨ་འོད་འབར་གྱི་སྐུར་བསྐྱེད་ཏེ་མངའ་གསོལ། ཀཿཐོག་པའི་མཁན་ཆེན་འཇམ་དབྱངས་མདུན་དུ་རྙིང་རྒྱུད། ཡ་བཞི། བཀའ་མ་སོགས་སྨིན་གྲོལ་དུ་མ་མནོས་པ་དང་། རྩིས་དག་ཡིག་སོགས་ཐུན་མོང་དང་ཐུན་མིན་གྱི་ སློབ་གཉེར་ལའང་བརྩོན་བཞིན་པ་སྟེ་ཤེས་རབ་གསུམ་གྱི་འབྲས་བུ་སྨིན་བཞིན་པའོ།། སླད་ ཀྱང་སྐུ་ཚེ་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་ཤིང་འཁོར་ལོ་གསུམ་གྱི་ཕྲིན་ལས་འཛམ་གླིང་ཐ་གྲུ་ཀུན་ཏུ་ཁྱབ་ཅིང་སྤེལ་བར་གསོལ་བ་འདེབས་པ་ལགས། མཁན་ཆེན་ངག་ དབང་དང་སྤྲུལ་སྐུ་རྡོ་རྗེ་ཆོས་སྐྱོང་གཉིས་ཀྱིས་རྟེན་བཞེངས་མཛད་ཚུལ་ནི། ལྷ་ཁང་གཉིས། སྐུ་འདྲ་ལི་མ། གཏེར་མ། གསེར་སྐུ་བཅས་ལྔ་བརྒྱ། གསུང་རྟེན་བཀའ་འགྱུར་ཆ་གསུམ། ཐུགས་རྟེན་གསེར་དངུལ་གྱིས་མཆོད་རྟེན་ཁྲུ་གང་བ་བརྒྱད། མཁན་ཆེན་ངག་གི་དབང་པོའི་སྐུ་གདུང་གསེར་དངུལ་བཀྲ་མ་ཁང་རྩེགས་ཅན་བུམ་སྒོ་ལ་གཟི་སྟག་ལོག་བརྒྱ། གཟི་ཆུ་མིག་གཉིས་པ་དང་དྲུག་པ། གསུམ་པ་བཅས་བརྒྱ། བྱུ་རུ་བརྒྱ་དང་། བང་རིམ་ལ་གཡུ་བྱུ་རུ་ས་ལེ་སྦྲམ་བཅས་ཡོད་པས་མཆོད་རྟེན་དེ་ལ་འཛམ་གླིང་གཡས་བཞག་ཟེར། ཐང་ཀ་བརྒྱ་དང་ལྔ་བཅུ་རྒྱ་གླིང་གསེར་དངུལ་ཆ་གསུམ། འཇའ་ཚོན་གཏེར་མ་སིལ་སྙན་ཆ་གཅིག་རོལ་མོ་ཧོར་མི་རྒན་ཐོད་པ་དང་དཀར་མོ་ལུག་བརྒྱ་རིན་ཟེར་བའི་རོལ་མོ་གཙོས་རོལ་མོ་དྲུག་ཅུ། འཆམ་གོས། ཨོ་རོ་སོག། རྒྱ་སེར། ནོར་ཆབས་རྒྱན་དྲུག་བཅས་ནས་གྲུབ་པ་བརྒྱ་དང་བཅོ་ལྔ། འབག་མགོ་བརྒྱ་དང་བཅུ་གཅིག རྔ་སུམ་ཅུ། རྐང་དུང་ཆ་གསུམ། རག་དུང་ཆ་གསུམ། སྨན་འཇིམ་གྱི་སྟོན་པ་དང་གུ་རུ། ཚེ་དཔག་མེད། འཇམ་དབྱངས། ཀློང་ཆེན་རབ་འབྱམས་བཅས་བཞེངས་ཡོད། བཤད་གྲྭ་ནང་མཁན་པོ་གཉིས། ཨ་འཕྲིན། ཨ་ཡིག གྲྭ་བ་ཉེར་ལྔ་བཞུགས། སྤྲུལ་སྐུ་གསུམ་བླ་གྲྭ་ཆོས་ཞུ་བཅས་བརྒྱ་དང་ལྔ་བཅུ་ཡོད། སྒྲུབ་མཆོག་ནི། བོད་ཟླ་བཞི་པའི་ནང་ཚེས་བཅུ་ཉིན་ལྔ་ལ་བླ་མ་གསང་འདུས་དང་རོལ་མཚོ་གསུང་དགོས་པ་རེད། འཆམ་ནི། དུར་ཁྲོད་དང་གསེར་སྐྱེམ་འཚམས་གཅོད། བྱིན་འབེབས། ཚོགས་ལེ། གཏུམ་རྔམ། གིང་ཆེན་བཅུ་དྲུག་དཔའ་བོ། དབའ་མོ། བཀའ་དྲིན་ཅན་མ། གུ་རུ་མཚན་བརྒྱད་བཅས་ཉིན་གཉིས། བོད་ཟླ་ལྔ་པ་ནས་བཀའ་བརྒྱད་བདེ་[page 169] གཤེགས་འདུས་པའི་སྨན་སྒྲུབ་ཉིན་བཅུ་གཅིག མཁན་ཆེན་འདས་མཆོད་ཚོགས་གཉིས་ཤིང་རྟ་གསུངས་ནས་ཉིན་གཉིས། བོད་ཟླ་བཅུ་གཉིས་པར། བཀའ་བརྒྱད་ཁྲོ་རོལ་ཉིན་ལྔ་བཅས་ལོ་གཅིག་ནང་སྒྲུབ་མཆོད་དེ་རྣམས་ཡོད། 1958ལོའི་དུས་འགྱུར་ སྐབས་བཤད་སྒྲུབ་རྟེན་གསུམ་ལྷ་ཁང་དང་གྲྭ་ཁང་རྣམས་དང་བཅས་གྱང་རལ་དུ་གྱུར། 1982ལོར་ཆོས་སྒོ་ཕྱེ་ཆོག་པ་ནས་བཟུང་བླ་གྲྭ་མི་དམངས་དད་ལྡན་པ་རྣམས་ནས་སེམས་ དགའ་སྤྲོའི་ངང་དགོན་པ་ཉམས་གསོ་བྱས་ནས་ལྷ་ཁང་ལེགས་འགྲུབ་དང་། སྔོན་ཆད་ལུང་རྟོགས་བསྟན་པའི་ཉི་མའི་སྟོན་པའི་སྐུ་ལི་མ་བཅས་ཁྱོན་སྐུ་དགུ་བཅུ། སྨན་འཇིམ་ ལས་བཞེངས་པའི་སྟོན་པ་དང་གུ་རུ། ཚེ་དཔག་མེད་བཅས་ཀྱི་སྐུ་བརྙན། ཐང་ཀ་གསར་རྙིང་མེད་པ་བརྒྱ། བཀའ་འགྱུར་ཆ་གཉིས། བསྟན་འགྱུར་ཆ་གཉིས། བཀའ་མ་ཆ་གཅིག གཏེར་མཛོད་ཆ་གཅིག རྙིང་མ་རྒྱུད་འབུམ་ཆ་གཅིགགསུང་ཆོས་པར་ལྡེབ་ཆིག་སྟོང་བརྒྱད་བརྒྱ། རོལ་མོ་འཇའ་ཚོན་གཏེར། ཧོར་མི་རྒན་ཐོད་པ་བཅས་གསར་རྙིང་ཉི་ཤུ། རྒྱ་གླིང་གསར་རྙིང་ཆ་གསུམ། རག་དུང་ཆ་གསུམ། འབག་མགོ་དྲུག་ཅུ་རེ་དྲུག་མཆམ་གོས་དྲུག་ཅུ་རེ་གསུམ། རྔ་བཅོ་ལྔ། རྐང་དུང་ཆ་གཉིས་ལྷ་ཁང་དང་གྲྭ་ཁང་བཅས་ཞེ་ལྔ། སྤྲུལ་སྐུ་གཉིས་བླ་གྲྭ་བཅས་ཞེ་བདུན། དགོན་པའི་ལྷ་སྡེ་དུད་གྲངས་དགུ་ཅུ་ཡོད། ལྷ་ཁང་ཆེ་བ་ཉམས་གསོ་བྱེད་དུས་སྒོར་ཁྲི་བཅུ་བདུན་སོང་། སྒྲུབ་མཆོད་སྔོན་ལྟར་འཚོགས་བཞིན་མཆིས། སྤྱི་པ་དུད་ཁག་གཉིས་ལ་སྒོར་སྟོང་ཕྲག་གཅིག་དང་བདུན་བརྒྱ་སྤྲད་དེ་ལོ་གཉིས་རེ་འགན་ཁུར་བའི་སྲོལ་བཙུགས་ཤིང་། བཤད་གྲྭ་ལྷ་ཁང་ཉི་ཤུ་ལས་བཞིན་པའོ།།

1994ལོར་ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་ལ་མཆོག་སྤྲུལ་སངས་རྒྱས་ཚེ་རིང་གིས་ཕྱག་བྲིས་གནང་བ་ལ་གཞི་བྱས་མཁན་བསོད་ནམས་བསྟན་པ་དང་བྱ་ཚེ་རིང་ཟུང་གིས་གུས་པས་ བསྒྲིགས་པ་དགེའོ།།

སྒོམ་ཕུག་དགོན་གྱི་ལོ་རྒྱུས།

ཀཿཐོག་པའི་བླ་རབས་བཅུ་གསུམ་གྱི་ཐ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱི་སློབ་མ་དཔལ་འབར་བ་ནམ་མཁའ་རྒྱལ་མཚན་གྱི་དངོས་སློབ་ཉག་ཨ་གཟི་ཟེར་བའི་སར་སྐུ་འཁྲུངས་པ་ཨ་གཟི་བསོད་ནམས་འབུམ་པས། རབ་བྱུང་བརྒྱད་པའི་མཇུག་ཙམ་ན་གནས་འདིར་ཞབས་ཀྱིས་བཅགས་ཏེ་སྒྲུབ་པ་ལོ་མང་བཞུགས་པས་གོ་ཆེན་ཟེར་བའི་ས་དེར་སྒྲུབ་ཕུག་དང་། གང་ཟག་གི་མིང་གནས་ལ་ཐོག་སྟེ། ད་ལྟ་གོ་ཆེན་བསོད་ནམས་འབུམ་ཞེས་ཟེར་སྲོལ་ཡོད། དེའི་གནས་རྒྱབ་ཏུ་བསོད་ནམས་འབུམ་པའི་སློབ་མ་ལྔ་ཚོ་ཀུན་དགའ་འབུམ་གྱི་སྒྲུབ་ཕུག་དང་། རྡོ་ངོས་ལ་རྫུ་འཕྲུལ་གྱིས་ཕྱག་བྲིས་མ་ཎི་འབྲུ་རུག་ད་ལྟ་མཇལ་རྒྱུ་ཡོད། འབུམ་པ་དེ་གཉིས་ཀྱི་སྐབས་ནས། ཀཿཐོག་པའི་སློབ་བརྒྱུད། མགོ་ཡོད་ཐོགས་བཟུང་བླ་མ་དང་། འབོར་རྔ་ཆིབས་བླ་མ་སོགས་བྱ་བྲལ་གྲུབ་ཐོབ་མང་པོའི་སྒྲུབ་གནས་ཡིན་པས་སྒོམ་ཕུག་ཞེས་མིང་དུ་གྲགས། [page 170] ཕྱིས་རབ་བྱུང་བཅུ་གསུམ་པའི་ས་ཡོས་ལོར་སྒྲུབ་སྡེ་དངོས་སུ་བཙུགས་ནས་བཤད་པ་དང་སྒྲུབ་པའི་སྡེ་འདི་ཐོག་མར་སྐྲུན་མཁན་རྨོག་གྲུབ་ནམ་མཁའ་ཆོས་དབང་ནི་མེ་ཁྱུང་སྦྲའི་རིགས་ལས་བྱུང་བ། ས་ངན་རོ་ཁྲེ་ཤོ་ཚ་ཨ་འབུམ་ཟེར་བའི་མི་བརྒྱུད། འབྲི་ཆུ་ཁ་གྱད་སུམ་དུ་ཕ་བསོད་ནམས་བཀྲ་ཤིས་དང་། མ་ཨ་རྒ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་བྱ་ལོར་སྐུ་བལྟམས། ཀཿཐོག་པའི་སྙན་བརྒྱུད་གདམས་པས་གྲུབ་པ་བརྙེས་པའི་གྲུབ་ཐོབ་རྨོག་རབས་བཅུ་གསུམ་གྱི་མཐའ་མ་ཨོ་རྒྱན་བསམ་འཕེལ་དང་། གནམ་ཆོས་མི་འགྱུར་རྡོ་རྗེ་ཟུང་གི་སྐུ་སྐྱེར་ངོས་འཛིན་ནས། ཀཿཐོག་ཏུ་དབོན་ཚེ་དབང་འཕྲིན་ལས་ཀྱིས་གདན་དྲངས་ཏེ་མངའ་གསོལ་ཁྲི་འདོན་མཛད། དེར་གཏེར་ཆེན་ཀློང་གསལ་སྙིག་པོའི་དབོན་པོ་རྣམས་དང་། ཤོ་ཕོ་བླ་མ་ཀུན་བཟང་རིན་ཆེན། དྲུང་ནམ་མཁའ་རྒྱ་ མཚོ། བྲག་དམར་ཀུན་བཟང་རྣམ་རྒྱལ་སོགས་སྐྱེས་ཆེན་མང་པོའི་ཞབས་ལ་བསྟེན། བཀའ་གཏེར་གྱི་སྨིན་གྲོལ་མང་པོའི་གསན་སྦྱང་དང་ཉམས་བཞེས་མཛད། གྲུབ་པའི་གོ་འཕང་མཐོན་པོར་གཤེགས། དགུང་ལོ་ཞེ་གསུམ་པ་རབ་འདོད་ས་ཡོས་ལོར་ཙམ་མདོ་སྒོམ་ཕུག་ཏུ་ཕེབས་ནས་མཁའ་འགྲོ་དགོངས་འདུས་གཏེར་ནས་དྲངས། དགོན་པའི་གཙུག་ལག་ཁང་གི་རྨང་གཞི་ཐོག་མར་བཞག་ནས་འདུ་ཁང་གསར་བཞེངས་དང་། ནང་དུ་རྟེན་གཙོ་མདོ་སྔགས་གཉིས་ཀྱི་སྐུ་ཐོག་ཚད་རེ་དང་། གཏེར་མ་ལི་མ་ཟངས་གསེར་སྨན་འདམ་བཅས་ཀྱི་སྐུ་འདྲ་བརྒྱ་ལྷག་བཞེངས། གསུང་རྟེན་བཀའ་འགྱུར་ཆེན་མོ་སོགས་པོད་སུམ་ བརྒྱ་ཙམ་དང་། དགོན་པའི་ཕྱོགས་སོ་སོར་མ་ཎི་ཚར་ལྔ་ཙམ་ཕྱག་བྲིས་མཛད། གནས་དེར་རྩ་རླུང་འཕྲུལ་འཁོར་མཛད་ཚེ་སྐུ་རྗེས་དང་། ཕྱག་ཞབས་རྗེས་སོགས་ས་ འཇིམ་ལ་རྫི་བ་ལྟ་བུའི་མངོན་གསལ་དོད་པོ་ད་ལྟའང་མཇལ་རྒྱུ་ཡོད། དགོན་པ་འདིར་གཙོ་ཆེར་ཀཿཐོག་པའི་བླ་མ་རིམ་བྱོན་སྤྱི་དང་། ཁྱད་པར་རྨོག་སྤྲུལ་སྐུ་ཕྲེང་རྣམས་ཀྱིས་ དགིན་བདག་མཛད་པ་ལས། ཕྱིས་རྨོག་རྩ་འཇིགས་བྲལ་ཕྱོགས་ཀྱི་གླང་པོ་དང་། སྲས་ཀུན་བཟང་གཉིས་ཀ་དགོན་འདིར་ཡུན་རིང་བཞུགས། དགོན་གྱི་བླ་མ་ཆོས་འཛིན་དབང་ཕྱུག་ཞུ་བ་དང་། ཀཿཐོག་པའི་མཁན་རབས་ནང་བཞུགས་པའི་རྡོ་རྗེ་བླ་མ་སོགས་ཀྱིས་ཀྱང་

མཐུན་རྐྱེན་ཞབས་འདེགས་ཞུས་པ་ལས། སྔོན་དུས་བླ་སེར་ལྔ་བཅུ་ཁ་ལྷག་རེ་བཞུགས་པ་དེ་རྣམས་ཀྱིས་རྨོག་གྲུབ་བཀའ་བརྒྱད་དང་། མཁའ་འགྲོ་དགོངས་འདུས། ཀར་གླིང་ཞི་ཁྲོ་མ་ཎི་དུང་སྒྲུབ་སོགས་དང་། ཚེས་བཅུའི་དུས་མཆོད་དང་ལོ་འཇུག་དགུ་གཏོར་སོགས་དགོན་པ་གཞན་རྣམས་ཀྱི་སྲོལ་རྒྱུན་སྟར་བཞུགས། གཞན་ཡང་དགོན་འདིར། ཀཿཐོག་ པ་དྲི་མེད་ཞིང་སྐྱོང་གི་སྐུ་གསོ་གོང་འོག་ཛཿསྤྲུལ་ཀུན་བཟང་རྣམ་རྒྱལ། སི་ཏུ་ཆོས་ཀྱི་རྒྱ་མཚོ། གྲེཏ་ཆེན་དྲི་མེད་འོད་ཟེར་ཡབ་སྲས། ཀུན་མཁྱེན་ངག་གི་དབང་པོ། རྫ་ དཀོན་མཆོག་བླ་མ་སོགས་སྐྱེས་ཆེན་མང་པོས་ཞབས་ཀྱིས་བཅག སྐྱེས་ཆེན་དེ་རྣམས་ཀྱིས་

རཏྣ་གླིང་དང་། གནམ་ཆོས། བདུད་འདུལ། ཀློང་གསལ། ཀར་གླིང་ཞི་ཁྲོ། མཁའ་ཁྱབ་རང་གྲོལ་རྣམས་ཀྱིས་སྨིན་གྲོལ་གྱི་མཛད་སྒོ་མང་པོ་སྤེལ་བ་ལས་མདོ་སྔགས་སྙིང་པོའི་བསྟན་པ་ལུང་རྟོགས་གཉིས་ལྡན་དུ་བཞུགས་པ་དང་། དུས་འགྱུར་ཆེན་པོའི་རྗེས་ རྨོག་སྤྲུལ་རིན་པོ་ཆེ་འཇིགས་བྲལ་[page 171] ཕྱོགས་ལས་རྣམ་རྒྱལ་གྱི་བཀའ་དྲིན་དང་། མཁས་བཙུན་སྒྲུབ་པའི་རྣལ་འབྱོར་པ་བླ་མ་དཔལ་ལྡན་སོགས་ཀྱི་ཐུགས་བསྐྱེད་དང་ཆོས་དད་མང་ཚོགས་བཅས་ཀྱི་བཀའ་དྲིན་ལས། འདུ་ཁང་སྔར་མུས་ལྟར་གསར་བཞེངས་དང་། མདོ་སྔགས་གཉིས་ཀྱི་སྐུ་དང་། རྨོག་གྲུབ་འདྲ་ཞལ། མགོན་ཁང་ཇ་ཁང་། དུང་འཁོར་ཁང་བཅས་གྲུབ་པ་དང་། བླ་གྲྭ་ཇོ་སེརབཞི་བཅུ་ཁ་ལྷག་གིས་རྨོག་གྲུབ་བཀའ་བརྒྱད་དང་། མཁའ་འགྲོ་དགོངས་འདུས་ཀྱི་སྒྲུབ་ཆེན། ཀར་གླིང་ཞི་ཁྲོ་དང་སྨྱུང་གནས། ཡུལ་དགོན་ཀུན་ནས་མ་ཎི་དྲུང་སྒྲུབ་ཅས་ཀྱི་སྒོ་ནས་སྔར་སྲོལ་ཉམས་གསོ་བྱེད་བཞིན་པ་ལགས། ཞེས་པའང་ཀཿཐོག་མཁན་པོ་འཇམ་དབྱངས་ཀྱི་རྩོམ་གཞི་སྟར་བྱ་ཚེ་ རིང་གིས་བསྒྲིགས།

ཉིན་དགོན་དགོན་གྱི་ལོ་རྒྱུས།

དགོན་འདི་འདེབས་པ་པོ་གསང་བདག་ཆོས་སྐྱོང་མགོན་པོ་དང་བྱང་ཆུབ་ཆོས་ཀྱི་སེང་གེའི་འཁྲུངས་ཡུལ་རིགས་རུས་གང་ཞེ་ན། གསང་བདག་ངྷརྨ་ནཱ་ཐ་ནི་ལོ་ཆེན་བཻ་རོ་ཙཱ་ནའི་ཐུགས་སྤྲུལ། པདྨ་བདེ་ཆེན་གླིང་པའི་གདུང་རབས་གསུམ་པ་ལས་བལྟམས་པའི་འཁྲུངས་ཡུལ་རྡོ་དགོན་གླིང་ཞོལ། ཧུ་ལུང་རྩི་བླ་ཞེས་པའི་བུ་མོ་ཌཀྐིའི་མཚན་རྟགས་ངོ་མཚར་ཅན་དང་། ཡབ་རིག་འཛིན་འཇམ་དཔལ་ཞེས་པའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ནང་ཚན་ལྕགས་མོ་ལུག་ལོར་ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་དང་བཅས་ཏེ་བལྟམས། གདན་ས་གང་ཞེ་ན། འཇང་ཆུའི་རྒྱུད་དུ་བཙན་རི་རྡོ་རྗེ་བྲག་ཨོ་རྒྱན་མཁ༏་སྤྱོད་གླིང་དང་། སྟག་གསལ་ལྗོངས་ངོགས་ཉིན་དགོན་ཐུབ་བསྟན་བྱང་ཆུབ་གླིང་ཕན་ཚུན་གཉིས་ཀྱི་བསྐྱེད་ རྫོགས་ལ་རང་བྱན་ཆུད་ཅིང་སྣང་སྲིད་དག་པ་རབ་འབྱམས་ལས་ཆོས་སྐྱོང་བྲན་ལྟར་འཁོར་བས། ས་སྐྱོང་སྡེ་དགེ་མདོ་སྨད་མངའ་ཁུལ་བྲག་གནས་ཡན་ཆད་སྐུ་རིམ་སྒྲུབ་པའི་ཞབས་འདེགས་ཕེབས་སྐབས། དྲེའུ་ཞིག་གཅན་གཟན་སྟག་གིས་ཟོས་སོང་བས་ཕྱིར་ནངས་མོར་དྲེའུའི་རོ་སྟེང་དུ་གཅན་ཟན་ཤི་བའི་ལྤགས་པ་བཤུས། སྡེ་དགེ་རྒྱལ་པོ་ཧ་ལས་པ་ལྟར་ མཛད་ནས་མངའ་གསོལ་གཟེངས་བསྟོད་དུ་སྒ་རྗེ་ཞེ་སྨད་ཞེ་ས་ནས་ས་ཞིང་རྒྱ་ཆེར་གནང་སྦྱིན་མཛད་ནས་སྒྲུབ་རྟེན་དང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་ཆ་རྐྱེན་འབོགས་པ་སོགས་རྒྱ་ཆེ། དེ་འཕྲོས་བོ་རྡི་རིན་པོ་ཆེའི་མཛད་རྣམས་མདོར་བསྡུས་ནི་སྐུ་ན་ཕྲ་བའི་གོང་ནས་འབྲི་ཀློག་སོགས་དཀའ་ཚེགས་མེད་པར་མཁྱེན་ཅིང་། རྒྱལ་རོང་ནས་བྱོན་པ། ཀཿཐོག་མ་ཧཱ་པཎྚི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཞབས་ཀྱི་དངོས་སློབ་ལས་སྲས་ཀྱི་ཐུ་བོར་གྱུར། གནས་འགོ་བ་བདེ་ཆེན་རྒྱ་མཚོའི་ཞབས་པད་བསྙེན་ཅིང་ཐོས་བསམ་མཛད། དགུང་གྲངས་བཅོ་བརྒྱད་ཐོག་སྟག་ཤམ་འོད་དཔག་མེད་བསྙེན་སྒྲུབ་མཛད་ནས་སྟན་ཐོག་གཅིག་ཏུ་བསྙེན་པ་དུང་ཕྱུར་གསུངས། སྟོད་གནས་སུ་[page 172] གནས་སྐོར་ཕེབས་པའི་ལམ་ཞོར་དུ་ངོ་མཚར་བའི་གུབ་རྟགས། སྐལ་ལྡན་སློབ་བུའི་ཞུས་ལེན་དྲུག་གསུམ་བཅོ་བརྒྱད་ཀྱི་གདམས་ངག་སོགས་དང་། གདན་སར་ཕེབས་ནས་འཇམ་མགོན་བློ་གྲོས་མཐའ་ཡས་མདུན་སར་བྱོན་པས་རིན་པོ་ཆེ་གང་གི་བཀའ་འབུམ་མཛོད་ཆེན་ལྔ་དང་། གཞུང་ལུགས་གི་གསན་བསམ་རྒྱ་ཆེར་མཛད་ནས་འཁོར་གྱི་ཐོག་མར་བཞུགས་པའོ། བཙམས་པའི་བསྟན་བཅོས་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་སོགས། ཐར་ལམ་ཡོངས་རྫོགས་ཀྱི་བླ་སྒྲུབ་ཁྲིད་ཡིག་བྱང་ཆུབ་ལམབཟང་། བྱམས་ཆོས་ སྡེ་ལྔའེ་སྤྱི་དོན་ཐོགས་མེད་དགོངས་རྒྱན་བཤད་བྱའི་ཡན་ལག་བཅས་དང་། སྟག་ཤམ་ཡི་དམ་དུས་དང་བྱང་གཏེར་གཙོ་བོར་གྱུར་བའི་རྩ་གསུམ་སྦྱི་དང་བྱེ་བྲག་གི་བསྙེན་ཡིག་ཆོག། སྒྲིག། ཚོགས་འདོན་ཆོས་སྦྱོད་སྐོར་ཉམས་མགུར་ལེ་ཚན་སོགས་རྒྱ་ཆེ། དགོངས་གཏེར་ར། དཔལ་ལྡན་ལྷ་མོ་མེ་རླུང་འཁྱིལ་པ། མགོན་དཀར་དུ་བདག་ཡབ་ཡུམ། བཙན་རྒོད་རི་བཀྲ་རྡོ་རྫེ་འབར་བ་སོགས་ཀྱིས་མ་ཡི་བུ་ལལྟར་སྐྱོང་བ་དང་། སྲིང་ལྟར་ཉེ་བ། མཛའ་ལྟར་བརྟེན་པ་བྲན་ལྟར་འཁོར་བ་ལ་བརྟེན་པའི་གསོལ་མཆོད་རྟེན་སྒྲུབ་ཕྲིན་བཅོལ་སོགས་མདོར་ན་སྐུ་ཚེ་རིང་པོར་རྟེན་བཞེངས། བསྙེན་སྒྲུབ། སྤོབས་པའི་གཏེར་བརྒྱད་གྲོལ་བས་ལུང་དང་རྟོགས་པའི་ཆོས་མཛོད་གང་ལའང་། མངའ་དབང་འབྱོར་བཞིན་པའི་ཕ༹ྲིན་ལས་ཐོགས་པ་མེད་པར་རྩལ་ཞིང་། བར་ཁྲོད་སྨིན་གྲོལ་གླིང་དུ་མཚམས་གྲྭ། ལོ་ལྟར་དབྱར་དགུན་རྒྱལ་བའི་དུས་ཆེན་སྤྱི་བྱེར་གང་ལའང་ཚེས་དུས་སྒྲུབ་མཆོས་གཏོར་ཟློག་སོགས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཐུགས་བཞེད་རླབས་པོ་ཆེས་དུས་འདའ་བར་མཛད་ནས་གདུལ་བྱ་དུས་ལས་ཡོལ་ཉེ་ལ་ཁད་པརསྐུ་ལུས་མ་སྤང་པར་མཁའ་སྤྱོད་དུ་གཤེགས་བཛད་པ་ན། སྐུ་དབོན་ཚེ་རི་རྡོ་རྗེས་ཞབས་ལ་འཇུས་ནས་སྨྲེ་ངག་གིས་གདུང་ཡུལ་གྱིས་བཤོལ་བཏབ་པས། སྐུ་གདུང་ཕ༹ྱག་མཆོད་ཀྱི་རྟེན་དུ་བཞག་པ་ཙམ་མོ། དེ་ཡང་སྐུ་ཕྲེང་གདན་རབས་གོ་མ་རྣམས་ཀྱི་འཁྲུངས་ལོ་སོགས་ནི་སྔར་ཡོད་ཆོས་འབྱུང་གི་དཔེ་ཆ་མི་སྲུན་གདུག་པའི་ཉེར་འཚེས་ཞིག་རལ་འཐོར་རླག་སོང་བས་ཇི་བཞིན་མ་ངེས་ཀྱང་རབེ་བྱུང་བདུན་པའི་ས་མོ་ཡོས་ལོ་ནས་པདྨ་ཇོ་ལྡིང་འཁྲུངས་པ་ནས་བཙམས། རབ་བྱུང་བཅུ་དྲུག་པའི་ལྕག་ཕོ་སྟག་གི་ལོ་ཤར་བའི་བར་རིམ་པར་བྱོན་ནས་བརྒྱུད་པ་ཟམ་མ་ཆད་པ་ལགས་སོ། འཁྱུངས་ཡུལ་གཙོ་བོ་རེ་ཁེ་ཉིན་སྲིབ་དང་ཁྱད་པར་སྟག་གསར་ལྗོངས་ནི་ད་ལྟ་སི་ཁྲོན་ཞིང་ཆེན་དུ་གཏོགས་པ་དང་། རེ་ཁེ་ཉིན་རིར་བལྟགས་པ་རྣམས་ནི། ད་ལྟ་བོད་རང་ལྗོངས་ཀྱི་ཁོངས་སུ་གཏོགས་པའོ། བླ་མ་དེ་དག་གི་ཕྱག་རྗེས་རྟེན་གསུམ་ཇི་ལྟར་རྟེན་གསུམ་ཇི་ལྟར་ཞེ་ན། རྒྱ་གར་འཕགས་པའི་ཡུལ་ནས་སྤྱན་དྲངས་པ་རིགས་ལྔའི་སྐུ་སོགས་བྲག་གནས་སུ་བཞུགས། ཕྱིས་སློབ་དཔོན་བྱོན་གསང་ཡེ། རྒྱ་ནག་གིས་[page 173] ཕུལ་བའི་དྲིལ་བུ་བཀྲ་ཤིས་གསེས་འགོ ལྟ་འདྲེ་མི་མ་ཡིན་གྱིས་ཕུལ་ནས་བྲིས་འབུམ་ཆ་བཀྲ་ཤིས་གསེར་འགོ་མ་དང་། གསེར་ཚག་མ་སོགས་གཙོ་བོར་གྱུར་པ། མཆོད་ཆ། རོལ་ཆ། གར་ཆ། གསུང་རྟེན་བཀའ། བསྟན་འགྱུར་དང་མཛོད་ཆེན་ལྔ། བླ་མ་དགོངས་འདུས། ཡི་དམ་དགོངས་འདུས། བཀའ་བརྒྱད་རྣམས་གསུམ། བདེ་གླིང་ཆོས་སྐོར། ཀུན་མཁྱེན་ཡབ་སྲས་བཀའ་འབུམ། སྟག་བླའི་གདན་རབས་བཀའ་འབུམ། སྐུ་གདུང་ཆ་བརྒྱད་གཙོ་བོར་གྱུར་བའི་ཐུགས་རྟེན་རིགས། བ་ཟེལ་པད་མ་དབང་རྒྱལ་གྱི་ཕྱག་བྲིས་གཙོ་བོར་གྱུར་པའི་སྐུ་ཐང་གྲངས་མང་། གཞན་ཡོན་ཏན་དང་ཕྱིན་ལས་མི་ཟིན་པ་རྒྱན་གྱི་འཁོར་ལོའི་སྣང་ཆ་བྱིན་རླབས་ཅན་མང་དུ་ཡོད་ཀྱང་ཀླ་ཀློའི་ཉེར་ཚེས་རྡུལ་ཕྲན་དུ་དེངས་སོང་ངོ་། སྔར་བླ་མ་དེ་དག་ཕལ་ཆེར་བྱ་བྲལ་ཁོ་ན་གཅོ་བོར་མཛད་པས་ཆོས་གཞིས་ལྷ་སྡེ་སོགས་ལ་ཆེར་མམ་བརྟེན་མོད། འོད་ཀྱང་ཆོས་ཐེབས་ཞིངཁལ་ལྷག་ཙམ་ཡོད་ཟེར། གོང་མ་དེ་དག་གི་ནང་ནས་པདྨ་ཏི་དང་། པདྨ་བློ་ལྡན། ཚེ་དབང་ནོར་བུ་རྣམས་ཀྱི་དགོངས་གཏེར། དག་སྣང་། མདོ་རྒྱུད་གཞུང་ལུགས་ཀྱི་བསྟན་བཙོས། ཉང་གཏེར་བཀའ་བརྒྱད། བླ་མ་དགོངས་འདུས། ཀར་གླིང་ཞི་ཁྲོ་རྣམས་ཀྱི་ཁ་སྐོང་། ཆོག་སྒྲིག་སོགས་མང་དུ་བཞུགས་ཀྱང་། ཕལ་ཆེར་ལག་བྲིས་ཡིན་པ་འཐོར་ཞིག་ཏུ་གྱུར། ཚེ་ནོར་གཏེར་དང་། ལྗགས་བཙམས་རེ་ཟུང་གཏེར་མཛེད་དང་། སྡེ་དགེའི་ཕྱོགས། དཔལ་སྤུངས་དང་རྫོང་སར་སྟོད་ལྷུང་། ཀར་དགོན་དུ་ཅུང་ཙམ་རེ་ཡོད་ན་མ་གཏོགས་མཇལ་རྔོ་མི་ཐོག་པར་དེར་ཟད། གདན་འཛིན་པ་དག་གི་ཕྱག་རྟེན་གནའ་རྫས་ཡོངས་སུ་གྲགས་པ་མང་རབས་ཡོད་པར་གནའ་མི་རྣམས་ནས་གོ་ཐོས་ཡོད་པར་བཤད་ཀྱང་། ད་ལྟ་ནི་མིང་ཙམ་དུ་ལུས་སོ། རིམ་པར་བྱོན་པའི་བླ་མ་དེ་དག་བྲག་ཕུག་དུ་བཞུགས་པ་རྣམས་ནི་ཕལ་ཆེརཕུང་པོ་ལྷག་མེད་དུ་གཤེགས་པས་ལུགས་གཉིས་གང་ཐད་ཀྱི་རྒྱུ་རྫས་གང་ཡང་མེད། གདན་ས་འཛིན་པ་རྣམས་ཀྱང་ཡུན་རིང་སོང་གཤིས་ཤུལ་རྗེས་འགལ་ཡང་དབེན་ས་དངོས་བཞུགས་ཕན་ཚུན་དག་ཀྱང་བསྲེགས། ཆུར་བསྐྱུར། ཐོ་བས་བརྡུང་བ་སོགས་མདོར་ན་གང་མིན་གྱི་བྱ་བ་ཁོ་ནས་གཏོར། བཤིག་འཐོར། བརླག་སོང་ནས་མི་ལོ་བཅོ་བརྒྱད་འདས། སླར་རྒྱལ་ཁབ་ཀྱི་སྲིད་ཇུས་འགྱུར་ནས་སྔར་ཉམས་གསོ་བའི་ལུགས་སྲོལ་བྱུང་སྟེ། མི་ལོ་བཅུ་གཉིས་ལྷག་ཙམ་བྱུང་ཡང་བླ་སྤྲུལ་དཀོན། རྒྱུ་རྫས་ཧ་ཅང་ཉུང་གཤིས་ཉམས་གསོ་ཆེར་མ་གྲུབ་མོད། དེང་སྐབས་སྲིད་གཞུང་གི་གཟིགས་སྐྱོང་ལ་བརྟེན་ལྷ་ཁང་ཕན་ཚུན་ཁག་གཉིས་དང་སྐུ་གདུང་མཆོད་རྟེན་ཕན་ཚུན་ཟུང་བཅས་གྲུབ། བླ་མ་དེ་དག་ཐག་རིང་ཕྱོགས་གང་དུ་ཕེབས་པ་དང་། སྤྱི་ཚོགས་གི་འཕྲིན་ལས་ཇི་ལྟར་སྒྲུབ་ཞེ་ན། བླ་མ་མང་རབས་ཕལ་ཆེར་རྫ་བྲག་གི་ཕུག་པར་བཞུགས་པས་བྱ་བ་ཆེར་མ་མཛད། འོན་ཀྱང་དེ་ཡི་ནང་ནས། རྒྱལ་བ་བཀྲ་ཤིས་ལྷ་ལྡན་ཕྱོགས་ཕེབས་ནས་ཆོས་འཁོར་བསྐོར་བ་དང་། བསམ་ཡས་ལ་རབ་གནས་མཛད་པས་ངོ་མཚར་བའི་མཚན་རྟགས་མངོན་པ་དང་། པདྨ་བློ་གྲོས་ཕེབས་ནས་གོང་ས་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་དང་། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་དྷརྨ་ཤྲཱི། རྡོ་བྲག་ཞབས་དྲུང་རིན་པོ་ཆེ་པདྨ་འཕྲིན་ལས་[page 174] རྣམས་དང་ན་ན་སྨིན་གྲོལ་རྒྱ་ཆེར་གསན་རེས་མཇད་པའི་ལོ་རྒྱུས་ཡོད། ཚེ་དབང་ནོར་བུ་སྟོད་ཕྱོགས་སུ་ཕེབས་ནས་ལྷ་འདྲེས་མི་མ་ཡིན་པ་རྣམས་ཀྱིས་སུ་ཝརྞ་མི་ཁུར་བཙོ་བརྒྱད་ཕུལ་བས་བལ་ཡུལ་མཆོད་རྟེན་རྣམ་གསུམ་ཞིག་གསོ་མཛད། ཇོ་ཤཱཀ་རྟེན་ལ་གསེར་མདངས་ཕུལ། ཡོངས་གྲགས་ཀྱི་སློབ་འབངས་མང་པོ་བཅས་མང་ཡུལ་རི་བོ་དཔལ་འབར་དུ་བཞུག་ནས་ཉི་ཟེར་ཆིབས་ནས་གཤེགས་བཞུད་མཛད་པའོ། ལོ་རྒྱུས་ཐོག་གྱི་ཐོབ་ ཐང་དང་གོ་གནས་ཀྱི་ཐུགས་ཁུར་ཅི་ཡང་མ་མཛད་པས་བཏང་སྙོམས་ཁོ་ན་ཡིན་མོད། འོན་ཀྱང་རྒྱལ་དབང་ལྔ་བ་ཆེན་པོས། བཀའ་ཤོག་དང་། ཏོག་ཐམ་པདྨ་དབང་རྒྱལ་ལ་ གནང་བ་དེ་ཉིད་གསང་བདག་ཆོས་སྐྱོང་མགོན་པོས་ཡར་བསྣམས་ནས་ཉིན་དགོན་དུ་བཞག་པའང་འཐོར་ཞིག་ཏུ་སོང་། སྔོན་བྱོན་བླ་མ་འགའ་རེ་ལ་ཆོས་གྲུ་མང་རབས་རེ་དང་། ཕྱིས་ཆོས་སྐྱོང་མགོན་པོ་དང་། བྱང་ཆུབ་ཆོས་སེང་ཞལ་བཞུགས་རིང་དགེ་འདུན་བརྒྱ་ཕྲག་ཙམ་དང་། དེང་སྐབས་བརྒྱད་ཅུ་ལྷག་ཙམ་ཡོད། སྐུ་ཕྲེང་རིམ་བྱོན་གྱི་བཅའ་ཡིག་དོ་དམ་ཇི་ལྟར་ཞེ་ན། ཚོགས་གཏམ་རིན་པོ་ཆེའི་ཕྲེང་བ་ཞེས་བློ་གྲོས་ཞབས་ཀྱིས་མཛད་པ་བཅའ་ཡིག་ནོར་བུའི་ཐེམ་སྐས་རྡོ་རྗེའི་གད་མོ་ཞེས་བྱ་བ་བོངྷིངྷརྨ་སོགས་ནས་མཛད་པ་ སོགས་ངོ་མཚར་ཅན་ཡོད་རབས་ཐོས་ཀྱང་འཐོར་བརླགས་སོང་བས་མཇལ་རྔོ་མ་ཐོགས། གོང་མ་རྣམས་བྱོན་ནས་དུས་མང་པོ་སོང་གཤིས་དེང་སྐབས་ཀྱི་མི་རྣམས་ནི་གསར་བུ་བློ་རྨོངས་གཏི་རྒན་རྐང་བཞི་ཕྱུགས་དང་འདྲ་བ་ཁོ་ན་ལགས་བས་རིག་གནས་སོགས་བློ་གྲོས་ཕུར་ཁུང་རྡུག་པས་ཇི་བཞིན་སྨྲ་བར་རྔོ་མི་ཐོག་ལགས་སོ།།

དྲུང་ཡིག་དགོན་གྱི་ལོ་རྒྱུས།

ཆགས་སའི་ཡུལ་ནི་མདོ་ཁམས་བུ་འབོར་སྒང་འབའ་རོང་ཁོག་སྦས་ཡུལ་གནས་མཆོག་ཌཱཀྐིའི་འདུ་རྫོང་ཞེས་སློབ་དཔོན་པདྨ་འབྱུང་གནས་སྒྲུབ་སྡེ་བཀའ་བརྒྱད་ཆེ་མཆོག་དཔལ་ དགུའི་གནས་ཆ་ཚང་བ་ཏེ་དབུས་ན་ཆེ་མཆོག་གི་གནས་དང་། གནས་བདག་ཁྲི་ལྷ་གཡུ་རྩེའི་གཤམ་ལ་མཚོ་ཡི་རྫིང་བུ་བཞིས་བསྐོར་བ། གདན་ཁྲི་པདྨའི་ངོས་ལ་སྔོན་བྱོན་འཇའ་ ལུས་གྲུབ་པ་བརྒྱ་སྐོར་ཙམ་གྱི་བཞུགས་གནས་ཆུ་བོ་གསུམ་འབབ་གཡུང་དྲུང་གཡས་འཁྱིལ་གྱི་རྣམ་པའི་གཡས་དང་ཤར་གྱི་ཟུར་ལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གནས་དེའི་ལྟེ་བར་ཆགས་ཡོད། དགོན་པ་འདི་དང་པོ་ནས་ཆོས་ལུགས་སྔ་འགྱུར་རྙིང་མ་པ། ཐོག་མར་ཀཿདམ་པ་བདེ་གཤེགས་ཀྱི་སློབ་མ་གཙང་སྟོན་རྡོ་རྗེ་དཔལ་པའི་གདན་ལ་སྟེ་གཙང་ལུ་གུ་ དགོན་ཞེས་པ་དེ་དང་དྲུང་པ་བྱང་ཆུབ་ཀྱིས་བཏབ་པའི་ཡི་ཚི་ལྷ་ཁང་སུམ་མདོའི་དགོན་པ་དེ་གཉིས་དུས་སྐབས་ཞིག་ལ་གནས་སྤོས་ཏེ་ད་ལྟའི་གདན་ས་འདིར་ཆགས་སོ།།

འདིའི་གདན་རབས་རགས་རིམ་ནི། རྗེ་བློན་རྣམ་རྒྱལ་བཀྲིས་སྤྱི་ལོ་1600ཡར་མར་རྩམ་ལ་འཁྲུངས་པ་དེས་ཐོག་མར་གདན་ས་མཛད། དེ་རྗེས་དྲུང་ནམ་མཁའ་རྒྱ་མཚོ་སྡེ་ འདི་ཡན་ཆོས་བརྒྱུད་ཀཿཐོག་པ་[page 175] ཡིན། དེ་འོག་དཔལ་ཡུལ་བ་རྡེ་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་ལ་ཕུལ་བ་ནས་ད་བར་ཆོས་བརྒྱུད་དཔལ་ཡུལ་བ་ཡིན། སྐབས་དེའི་གདན་རབས་རོང་པོ་ཆོས་འགྲུབ་བླ་མ། དེ་ནས་རིམ་པར་ནང་སོ་གྲོ་སྦོབ་བླ་མ། ནང་སོ་ཡོན་ཏན་བླ་མ། མཁར་གསར་བླ་མ་ཆོས་གྲགས། ཀོ་ཀུན་བཟང་རྒྱ་མཚོ་བླ་མ། ཨ་འཛམ་རིག་འཛིན་ཆེན་པོ། ཁྲོམ་དགེ་གཟུངས་སྤྲུལ། དྲུང་སྤྲུལ་ཐེག་མཆོག་བསྟན་འཛིན། བླ་མ་བསོད་ནམས་ཆོས་འཕེལ། གྲུབ་ཐོབ་རྒྱལ་བ་བྱང་ཆུབ། སྤྲུལ་སྐུ་ཀུན་བཟང་བསྟན་འཛིན། སྤྲུལ་སྐུ་ཡ་རོང་རིག་འཛིན་གྱི་བར་བརྒྱུད། ད་ལྟ་སྤྲུལ་སྐུ་རྡོ་རྗེ་དཔལ་བཟང་ནས་འགན་བཞེས་བཞིན་པའོ།།

རྟེན་གསུམ་ཡོད་ཚུལ་རགས་རིམ། སྔོན་ཆད་འདུ་ཁང་ཆེན་པོ་གཅིག་དང་། ཉེ་ལོག་ཏུ་དེ་ལས་ཆུང་བའི་ལྷ་ཁང་གཅིག་གཟིམ་ཁང་། མགོན་ཁང་། དུང་འཁོར། ལྷ་ཁང་བཅས་ཡོད། ལྷ་ཁང་ཆེ་བའི་ནང་། ཇོ་བོ་ཡིད་བཞིན་ནོར་བུའི་འདག་སྐུ་ཆེན་པ་ཞིག་ལ་འཁོར་སངས་རྒྱས་རབས་བདུན། ཉེ་སྲས་བརྒྱད་གུ་རུ་རིན་པོ་ཆེའི་འདག་སྐུ་ཆེན་པོ་གཅིག མར་མི་དྭགས་གསུམ། ཕུར་བའི་ལྷ་སྐུ་བཅས་དེ་རྣམས་འདག་སྐུ་གསེར་བྱུག་པ། གསེར་བྲིས་ཐང་ཀ་རབ་ཚོ། གསུང་རྟེན་བཀའ་འགྱུར། ཆ་བཞི་བསྟན་འགྱུར་ཆ་གཅིག་མདོ་མང་གསེར་བྲིས། འབུམ་ཆ། མནམ་ཆོས་རཏྣའི་ཆོས་ཚན། ཡ་བཞི་མཛོད་བདུན་སོགས་བཞུགས། ཐུགས་རྟེན་སྐུ་གདུང་མཆོད་རྟེན་ཟངས་གསེར་ཅན་རིན་ཆེན་སྣ་ཚོགས་ཕྲ་ལྡན་གཅིག་དེའི་འཁོར་དུ་མཆོད་རྟེན་ཆ་བརྒྱད་ཟངས་གསེར་ཅན་བཅས། ལྷ་ཁང་ཆུང་བའི་ནང་ཙནྡ་དཀར་པོ་ལས་བཟོས་པའི་ཐུགས་རྗེ་ཆེན་པོ་བཅུ་ གཅིག་ཞལ་གྱི་བྱིན་ལྡན་ཞིག་འཁོར་ཞི་ཁྲོ་དམ་པ་རིགས་བརྒྱ་སྐུ་བྱིན་སྡན་བརྒྱ་ཡི་དམ་རྒྱུད་སྡེ་བཞི་ཡི་འདག་སྐུ་བཞི་བཅས་བཞུགས། དུང་འཁོར་ལྷ་ཁང་དུ་དུང་འཁོར་བཞི། འཁོར་ ཆུང་བརྒྱད་ཅུ། འཆམ་གོས་སྦ་ལེ་དཔང་འགེབ་ཆ་འབྱར་ཅན་ཆ་བཅུ་གསུམ། མགོན་ཁང་དུ་སྔགས་ཀྱི་སྲུང་མ་སྐུ་དངོས་སུ་ཞུགས་སར་གྲང་བའི་འདག་སྐུ་གཅིག མགོན་པོའི་སྐུ་གཅིག དམ་ཅན་དཀུ་གཅིག་བཅས་བཞུག།།

གྲྭ་ཚང་གྲངས་ཀ་ནི། སྤྲུལ་སྐུ་གསུམ། མཁན་པོ་གཅིག གྲ་པ་བརྒྱ་ལྷག་བཅས་སོ། བཤད་སྒྲུབ་ཀྱི་ཐོས་བསམ་སྒོམ་གསུམ་ནི། གོང་དུ་བླ་གྲྭ་ཚང་མ་རབ་ཏུ་བྱུང་བ་ཤ་སྟག་ཡིན། འདུལ་བ་བཞི་གསུམ་གྱི་ལག་ལེན། སྔོན་འགྲོ། སྤྱོད་འཇུག སྡོམ་གསུམ་ཞིང་སྒྲུབ་ཁྲིད། རྫོགས་ཆེན་ཁྲི་སོགས་འཆད་ཉན་ཡོད། ལོ་ལྟར་མཆོད་གྲངས་ ཡང་རཎྚའི་ཐུགས་ཆེན་གསང་འདུས་སྒོ་ནས་བུམ་སྒྲུབ་ཉིན་བདུན། དེ་དང་མཉམ་པོར་ཁག་བགོས་ཏེ། རྡོར་སེམས་སྒྲུབ་མཆོད། མགོན་པོའི་སྒྲུབ་པ། ཚེ་སྒྲུབ། གསང་འདུས་སྒྲུབ་པ་བཅས། ཡང་ཞི་ཁྲོའི་སྒྲུབ་ཆེན་ཉིན་བདུན། བདེ་ཆེན་ཞིང་སྒྲུབ་བདུན། ཕུར་པའི་སྒྲུབ་ཆེན་ཉིན་བདུན། དབྱར་གནས་ཟླ་གསུམ་མམ་ཉིན་བཅོ་ལྔ་གང་ལྕོགས། གཞན་ཡང་གུ་རུ་རིན་པོ་ཆེའི་ དུས་དྲན་ཚེས་བཅུ་[page 176] དུས་མཆོད་ཉིན་བདུན། དག་སྣང་གི་ཚེས་བཅུའི་འཆམ་ཉིན་གང་མ། དགུ་གཏོར་དགུ་འཆམ་བཅས་ཡོད།

ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་ལམ་ལུགས་གཙོ་བོ་མང་ཚོགས་གིས་དད་འབུལ་ལས་བྱུང་ཞིང་། བླ་སྦྲུལ་ཁག་དབྱར་རྒྱུན་གསོལ་སྡུད་འབེས་པ་དང་། རྟེན་རྩིའི་ཞིང་ཁ་ཕྲན་བུ། དངུལ་ཕྲན་བུའི་མ་རྩ་ལས་འགྲོ་གྲོན་བཏང་དགོས་པ་རེད། འགན་བཞེས་ཀྱི་གཙོ་བོ་གདན་རབ་འཛིན་པ་པོ་དང་། དེ་འོག་ཆོས་ཁྲིམས་པ་དགེ་བསྐོས། དབུ་མཛོད། བླ་གྲྭ་རྒན་ རིམས་སྤྱི་གཏེར་སོགས་ཡོད་པ་རེད།

ད་ལྟའི་གནས་ཚུལ། སྤྲུལ་སྐུ་རིན་པོ་ཆེ་རྡོར་བཟང་གིས་གཙོ་འགན་ཐོག བླ་མ་རྒན་རིམ་སོགས་ཀྱིས་འགན་མཉམ་ཁུར་གྱིས། བར་སྐབས་རྩ་གཏོར་སོང་བའི་དྲུང་ཡིག་དགོན་པ་གསར་དུ་ཉམས་གསོ་བྱས་པ། འདུ་ཁང་ཞིག་དང་། མདོ་སྔགས་ཀྱི་རྒྱུ་འདག་བཟོས་དང་། ཐང་ལྡེབ་བཅུ་གསུམ་ཙམ། གསེར་སྐུ་གསར་པ་རེ་ཟུང་། དུང་འཁོར་ལྔ་བཀའ་འགྱུར་སོགས་གསུང་རྟེན་པོད་ཉིས་བརྒྱ་ཙམ། རོལ་སིལ་ཆ་བདུན། མཁར་རྔ་དུང་དཀར་དུང་གླིང་ཆ་ཚང་། དཀྱིལ་འཁོར་ཆས་སྐོར་སོགས་གྲུབ། གྲ་ཚང་ཡང་། སྤྲུལ་སྐུ་གཉིས། གྲྭ་པ་བཞི་བཅུ། དུས་མཆོད། ཞི་ཁྲོ་སྒྲུབ་པ། ཞིང་སྒྲུབ། དགུ་གཏོར་སོགས་གསར་འཛུགས། དེ་དག་གི་དཔལ་འབྱོར་འབྱུང་ཁུང་ཡང་གཙོ་བོར་རང་སྟོབས་རང་སྤེལ་དང་མང་ཚོགས་ཀྱི་དད་རྫས་ལ་རྟེན་པ་ཡིན། འགན་ཁུར་བ་བདག་གཉེར་ཚོ་ཆུང་མི་ལྔ་ལས་གྲུབ་པ་བཅས་ཀྱིས་མདོར་བསྡུས་ཏེ་ཙམ་མོ།།

ཁང་དམར་དགོན་གྱི་ལོ་རྒྱུས།

ཐོག་མར་དགོན་པ་ཕྱག་འདེབས་ཚུལ་ནི་བྲག་དམར་ནམ་མཁའ་རྫོང་གི་གནས་མཆོག་དེར་དགོནཔ་ཐོག་མར་ཕྱག་འདེབས་པ་པོ་ནི། རིག་འཛིན་ཀུན་བཟང་ཤེས་རབ་ཞེས་པ་ཡིན་པས། དཔལ་ཡུལ་རྣམ་རྒྱལ་ཆོས་གླིང་འདེབསཔ་དང་དུས་མཉམ། དེ་ནས་མཁས་གྲུབ་རིམ་བྱོན་ཐམས་ཅད་ཀྱིས་བསྟན་པ་དར་བ་རྨང་སྤྲུལ་རིན་པོ་ཆེ་ཡུན་རིང་དུ་བཞུགས་ནས་བསྟན་པ་སྐྱོང་། ལྡན་རབས་ལ། གོངམ་བཟོད་པ་མཁན་པོ་དང་བླ་མ་ཕུན་ཚོགས། ཚེ་དགེ་བླ་མ་བློ་གྲོས། ཀུན་བཟང་ཡེ་ཤེས་སོགས་ཀྱི་བསྟན་པ་ལོ་མང་སྐྱོང་ནས་དུས་མཆོད་དང་སྒྲུབ་པ་བཙུགས། དེ་ནས་དཔོན་སློབ་གོང་མ་འཁྲུངས། ཕ་ཡབ་རྒྱ་འཀྲ་མདའ་དང་། མ་ཡུམ་ཚེ་བསྐྱིད་སྒྲོན་མ་གཉིས་ཀྱི་སྲས་སུ་སྤྲུལ་སྐུ་ཁོང་དམར་རྒྱ་སྤྲུལ་ཞེས་པ་དེ། དགུང་གྲངས་བཅོ་བརྒྱད་ལས་མ་བཞུགས་པ་གཤེགས། དེ་རྗེས་ཡང་སྲིད་མ་འཁྲུངས། ལོ་མང་རིངལ་མཁན་པོ་རིན་ཆེན་རྡོ་རྗེ་དང་། མཁན་པོ་བསམ་འགྲུབ་བླ་མ་འཇམ་དབྱངས་རྒྱལ་མཚན་སོགས་ཀྱིས་བསྟན་པ་བསྐྱངས་ནས་མི་ལོ་བཅུ་ཕྲག་ཁ་ཤས་བཞུགས། དེ་རྗེས་ཡང་སྲིད་གཏེར་རོང་ནང་རྒྱ་འགུལ་ཙང་འཁྲུངས། ཡ་ཕབ་ནོར་བཀྲ་མ་ཡུམ་ཚེ་རིང་དཔལ་མོ་གཉིས་ཀྱི་སྲས་ལ་སྤྲུལ་སྐུ་ཐུབ་བསྟན་ཆོས་གྲགས་རྒྱ་མཚོ་ཞེས་མཚན་[page 177] གསོལ། དགུང་གྲངས་དྲུག་ཅུ་རེ་གསུམ་ལ་བཞི་རྒོལ་སྐབས་གཤེགས་སོང་། ཁོང་དམར་རི་ཁྲོད་བླ་མ་ལ་ཤེར་ལོ་ཉི་ཤུ་ལྷག་རིང་བཞུགས་དེ་དེ་ཡང་བཞི་རྒོལ་སྐབས་གཤེགས།

དེ་ནས་སྐྱེས་ཆེན་དམ་པ་གོང་མ་རྣམས་ཀྱི་སྐུ་དུས་ལྐར་གླིང་ཞི་ཁྲོའི་དུས་མཆོད་དང་དབྱར་གནས་བུམ་སྒྲུབ་རྡོར་སེམས། ཚོགས་ཆེན་འདུས་པ། རྟ་མགྲིན་སྒྲུབ། ཕུར་པའི་སྒྲུབ་པ། དགུ་གཏོར། དགོན་བླ་ལོ་འཁོར་ཆད་མེད། གུ་རུ་རྩ་གསུམ་ཚོགས་འཁོར་དང་པདྨ་རྒྱལ་པོའི་ཚོགས་འཁོར་བཅས་ཡོད། སྐུ་གསུང་ཐུགས་རྟེན་ལ་སྐྱེས་ཆེན་དམ་པ་རིམ་བྱོན་རྣམས་ཀྱིས་བཞེངས་པའི་རྟེན་དང་བརྟེན་པའི་གྲངས་ཀ་དང་བཀོད་པ་འདི་ཙམ་མོ་ཞེས་སྨྲ་མི་ནུས་ཀྱང་། དཔལ་ཀཿཐོག་རྡོ་རྗེ་གདན་གྱི་སེངྒེའི་ཁྲི་ལ་ཆོས་ཀྱི་འཁོར་ལོའི་བསྒྱུར་བ་རྨང་སྟོན་ཧེ་རུ་ཀ་ཡི་རྣམ་འཕྲུལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། སི་ཏུ་སྤྲུལ་པའི་སྐུ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་སོགས་ཕྱོགས་ཀྱི་དམ་པ་རྣམས་ཀྱིས་བརྩལ་བ་དང་། དགོན་སྡེ་འདི་ཉིད་ཀྱི་བླ་གྲྭ་སོགས་ཀྱི་མཚན་ཐོ་ཙམ་འགོད་པ་བྱས་ཏེ་ས་ཡི་ཁྱོན་གཞི་འདོམ་གཉིས་བརྒྱ་ལྷག་ཙམ་ཟིན་པ་ལ་རྒྱ་བཟའ་ཀོང་ཇོ་ལྷ་ལྡན་བྱོན་སྐབས་བཞེངས་པའི་ལྷ་ཁང་དང་གཙུག་ལག་ཁང་གསུམ། མཁྱེན་བརྩེ་གོང་མའི་ལྷ་ཁང་གཅིག གུ་རུ་སྒྲུབ་ཕུགརྟ་མགྲིན་སྒྲུབ་ཕུག་དཔོན་སློབ་གོང་མའི་གསེར་ཁང་། དུང་དཀར་སྟོན་སྒྲུབ་ཁང་། གྲྭ་ཤག་བདུན་བཅུ་ལྷག་དང་། ཁོང་དམར་རི་ཁྲོད་གུར་སྒྲུབ་ཕུག་གཙུག་ལག་ཁང་གཅིག མཚམས་ཁང་བཅུ་གཉིས་སོགས་སུ་སྟོན་པ་སངས་རྒྱས་སྐུ་རྒྱ་གར་ཤར་ལི་ཁྲུ་ཕྱེད་ཉིས་ལྷག་ཙམ་ཡོད་པ་གཅིག་དང་། རྒྱ་ནག་ལི་མ་གནས་བརྟན་བཅུ་དྲུག་ཆ་ཚང་། རྒྱ་གར་ལི་མ་ཇོ་བོ་ལོ་ཀི་ཤྭ་རིའི་སྐུ་ཁྱེའུ་ལོ་བརྒྱད་ཙམ་གཅིག གཞན་ཡང་རྒྱ་གར་དང་རྒྱ་ནག་སོགས་ཀྱི་ལི་མ་དགུ་བཅུ་གོ་ལྔ་ཙམ་ཡོད། གུ་རུ་སྒྲུབ་ཕུག་ནང་གུ་རུ་སྣང་སྲིད་ཟིལ་གནོན་སྨན་འདམ་ལས་གྲུབ་པ་ཁང་རྩེག་གཅིག་ལྷག་ཅན་འཇའ་འོད་ཐུགས་ཀ་ལ་ཐིམ་པས། གུ་རུ་འཇའ་ཟུག་མ་ཞེས་མཚན་སྙན་ཡོངས་སུ་གྲགས་པ་བྱུང་། ཀཿཐོག་རིག་འཛིན་ཀློང་གསལ་ཕྱག་བཟོས་སྨན་འདམ་ལས་གྲུབ་པའི་གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ་གཙོ་འཁོར་གསུམ་མི་ཡི་ཚད་ཅན་གཅིག ཁོང་དམར་དཔོན་སློབ་གོང་མས་བཞེངས་པའི་གུ་རུ་ཟིལ་གནོན་ཁང་རྩེགས་གཅིག་དང་འཁོར་ལྷ་གྲངས་བཅུ་གསུམ། དྲེགས་པ་ཀླུ་འདུལ་ཁང་རྩེག་གཅིག་ཀློང་ཆེན་པ། འཇིགས་མེད་གླིང་པ། བྲག་པོ་དཔལ་ཆེན་བཅས་མི་ཡི་ཚད་ཅན་གུ་རུ་མཚན་བརྒྱད་ཁྲུ་ཆད་ཅན་བཅས་དང་། ཁང་དམར་རི་ཁྲོད་བླ་མ་ཨ་ཤེར་གྱིས་བཞེངས་པའི་གསེར་དངུལ་བཀྲ་མའི་སྒྲོལ་མ་ཁྱེའུ་ལོ་བརྒྱད་ཙམ་ཉེར་གཅིག གསེར་དངུལ་བཀྲ་མའི་སྐུ་གདུང་མཆོད་རྟེན་ཁྲུ་དོ་ལྷག་གཉིས། དགོན་གཞུང་ལས་སྐུ་གདུང་མཆོད་རྟེན་གསེར་དངུལ་གདུང་ཁྲུ་གཉིས་ལྷག་ཅན། གསེར་གདུང་གཅིག དངུལ་གདུང་གཅིག་བཅས་དང་། རྒྱལ་བའི་བཀའ་འགྱུར་ཆེན་མོ་ཆ་གསུམ། བསྟན་འགྱུར་གཅིག རིན་ཆེན་གཏེར་མཛོད་གཅིག མཁྱེན་བརྩེའི་བཀའ་འབུམ་གཅིག འབུམ་ཆ་བརྒྱད། ཀློང་ཆེན་མཛོད་བདུན་གཅིག རྙིང་མ་རྒྱུད་འབུམ་གཅིག་བཅས་དང་། ཐང་ཀ་གསེར་ཐང་མཚན་བརྒྱད། མཛད་པ་བཅུ་གཉིས། གནས་བརྟན་བཅུ་དྲུག སྙིང་ཐིག་རྩ་[page 178] གསུམ་ཞི་དྲག་སེང་གསུམ་བཀའ་དགོངས་ཕུར་གསུམ། ཚེ་དཔག་མེད་སྟོང་སྐུ། སངས་རྒྱས་སྟོང་སྐུ་ཆ་གཉིས། རྡོར་སེམས་སྟོང་སྐུ་བཅས་གསེར་ཐང་། གཞན་ཡང་ཆོས་སྐྱོང་ཡོངས་རྫོགས་དང་རྟ་མགྲིན་དྲེགས་ཟིལ་བཅས་སྤར་ཤིང་བཟང་སྤྱོད་ཐར་མདོ། གཟུགས་ཆེན་སྡེ་ལྔ། བཏགས་གྲོལ་ཐིག་བརྒྱ་མ་བཅས་ཡོད་པ་ལས། སྦུ་ཆོལ་ལ་རོལ་གྲ་ཧོར་བ་གསུམ་ཆ་བཅོ་བརྒྱད། སིལ་སྙན་ཤང་ཤང་རྒྱ་བལ་སོགས་ཆ་བརྒྱད། རྒྱ་གླིང་ཉི་གླིང་ཁམས་གསུམ་ཡོངས་གྲགས་བཅས་གསེར་དངུལ་ལྗང་བརྡུངས་ལས་གྲུབ་པ་ཆ་བཞི། དུང་དམར་ཁྲོམ་ཆེན་འབྲུག་སྒྲ་བཅས་གསེར་དངུལ་ཟངས་ལས་གྲུབ་པ་ཆ་གསུམ། ལ་སྩས་གསེར་དངུལ་ས་ལེ་སྦྲམ་ལས་གྲུབ་པ་ཆ་སུམ། རྔ་ཆེན་ཁམས་གསུམ་རང་གྲགས་དང་། གཞན་ཡང་གསེར་རྔ་བཅོ་ལྔ་བཅས་རིན་གོང་གཞལ་དཀའ་བའི་མཆོད་ཆ་དང་། གཏོར་ཆས་འཕན་གདུགས་ཡོ་བྱད་བཅས་རིན་ཐང་དང་ལྡན་པ་དུས་མཆོད་སོ་སོར་ལ་ཅི་དགོས་བརྗེ་ལེན་བྱེད་རྒྱུ་ཡོད་པ་དང་། འཆམ་གོས་རྒྱན་བཞི་བཀའ་རྒྱ་ཅན་ལྔ་དང་གཞན་ལེན་འབྲུག་ཅན་དེ་ལེན་བཅས་ལྔ་བཅུ་ང་བརྒྱད། འབག་དངུལ་འབག་གཉིས་དང་བསེ་འབག་བཅས་བདུན་བཅུ་བཞུགས་པ་ལགས་སོ།།

དུས་མཆོད་རྒྱཽན་སྐོར་ལ་དམ་པ་གོང་མ་རྣམས་ཀྱི་སྐུ་རིང་ཙམ་ལས་རྒྱུན་འཇགས་སུ་གྱུར་ཟིན་པའི་བོད་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་བཞི་ཉིན་དབུ་གཙུགས་ནས་བླ་སེར་ཡོངས་འདུས་ལ་སིངྷི་བུམ་སྒྲུབ་ཉིན་བརྒྱད་དང་། བོད་ཟླ་གསུམ་པའི་ཚེས་གསུམ་ནས་བླ་སེར་ཡོངས་ཀྱིས་ཚོགས་ཆེན་འདུས་པ་ཉིན་བདུན། རྡོར་སེམས་ཉིན་བདུན་བཅས་ཉིན་བཅུ་བཞི། བོད་ཟླ་ལྔ་པའི་ཚེས་ཉེར་ལྔར་བླ་སེར་ཡོངས་ཀྱི་ཀར་གླིང་ཞི་ཁྲོ་ཉིན་བཅོ་ལྔ་དང་། ཚེས་བཅུའི་གར་འཆམ་ཉིན་གསུམ་བཅས་ཉཻན་བཅོ་བརྒྱད། དེ་ནས་ཚེས་བཅུ་བཞི་ཉིན་དགེ་སློང་དགེ་ཚུལ་ཉེར་ལྔ་དེ་དབྱར་གནས་ཉིན་བཞི་བཅུ་ཞེ་དགུ་འཚོགས། བོད་ཟླ་དགུ་པའི་ཚེས་ལྔ་ཉིན་བླ་སེར་ཡོངས་ཀྱིས་ཕུར་བའི་སྒྲུབ་པ་ཉིན་ལྔ་འཚོགས། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔའི་ཉིན་བླ་སེར་ཡོངས་འདུས་ནས་རྟ་མགྲིན་སྒྲུབ་པ་ཉིན་ལྔ་འཚོགས། དགུ་གཏོར། འཚོགས་འཁོར་ཉིན་གསུམ། དགུ་གསོལ་ཟླ་བ་རེ་བཞིན་ཆད་མེད་དང་། མགོན་བླ་ལོ་འཁོར་ཆད་མེད་བཅས་འཚོགས་རྒྱུ་མཆིས་སོ།། ཆོས་སྡེ་འཛུགས་པ་དང་ཡོན་གྱི་འབྱུང་ཁུངས། འཚོགས་བའི་གཏོང་སྒོ་ནི། སྔོན་བྱོན་དམ་པ་གོང་མ་རྣམས་ཀྱི་སྐུ་དུས་ལ་བུམ་སྒྲུབ་ཉིན་བརྒྱད་དེ་དེ་མགོ་སྐལ་བཟང་རྡོ་རྗེ་དང་ཇོ་མཁར་སྤྲུལ་སྐུ་སོགས་ཀྱིས་བཞག འཚོགས་ཆེན་འདུས་པ་ཉིན་བདུན་དེ། བླ་མ་འཇམ་དབྱངས་རྒྱལ་མཚན་གྱིས་བཞག རྡོར་སེམས་ཉིན་བདུན་མཁྱེན་བརྩེ་གོང་མས་བཞག ཞི་ཁྲོ་ཉིན་བཅོ་ལྔ་དང་གར་འཆམ་ཉིན་གསུམ་དེ། རྨེ་རྒྱལ་རྣམ་བློ་དང་རྨེ་མཁན་ནོར་བསྟན་དཔོན་སློབ་གོང་མ་བཅས་ཀྱི་བཞག དབྱར་གནས་དང་། དགུ་གསོལ། རྟ་མགྲིན་སྒྲུབ་པ། ཕུར་བུའི་སྒྲུབ་པ་བཅས་དགོན་རང་ཉིད་ཀྱིས་བཙུགས། ཁང་དགོན་རི་ཁྲོད་སྒྲུབ་སྡེ་ལ་གཏེར་ལུང་ཨུ་ཙ་ཚང་གིས་ཡོན་ཕུལ་ནས་བཙུགས་ཞེས་པ་དེ་དོན་ལ་གནས་པ་ལགས།

[page 179] ཡུལ་དགོན་གཞན་དང་འབྲེལ་ནི། ཁང་དགོན་གྱི་གདན་རབས་ལས། མཁན་པོ་རིན་ཆེན་རྡོ་རྗེ་ཁམས་བྱེ་མཁན་པོ་ལོ་ལྔ་མཛད་ཞེས་པ་དང་། གཡག་ཟིལ་གནོན་གྱི་མཁན་པོ་ལོ་གསུམ་ལ་མཛད་པ་དང་། ཆབ་མདོ་གནས་བརྟན་དགོན་གྱི་མཁན་པོ་ལོ་གསུམ་མཛད། འོ་འཇོ་རགས་མགོ་དགོན་ལ་ལོ་ལྔ་བཞུགས་དེ་དགོན་དེར་བཤད་གྲྭ་བཙུགས། རྫོགས་ཆེན་གྱི་ཁྲིད་སྦྱོང་སྐོར་གནང་། དེ་ནས་ཁང་དགོན་དུ་སྔོན་འགྲོ་ཁྲིད་སྐྱོང་གནང་ནས་ཟླ་ཆ་ཤས་སུ་བཞུགས། དེའི་རྗེས་སྐུ་མཚམས་བཅད་རྒྱ་མཛད། བཀའ་དྲིན་བསམ་བརྗོད་ལས་འདས་པ་གནང་ནས་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུས་ཏེ་དགོངས་པ་ཆོས་དབྱིངས་སུ་གཏད།

དེང་གི་གནས་ཚུལ། བྲག་དམར་ནམ་མཁའ་རྫོང་ཞེས་པའི་བསྟན་པ་བཤད་སྒྲུབ་ལས་གསུམ་གྱི་སྐྱོང་བས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་སྔ་འགྱུར་ཐེག་པའི་རང་ལུགས་ཀྱི་སྲོག་ཤིང་ལྟ་བུར་གྱུར་ནས། སྐྱེ་དགུ་བསོད་ནམས་དམན་པས་བསྟན་པ་ནུབ་ནས་ལོ་སུམ་ཅུ་ལྷག་གི་རིང་ལ་བོད་ཁམས་དགོན་སྡེ་ཕལམོ་ཆེ་དང་མཚུངས། བཤད་སྒྲུབ་ཀྱི་རྣམ་པ་ཐམས་ཅད་མིང་གི་ལྷག་མར་གྱུར། རིག་གནས་གསར་བརྗེ་ཞེས་པའི་སྐབས་བླ་གྲྭ་སྒེར་གྱིས་ཉར་བའི་སྐུ་གསུང་ཐུགས་རྟེན་ཕྲན་བུ་ཙམ་ལྷག་པ་དེའང་གཏོར།

དེང་ཕྱིས་ཆོས་བྱ་བའི་རང་དབང་ཡོད་མ་ཐག གདན་ས་འདིའི་སྔར་གྱི་མཁན་སྤྲུལ་རྣམས་ཕལ་ཆེ་བ་མི་བཞུགས་ཀྱང་། ཆུང་བོ་བླ་མ། བླ་མ་རྐརྨ། བླ་མ་རིག་འཛིན། ཀ་འཕྲེང་མཐར་ཕྱིན། གླང་རྒྱལ་བླ་མ། འཛམ་ལྷ་སོགས་དུས་འགྱུར་ཆེན་པོའི་སྐབས་ལའང་། འགལ་རྐྱེན་འོག་ཏུ་མ་སོང་བ་རྒྱལ་བསྟན་སླར་གསོ་ཆོག་པའི་སྐབས་དགོན་འདིར་སླར་གསོ་བའི་ཕྲིན་ལས་དབུ་གཙུགས་ཏེ། བྲག་དར་ནམ་མཁའ་རྫོང་ཁོང་དགོན་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་སྐབས་དེར་གང་གི་བླ་མ་རྣམས་དང་ཨ་བཀྲ་བཅས་རང་ཉིད་ཀྱི་ཕྱག་རྗེས་ཀྱིས་བསླུས་པའི་ལི་མ། གསེར་སྐུ་ཐང་ཀ རྒྱ་གླིང་། སིལ་སྙན། འཁར་རྔ། དུང་དམར། འཕན་གདུགས། འཆམ་གོས། འབག་བདུན་ཚར། ཀོང་བུ། རྔ་ཆེན། མཆོད་སྒམ། ཙཀ་ལི། བུམ་པ། སྤོས་ཕོར་སྤོས་ཁུག་བཅས་དགོན་གཞུང་ལ་འབུལ་བ་དང་། བླ་མ་ཀརྨ་ཉིད་ཀྱིས་ཕྱག་རྫས་བཏང་ནས་རྒྱ་བཟའ་ཀོང་ཇོ་ལྷ་ལྡན་དུ་བྱོན་སྐབས་བྲིས་པར་གྲགས་པའི་རྒྱལ་བ་རིགས་ལྔའི་སྐུ་བརྙན་དང་རྒྱ་གར་ལི་མའི་སྐུ་འདྲ་ཁ་ཤས་ཕུལ། སྐལ་བཟང་མཆོད་རྟེན་ཁང་རྩེག་དྲུག་ཅན་དང་། འདུ་ཁང་ཉམས་གསོ་བྱས། འདུ་ཁང་ནང་དུ་ཀ་ཐང་གཅིག་དང་། འདུ་ཁང་ཐོག་ཏུ་གསེར་ཏོག་སོགས་ཞེངས། ཨ་བཀྲས་རྒྱ་དཀར་ནག་ལས་བྱུང་བའིལི་སྐུ་དང་། གསེར་སྐུགནས་བརྟན་བཅུ་དྲུག་ཆ་ཚང་། སྒྲོལ་མའི་གསེར་སྐུ་མདའ་ཚད་མ། ཟངས་གསེར་ལས་གྲུབ་པའི་སྐུ་གདུང་ཆ་བརྒྱད་མཐོ་ཚད་བཅས་སོགས་ཕུལ། མཁྱེན་བརྩེ་གོང་མའོ་གསེར་ཁང་ཞིག་གསོ་བྱས། ཐང་ཀ་བཅུ་དྲུག འཆམ་གོས་བཅུ་དྲུག་སིལ་སྙན་གྲ་ཧོར་མ་སོགས་ཆ་ལྔ་བཅས་ཀྱིས་རྟེན་བཞག་གནང་། ཨ་འཛོམས་འབྲུག་སྤྲུལ་གོང་མའི་དངོས་སློབ་བླ་མ་མཐུ་སྟོབས་ཉིད་དུས་འགྱུར་ཆེན་པོ་སྐབས་ཀྱང་བར་ཆད་ཀྱིས་མ་ཚུག་པར་འཚོ་ཞིང་གཞེས་ལ། ཁོང་གིས་[page 180] གསེར་སྐུ་བཅུ་ཕྲག་གཉིས་ལས་རྒལ་བ་དང་། ཐང་ཀ་བཅོ་བརྒྱད། འཁར་རྔ་གཅིག རོལ་ཆས་གྲ་ཧོར་སོགས་ཆ་ལྔ། འཚོགས་ཟངས་གཅིག་བཅས་ཕུལ། དུང་འཁོར་བཞེངས། སྐལ་ལྡན་གྱི་སེར་མང་པོར་རྫོགས་པ་ཆེན་པོའི་གྲོལ་ཁྲིད་བསྩལ་བ་སོགས་གོང་གི་དམ་པ་རྣམས་ཀྱིས་དགོན་པ་འདི་ཉམས་གསོ་བའི་སྐབས་བཀའ་དྲིན་ཤིན་ཏུ་ཆེ།

གཞན་ཡང་བླ་སེར་ཐམས་ཅད་རང་རང་གི་འབྱོར་བ་དང་ནུས་པ་ལ་བརྟེན་ནས་དགོན་པ་ལ་ཞབས་ཕྱི་བགྱིས་ཏེ། ད་ལྟར་འདུ་ཁང་གསུམ། སྒྲུབ་ཕུག མཆོད་རྟེན་བཞི། གྲྭ་ཤག་ལྔ་བཅུ་ལྷག དུང་འཁོར་བཅས་ལེགས་པར་གྲུབ། དུས་མཆོད། ཚོགས་ཆེན། དབྱར་གནས་བཅས་ཚུགས་ཤིང་བཅའ་རོལ་འཆམ་དང་ཆོ་ག་ཕྱག་ལེན་སྔ་མ་ལྟར་རྒྱུན་མ་ཆད་པར་བཞུགས། རྟེན་གསར་བཞེངས་ལ་གོང་སྨྲོས་རྣམས་ཕུད། སྒྲུབ་ཕུག་ཏུ་གུ་རུ་འཁོར་གསུམ་ཁང་རྩེག་ལྷག་ཙམ་ཅན་དང་། འདུ་ཁང་དུ་ཐུབ་སྐུ། མཁན་སློབ་ཆོས་གསུམ། རྡོར་སེམས། རྒྱལ་བ་རིགས་ལྔ་བཅས་གྲུབ། ད་ལྟར་དགོན་འདིར་དགེ་འདུན་འདུས་པའི་སྡེའི་གྲངས་བརྒྱད་ཅུ་གྱ་དགུ་ཙམ་བཞུགས་པ་ཀུན་ཐུགས་མཐུན་ཁྲིམས་གཙང་ངང་། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱི་ཉམས་བཞེས་བཅས་དམ་པ་གོང་མ་རྣམས་ཀྱི་མཛད་སྤྱོད་བཞིན་འབད་པ་ལགས་སོ།།

འོ་ཐང་དགོན་གྱི་ལོ་རྒྱུས།

དེ་ཡང་འོ་ཐང་ཞེས་པའི་རྒྱུ་མཚན་གནའ་མའི་ངག་རྒྱུན་དུ། དགོན་འདིའི་རྒྱབ་ཏུ་མཚོ་ཞིག་ཡོད་པ་དེར་གླིང་རྗེས་གེ་སར་གྱིས་རབ་གནས་མཛད་པས་མཚོ་གྱུར་ཏེ་དེ་ཕྱོགས་ འབྲོག་སྡེ་ཞིག་ཡོད་པ་ཆུས་དེད། ཆུ་དེ་པོ་མར་གྱུར་སོང་། དགོན་འདིའི་འོག་ཏུ་འོ་མ་ ལྟ་བུའིཆུ་དང་སྦྲང་དང་ཀ་ར་སྐྱུ་རུ་འདྲ་བ་ད་ལྟ་ཡང་དངོས་མཐོང་རྒྱུ་ཡོད་པས་དེ་ལ་ཡང་འོ་མའི་མཚོ་ཞེས་གྲགས། ཡང་གཙང་ཆེན་རྡོ་རྗེ་མཚོ་ཡག་གི་གཡས་གཡོན་གཉིས་ནས་ཆུ་ཕྲན་གཉིས་འབབ། དགོན་འདིའི་གཡས་གཡོན་ཆུ་ཕྲན་གཉིས་འབབ་པ་བཅས་ཆུ་ཕྲན་བཞི་ཡིས་དགོན་པའི་མདུན་གྱི་ཐང་ལ་དགའ་འཁྲིལ་ལྟ་བུས་གཡས་བསྐོར་དུ་འཁོར་བ་བཅས་ལས་མཚན་ཐོགས་རབས་བཤད། འོ་མའི་མཚོ་དང་དགའ་འཁྱིལ་ཐུང་ལ་ཆགས། ཙམ་མདོ་ཞེས་ད་ལྟ་ཤོར་རུང་ཟུར་ཆགས་པའི་སྐད་དེ་གཙང་མདོ་ཞེས་གྲགས། གཙང་མདོ་ཞེས་པ་ཆུ་བོའི་མིང་ཡིན། དགོན་འདིའི་ཕྱོགས་གླིང་གེ་སར་རྒྱལ་པོ་དང་ལྷ་རྟ་རྐྱང་ཤེས་ཀྱི་ཞབས་རྗེས་མ་ཎི་སིངྷི་ཨ་ར་པ་ཙ་རང་བྱོན་གཞུགས། གྲུབ་དབང་དཔལ་ཆེན་འདུས་པའི་ཞལ་ནས། གནས་འདི་རྒྱ་ནག་མ་ཎི་དང་ཁྱད་མེད་ཅེས་བསྟོད་བསྔགས་གནང་། འགྲོ་འདུལ་དཔའ་བོ་རྡོ་རྗེ། གཏེར་ཆེན་རིན་ཆེན་གླིང་པ་རྣམ་གཉིས་ཞལ་མཐུན་པར། གནས་འདི་ལན་གཅིག་བསྐོར་བ་དང་། སིངྷི་དུང་ཕྱུར་བཏོན་དང་མཉམ། ཉ་སྟོང་དུས་[page 181] ཆེན་རྣམས་སུ་ནི། །དུང་ཕྱུར་བཅུ་གསུམ་དག་དང་མཉམ། ཞེས་གསུངས་པ་སོགས་གནས་མཆོག་ཁྱད་པར་ཅན་ལགས། གདན་ས་འཛིན་པ་པོ་ནི། འབྲི་རྒྱུད་ཨ་གྲོ་ཞེས་པའི་གྲོང་དུ་མཁར་གསར་ཚ་ལ་འཁྲུངས། མཚན་ཆོས་འགྲུབ་ཞེས་གསོལ། སྤྱི་ལོ་1600པའི་ནང་ཙམ་ཡིན་པར་ངེས། དུས་མཉམ་བླ་མ་རྣམས་བྱོན་ཚུལ་ལས་ཤེས། ཆུང་ནས་བཟུང་སྙིང་རྗེ་ཆེ་ཞིང་བྱམས་སེམས་ལྡན་པ་སྲོག་ཆགས་ཕྲ་མོ་ལའང་གནོད་མི་མཛད་པ་བྱང་ཆུབ་སེམས་པའི་རིགས་སུ་འཁྲུངས། གསེར་ལོ་སྟོན་པ་རྒྱལ་མཚན་དྲུང་དགེ་བསྙེན་སྡོམ་པ་བཞེས་སྐབས་མཚན་ནམ་མཁའ་ཆོས་གྲུབ་གསོལ། སྨིན་གྲོལ་རྒྱ་ཆེན་གསན། དཔལ་འབར་བ་རེ་ཁོ་ཆོས་ཉིད་རྒྱ་མཚོའི་མདུན། རྒྱ་ར་ནམ་མཁའ་རིན་ཆེན་དང་རིག་འཛིན་ཀློང་གསལ་སྙིང་པོ་གྲུབ་ཐོབ་ཀུན་དགའ་རྒྱལ་མཚན། རིག་འཛིན་ཀུན་བཟང་ཤེས་རབ་སྟག་བླ་པདྨ་བཅས་མཉམ་དུ་གསར་རྙིང་གི་དབང་ལུང་ཁྲིད་གསུམ། འགྲེལ་བཤད་ སོགས་མ་གསན་པ་མེད་པ་ལྟ་བུས་གསན་ཡིག་པོ་ཏི་གཅིག་ཡོད་པ་ལས་གསལ་བ་ལྟར་གསན། ལོ་བརྒྱད་བཞུགས། ཁོང་གི་མཚན་བླུ་ཆོག་བླ་མ་ཡང་གྲགས། ཚང་མས་ལྷུང་མཆོག་ཞེས་བྲིས། དེའི་དོན་ཆུ་མགོ་ཞིག་ནང་ཆར་སློང་མཛད་སྐབས། ཕྱི་རོལ་དུ་ཕེབས་སྐབས་ཞིག གཟིམ་མལ་དུ་སྦྲུལ་ཏོ་ལེ་ཙམ་ཞིག་འཁྱིལ་ཡོད་པ། ཁོང་དེའི་སྟེང་དུ་བཞུགས་པས། སྦྲུལ་དེས་ང་ཡི་སྲོག་བླུ་རོགས་དང་། ཁྱེད་ཀྱི་དཀུ་ཚེ་གཅིག་རང་ཆར་ཅི་དགོས་ངས་འབུལ་ཞུས་འདུག་པར། བླ་མས་སྲོག་བླུ་ཆོག་ཅེས་གསུངས་པར་ལྷ་མཆོག་བླ་མར་གྲགས་སྐད། སྤྱི་ལོ་19600པའི་སྨད་རབ་བྱུང་བཅུ་གཅིག་པའི་ནང་ཙམ་ནས། རེ་ཁོ་ཆོས་ཉིད་རྒྱ་མཚོ་དང་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་རྣམ་གཉིས་དགོངས་དབྱངས་གཅིག་གྱུར་ཐོག་དཔལ་ལྡན་འོ་ཐང་དགིན་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ མཛད་དགོས་པའི་བཀའ་ལུང་བསྩལ་ཏེ་ཆོས་ཀྱི་ཁྲི་ལ་མངའ་གསོལ། ཁོང་གིས་མདོ་སྔགས་གཉིས་དང་མདོ་རྒྱུད་སེམས་གསུམ་རྫོགས་པ་ཆེན་པོ་བཅས་དབང་ཁྲིད་བཤད་ལུང་སོགས་རང་མཉམ་བཞེས། གཞན་དོན་འཆད་སྤེལ་གནང་། བཤད་སྒྲུབ་ཟུང་འབྲེལ་རྒྱལ་དབང་དཔལ་ཡུལ་པའི་ཕྱག་བཞེས་ཀྱི་རྒྱུན་བསྐྱངས། སློབ་མ་ཡང་། རྒྱལ་རོང་། སོག་པོ། ཉག་རོང་། གོ་འཇོ། འབའ་ཐང་སོགས་ལས་སྟོང་ཕྲག་བརྒལ་བ་ཕེབས་སློབ་མ་རྣམས་རང་རང་སྒར་སར་ས་མིང་རང་རང་གི་མིང་ཐོགས་པ་ད་ལྟ་ཡང་བཤད་སྲོལ་འདུག དེ་ནས་སློབ་རྒྱུད་ཆོས་གདན་ས་རིམ་གྱིས་བསྐྱངས། སྐྱོང་ཕྱིན་གཏེར་སྟོན་རིན་ཆེན་གླིང་པ་བྱོན། འདུ་ཁང་མཆོད་རྟེན་པར་བཅས་པ་གསར་བཞེངས་གནང་། གྲུབ་དབང་དཔལ་ཆེན་འདུས་ས་ཕེབས་བཀའ་ཆོས་དབང་ལུང་དང་བསྟན་པ་རྒྱས་སྨོན་ལམ་བསྩལ། གནས་འདིར་བྱིན་རླབས་ཆེ་བ་སོགས་གསུངས། དུས་མགོ་སྤྲུལ་སྐུ་བརྩོན་འགྲུས་ཕེབས་རནྟའི་གནམ་ཆོས་དབང་ལུང་གསུངས་དགོན་འདིའི་བདག་པོ་མཛད། གཞན་རག་ཆབ་སྤྲུལ་སྐུ་ཡང་ལེ་ཚང་དང་། གཏེར་སྟོན་དྲི་མེད་རྣམས་ལོ་ཤར་རེ་བཞུགས་ཏེ་གནས་འབྲེལ་མཛད། དགོན་འདིའི་བླ་མ་ཐོ་བསྟོན་དང་ཨ་ཇག་ཆོས་དབང་གཉིས་ནས་བསྟན་པ་བསྐྱངས། མཁན་པོ་བསོད་ནམས་དོན་འགྲུབ་ཧ་འཇའ་ཚང་ཞེས་པར་ འཁྲུངས། ཀཿཐོག་སིདྷི། ཀུན་དཔལ་རིན་ཆེན། [page 182] མཁན་ཆེན་ངག་གི་དབང་པོ། གྲུབ་དབང་དཔལ་ཆེན་འདུས་པ་སོགས་མཁས་ཆེན་མང་དུ་བསྟེན། མཁས་པའི་རྩེ་རུ་ཕྱིན། ཀཿཐོག་དང་དཔལ་ཡུལ་གྱི་བཤད་གྲྭའི་མཁན་པོ་ལོ་ཤར་གནང་། ཕྱིས་གྲུབ་དབང་ཡང་སྲིད་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་ལ་གཞུང་ཆེན་མང་པོའི་བཤད་ཁྲིད་ཕུལ་ཏེ་ལོ་གྲངས་འགའ་བཞུགས། རྒྱུན་པར་དགོན་དུ་བཞུགས་སྐབས་མདོ་སྔགས་ཀྱི་བཤད་པ་མང་དུ་མཛད། སློབ་མ་བསྐྱངས་ཤིང་བཤད་སྒྲུབ་ཀྱི་བསྟན་པ་རྒྱས་པར་མཛད། ཡང་ རྟ་བྲེས་ཚང་གི་མཁན་པོ་བླ་མས་ཡང་སྤྲུལ་མཁན་པོ་མཁས་བཙུན་བཟང་གསུམ་འཛོམས་པ་བྱོན། ཁོང་རྣམ་གཉིས་ཀྱི་སློབ་མའི་ནང་མཁན་པོ་ལྔ་ཙམ་ཕེབས་པ་བྱུང་།

རྟེན་གསུམ་སྐོར། སྤྱིར་དགོན་སྟེང་འོག་གཉིས། དགོན་གོང་མ་ལ་འདུ་ཁང་ཆེ་ཆུང་གཉིས་བླ་བྲང་ཁང་པར་ཁང་མགོན་ཁང་གྲྭ་ཤགས་དགུ་བཅུ། འོག་མ་ནི་ཆོས་རྒྱལ་སྡེ་ དགེའི་དྲུང་འདུ་ལྷ་ཁང་དང་མགོན་ཁང་བཅས། སྔོན་ཙམ་མདོ་རྫོང་ཞེས་སྡེ་དགེའི་དཔོན་པོ་བཞུག་པ་དང་མཉམ་འབྲེལ། འདིའི་ནང་དབུ་ཆེན་ཚོགས་སའི་ལྷ་ཁང་ཡིན། རྟེན་གྱི་གཙོ་བོ་དཔལ་འབར་ནས། སྦོ་སྐུ་མཁའ་འགྲོ་འབུམ་པའི་ནང་རྟེན་སྟོན་པའི་སྐུ་ལི་མ་གཉིས་ཡོད་པའི་དགོན་པ་དེ་མེས་འཇིག་སོང་རུང་སྐུ་གཉིས་མེས་མ་གནོད་པར་སྐུ་གཅིག་རབ་ལ་འབར་སློང་ཐང་དགོན་བཞུགས། སྐུ་གཅིག་དེ་འོ་ཐང་དགོན་ལ་གནང་བ་ཁྲུ་གང་ཙམ་ཡོད། སྐུ་འདི་གཉིས་ལོ་རྒྱུས་ཡང་ཀློང་གསལ་རྙིང་པོས་རྫུ་འཕྲུལ་གྱིས་གཏེར་དུ་བཞེས་པའི་སྐུ་ཁྲུ་གང་ཙམ་གཉིས་ཡོད། སྐུ་འདི་གཉིས་ཀྱི་ལོ་རྒྱུས་ནི། ཀློང་གསལ་རྙིང་པ་འབའ་རོང་ཉིན་མོ་ཚང་གི་ཕྱུག་རྫི་མཛད་མྱོང་པའི་ཉིན་ཞིག་ལ་ཁོང་གིས་གཟིགས་སྣང་དུ་ལུང་ཐམས་ ཅད་སྟོན་པའི་དཀུ་ཤ་སྟག་གིས་གང་བར་གཟིགས། དེའི་ནང་སྐུ་གཉིས་ལ་ཕྱག་གིས་རག་ཙམ་མཛད་དེ་ཕེབས། ཕྱིར་ཉིན་གཟིགས་པས་རག་ཡུལ་གྱི་སྐུ་གཉིས་ཁོ་ན་བཞུགས་འདུག་པར་བསྣམས་ཏེ་ཕྱིར་ཕེབས། ཕྱིས་བོད་སྡེ་པ་གཞུང་གི་དཔོན་ཞིག་གིས་ལོ་རྒྱུས་དེ་ཐོས་ནས་ཁོས་ཧོར་འདྲ་གཉིས་དབང་ཤེད་ཀྱིས་འཕྲོག་ཏུ་བཏང་བྱུང་བ་{ཧོར་འདྲ་ཞེས་པ་རྒྱལ་ པོའི་འོག་གི་དཔོན་པོ་དེ་འོག་ཧོར་འདྲ་ཟེར}ཀློང་གསལ་རྙིང་པོ་འོ་ཐང་དགོན་ཕེབས། ཧོར་འདྲ་གཉིས་ཁ་ནས་ཁྲག་བསྐྱུགས་ཏེ་ཤི་སོང་། ཡང་གཏེར་ཆེན་རིན་གླིང་པའི་གཏེར་ བྱོན་རདོ་རྗེ་འཆང་གི་སྐུ་ཁྲུ་གང་ཙམ་གཅིག་དེ་མིན་ལི་མ་དང་གཏེར་མ་གསེར་སྐུ་སོགས་བརྒྱ་ཕྲག་ཙམ་བཞུགས་ཡང་། ཙན་དན་སྦྲུལ་སྙིང་གི་རྒྱུ་ལས་གྲུབ་པའི་མགོན་པོ་ཚོགས་བདག་དང་། མ་ནིང་གི་སྐུ་བཅས་གཉིས་ཡོད་པ། བྱ་ཤང་ཤང་གིས་མཐའ་ཡི་རྒྱ་མཚོ་ནས་ས་སིངྷུ་ར་བཅས་ཁུར་འོང་བ། རྒྱ་གར་ཨ་ཙ་ར་ཞི་གིས་ཕྱག་བཟོ་བྱས་པའི་ལོ་རྒྱུས་ཅན་བྱིན་ལྡན་གཉིས་བཞུགས། རྟེན་སྒམ་ནང་དྲིལ་བུ་ཁག་ཐག་བསམ་ཡས་རྡོ་ར་བྱ་མ་གསར་བའི་སྒོང་ང་། དུས་མ་ལོག་པའི་ནས་འབྲུ་སོགས་མང་པོ་ཡོད། ལྷ་ཁང་གཉིས་ནང་། ཟངས་གསེར་ཅན་གྱི་མདོ་སྔགས་སྐུ་གཉིས། ཆོས་ལོངས་སྤྲུལ་གསུམ་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པ། གསེར་ཐང་། བཀའ་བརྒྱད། དགོངས་འདུས། ཚེ་གསང་ཐུགས་གསུམ། སྟོན་པའི་སྐྱེས་རབས་གྲུབ་ཆེན་བརྒྱད་ཅུ། གུ་རུ་[page 183] མཚན་བརྒྱད་སོགས་ཞལ་ཐང་སུམ་བརྒྱ་ལྷག་ཡོད། ཞི་ཁྲོ་དམ་པ་རིགས་བརྒྱ། གསང་འདུས་སངས་རྒྱས་སྟོང་རྣམས་ཀྱི་ཙ་ཀ་ལི་གདུགས་བཞི་ཡོད། གསུངས་རྟེན་ལི་ཐང་ཁྲོ་པར་བཀའ་འགྱུར། སྡེ་དགེའི་བསྟན་འགྱུར། དགོངས་འདུས་ཆོས་ཚན། རཏྣའི་ཆོས་ཚན། གནམ་ཆོས་ཆོས་ཚན། རོང་ཟོམ་པའི་བཀའ་འབུམ། ཀུན་མཁེན་ཀོང་ཆེན་པའི་ཡ་བཞི། མཛོད་མདུན་སོགས་གསུངས་འབུམ། འཇིགས་གླིང་དང་མཁེན་བརྩེ་འི་གསུང་འབུམ། འཇམ་མགོན་མི་ཕམ། གྲུབ་དབང་དཔལ་ཆེན་འདུས་པའི་གསུམ་འབུམ་སོགས་པོད་སྟོང་ཕྲག་ལྷག་བཞུགས། ཐུགས་རྟེན་ཨ་གྲོ་ལྷུ་མཆོག་བླ་མའི་གསེར་གདུང་ཐོག་ཚད་ཙམ་བཞུགས། དགེ་འདུན་པའི་གྲངས་གྲྭ་སེར་ཉིས་བརྒྱ་ཙམ་བཞུགས། རོལ་སིལ་སྐོར། རོལ་མོ་ནང་སོ། ཨ་ར། ཁམ་གཞུང་། རུ་ནུ་མ། བསྟན་འཛིན་གཙོས་ཆ་ཉེར་ལྔ་མཁར་རྔ་རྒྱ་ནག་མ། བ་ཐག་སོགས་ཆ་བཞི། དུང་དཀར་ཆ་བཞི། དུང་ཆེན་འབྲུག་གྲགས་སོགས་ཆ་བཞི། གསེར་གླིང་འཕེལ་རྒྱས་སོགས་ཆ་དྲུག པར་ཁང་ནང་། བཀའ་ཐང་ལྷོ་བྲག་མའི་པར་སོགས་བཞུགས། འཆམ་ཆས་དྲུ་འདུ་དགུ་ཆེན་གྱི་འཆམ་སྣ་བཅོ་བརྒྱད་ཡོད་འི་ཞལ་འབགས་ཞྭ་ནག གསེར་དངུལ་བཀྲ་མའི་མཆོད་ཆས་ཆ་གཉིས་ད་དུང་སྒྲུབ་མཆོད་མཆོད་ཁག་བདུན་གྱི་མཆོད་ཆས། ཡོ་བྱད། འཕན་གདུགས་སོགས་ཆ་ཚང་བར་ཡོད།

དགོན་པའི་དུས་མཆོད་ནི། ཧོར་ཟླ་དང་པོར་གར་གླིང་ཞི་ཁྲོ་དང་མགོན་པོ་གཉིས་བདུན་སྒྲུབ། ཧོར་ཟླ་བཞི་པར། རཏྣའི་ཐུགས་སྒྲུབ་དང་། སཏྣའི་ཕུར་པ་གཉིས་བདུན་སྒྲུབ། ཧོར་ཟླ་དྲུག་པར་དབྱར་གནས་དངོས་རྫས་བཅས་ཉིན་བཞི་བཅུ་ཞེ་དགུ། ཧོར་ཟླ་དགུ་པར། རཏྣའི་ཐུགས་ཆེན་གསང་འདུས་བུམ་སྒྲུབ་དང་། མགོན་པོ་ཁྲི་སྒྲུབ་གཉིས་ཉིན་བདུན། ཧོར་ཟླ་བཅུ་གཅིག་ཉི་ཟློག་ལ། དགོངས་འདུས་སྐོར་ཆོག་འཆར་ཀའི་གཏོར་ཟློག་འབྲེལ་མ། བཀའ་བརྒྱད་བདེ་གསང་གཉིས། རཏྣའི་ཕུར་བཟློག རཏྣའི་གུར་དྲག་གཏོར་བཟློག་མ་ཏིའི་སེང་གདོང་། མགོན་པོ་སྟེང་འོག་བར་ཆ་འབྲེལ་མ། དེ་རྣམས་ཉིན་བདུན་ཙམ། གཞན་དབྱར་དགུན་དུས་གཉིས་ལ་ཐུན་བཞི་གཅད་སྲོལ་སྒྲིག་ལམ་དམ་པའི་བཅའ་བ་ཟླ་བ་རེ་རེ་སོགས་མདོར་ན་དཔལ་ཡུལ་བའི་ཕྱག་བཞེས་བཞིན་མཛད་དགོས་པ་ལགས། དགོན་འོག་མར་ཧོར་ཟླ་བཅུ་གཉིས་པའི་འདུག་དགུ་ཆེན་བཀའ་སེང་ཕུར་གསུམ་ཉིན་བདུན་དགུ་གཏོར་འཕང་ཉིན་འཆམ་བཅས་ཀྱིས་ལོ་གཅིག་གི་བཙུགས་སྒོ་དང་། གཞན་ཡང་། སིངྷི་དུང་སྒྲུབ་དང་། མ་ཎི་དུང་སྒྲུབ་སོགས་གནས་དུས་དང་བསྟུན་པའི་བཙུགས་སྒོ་འཕར་མ་ཡང་ཡོད།

དགོན་པའི་འགན་ཁུར་ལམ་ལུགས་གོང་སྨོས་གདན་ས་འཛིན་པ་དེ་ཉིད་གཙོས། དགོན་པའི་དགེ་བསྐོས་འགན་ལོ་གསུམ་རེའི་རེས་སྐོར་དང་། སྤྱི་གཉེར་པ་ཡང་དེ་འདྲ་བར་ལོ་གསུམ་རེའི་རེས། དེའི་ཚེ་དགོན་པའི་ཆོས་ཁྲིམ་བཅའ་ཁྲིམ་བལྟ་སྟང་དང་། དཔལ་འབྱོར་བཏང་ཡོང་འགན་ཁུར་དུས་མཆོད་རྣམས་ཆགས་འཁྲི་མེད་པར་འཚོགས་རྒྱུ། གྲྭ་པ་ནང་གི་ཚན་བསྐོར་བཞག་བྱ་རྒྱུ་ཕྱི་ནང་གི་གཏུག་འབྲེལ་སྣེ་ལེན་[page 184] བྱ་རྒྱུ་སོགས་དགོས། དཔལ་འབྱོར་འབྱུང་ཁུང་། སྔོན་ཆོས་རྒྱལ་སྡེ་དགེ་ཚང་དང་ཙམ་མདོ་གེ་གཞི་དཔོན་གཉིས་ནས་དགོན་གོང་འོག་གི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་གསར་བཞེངས་དང་། དགེ་འདུན་པ་ཉིས་བརྒྱ་ལྷག་གི་ཚེས་དུས་མཆོད་ལ་རྟེན་ཐེབས་ཞིང་འབངས་འཁོར་དུད་བཅུ་གཅིག མངའ་འབངས་ལྷ་སྡེ་སུམ་བརྒྱ། ཡོད་རྒྱུ་དེ་དག་གི་དད་འབུལ་ལ་བརྟེན་རྒྱུ་རེད། གོང་དུ་ལོ་རྒྱུས་དེ་དག་ཆོས་རྒྱལ་བསྟན་པ་ཚེ་རིང་གི་བཅའ་ཡིག་དགུ་ལ་འཇའ་ཚོན་ཐམ་འོག་ལ་སྡིག་དམ་དམར་ནག་ཐམ་ཀས་མནན་པའི་ལྡེབ་བཅོ་ལྔ་ལྷག་ཡོད་པ་དེ་དང་། ཨ་ཡོན་ཧ་སྡེར་ཕུག་པའི་ནང་གི་གཙུག་ལག་ཁང་གི་ལོག་བྲིས་དཀར་ཆགས་གནས་ཡིག་རྣམས་ལ་ཁུངས་གཏུག་ཏེ་རགས་བསྡུས་ཙམ་བྲིས་པ་ལགས། ཡོན་ནའང་འདུས་བྱས་ཀྱི་རང་གཤིས་དང་གློ་བུར་གྱི་དུས་འགྱུར་གྱིས་རྨི་ལམ་དང་འཇའ་ཡལ་བ་ལྟ་བུ་མིང་ཙམ་སོང་ཞིང་ཐལ་བའི་ཕུང་པོར་གྱུར། དེང་སྐབས། རྩ་ཁྲིམས་སྲིད་ཇུས་ཇེ་ལེགས་ཆོས་དད་སྲིད་ཇུས་ཁ་བཤད་དོན་འཁྱོལ་གནང་ནས། 1982ལོར་དགོན་པའི་ཆོས་སྒོ་ཕྱེ་བ་ནས་ད་ལྟའི་བར་འདུ་ཡར་མར་གཉིས། འདག་བཟོས་མདོ་སྔགས་གཉིས་ཀྱི་སྐུ་ཐོག་ཚད། གྲྭ་ཤགས་བཅུ་གཉིས་ཙམ་དུང་འཁོར་གསུམ། བཀའ་བསྟན་འགྱུར་རྙིང་མ་རྒྱུད་འབུམ་སོགས་གསར་བཞེངས་གྲུབ། གནའ་རྒྱུ་རྙིང་པ། མགོན་དཀུ་གཉིས་ རོལ་སིལ་མཁར་རྔ་བཞི་ཤར་བཅས་མང་ཚོགས་གིས་སྦས་བསྐུངས་བྱས་པ་ཕྱིར་བ་རེད། སྐྱབས་གཅིག་རྡོ་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་རྒྱ་གར་ནས་བྱོན་ཐེངས་རེ་བཞིན་གནང་བའི་སྟོན་པའི་གསེར་སྐུ་རྒྱ་གར་མ་ཁྲུ་གང་དེ་མིན་སྒྲོལ་སྐུ་སོགས་སྐུ་ལྔ། སོལ་སིལ་ཆ་དྲུག་ གསུང་རྟེན་རཏྣའི་ཆོས་ཚན་བརྒྱ་དང་ལྔ་བཅུ། གནམ་ཆོས་ཆོས་ཚན། མཛོད་བདུན་གྲུབ་དབང་གོང་མའི་གསུང་འབུམ་སོགས་ཡོད། གཞན་མ་དངོས་རྫས་རིགས་བཅས་གནང་བ་དང་བསྡོམས་རོལ་ཆ་བརྒྱད། གླིང་ཆ་གསུམ། དུང་ཆ་གཉིས། ཡོ་བྱད་སྣེ་འདུས་ཙམ་བླ་མ་གསུམ། གྲྭ་བ་སྔ་བཅུ། གྲ་ཁང་བཅུ་གསུམ། བདག་གཉེར་ཚོ་ཆུང་ཚུགས་ནས་འགན་ཁུར་དཔལ་འབྱོར་ནི་མང་ཚོགས་རྣམས་ཀྱི་དད་འབུལ་དང་། པྦྱིན་བདག་ཚོས་དངོས་པོ་བཅས་ལ་བརྟེན་བཞིན་པ་ལགས།

ཡ་ཆེན་དགོན་གྱི་ལོ་རྒྱུས།

སྔོན་རབ་གྱུང་བཞི་པའི་དུས་ཁྲོམ་གྱི་ཕྱོགས་ཀཿདམ་པ་བདེ་གཤེགས་ཀྱི་སློབ་བུ་བྱང་ཆུབ་འབུམ་པས་སྨན་མདོ་ཁམས་གངས་ཀྱི་ར་བ་བྱེ་བྲག་ཁྲོམ་ཡ་ཆེན་སུམ་མདོ་ཞེས་པར་ལྷ་ཁང་ བཞེངས་ནས་ཆོས་སྒར་བཏབ་པ་ཡིན། དེ་རྗེས་འཇང་ས་དམ་རྒྱལ་པོས་ཁྲོམ་ཁྲི་དཔོན་རྒྱལ་པོ་མེད་པར་བྱས་པས། དགོན་པའང་ཞིག་རལ་དུ་གྱུར། དེ་དུས་ཁྲོམ་ཁྲི་དཔོན་གྱི་ བུ་མོ་ཞིག་ཡོད་པ་གཡོག་གོས་ཁུར་ནས་བྲོས་ཏེ་གཙང་ས་སྐྱ་ལ་སོང་། ས་སྐྱའི་ཇོ་སྲས་དང་འཕྲད། ས་སྐྱའི་བདག་ཆེན་གྱིས་ཁམས་དབུས་ཁྲོམ་ཕྱོགས་ལ་འགྲོ་ན་བཟང་[page 185] བར་ལུང་བསྟན་ལྟར་ཁྲོམ་ཁོག་ལ་ཕེབས། དེས་དགོན་པ་བཏབ་པ་དང་ཉམས་གསོ་མཛད་པར་གྲགས། ད་ལྟར་ཁྲོམ་ཁྲི་དཔོན་གྱི་གདུང་བརྒྱུད་ཁྲོམ་དགེ་ཚང་གི་དབོན་པོ་ཡིད་བཞིན་ དབང་རྒྱལ་གྱི་ཡང་སྲིད་ཨ་རིག་ནི་བསྟན་འགྲོའི་དོན་དུ་རི་ཁྲོམ་མེད་བྱོན་ནས་གདན་ས་འདི་ཡིན་གྱི་ངེས་པ་མེད་པར་བྱས་སྐུ་ཚེ་སྨད་ཞི་བར་གཤེགས་ཁར་བཀའ་ཡི་གནང་བ་དང་བཅས་ཡ་ཆེན་དགོན་པ་ཡིན། ད་དུང་ཡང་སྤྲུལ་དེ་སྐུ་ཉིད་ཀྱིས་འཁྲུངས་ཡུལ་ཕ་མ་སོགས་ཞལ་ཆེམས་གསལ་བོར་བཞག་པས་དེ་ལྟར་ངོས་འཛིན་བྱས་པ་ཡིན། དེའི་དངོས་སློབ་མཁན་ཨ་ ཁྱུང་ནི་ལུང་རྟོགས་ཀྱི་བསྟན་པ་འཕེལ་རྒྱས་སུ་གཏོང་བ་དང་། དགེ་བཅུ་ལག་ལེན་མཛད་ནས་འགྲོ་རྣམས་ཕན་བདེ་ལ་བཀོད་དེ་འཚོ་གཞེས་གཞུགས་བཞིན་པ་ཡིན།

དགོན་འདི་གྲུབ་མཐའ་རྙིང་མ་བ། གྲྭ་ས་རྒྱལ་བ་ཀཿཐོག་དགོན་ནས་མདོ་རྒྱུད་མན་ ངག་ལ་ཐོས་བསམ་བྱས་ནས་བཤད་སྒྲུབ་ཀྱི་བསྟན་པའི་བསླབ་འབྲས་ཤེས་ཡོན་གྱིས་གདུལ་བྱ་ཐར་ལམ་ལ་འགོད་པ་རྒྱལ་ཁམས་བདེ་བའི་ཆེད་དུ་རྐུ་རྔོན་གྱི་ཁྲིམས་དང་། ཆང་དུ་བ་སྣ་དུད་བཅས་གཅོད་པའི་བྱ་བ་སྤེལ་བཞིན་ཡིན། ད་ལྟར་ཆོས་སྡེ་ལྦ་ཤུལ་དང་རོང་བ་གཉིས་སྦྱིན་བདག་བརྒྱ་ཕྲག་ཙམ་འདུག་ད་ལྟར་གསང་སྔགས་མན་ངག་གི་ལུགས་སུ་རྫོགས་ཆེན་ གྱི་ཁྱད་ཆོས་དང་བོད་གངས་ཅན་གྱི་ལྷ་སྐལ་འཕགས་མཆོག་སྤྱན་སར་གཟིགས་ཀྱི་རྒྱུད་སྡེ་དགོངས་དོན་ཁྱབ་བདལ་ཡོངས་སུ་མ་གྲགས་པ་ཉུང་ཙམ་འདུག སྔོན་གྱི་རྟེན་ཡོད་པ་ རྣམས་ཞིག་ཚར་ནས་མིང་ཙམ་མེད། གསར་བཞེངས་བྱ་བྲལ་ཡིན་པས་མང་བོ་མི་འདུག་ད་ལྟར་འདག་སྐུ་དང་གསེར་སྐུ་གསར་བ་བརྒྱ་ཕྲག་གཉིས་ཙམ་ཡོད། སྤྲུལ་དེ་ཉིད་ཀྱི་ གདན་ས་དང་པོ་ལྷ་ས་བསམ་ཡས་རེ་ལྗོངས་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་བ་དང་། སྨད་མདོ་ཁམས་སྒང་དྲུག་ཏུ་བྱོན་ནས་རིག་འཛིན་ཀློང་གསལ་རྙིང་བོའི་གཏེར་གནས་ཁྱད་ པར་ཅན་རྣམས་སུ་སྒྲུབ་པ་མཛད་པ་ཡིན། གདུལ་བྱ་སྨིན་གྲོལ་ལ་བཀོད་པ་ཡིན།

ད་ལྟ་ཆོས་བཤད་པའི་སྐབས་བླ་མ་གྲྭ་བ་མི་རྐྱ་ཕོ་མོ་སྟོང་ཕྲག་ལྷག་ཙམ་ཡོད་པས་སུ་ཡིན་ད་ལྟར་ཡུལ་སོ་སོ་ནས་འོང་བ་མ་ངེས་ཀྱང་ཇོ་སེར་ལྔ་བརྒྱ་ཙམ་ཡོད། ལས་རྒྱུ་འབྲལ་ལ་ མཛེམས་བག་འགྲོ་བའི་ཆོས་རྣོ་དག་ཞིག་དགོངས་པའི་བཅའ་ཁྲིམས་འཇོག་པ་ཡིན། མཁན་ཆེན་ཨ་ཁྱུང་གཙོས་པའི་རྟེན་བཞེངས། ལྷ་ཁང་ཆེ་ཆུང་གཉིས་ཙམ་ཡོད། ཆོས་ ཞུ་ཇོ་སེར་གཉིས་ཀྱིས་ཁང་པ་བཞི་བརྒྱ་ལྷག་ཙམ་ཡོད། ལྷ་ཁང་ཕྱི་ནང་གི་སྐུ་གསུང་ཐུགས་རྟེན་ཏུ་འདམ་དང་། ཤུལ་ཟངས་མ་གསེར་དངུལ་སོགས་ལས་གྲུབ་པའི་སྐུ་རྟེན་ གྲངས་སྟོང་ཕྲག་གཅིག་ལྷག་ཙམ་ཡོད། ཆོས་བཤད་པ་སྒྲུབ་པ་ནི་མདོ་སྔགས་གཉིས་ཀར་བྱ་བ་ཡིན། སྤྱིར་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་དང་རྒྱུད་དོན། མན་ངག་ཁྱད་ པར་དུ་མཁན་སློབ་ཆོས་གསུམ་གྱིས་བོད་ལ་དར་སྤེལ་བྱེད་པའི་སྔར་འགྱུར་ནང་རྒྱུད་སྡེ་གསུམ་འདི་ཉིད་སྒྲུབ་པ་བྱེད་པའི་ཇོ་སེར་རྒྱུན་བཞུགས་བཞི་བརྒྱ་ལྷག་ཙམ་བཞུགས།

ཚོགས་པའི་དུས་མཆོད་ནི་ལོ་རེ་ལ་ཞག་བརྒྱ་དང་དྲུག་ཅུ་ཙམ་རེ་ཡོད། དུས་རྒྱུན་དུ་ཚོགས་པ་ཟླ་བ[page 186] རེར་ཚོགས་ཐེངས་ལང་བརྩིས་པའི་ཞག་དྲུག་ཅུ། དབྱར་ཚོགས་ཞག་དྲུག་ཅུ། སྟོན་ཚོགས་ཞག་ཉི་ཤུ། དཔྱིད་ཚོགས་ཞག་གསུམ་ཅུ་ཙམ་ཡོད། རྒྱལ་བ་ཀཿཐོག་དགོན་པའི་ཆོས་འབྱུང་ལས་ཡ་བརྩེ་དགོན་པ་ཞེས་གསུངས་པ་ཡིན་ཡང་། པད་མ་མཁའ་འགྲོ་ལུང་བྱང་ལྟར་ཨོ་རྒྱན་བསམ་གཏན་གླིང་ཞེས་གྲགས་པ་ཡིན། ད་སྐབས་གང་གི་སྤྲུལ་སྐུ་ཡོངས་འཛིན་དགེ་བཤེས་དེ་ཉིད་ཀྱིས་བསྟན་འགྲོ་དོན་སྲིད་ཅུས་དང་ཆོས་ལུགས་ཟུང་འབྲེལ་གྱི་སྒོ་ནས། སེམས་ཅན་ལ་ཕན་ཅི་ཐོགས་བྱེད་པ་ཡིན། དེ་ཉིད་གྱི་མཚན་དངོས་ནི་མཁན་ཨ་ཁྱུག་ཞེས་ཟེར་བ་ཡིན།

ཀློང་ཐང་དགོན་གྱི་ལོ་རྒྱུས།

དགོན་གནས་ཆགས་ཡུལ་ནི་མདོ་ཁམས་བུ་འབོར་སྒང་གི་མངའ་ཁོངས་འབར་གྲོང་གི་ནང་དུ། རོང་བཙན་ཁ་བ་དཀར་པོའི་གནས་ལགས་ཏེ། ཁ་བ་དཀར་པོའི་གནས་ལས་ཆད་པའི་དུམ་བུ་ཞིག་ཡིན་པར་གྲགས། ཤར་སྟོད་ངོ་མཐོ་གཡུང་དྲུང་འཁྱིལ་བའི་གནས་འདི་གཏེར་ཆེན་བདུད་འདུལ་རྡོ་རྗེས་གནས་སྒོ་ཕྱེས་ཤིང་སློན་དཔོན་པདྨ་འབྱུང་གནས་ཀྱི་ལུང་བསྟན་པའི་གནས་མཆོག་སྦས་ཡུལ་ནོར་བུའི་ཡང་རྩེར་སློབ་དཔོན་པདྨ་འབྱུང་གནས་སོགས། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་དང་ལོ་ཆེན་བེེ་རོ་ཙ་ན་སོགས་ཀྱི་རྗེ་འབངས་ཉེར་ལྔ། མངའ་བདག་ཉང་རལ་སོགས་གཏེར་སྟོན་བརྒྱ་རྩ་བརྒྱད་ཀྱིས་ཞབས་ཀྱིས་བཅག བྱིན་གྱིས་བརླབས་པའི་གཏེར་གནས་ཀྱང་ཡིན། མདུན་རི་བཀྲ་ཤིས་རྟགས་བརྒྱད་སོགས་མཆོད་རྫས་ཀྱིས་གང་བ་འདྲ་བ། བྲག་རི་དཀར་ལ་ཡོ་བ་བྲེས་འདྲ་ལྷ་ཤིང་ཤུག་པ་གདུགས་ལྟར་སྐྱེས་པ། རི་ཕྲན་ལྗོན་པའི་ཚལ་གྱིས་སྤྲས་པ་ལྷ་མོའི་གར་སྟབས་འཁྱུག་འདྲ། ཡུལ་ལ་དགེ་བཅུ་ཚང་ཞིང་། གཡས་གཡོན་ཆུ་བོ་མདུན་དུ་འབབ་པ། རི་བོ་གླང་ཆེན་འགྱིང་འདྲའམ་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བའི་རི་སྟེང་དུ་ཆགས་སོ། གདན་ས་ཐོག་མར་འདེབས་པ་པོ། སྤྱི་ལོ་1403ལོར་རབ་བྱུང་བདུན་པའི་ནང་། མགོན་པོའི་བཀའ་བབ་ལྭ་སྟོན་ནམ་མཁའ་རིན་ཆེན་ཞེས། འབའ་དང་ས་ངན་ས་མཚམས་འཁྲངས་པ་དེས། མགོ་དགེ་ཁྲ་ཆོག་དགོན་བཏབ། མགོན་པོའི་སྒྲུབ་ཐབས་དངོས་གྲུབ་འབྱུང་གཏེར་སོགས་གུསང་རྩོམ་མང་རབ་དང་། འཁོར་སློབ་སྟོང་ཕྲག་བརྒལ་བར་འདུས་སྐད། དེ་ཉིད་ཀྱི་བརྒྱུད་འཛིན་གནམ་ལྷ་བླ་རབས་བཅུ་གསུམ་རིམ་པ་བྱོན། བླ་རབས་དང་པོ་སྔགས་འཆང་རིག་འཛིན་རྡོ་རྗེ་ནས། ཐུག་མོ་བདེ་ཆེན་ཕོ་བྲང་དཔལ་ལྡན་ལྷ་མོའི་གནས་ཀྱི་ཉི་འདབས་མགོ་ཕག་ནང་རྫོང་དགོན་གསར་དུ་བཏབ། (བླ་རབས་བཅུ་གསུམ་གྱི་མཚན་རེ་རེ་བཞིན་དང་དུས་ཚོད་སོགས་ཡོད་ཀྱང་སྔར་གྱི་ཡེག་ཆ་བརླགས་རྐྱེན་བྲིས་མ་ཐུབ་)དེ་རྗེས་དཔལ་འབར་ནམ་མཁའ་རྒྱ་མཚོའམ་བར་ཁྲོད་ནམ་མཁའ་རྒྱ་མཚོ་ཞེས་པ་ས་གསུམ་ན་འགྲན་ཟླ་བྲལ་བ་ཞིག་བྱོན། སློབ་འབངས་སྟོང་ཕྲག་ཁ་ཤས་བསྐྱངས་བར་གྲགས་ཤིང་སྔར་གྱི་དགོན་གནས་རྣམས་རི་[page 187] ཁྲོད་ཚུལ་དང་། གསར་དུ་རྡོང་དཀར་ཕོ་བྲང་གནས་ཀྱི་ཉེ་འདབས་སུ། སྦམ་མགོ་དགོན་དང་། ཡང་དགོན་པར་རུ་ཁྲོད་བཅས་གསར་བཏབ་གནང་། དེ་རྗེས་ཁོང་གི་སློབ་མ་ཆོས་ཉིད་རྒྱ་མཚོ་ནས། རེ་ཁེ་བྲག་རིང་ལྷ་གནས་ཉེ་བར་རི་ཁོད་དང་། དགོན་གསར་དགོན་པ་བཏབ། སྤོ་མགོ་ནམ་མཁའ་རབ་འབྱམས་ནི་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྤྲུལ་སྐུ་ཡིན་ཞེས་ཨ་འཛོམ་འབྲུག་པ་འགྲོ་འདུལ་དཔའོ་རྡོ་རྗེ་ནས་ངོས་འཛིན། ཡིན་ནའང་། ཁོང་ནི་བྱ་བྲལ་གུ་ཡངས་ངང་རྟག་པར་ངོ་མཐོའི་གནས་ཕུག་དུ་བཞུགས། དགོན་འདིའི་ནང་ཡང་སྐབས་རེར་ཕེབས་ནས་ཆོས་ཁྲིད་ཕྲན་བུ་རེ་གསུངས། སྐལ་ལྡན་ཉུང་ཤོས་ཞིག་ལ་ཉམས་ཁྲིད་གནང་། རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་ས་ལམ་མཐོན་པོར་གཤེགས་པའི་མངོན་རྟགས། སྐབས་འགར་ཕུག་པའི་སྒོ་རྩར་གཅན་གཟན་གཟིག་ཞིག་གི་སྐེ་ལ་ཆིངས་གིས་བསྐོན་ནས་སྒོ་ཁྱི་མཛད། ཁོང་གི་སྐུ་ཉ་སྤམ་མགོ་པདྨ་ཁོང་རྩ་བྲོ་སྐྱེའ་འོང་དུས་གཟིག་དེ་ཁོང་གིན་བཟས་གཡོགས་ཏེ་ནང་དུ་ཁྲིད་པ་སོགས་གྲུབ་སྤྱོད་མཛད། འདི་ཡན་གྱི་དུས་རབས་ཞིག་ལ། དཔལ་ཡུལ་ཡན་གྱི་ཡུལ་གྲུ་ཚང་མའི་ལི་ཐང་སྟོང་ར་སྡེ་པས་མངའ་འོག་བསྒྲུར་ཏེ། དཔོན་གསེར་བྱ་བག་ཐུལ་ཁ་བ་སོགས་ཀྱིས་བཟུང་། ས་གནས་འདི་དགྲ་ཁ་སོ་ཡུལ་ལྟ་བུར་གྱུར་ནས། གནའ་རབས་དཔལ་འབར་གྱི་ཡུལ་གྲུ་སྐྱ་དཔལ་ཚོ་དྲུག་མོ་དུད་བརྒྱ་དང་བརྒྱད་ཅུ་ཡོད་པ་ཕལ་ཆེར་རིམ་གྱིས་སྡེ་འཐོར་དཔོན་ཉམས་སོང་། དགོན་པ་རྣམས་རི་ཁྲོད་ཙམ་ལས། ཕལ་ཆེར་མེད་པར་གྱུར། སྐབས་དེར་ཆོས་རྒྱལ་སྡེ་དགེའི་ཁྲི་སངས་རྒྱས་བསྟན་པས་གསེར་བྱ་བག་ཐུལ་ཁ་པ་ཚོགས་སྟོབས་ཀྱིས་བཅོམ། འབངས་རྣམས་སྡེ་དགེའི་མངའ་འོག་ཏུ་བསྡུས་ཏེ། དགོན་པ་ཆོས་རྒྱུན་བཅས། རེ་ཁེ་ཆོས་ཉིད་རྒྱ་མཚོའི་སློབ་མ་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་ལ་ཕུལ། རེ་ཁེ་དགོན་ཡང་སྟོངས་ནས། ཁྲོ་འབུམ་ཞེས་པས་སྐུ་དར་རྒྱས་དགོན་དང་། ཡང་སྦས་རྣལ་འབྱོར་མཚལ་རི་རིན་ཆེན་རྡོ་རྗེ་ནས་ཀློང་ཐང་དགོན་བཏབ། ཀློང་ཐང་དགོན་མེས་འཇིག སླར་དཔལ་ཡུལ་གྲུབ་དབང་རིན་པོ་ཆེ་དཔལ་ཆེན་འདུས་པའི་ཐུགས་བསྐྱེད་བྱུང་། དགོན་བདག་བླ་མ། མཁར་ལྦག་བླ་མ་པདྨ་བསམ་གཏན་བཅས་ཀྱིས་གདན་ས་བསྐྱངས། སྤྱི་ལོ་1958ལོར། དུས་དབང་གིས་ཆགས་ཉསམ་སོང་། གནའ་རབས་ཀྱིས་དུད་གྲངས་དང་མི་གྲངས་ཕལ་ཆེར། དཀར་མཛེས། ལི་ཐང་། འབའ། སྡེ་དགེ། མཚོ་སྔོན། བོད་ལྗོངས་སོགས་སུ་འཁྱབ་ནས་འཐོར་རྐྱེན་གྱིས་སྐབས་དེར་ཞེང་འབངས་དུད་གྲངས་བརྒྱད་ཙམ་ལས་མེད། དུས་མཆོས་སྐོར། སྤྱིར་གཏོང་གཏེར་བ་གོང་འོག་གཉིས། རཏྣའི་ཆོས་སྐོར་བླ་མ་དགོངས་འདུས། འཇའ་ཚོན། གནམ་ཆོས་ཀར་གླིང་། སྔ་འགྱུར་བཀའ་མ། ཀློང་ཆེན་སྙིང་ཐིག་སོགས་ཉམས་བཞེས་མཛད། ཁྱད་པར་དུ་སིངྷི་དུཨང་སྒྲུབ། ཡང་འདུས་མ་ཎི་དུང་སྒྲུབ། ཞི་ཁྲོ་སྒྲུབ་པ། སྨྱུང་གནས། སྒྲུབ་པ་ཆ་བརྒྱད། བཀའ་མ་རྡོར་སེམས་སྒྲུབ་མཆོད། མགོན་པོའི་སྒྲུབ་མཆོད། དགུ་གཏོར་སོགས་དུས་མཆོད་གསུངས་སྲོལ་ཡོད། རྟེན་གསུམ་སྐོར། སྐུ་རྟེན་ཨི་མ་མདའ་ཚད་ཙམ་མེ་རྡུག་མར་གྲགས་པ་འདི་སྔོན་སྤོ་སྐུ་མེས་འཇིག་སྐབས། སྐུ་འདི་ཀ་བ་ཞིག་གི་སྟེང་མ་ཚིག་པར་ཀ་བ་དནག་བཅས་ལུས་འདུག་པས་མེ་[page 188] རྡུག་ཞེས་གྲགས་ཡང་རྩི་ཁྲ་མ་ལི་རྙིང་གི་སྟོན་པ་དེ་མཚུངས་བཅས་ཏེ་སྐུ་རྟེན་མང་ཙམ་དང་། གསུང་རྟེན་བཀའ་འགྱུར་གསེར་བྲིས་མ་སོགས། ཐུགས་རྟེན་གཙོ་བོ། ལྭ་སྟོན་ནམ་མཁའ་རིན་ཆེན་ཕྱག་བཟོས་མགོན་པོའི་རྟེན་བིང་། ཡོན་ཏན་ཕྲིན་ལས་ཀྱི་རྟེན་གཙོ་ལྭ་སྟོན་ནམ་མཁའ་རིན་ཆེན་གྱི་གཏེར་མ་དུང་དཀར་སོགས་ཡོད་རབས་འདུག གཞན་ཡང་པར་ཁང་། གསེར་ཁང་། ལྷ་ཁང་། དུང་འཁོར་སོགས་དང་། རི་ལུང་ཀུན་དུ་རྡོ་འབུམ། མཆོས་རྟེན་སོགས་གྲངས་མང་གཞེངས་པར་མཛད་ཀྱང་གྲྭ་ཚང་བཅུ་སྐོར་ལས་མེད།

དགོན་པའི་འཚོ་རྐྱེན་དཔལ་འབྱོར་འབྱུང་ཁུངས་ནི། གནའ་རབས་སྡེ་དགེ་རྒྱལ་པོ་གཞུང་གིས་གནང་བའི་ཞིང་དུད་འཁོར་འབངས་རེ་ཟུངཡོད་དང་། མགོན་ཁང་། གཟིམས་ཁང་། དུང་འཁོར་ཁང་ཇ་ཐབས་སོགས་དང་། ནང་གི་ལོགས་བྲིས། འཇིམ་སྐུའི་གནས་བརྟེན་བཅུ་དྲུག གུ་རུ་མཚན་བརྒྱད་སོགས་ཉམས་གསོ་དང་། བཀའ་འགྱུར། བསྟན་འགྱུར་སོགས་གསར་དུ་བླུས། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་རྒྱ་གར་ནས་ནམ་ཕེབས་དུས་སུ་རྟེན་གསུམ་རིགས་དང་། རོལ་མོའི་རིགས། དངོས་རྫས་དངུལ་ལོ་སོགས་འབོར་ཆེན་སྔ་ཕྱི་གནང་བ་དང་། གྲྭ་ཚང་ཉི་ཤུ་ཙམ་ཡོད་ལ། དེ་དག་གིས་རེ་སྐོར་རྒྱུན་ལྡན་བསང་གསོལ་ཡོན་ཁ་ཆགས་མེད། དུས་མཆོད་མ་ཎི་བུམ་སྒྲུབ། བདེ་ཆེན་ཞིང་སྒྲུབ། གསན་བརྒྱ། ཚོགས་བརྒྱ། དགུ་གཏོར། མགོན་པོའི་སྒྲུབ་པ་སོགས་མ་ཆད་པར་ཡོད། དགོན་པའི་འགན་ཁུར། བདག་གཉེར་ཚོ་ཆུང་མི་གསུམ་གསྲ་འཛུགས་དང་། ལོ་བཞིན་སྤྱི་གཉེར་རེས་སྐོར་བྱ་རྒྱུ་བཅས་ཀྱིས་བདག་གཉེར་དོ་དམ་དུས་མཆོད་ཆགས་མེད་སྒྲིག་ལམ་སྲ་དམ་བཅས་བྱེད་བཞིན་པའོ་ཞེས། མདོར་བསྡུས་ཞིག་དགོན་པའི་བླ་གྲྭ་ཚོས་ཞལ་གསུངས་དང་། རྩ་ཐོ་གནང་བ་ལྟརདཔེ་བསྡུར་ཞལ་བཤུགས་བགྱིས་ཏེ་ཐུབ་བསྟན་དཔལ་བཟང་བོད་བྲིས་པ་དགེ།།

རྒྱ་ཤོད་དགོན་གྱི་ལོ་རྒྱུས།

རྒྱ་ཤོད་དགོན་བྱང་ཆུབ་ཆོས་འཁོར་གླིང་ནི། སྤྱིར་དགོན་སྟེ་འདི་ཉིད་སྔ་འགྱུར་སྙིང་མའི་རྒྱལ་བ་ཀཿཐོག་གོན་པའི་པའི་ཆོས་བརྒྱུད་ཡིན་ཞིང་དེ་ཡང་རྩོལ་བྲལ་དུས་ཀྱི་གཏར་ཆེན་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་ཁྲོམ་ཡུལ་དུ་བྱོན་སྐབས་དེང་སང་གི་དགོན་ས་དེར་ཕེབས་དུས་ཁོང་གི་ཆིབས་རྟ་དེར་ཉལ་ནས་འགྲོ་མ་འདོད་པ་ན་ཁོང་དེར་བཞུགས་ནས་འདིར་དགོན་པ་ཞིག་བཏབ་ན་ལེགས་ཚུལ་གསུངས་པའི་ལུང་བསྟན་པ་དང་། ཕྱིས་སུ་རབ་བྱུང་བཅུ་གཉིས་པའི་ནང་ཚན་ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོ་ས་དེར་བྱོན་ནས་ཁོང་གི་དངོས་སློབ་བླ་མ་ངག་དབང་ཡོན་ཏན་ལ་དེར་རི་ཁྲོད་ཞིག་ཐོབ་གསུངས་པས་ཞལ་བཞེས་ལྟར་རི་ཁྲོད་བཏབ། བླ་མ་ངག་དབང་ཡོན་ཏན་ནི་རབ་བྱུང་བཅུ་གཉིས་པའི་ནང་ཚན་ལྕག་མོ་ཕག་གི་[page 189] ལོར་སྐུ་མཁྲུངས། ཁོང་བླ་མ་འདི་དང་འདི་ལྟ་བུའི་སྤྲུལ་སྐུ་ཡིན་པར་ངོས་འཛིན་མ་བྱས་ཀྱང་སྐྱེས་ཆེན་ཞིག་ཡིན་པར་ཞིང་སྐྱོང་སོགས་ཀྱིས་བཞེད། གདན་ས་བྱང་ཆུབ་ཆོས་འཁོར་གླིང་དུ་མངའ་གསོལ་བྱས། སྐུ་ན་ཆུང་བའི་དུས་སུ་བྱམས་དང་སྙིང་རྗེ་དང་བརྩོན་ཤེས་རབ་སོགས་གཞན་ལས་ཁྱད་པར་དུ་འཕགས་པ་རི་ཁྲོད་དབེན་གནས་སོགས་ལ་མངོན་པར་དཀའ་བ་ཞིག་ཡིན། སྐུ་དེ་མཁྲུངས་ཡུལ་རྒྱ་ཤོད་ཚོ་བ་ཡིན། གྲྭ་ས་ཀཿཐོག་ཏུ་ཕེབས་ནས་གཞུང་ལུགས་ལ་གསན་སྦྱངས་མཛད། འདུལ་བ་ལག་ལེན་ཞིབ་ཆར་དགོངས་པ་མ་ཟད་དྲི་མེད་ཞིང་སྐྱོང་མདུན་ནས་འོད་གསལ་རྫོགས་ཆེན་གྱི་ཁྲིད་དབང་སོགས་གསན་ནས་ཉམས་སུ་བཞེངས་པས་རྟོགས་པ་མཆོགས་ལྡན་གྱི་རྣལ་འབྱོར་པར་གྱུར། བསླབ་འབྲས་ཤེས་ཡོན་གྱི་ཐོབ་ཐང་ཀཿཐོག་ནས་ཞྭ་དང་བུམ་པ་གནང་སྟེ་རྡོ་རྗེ་སློབ་དཔོན་དུ་གསོལ། ཁོང་གིས་མཛད་པའི་གཙོ་བོ་བསྟན་པ་ལ་ཞབས་ཞུ་དགེ་ཚུལ་སློང་རྣམ་དག་གི་དབྱར་ཟླ་བ་ཕྱེད་གཉིས་གནས་པར་བྱེད་པའི་དབྱར་གནས་བཙུགས་པ་དང་། འཁོར་སློབ་མ་རྣམས་ལ་མདོ་སྔགས་ཀྱི་བཤད་ཁྲིད་གནང་བར་མ་ཟད་མི་སྐྱ་ཕོ་མོ་ཡོངས་ལ། ཞིང་སྒྲུབ་མ་ནི་སིདྔྷི་སོགས་འཚོགས་ནས་དེ་དུས་སུ་ཆོས་ཁྲིད་བཤད་དེ་གནས་སྐབས་མཐར་ཐུག་གི་ཕན་འབྲས་སྟེར་བ་ལ་བརྩོནཔ་སྐུ་ཁོང་རང་ལ་ཆོས་གཞི་ལྷ་སྡེ་དུད་ཁ་བརྒྱད་ཅུ་ཙམ་ཡོད་པ་དང་། གྲྭ་སེར་མོ་བརྒྱ་ཙམ་ཡོད་པ་རྣམས་བླ་མ་ཁོང་གི་ལོ་རྒྱུས་མདོ་ཙམ་མོ། དེ་རྗེས་གདན་ས་དེར་ཀུན་མཁྱེན་ཚེ་དབང་མཆོག་གྲུབ་ཀྱི་དངོས་སློབ་འཇའ་ལུས་བ་ཨོ་རྒྱན་རང་གྲོལ་སྐུ་མཁྲུངས་པ་དང་འཁྲུངས་ཡུལ་རྒྱ་ཤོད་ཚོ་བ་ཡིན། སྐུ་དེ་ཉིད་ཀྱི་གྲྭ་ས་ཀཿཐོག་ཏུ་ཕེབས་ནས་མ་ཧ་པནྟི་ཏའི་མདུན་ཁྲག་ཆོད་ཐོག་རྒལ་སོགས་རྫོགས་ཆེན་གྱི་ཆོས་རྣམས་གསན་ཏེ་ལོ་དགུ་ལ་སྒྲུབ་པ་ཉམས་ལེན་བྱས་མཐར་ཞུ་བུམ་པ་གནང་སྟེ་ཚུར་བྱང་ཆུབ་ཆོས་གླིང་དུ་བྱོན་ནས་གདན་ས་བསྐྱངས། དེ་རྗེས་དུས་དབང་གིས་ས་གྱོད་བྱུང་བས་ཡུལ་སྤོ་སྐབས་ནག་སྒར་བྱས་ནས་ཚེས་འཚོགས་མཛད་པ་བྱུང་ཏང་བར་སྐབས་སུ་ཀཿཐོག་རྨོག་སྤྲུལ་འཇིག་བྲལ་ཆོས་དབྱིངས་རྡོ་རྗེའི་དངོས་སློབ་གྲུབ་ཆེན་ཨ་གོའི་འཇམ་དབྱངས་སྐུ་མཁྲུངས་བ་དང་། ཁོང་གྲུ་ས་ཀཿཐོག་ཏུ་ཕེབས་ཏེ་རྨོགས་སྤྲུལ་མདུན་ནས་ཆོས་གསན་སྦྱངས་མཛད། བླ་སློབ་འདྲིས་ཆེ་བས་རྨོག་སྤྲུལ་ཚུར་བྱོན་ནས་ཆོས་ཁྲིད་དབང་ལུང་སོགས་གསུས་ཏེ་བསྟན་པ་ཡར་དར་སོང་བ་དང་། དེ་རྗེས་ཉག་བླ་པདྨ་སྐལ་བཟང་མཁྲུངས། འཁྲུངས་ཡུལ་རྒྱལཤོད་ཡིན། ཁོང་གིན་གྲྭ་ས་ཀཿཐོག་ཏུ་གཞུང་ལུགས་དུ་གསན་སྦྱངས་མཛད་ནས་སླར་ཛཿསྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་ཆེན་གྱི་ཆོས་འཁོར་རྣམས་གསན། ཚུར་བྱོན་ནས་བྱང་ཆུབ་ཆོས་གླིང་དུ་གདན་ས་བསྐྱངས་ནས་བཀས་མདོང་སྤྲུག་དང་། འཇིགས་གླིང་ཞིང་མཆོག་རྣམས་ཀྱིས་སྒྲུབ་ཆོས་བཙུགས་ནས་བསྟན་པ་སྔར་ལས་དར་རྒྱས་སུ་མཛད། དེ་དུས་ཙན་ཉག་བླ་པདྨ་བདུད་འདུལ་བྱོན་ནས་ས་དེར་དགོན་པ་བཞེངས་རྒྱུ་དང་། ལྷ་ཁང་གི་སྒོ་ནས་བརྟན་པ་འཆམ་པོ་འབུད་ལུང་སོགས་ཀྱིས་ལུང་བསྟན་གསུངས་པ་དང་། ཕྱིས་སུ་རབ་བྱུང་བཅོ་ལྔའི་ནང་ཚན་ཤིང་ཡོ་བྱ་ལོ་ལ་ཀཿཐོག་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་སྐུ་ཕྲེང་གསུམ་པ་འགྱུར་མེད་བསྟན་པའི་རྣམ་སྤྲུལ་མཁྲུངས། ཛཿསྤྲུལ་འཇིགས་མེད་ཀུན་བཟང་རྣམ་[page 190] རྒྱལ་གྱིས་ཚེ་དབང་མཆོག་སྒྲུབ་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད་པ་དང་། སྐུ་དེ་མཁྲུངས་ཡུལ་རྒྱ་ཤོད་ཡིན་ཀཿཐོག་ཏུ་གསེར་ཁྲིར་མངའ་གསོལ། གདན་ས་བྱང་ཆུབ་གླིང་དུའང་ཆོས་ཁྲི་མངའ་གསོལ་བ་དང་། སྐ་དེའི་མཚན་རྒྱས་པ་འགྱུར་མེད་དསྟན་པའི་རྣམ་རྒྱལ་དང་བསྡུས་མིང་དགེ་རྩེ་སྐྱབས་མགོན་ཞུ། སྐུ་ཁོང་གི་མཛད་པའི་གཙོ་བོ་འཆད་རྩོད་རྩོམ་གསུམ་ལས་ཁྱད་པར་དུ་འཆད་རྩོམ་གཉིས་ལ་མཛད་པ་དང་། གྲྭ་ས་ཀཿཐོག་ཏུ་བཞུགས། ནས་གཞུང་ལུགས་རབས་འབྱམས་སོགས་ལ་སློབ་པ་མཐར་ཕྱིན་ནས་རིག་པའི་གནས་གང་ལ་ཡང་མི་མཁྱེན་པ་མེད་པ་མཛད། རྒྱལ་དབང་ཐམས་ཅད་མཁྱེན་པའི་དབུ་བླར་མཛད་པ་སོགས་བསྔགས་འོས་ཀྱི་ཡོན་ཏན་བརྗོད་ཀྱི་མི་ལང་། གདན་ས་བྱང་ཆུབ་ཆོས་གླིང་དུ་ལྷ་ཁང་རྒྱ་བསྐྱེད་ཏེ་སྒྲུབ་པ་དུས་མཆོས་སོགས་རྟ་དབྱངས་འབུད་དཀྲོལ་དག་ཐེར་མཛད། བྱང་ཆུབ་ཆོས་གླིང་དུ་གཞུང་གྲྭ་བདུད་ཅུ་ཙམ་ཡོད་པ་སྐུ་ཁོང་གི་དབང་ལུང་དང་ཆོས་ཁྲིད་གསུང་སྐབས་རྒྱ་གར་ཚུན་ཆད་ཀྱི་ཆོས་ཞུ་འདུ་འོང་བས་གྲངས་མང་ཙམ་ཡོད། སྐུ་ཁོང་གནས་མིང་གྲགས་ཙན་རྒྱ་གར་སོགས་བྱོན་ནས་ཆོས་འཆད་སྤེལ་མཛད་པ་མ་ཟདཁོང་གིནདགོན་ལག་ཀྱང་དེར་ཡོད་པ་དང་། སྐུ་དེ་ཉོད་དགོན་པ་དོ་དམ་བྱ་བའི་བཅའ་ཁྲིམས་འདུལ་བ་ནང་ལྟར་ལགལེན་ཡང་དག་པར་བྱེད་དགོས་པར་གསུངས་པ་རེད་ལགས། དེའི་རྗེས་སུ་སྨྱོ་ཤུལ་ལུང་རྟིགས་ཀྱི་ཡང་སྲིད་དཔོན་ཉག་བླ་གསང་སྔགས་གི་སྤུན་ཡུམ་བརྟན་གྱི་སྲས་སུ་སྤྲུལ་ས་རྡོར་འཁྲུངས། འཁྲུངས་ཡུལ་རྒྱ་ཤོད་ཡིན། ལུང་རྟིཛོགས་གྱི་སྤྲུལ་སྐུར་ངོས་འཛིན་མཁན་མཁན་ངག་དགའ་ཡིན། སྐུ་ཁོང་གདན་ས་བྱང་ཆུབ་གླིང་དུ་རབ་བྱུང་བཅོ་ལྔའི་ནང་ཚན་ཁྲི་ལ་མངའ་གསོལ་བྱས་པ་དང་། སྐུཁོང་དགོན་དེའི་འཚོགས་དུས་མཆོད་དང་སྤྲུལ་མགོན་གྱི་འཁོར་འདུམ་སོགས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་དགོན་ཉིན་གྱི་སྤུལ་སྐུ་ཡིན་པར་རྫོགས་ཆེན་རིན་པོ་ཆེའི་ངོས་འཛིན་མཛད། རབ་བྱུང་བཅུ་དྲུག་པར་ཡིན། ཁོང་འཁྲུངས་ཡུལ་རྒྱ་ཤོད་ཡིན། ཁོང་གདན་ས་བྱང་ཆུབ་ཆོས་གླིང་དུ་རབ་བྱུང་བཅུ་དྲུག་ནང་ཁྲི་མངའ་གསོལ་བྱས་པ་ཡིན། ཁོང་གྲྭ་ས་ཀཿཐོག་ཏུ་བཞུགས་ཚུལ་བྱང་ཆུབ་གླིང་དུ་བྱོན་ནས་ཤད་སྒྲུབ་ཀྱི་སྡེ་དང་འཚོགས་བཙུགས་སྒོ། རྟེན་བཞེངས་ཆོས་གསུམ་རྣམས་དགོན་པས་གཞན་ལས་མི་ཞན་པ་བྱེད་དགོས་གསུངས་ཀྱང་དུས་དབང་གིས་ཞི་བར་བཤེགས་སོ། ལོ་བརྒྱད་བརྒྱ་ཙམ་གྱི་སྔོན་ལ། ཉག་ཨ་དཀར་ཀླུ་འབུམ་དུང་གི་བུ་བདུན་ལས་བརྒྱུད་པའི་ཉག་བླ་ཕེས་པའི་བྲག་ཕུག་ཅིག་གི་ནང་སྒྲུབ་པ་མཛད་སྐབས། ཁྲོམ་པ་ཞིག་གི་བུ་མོ་ཞིག་ཀྲིད་འོང་ནས་རྒྱུའི་ཆེད་གསད་རྩིས་བྱེད་སྐབས་བུ་མོས་གནམ་སྔོན་མོ་ཞེས་འབོད་པས་བླ་རྒན་གྱི་ཨ་བཟླས་པས་ཁྲོམ་པ་སྐགས་ཏེ་བྲོས་བུ་མོ་སྐྱངས་པའི་དྲིན་ལན་གསོལ་ཕྱིར་མོས་བླ་རྒན་དང་འདུ་བར་ཐགས་བཅད། བུ་མོ་དེ་ཁྲོམ་ཁྲི་དཔོན་རྒྱལ་པོའི་བུ་མོ་ཡིན་པས་དཔོན་པོ་རེད། མིང་ལ་ཉག་ལའམ་གནམ་བླ་ཐོགས། འདི་བརྒྱུད་པས་དཔོན་ས་བཟུང་བས་གསང་སྔགས་ལི་སྤུན་མཆེད་ཀྱི་བུ་དེ་མཆོག་བར་ཡིན་དེ་ལ་སྔོན་རི་ཁྲོད་ཅིག་ཆགས་དེ་ནས་ཞག་སྒར་བྱས། དེ་རྗེས་དགོན་པ་བཏབ། དེ་དག་གི་སྐབས་དགུ་གཏོར་དང་དབྱར་གནས་ཙམ་རེ་ཡོད། རྗེས་སུ་གླག་བླ་ཆོས་[page 191] འགྲུབ་ནས་བཞགནཔའི་བདེ་ཆེན་ཞིང་སྒྲུབ་བོད་ཟླ་བརྒྱད་པའི་ཚེས་བརྒྱད་ནས་གཅིག་བར། དེ་ནས་ཉིན་བདུན་ལ་ཉག་བླ་པདྨ་སྐལ་ཚེ་ཛཿཀ་མཆོག་སྤྲུལ་ཀུན་བཟང་རྣམ་རྒྱལ་ནས་བཙུགས་པའི་དོང་སྤྲུགས་བདུན་སྒྲུབ། ཟླ་བཅུ་གཅིག་པའི་ནང་མི་འཁྲུག་པ་སྟོང་མཆོད། དེ་ནས་ལྟུང་བཤགས་མཆོད་ཆོག་ཉིན་བཞི། ཟླ་བཅུ་གཉིས་པའི་ནང་ཀློང་གསལ་གུ་དྲག་དང་བདུད་འདུལ་ཕུར་བའི་དགུ་གཏོར་ཉིན་བདུན། གཞན་ཡང་སྐུ་གསུམ་ཆོ་ག་པདྨ་འོད་འབར་གྱི་འདས་ཆོས་དང་ཀར་གླིང་ཐོས་གྲོལ་གཏོང་མཆོད། ཟླ་ལྔ་པའི་ཚེས་བཞི་ལ་བསང་ཉིན་ལྔ་དེ་ནས་བཀའ་ཆོས་དག་ཚར་ཅིག་འཚོགས་དགོས། ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་བཞུགས་པ་བཅས་སོ། རིག་འཛིན་ཀློང་གསལ་ལུགས་ཀྱི་བཅའ་དབྱངས་འབུད་དཀྲོལ་སོགས་ཡོད་པ་རེད། དགོན་པའི་ས་གནས་གླགས་ཚང་མཁའ་འགྲོའི་འབུམ་རྫོང་གི་ཡང་སྟོད་བྱང་ཆུབ་གླིང་པའི་དགོན་པའི་ས་མཁན་མཛད་པ་ཉག་གྲུབ་ཆེན་པདྨ་བདུལ་བདུལ་གྱིས་མཛད་ནས་དེ་རུ་དགོན་པ་བཏབ་ན་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་འབྱུང་བའི་ལུང་བསྟན་ཡོད་པ་རེད། དེ་དུས་དགོན་པ་བཏབ་པའི་བླ་མ་ནི། དབུ་བླ་ཀཿཐོག་ཚེ་དབང་ཆོས་སྒྲུབ་མ་ཧ་པནྡི་ཏས་ཞལ་བཀོད་ལྟར། རང་རེ་བླ་མ་གྲུབ་ཆེན་རྒྱལ་བ་བྱང་ཆུབ་སློབ་མ་ཨུ་རྒྱན་རང་གྲོལ་དང་། ཉག་བླ་པདྨ་སྐལ་བཟང་། སྒྲུབ་ཆེན་ཨ་སྒོའི་འཇམ་དབྱངས་སོགས་ནས་དགོན་པ་བཏབ་པ་རེད། དེ་ནས་བོད་ཇག་ཕྱག་ཕྲེང་གིས་གནོད་སྐྱོན་བྱུང་བ་རེད། དེ་ཕྱིས་དགེ་རྩེ་འགྱུར་མེད་བསྟན་པའི་རྣམ་རྒྱལ་མཁས་གྲུབ་གཉིས་ལ་མངའ་བརྙེས་པའི་སྐུ་འཁྲུངས་ས་དང་ཕ་མ་སོགས་རྒྱ་ཤོད་པ་རེད། དེ་དུས་ཁོང་གིས་དགོན་པ་ལ་ཐུག་ཁུར་རྒྱམཆེར་མཛད་ནས། གཙུག་ལག་ཁང་ཚད་ལྡན་དང་། གཉེར་ཁང་སོགས་བཞེངས་དགོན་པ་དར་རྒྱས་སོང་། ས་འདུལ་མཛད་སྐབས་དགུན་ཁར་འབྲུག་གྲགས་པར་འབྲུག་གྲགས་མིང་ཐོགས། བླ་མ་ཀུན་བཟང་སོགས་འཁྲུངས་ནས་བསྟན་བདག་མཛད་པ་རེད། ཆོས་ཆད་ཡོ་བྱད་ནི་དར་གདུགས་འཕན་གསུམ། རོལ་མོ་སྟོང་གསུམ་འབྲུག་གྲགས་ཟེར་བ་གཅིག་ལ་དཔེ་བཞགན་དྲེའུ་དགུའི་རིན་པ་ཡིན་ཟེར་བ་རེད། དེ་མིན་རོལ་མོ་ཆ་གསུམ་དང་སིལ་སྗན་བཀྲ་ཤིས་ལྷ་རོལ་གཕན་ལས་ལ༠གས་པ་སོགས་ཆ་ལྔ། གསེར་གླིང་ཆ་གཅིག་སྟོང་གླིང་ཆ་གཅིག་དེ་མིན་ཆ་གཉིས། གསེར་རྐང་ཆ་གཉིས། ཟངས་རྐང་ཆ་གསུམ། དུང་དམར་ཆ་གཉིས། དུང་དཀར་ཆ་གསུམ། གསེར་གྱི་སྤོས་ཕོར་ཆ་གཅིག། དེ་མིན་སྤོས་ཕོར་ཆ་གཅིག་གསེར་སྐུ་ཐུབ་པ་ཁྲུ་གང་ཙམ་དང་གུ་རུའི་ཁྲུ་གང་ཙམ་དང་གུ་རུའི་སྐུ་ཁྲུ་གང་ཕྱེད་ཙམ་གཙོས་ལི་གཏེར་གཉིས་བདུན་ཅུ་ཙམ། གསེར་ཅང་ལྔ་བཅུ་ཚོན་ཐང་བཅུ་ཙམ་གསུང་རྟེན་བཀའ་འགྱུར་གཅིག་བསྟན་འགྱུར་གཅིག་རྙིང་རྒྱུད་གཅིག་གཏེར་མཛོད་ཀློང་ཆེན་བཀའ་འབུམ། འཇིགས་གླིང་བཀའ་འབུམ། བདུད་འདུལ་དང་ཀློང་གནས་གཏེར་ཆོས། དཔལ་སྤྲུལ་བཀའ་འབུམ། མི་ཕམ་བཀའ་འབུམ་སོགས་སྟོང་ཙམ་ཡོད། གསེར་རྔ་བཅུ། འཆམ་གོས། འཆམ་འབག འཁར་རྔ་གཉིས། གསེར་འབུམ། དངུལ་འབུམ། དངུལ་གྱི་བདུན་ཚར་ཆ་ལྔ། དཀྱིལ་འཁོར་གྲ་ཆས་ཁ་ཚང་། གོས་ཆེན་འཐག་དྲུབས་ཀྱི་བཀྲ་ཤིས་རྟགས་བརྒྱད་སྣ་བདུན་སོགས་སྒོར་ཁྲི་ཕག་[page 192] མང་པོའི་རྩ་བ་ཡོད་ཀྱང་དམངས་གཙོ་བཅོས་བསྒྱུར་སྐབས་དང་རིག་གནས་གསར་བརྗེ་སྐབས་གཏོར་བརླག་སོང་བ་རེད། དགོན་པ་ཉམས་གསོ་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་གཏན་འཀེལ་བྱས་པའི་རྗེས། གཞན་དགོན་པ་སོ་སོ་ལ་ཆོས་སྒོ་འབྱེད་པ་རེད། རང་རེ་རྣམས་ཆོས་སྒོ་འབྱེད་པའི་བཀའ་སློབ་མ་བྱུང་བ་དང་། དགོན་པའི་ས་གནས་ཁ་ཐག་རིང་བ་ནུས་པ་ཆུང་བ་སོགས་གང་ཐད་ནས་དཀའ་ངལ་ཡོད་པས་བཞེངས་མ་ཐུབ། དེ་རྗེས་དགོན་པ་ཞིག་གསོ་ཆེད་རེ་བ་རྒྱ་ཆེར་ཞུས་ཀྱང་ད་བར་དུ་ལྷག་སོང་བ་རེད། མི་སེར་ལ་སྐུ་རྒྱ་ཇག་ཁྲིམས་རྔོན་རྒྱ་རི་ཁྲིམས་བཅས་བྱས་ཡོད། ད་སྐབས་གྲྭ་ཚང་བརྒྱ་ལྷག་ཙམ་ཡོད། ད་སྐབས་འཚོགས་པ་ནི། དབྱར་གནས་ཟླ་བ་གསུམ་དོང་སྦྲུགས་ཉིན་བཅུ། ཞིང་སྒྲུབ་ཉིན་བརྒྱད་བཀའ་འགྱུར་དག་ཚར་དགུན་འཚོགས་ཆོ་ག་གནས་སྟོང་མི་འཁྲུགས་གནས་སྟོང་ཐོས་གྲོལ་སྟོང་མཆོད། རུས་སྦྱོང་ཚ་བསྒྲུབ་ཉིན་བཅུ། དགུ་གཏོར་ཉིན་བདུན་དགུན་སྒྲུབ་གྲྭ་བཅས་ཡོད་པ་རེད། དེ་རྣམས་རང་ཁ་རང་གསོ་དང་། རང་སྟོབས་རང་སྤེལ་བྱས་ཡོད་པ་རེད། དེ་ནས་གསར་བརྗེའི་མངའ་འོག་ཏུ་མི་ལོ་སུམ་བཅུ་རྩ་ལྔར་རང་སའི་ཐོག་ཏུ་མ་སོན་ཅིང་ཁྲོམ་སྨད་དང་ཁྲོམ་སྟོད་ལ་བཙན་བུང་བྱས། དེ་རྗེས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོ་རང་སྟེ་རང་སར་ཕྱིན། དགེ་སྤྲུལ་འགྱུར་མེད་བསྟན་པ་རྒྱལ་མཚན་ཀཿཐོག་ཏུ་ཕེབས་ཤིང་སྔར་སྐུ་གོང་མའི་སྲོལ་རྒྱུན་ལྟར་གདན་ས་བྱང་ཆུབ་ཆོས་གླིང་ཕེབས། རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ལོར་མགོ་ལོག་ཏུ་སྐུ་འཁྲུངས། དགེ་སྤྲུལ་གྱི་སྤྲུལ་སྐུ་ཡིན་པར་ཨ་འཛོམ་རྒྱལ་སྲས་དང་རྒྱལ་དབང་རྐརྨ་བ་རྫོང་སར་མཁྱེན་བརྩེ་རྣམས་ཀྱིས་ངོས་འཛིན་མཛད་པ་དང་། སྐུ་ཁོང་འཁྲུངས་ཡུལ་མགོ་ལོག་པདྨ་འབུམ་གྱི་མཁར་ནང་གོང་མར་ཡིན་པ་དང་། སྐུ་ཁོང་གྲྭ་ས་ཀ་ཐོག་ཏུ་མཁན་རྒྱན་མཚན་འོད་ཟེར་མདུན་དང་། མགོ་ལོག་མཁན་མུན་སེལ་གསེར་རྟ་སྦྲུལ་ཉིན་ཟླ་སོགས་ཀྱིས་མདུན་ནས་མདོ་སྔགས་ཀྱི་ཆོས་ཐམས་ཅད་གསན་ནས་མཁའ་པའི་ཕུལ་དུ་འགྱུར་པ་དང་། སྐུ་ཁོང་གི་མཛད་པའི་གཙོ་བོ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་བྱས་པས་ཕྱོགས་གང་དུ་རི་རྒྱ་རྔོན་ཁྲིམས་རྐུ་རྒྱ་ཇག་ཁྲིམས་རྣམས་བྱས་ཡོད་པ་དང་། སྐུ་ཁོང་གིས་སྐུ་གོང་མའི་གདན་ས་བྱང་ཆུབ་ཆོས་གླིང་ཉམས་གསོ་བྱེད་དགོས་པ་གསུངས་པ་བཞིན་འདིར་རྒྱ་ཤོད་འབྲུག་གྲག་དགོན་པའམ་ཐུབ་བསྟན་བྱང་ཆུབ་ཆོས་འཁོརགླིང་གི་དགོན་པ་ཉམས་གསོ་བྱེད་ལུགས་དང་བླ་གྲྭ་ཡོད་ཚུལ་གསལ་པོར་ཞུ་(1991)ལོ་དཔལ་ཡུལ་རྫོང་གི་ཆེ་མཐོའི་འགོ་ཁྲིད་རྣམས་ཀྱིས་སྲིད་ཇུས་དངོས་འབེབ་ལྟར་རང་སར་སགྲོ་ཆོག་པའི་བཀའ་གནང་བཞིན་དུ་དགའ་སྤྲོ་སྙིང་ནས་འཕེལ་བ་བྱ་ངང་མོ་མཚོ་ལ་རོལ་བ་ལྟར་རང་ས་ལ་བག་ཕེབ་སར་གནས་པ་དང་། རྒྱ་ཤོད་ཁྲོད་དུ་ཡོད་སྐབས་རྫོང་ཆོས་ལུགས། ལས་དོན་ཁང་སོགས་ཆེ་མཐོའི་འགོ་ཁྲིད་རྣམས་ཀྱིས་ས་དེར་དགོན་པ་འདེབས་ཆོག་པའི་བཀའ་གནང་སྦྱིན་ཡང་སྤྱིར་ཆོས་ལུགས་སྲིད་ཇུས་ལ་གསར་དགོན་བཞེངས་མ་ཆོག་པ་དང་། ཉམས་གསོ་བྱེད་ཆོག་གསུངས་པ་དང་། རང་ཡུལ་དུ་སྔོན་དུས་རབས་མང་པོ་རང་གི་དགོན་གནས་ཞིག་རལ་སོང་བ་དེ་ཉམས་གསོ་བྱེད་རྒྱུའི་རེ་མདུན་ལ་ བརྟེན་ནས་ས་དེར་བཞེངས་ཐག་མཆོད་པའི་སྟབས་ཀྱིས་དཀར་[page 193] མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་མངའ་ཁོངས་སུ་གཏོགས་པའི་དགོན་སྟེ་ཆེ་ཆུང་ཀུན་ལ་གོར་ཁྲི་མང་པོ་གནང་སྦྱིན་མཛད་ཀྱང་རྒཡ་ཤོད་དགོན་པས་སྐར་མ་གཅིག་མ་ལོན། ད་ལྟ་མངས་ཚོགས་རྣམས་ཀྱིས་འབྱོར་པའི་དངོས་འབུལ་དང་དགུན་ཁང་གི་ཤིང་འཛིན་རྣམས་ལ་བརྟེན་ནས་ཉམ་གསོ་བྱེད་ན་ཡང་རང་ཅག་རྣམས་ཀྱི་ཆ་རྐྱེན་ལྟར་ཁང་རྩེག་གཅིག་ཅན་ལས་མ་འགྲུབ། སྔོན་རྩེག་གཉིས་ཞབས་མ་འཚོགས་ཁང་དང་སྟེང་མ་བླ་སྤྲུལ་རྣམས་ཀྱི་གཟིམས་ཁང་དང་དགོན་ཁང་གསེར་ཁང་རྣམས་ཡོད་ཀྱང་དེ་བཞིན་མ་འགྲུབ་པས་གནང་སྦྱིན་རེ་ཡོད་ཚེ་ཐུགས་བརྗེད་མི་ཁུར་བར་བཀའ་དྲིན་ཞུ་ཞུ། བླ་གྲ་ཡོད་ཚུལ་གྱི་གསལ་བཤད་ནི་སྤྲུལ་སྐུ་ཨ་རྡོར་གྱི་ཡང་སྲིད་བསོད་རྣམས་དཔལ་ལྡན་དང་མཁན་པོ་སྨོན་ལམ། བླ་མ་བཅུ། དགེ་སློང་སུམ་ཅུ། ལཧག་མ་རྣམས་དགེ་ཚུལ་ཡིན། ཁྱོན་སྡོམ་བླ་གྲྭ་བརྒྱ་ལཧག་ཙམ་ཡོད། མཆོག་སྤྲུལ་བསོད་རྣམས་རིན་པོ་ཆེ་འདི་ཉིད་སྐུ་འཁྲུངས་ཚུལ་བོད་རབ་བྱུང་བཅུ་དྲུག་པའི་ནང་ཚན་ཤིང་ཕོ་འབྲུག་ལོར་ངོ་མཚཏ་བའི་རྟགས་དང་བཅས་སྐུ་འཁྲུངས། ངོས་འཛིན་ཚུལ་སྤུལ་ཨ་རྡོར་རིན་པོ་ཆེ་ནས་འདའ་ཁའི་ཞལ་ཆེམ་དུ་གྲྭ་རྒན་རྣམས་ལ་ད་ལྟ་རང་དགོན་དུ་ཕན་ཆེར་ཐོགས་ཀྱང་ཕྱིས་སུ་ཕན་ཐོགས་ངོས་བྱ་འོང་གསུངས་པ་ལྟར་སྔ་འགྱུར་བསྟན་པའི་གཙུག་རྒྱན་དིལ་མགོ་མཁྱེན་སྤྲུལ་རིན་པོ་ཆེ་རབ་གསལ་ཟླ་བ་ཞེས་མཚན་གླིང་བུ་ལྟར་དུ་གྲགས་པ་འདི་ཉིད་ཀྱིས་འཁྲུལ་མེད་རྡོ་རྗེའི་ལུང་གིས་བསྔགས་པ་བཞིན་དུ་ཀཿཐོག་དགེ་རྩེ་མ་ཧྰ་པནྟའི་ཏའི་སྐུ་ཕྲེང་བཞི་པ་འགྱུར་མེད་དམ་བསྟན་པ་རྒྱན་མཚན་ནས་སྤྲུལ་ཨ་རྡོར་རིན་པོ་ཆེའི་སྤྲུ་སྐུ་ཡིན་པར་ཐུགས་ཐག་བཅད། གདན་ས་འདིར་རྒྱ་ཤོད་འབྲུག་གྲགས་དགོན་པའམ་ཐུབ་བསྟན་བྱང་ཆུབ་འཁོར་གླིང་རྡོ་རྗེ་སློབ་དཔོན་གྱི་ཁྲི་ལ་རབ་བྱུང་བཅུ་བདུན་ནང་ཚན་ས་ཕོ་སྤྲེལ་ལོ་ལ་ཡུལ་མི་ཐམས་ཅད་ཀྱིས་རེ་མདུན་ལྟར་ན་བཟའ་དང་བཅས་མངའ་གསོལ་ལེགས་པོ་གྲུབ། མཆོག་སྤྲུལ་འདི་ཉིད་ཀྱི་མཚན་ལ་ཆུང་མིང་བསོད་རྣམས་དཔལ་ལྡན་དང་། རབ་བྱུང་གི་མིང་འཇམ་དབྱངས་ཀུན་དགའ་བཟང་ཡིན། སྐུ་ཉིད་ཀྱི་མཛད་པ་མདོར་བསྡུས་ནི་དགུང་གྲངས་བདུན་ནས་ཡི་གེ་འབྲི་ཀློག་དང་དག་ཡིག་སོགས་རིགས་གནས་སྐོར་དང་ས་བཅད་ཕྱག་ལེན་རྣམས་དཔྱིས་ཕྱིན་པ་སྦྱངས། བཅོ་ལྔ་སོང་ཚེ་དཔལ་ལྡན་ས་སྐྱ་བའི་མཁན་རིན་པོ་ཆེ་ཤེས་རབ་མདུན་ནས་རབ་ཏུ་བྱུང་། སྤྱིར་ན་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་གསང་སྔགས་སྔ་འགྱུར་པའི་བཁའ་གཏེར་རྣམས་ཀྱི་དབང་ལུང་ཀྲི་མང་དུ་གསན་ཁྱད་པར་དུ་ཁྲོམ་དགེ་ཡི་བཞིན་རིན་པོ་ཆེའི་མཆོག་སྤྲུལ་དམ་པ་ཨ་རིག་ཞེས་རྩོད་བྲལ་ཡོངས་གྲགས་ཀྱི་སྐྱབས་མགོན་དུ་གྱུར་བ་ཁོང་གི་མདུན་ནས་ཀཿཐོག་གདན་གྱི་འཇའ་ལུས་བ་འབུམ་ཐེར་དེངས་བའི་ཁྲིད་ཆེན་བཅུ་གསུམ་སོགས་ཀྱི་གདམས་ཁྲིད་རྣམས་དྲི་མེད་ཞིང་སྐྱོང་མཁྱེན་བརྩེ། འགཡུར་མེད་དམ་ཚེ་དབང་མཆོག་གྲུབ། ཀུན་བཟང་ངེས་དོན་དབང་པོ་རྣམས་ཀྱིས་ཁྲིད་གཞུང་གཅིག་ཏུ་དྲིལ་བ་ཀློང་གསལ་ཀྲིད་རྒན་མ་ཞེས་ཡོངས་གྲགས་ན་དེ་ཉིད་ལ་དང་པོ་དབང་བཞི་དང་འབྲེལ་བའི་གསང་སྔགས་སྤྱའི་བཤད་པ་དང་། གཉིས་པ་ཐུན་མོང་སྤྱའི་སྔོན་འགྲོ་བློ་ལྡོག་རྣམ་བཞི། དལ་འབྱོར་རྙེད་དཀའ་ཚེ་མི་རྟག་པ།[page 194] འཁོར་བ་ཉེས་དམིགས། ལས་རྒྱུ་འབྲས་རྣམས་དང་། ཐུན་མིན་ནང་གྱི་སྔོན་འགྲོ། སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་སྒོམ་བཟླས། མནྟལ་བླ་རྣམ། འཕོ་བ་ཞི་གནས། རྩ་རླུང་རྣམས་དང་། ཤིན་རུ་གསང་བ་ཡང་གསང་གི་སྐོར་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་མཐའ་རྟེན་མན་ངག་དང་བཅས་པ་གསན་སྦྱངས་ཡང་དག་པར་མཛད། དེ་ནས་དགུང་ལོ་ཉི་ཟུཤུ་ལ་སྔར་དགེ་ཚུལ་ཞུ་སའི་མཁན་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ཞུས། དེ་ནས་ལོ་ལྔ་དྲུག་གི་རིང་ལ་བསྐྱེད་རྫོགས་ཀྱིས་བསྒྲུབ་པ་ལ་ནན་ཏན་མཛད། ད་ལྟ་བཤེས་གཉེན་འགའ་རེའི་མདུན་ནས་འདུལ་བ་དང་དབུ་མ་སྐོར་གསན། ཞོར་ལ་རང་དགོན་དུ་དབྱར་གནས་འཚོགས་སྐབས་མཁན་པོ་མཛད་ནས་འདུལ་བ་འཆད་ཉན་བྱེད་པ་དང་དགུན་དུས་དགུན་ཆོས་གསུངས། མདོར་ན་ཡུལ་མགོན་གཉིས་ལ་ཕན་གང་ཐོགས་བྱས་པ་དང་། སྒརིག་ལམ་ཡང་དག་པ་ལ་གནས་པ་དང་། ཁོང་མི་གཞི་བཟང་བ། ཚུལ་ཀྲིམ་དག་ལ་མཁས་པའི་ཡོན་ཏན་ལྡན་པ་ཞིག་ཡོད་པ་ཀུན་གྱིས་དངོས་གསལ་ལྟར་ཡིན་ལགས། མཆོག་སྤརུལ་རིན་པོ་ཆེ་འདི་ཉིད་ཀྱིས་སྐུ་ཕྲེང་ཐོག་མ་སྨྱོ་ཤུལ་ལུང་རྟོགས་སྐུ་ཕྲེང་རིམ་བྱོན་གྱིས་མཛད་པ་གཙོ་བོ་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདས་པ་ཡིན་ལུང་རྟོགས་བསྟན་པའི་ཉི་མ་ཁོང་གི་རྫོགས་ཆེན་མན་ངག་གི་ཞལ་རྩོམ་ཁྱད་པར་ཅན་མང་པོ་ཡོད་པ་སོགས་ལོ་རྒྱུས་མདོ་ཙམ་སོང་ཡང་མཁན་རིན་པོ་ཆེ་སྨོན་ལམ་གྱི་བསྟན་མཁས་ཀྱིས་ཡོན་ཏན་དང་ལྡན་པ་ཁྲོམ་ཁྲུལ་ཨ་རིག་གི་དངོས་སློབ་ཡིན། ཡོན་ཏན་དང་ལྡན་པ་ཞིག་ཡོད་པ་ཡིན། ད་ལྟ་དགོན་དེའི་སྤྱའི་འགན་ཁུར་བ་བདེ་ཆེན་དང་རབ་ལོ་གཉིས་ཀྱི་བྱས་པ་ཡོད་པ་དང་། གཞན་དགེ་བརྐོད་རྣམས་ཀྱིས་ལས་འགན་ཁུར་ནས་དགོན་པ་དོ་དམ་བྱ་བའི་བཅའ་ཁྲིམས་དགེ་ཚུལ་སློང་མ་གཏོགས་འཚོགས་མི་ཆོག་པ་དང་གྲྭ་པ་རྣམས་ཀྱི་ན་བཟའ་སོགས་སྒྲིག་ལམ་ལ་ཡང་དག་པར་གནས་པའི་དགོན་པ་ཞིག་ཡོད་པ་ཡིན་ནོ།

རྒྱ་ཤོད་དགོན་པ་གཞུང་གི་ལོ་རྒྱུས་དང་རེ་འདོན་འདི་ཉིད་ལ་གཞི་ནས་དགེ་རྩ་མཆོག་སྤྲུལ་ནས་ཞལ་བཀོད་ལྟར་བྱ་ཚེ་རིང་གིས་ཉག་སྟོད་དུ་ལེགས་སྒྲིག་བྱས་པ་དགེའོ།།

བྲག་དམར་དབང་ཆེན་གླིང་དགོན་གྱི་ལོ་རྒྱུས།

རྒྱལ་བསྟན་རིན་པོ་ཆེ་ལུང་དང་རྟོགས་པས་སྐྱོང་བ། སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡ་གྱལ། གསང་ཆེན་སྔ་འགྱུར་རྙིང་མ་ཞེས་ཡོངས་སུ་གྲགས་པའི་རིངས་ལུགས་འཛིན་པའི་ནང་ཚན། སྟག་བླ་མ་དགོན་ཆེན་པོ་བཅུ་གསུམ་དུ་གྲགས་པའི་ནང་ནས། བྲག་དམར་དབང་ཆེན་གླིང་ཞེས་དཔལ་རྟ་མཆོག་རོལ་པ་གསུང་གི་གནས་ཆེན་དིའི་ལོ་རྒྱུས་མདོར་བསྡུས་བརྗོད་པ་ལ། དང་པོ་ས་ཡི་ཆགས་ཡུལ། མདོ་ཁམས་སྨད་ཕྱོགས་སྤོ་འབོར་སྒང་ཞེས་པའི་ས་ཡི་འཐིལ། ས་དམར་ཞེས་པའི་ནུབ་བྱང་མཚམས་ན་ཡོད་[page 195] པའི་བྲག་དམདབངཆེན་གླིང་ནི། ས་ཡི་ཀ་བ་བཞི་དང་སྲུང་གཞིས་བརྒྱན་ཞིང་། རྒྱབ་རི་ཁྲི་གདུགས་ཀླད་ཕུག་འདྲ། མདུན་རི་རིན་ཆེན་མནྡལ་ཕུལ་འདྲ། གཡས་རི་རྒྱ་སྟག་ཐུར་དུ་རྒྱུགས་འདྲ། གཡོན་རི་གླང་ཆེན་གྱེན་དུ་འཕྱོང་འདྲ། ཕྱིའི་རི་དབྱིབས་རྟ་ཕག་ཞལ་སྦྟོར་བཞུགས་པའི་བཀོད་པ་ཡོངས་སུ་རྫོགས་པ། གྲུ་གསུམ་ཆོས་འབྱུང་བསྣོལ་མའི་དབྱིབས་ལ་དམར་ནག་རཀྟའི་མཚོ་མོ་འཁྱིལ་བ། སེང་གེ་དཀར་མོ་རྔམ་པའི་ཁྲི་སྟེང་དུ་རྟ་མགྲིན་ཡབ་ཡུམ་གྱི་གསང་བ་ནས་བྱུང་བའི་ཆབ་ཆུས་ཧྱ་གྷྲི་ཝའི་རང་སྒར་གསལ་ཞིང་དག་པར་སྒྲོགས་པ། རི་གཤམ་དུ་མཁའ་འགྲོ་མ་བུམ་གྱི་བྲོ་ར་དང་ཚོགས་ཟན་ཡོད་པ། གནས་རི་འདིའི་ཤར་ཕྱོགས་སུ་རྡོར་རྗེ་སེམས་དཔའི་གནས་ཁྱུངས་ཆེན་རི་ནས། ལྷོ་ཕྱོགས་སུ་བཀའ་བརྒྱད་གནས་དགེ་བསྙེན་ལྕགས་རི། བྱང་ཕྱོགས་སུ་ཕུར་བའི་གནས་ཕྱོགས་བྲག་དཀར། གཞན་ཡང་ཕྱོགས་མཚམས་སུ། བཙན་རྒོད་རི་བཀྲ། བུ་ཆུང་གྲོ་ལུ། སྐུ་ཆུང་ཆ་བརྒྱད། བྱ་རྒོད་སྤུག་རི་སོགས་གནས་ཕྲན་གྱིས་བསྐོར་བ། ད་རུང་གནས་དེའི་སྐོར་ལམ་གྱི་ཕྱོགས་ཐམས་ཅད་རང་བྱུང་གི་སྐུ་གཟུགས་ཀྱི་བཀོད་པ་དང་ཡིག་འབྲུའི་རྟགས་མཚན་ཕྱག་རྗེས་ཞབས་རྗེས་སོགས་མང་ངོ་།།

ཐོལ་མའི་ཕྱག་འདེབས་ཚུལ། དེ་ལྟར་བཀྲ་ཤིས་ཤིང་བྱིན་ཆགས་པའི་གནས་མཆོག་འདིར་ཐོག་མར་ཕྱག་འདེབས་པ་པོ་ནི་རིག་འཛིན་སྙིང་པོའི་དངོས་སློབ་གྲུབ་དབང་བདྱྰི་དྷ་ར་སྰ་ག་རའམ་རིག་འཛིན་རྒྱ་མཚོ་ཞེས་པསརྟེན་འབྲེལ་གྱི་དབུ་བརྙེས། ཁོང་བླ་མའི་ལུང་བསྟན་ལྟར་ཁམས་ཕྱོགས་སུ་ཕེབས་ནས་དངུལ་ཕག་སྙིང་པོ་རི་ཁྲོད་དུ་སྒོམ་སྒྲུབ་མཛད། དེ་ནས་མ་ཡུམ་དང་གྲྭ་པ་གསོལ་མཛོ་མོ་བྱི་ལ་བཅས་ཁྲིད་ནས་བྲག་དམར་གཙོ་ལུང་ཞེས་པའི་རྗེས་འབངས་ཉེར་ལྔའི་སྒྲུབ་གནས་ཀྱི་ཕུལ་པ་ཞིག་ཏུ་སྐུ་མཚམས་བཞུགས། མ་ཡུམ་ནི་གནས་འདིའི་ཉེ་སགྲམ་འྒ་ཟླུམ་ཞེས་པའི་གྲོང་གསེབ་ཏུ་བཞག་ནས་འཚོ་བ་རོལ་དུ་བཅུག ཡུལ་འདིའི་དམ་སྲིད་དང་བྲག་སྲིན་མོ་སོགས་ཀྱིས་བསླང་ཚད་དང་བར་ཆད་བརྩམས་ནས་ནུབ་ཅིག་ཕུག་པའི་མདུན་ངོས་ཀྱི་རི་འགོ་ནས་མོ་གསར་དབྱངས་སྙན་མོ་ཞིག་གིས་རིག་འཛིན་རྒྱ་མཚོ། ཁྱེད་ཀྱི་མ་ཡུམ་ནི་ཤི་སོང་། མགྱོགས་པོར་ཤོག་ཅེས་འབོད་བྱུང་བས། ལམ་སང་ཁོང་ཧར་ལངས་མཛད་ནས་མྱུར་སྤྱོད་ཀྱི་སྒ་ཟླུམ་མ་རྒན་བཞུགས་པའི་ཁྱིམ་དུ་ཕེབས་ནས་ལྐོག་ཏུ་ཕག་ལྟས་མཛད་དུས་མ་རྒན་མོས་ཡོས་རྔོ་བཞིན་བཞུགས་པར་གཟིགས། དེ་ནས་མ་རྒན་དང་མ་འདྲེས་པར་འཕྲལ་དུ་ཕྱིར་སྒྲུབ་ཕུག་ཏུ་ཕེབས། ཕུག་པའི་ནང་དུ་ཡུལ་སྐད་རེ་འབྱམས་ཞེས་པའི་སྦྲུལ་ཧ་ཅང་ཆེན་པོ་ཞིག་ཕུག་པའི་གང་ནས་འཁྱིལ་ཡོད་པར་གཟིགས་པས་བྲག་སྲིན་མོའི་ཆོ་སྤྲུལ་དུ་དགོངས་ནས་སྐུ་ལུས་ཀྱི་ན་བཟའ་གྱེན་དུ་བརྫེས་ནས་ཐེ་མི་ཚོམ་པར་སྦྲུལ་གྱི་སྟེང་དུ་གཅེར་བཞུག་མཛད་འཕྲལ་དུ་སྐད་དང་ཙིར་སྒྲས་ཁེངས་པར་གནས་འདི་རུ་དམ་ལ་བཏགས་སོ།། ད་ལྟ་རིག་འཛིན་རྒྱ་མཚོའི་སྒྲུབ་ཕུབ་ཟེར་བ་ཕྱོགས་ཐམས་ཅད་ས་སིནྔྷི་ར་བསྡུ་རུ་ཡོད་པ་དམར་ཁ་ལེ་བ་འདིར་གནའ་མི་རྣམས་ཀྱིས་རིགས་འཛིན་རྒྱ་མཚོས་དམ་སྲིན་མོ་བཏུལ་བའི་ཁྲག་རེད་ཟེར་སྲོལ་འདུག

[page 196] དེ་ནས་བཟུང་ཁོང་སློབ་དཔོན་གཉིས་སྒྲུབ་ཕུག་འདི་རུ་བཞུགས་སྐབས་ཁོང་གི་གསོལ་མཛོ་མོ། མཛོ་མོ་དཀར་ལུངཟེར་བ་དེ་ཚིད་རྟག་པར་སྒྲུབ་ཕུག་གི་བྱང་ཤར་མཚམས་བྲག་དམར་སེང་གེ་འགྱིང་འདྲའི་སྟེང་དུ་སྤང་རི་ལྗོན་ཤིང་སྣ་ཚོགས་ཀྱིས་བསྐོར་བ། ཆུ་ཀླུང་སོགས་མཐུན་རྐྱེན་ཤིན་ཏུ་ལེགས་སར་ཤོར་ནས་ལྕི་བ་ཐམས་ཅད་ཕྱོགས་གཅིག་ཏུ་རྭ་བ་ལྟར་བརྩེགས་ཤིང་སྐོར། གྲྭ་པ་ཉིན་བཞིན་མཛོ་མོ་ཁྲིད་སར་འོང་དགོས་བྱུང་བས་བླ་མ་ལ་རྒྱུ་མཚན་ཞུས་པས་བླ་མས་རྟེན་འབྲེལ་བཟང་། དགོན་པ་དེ་ཡིན། དགོན་པ་དེར་འདེབས་དགོས་གསུངས་ནས་ཁོང་རྣམས་གཉིས་ཡང་མཛོ་མོའི་ལྕི་བའི་ར་བར་སོང་། ཉིན་ཞིག་བླ་མས་གྲྭ་པ་ལ་དེ་རིང་ཁྱེད་སོང་ལ་དགོན་པ་བཞེངས་རྒྱུར་ཤིང་ཆ་དགོས་པས་གདུང་མ་ཅི་དགར་ཐུས་ཤོག་གསུང་། གྲྭ་པས་ལགས་སོ་ཞུས་ནས་དེ་ཉིན་གདུང་མ་དྲང་པོར་མཛེར་མ་ཉུང་བ། ཤུན་པ་ལེགས་བཤུས་བྱས་ནས་གདུང་འཇག་བརྒྱད་བཅུ་ལོན། དེ་ནུབ་བླ་མས་གདུང་མ་ག་ཚད་ལེན་དྲིས་པས། གྲ་པས་དྲང་པོ་མཛེར་མ་ཉུང་བ། ཤུན་པ་ལེགས་བཤུས་ཅན་སྤུས་ལེགས་བརྒྱབ་བཅུ་ཐམ་པ་ལོན་ཞུས། བླ་མས་འོན་གྲ་ཚང་སྤུས་ལེགས་བརྒྱ་བཅུ་ལས་ལྷག་མི་འཕེལ་བ་འདུག་གསུང་། ཕྱི་ཉིན་ཁོང་དཔོན་སློབ་གཉིས་གདུང་མ་ལེན་སར་ཕེབས། བླ་མས་གྲྭ་པ་ལ་ཁྱེད་རང་སྔོན་ལ་སོང་། ངས་འདྲ་མིན་གྱི་ལས་ཅི་མཛད་ཀྱང་ཕྱིར་ལྟས་མ་བྱེད་གསུང་ནས་ཤིང་ཆ་དེ་དག་གཟན་མཐུས་དེད་ནས་བྱུང་བ་ཡིན་གསུང་སྲོལ་ཡོད། གཙུག་ལག་ཁང་རྟེན་གསུམ་བཅས་ལེགས་པར་བཕེངས་གྲུབ། དེ་རྗེས་ཁམས་དབུས་རི་ཁྲོད་དུ་གཟུགས་སྐུའིབཀོད་པ་བསྡུས། ཁོང་གི་འཁྲུངས་ཡུལ་དང་། ཡབ་ཡུམ་མཚན། མཛད་རྗེས་སོགས་ཀྱི་ལོ་རྒྱུས་ཡིག་ཆ་ཁུངས་བཙན་མཇལ་རྔོ་མ་ཐོགས་པས་ཞིབ་གསལ་འབྲི་ཐབས་བྲལ།

གདན་རབས་རགས་རིམ་དང་བཤད་སྒྲུབ་ཀྱི་སྲོལ་འཛུགས་ཚུལ། ཐོག་མར་རིག་འཛིན་འཇའ་ཚོན་སྙིང་པོས་ལུང་གནང་ས་བླ་མ་རིག་འཚིན་རྒྱ་མཚོས་རྟེན་འབྲེལ་གྱི་དབུ་བརྙེས། དེ་རྗེས་དབང་གླིང་གདན་ས་འདི་སྒར་དྲུང་ཆོས་སྐྱོང་རྒྱ་མཚོའི་དངོས་སློབ། རིག་འཛིན་གྱི་འདུད་འདུལ་རྡོ་རྗེ་ཆོས་བདག རིག་འཛིན་ཀློང་གསལ་སྙིང་པོའི་གྲོགས་མཆེད་ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་ལ་གནང་། ཁོང་ཉིད་ཀྱིས་གདན་བཟུང་ནས། སྙན་པའི་བ་དན་བླ་ན་མཐོ་སྐབས། སྟོད་དབུས་གཙང་ལྷོ་བྲག་ཚུན་ཆད་གནས་སྐོར་ལ་ཕེབས། བྱ་ཕུ་ལྕགས་ཕུར་ཅན་གྱི་གནས་རྩ་རུ་ཀུན་མཁྱེན་ཀཿཐོག་པ་ཚེ་དབང་ནོར་བུ་དང་འཇལ་འཕྲད་མཛད། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཀ་གདན་འོག་ནས་གཏར་བཞེས་པའི་ལོ་རྒྱུས་སོགས་ཡོད། སླར་ཡང་རང་ཡུལ་གདན་སར་ཕེབས་སྐབས་རྒྱ་གར་རི་ཁྲོད་བཏབ་ནས་སྒརུབ་པའི་སྡེ་བཙུགས། ཇོ་དགོན་མཁའ་འགྲོའི་གླིང་ནས་རྟའུ་གྲུབ་དབང་པདྨ་ནོར་བུ། རྒྱལ་རོང་དབེ་ཆེན་གླིང་པ། སྤོ་བོ་གཏེར་ཆེན་སྟག་ཤམ་རྡོ་རྗེ། དངོས་སལོབ་རིན་པོ་ཆེ་ཀུན་བཟང་རྣམ་རྒྱལ་སོགས། རིག་པ་འཛིན་པའི་སྐྱེས་བུ་བམ་པ་མང་པོ་ཞལ་འཛོམ་ནས་རྒྱལ་བསྟན་རིན་པོ་ཆེ་ནམ་ཡང་མི་ནུས་པར་རྟག་ཅིང་བརྟན་པར་བཞུགས་པའི་ཐུགས་བསྐྱེད་སྨོན་ལམ་[page 197] ཕྲིན་ལས་རྒྱ་མཚོའི་དཔལ་གྱིས་སྒོ་འབྱེད་པ་ཡིན། རྗེ་རིན་པོ་ཆེ་འདི་ཉིད་ཞིང་འདིར་མངོན་དུ་མི་སྣང་བའི་ཚུལ་བསྟན་ནས་ཟངས་མདོག་དཔལ་རིར་སློབ་དཔོན་རིནཔོ་ཆེའི་དྲུང་དུ་འཇམ་དཔལ་དངོས་བྱོན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཐུགས་ཀློང་དང་གཉིས་སུ་མེད་པར་ཐིམ་པའི་ཚུལ་བསྟན་ནས། དངོས་སློབ་རིན་པོ་ཆེ་ངན་ལམ་རྒྱལ་བ་མཆོག་དབྱངས་དངོས་བྱོན། རྟ་མགྲིན་གྲུབ་པའི་རྟ་སྐད་བདེ་ཆེན་འཁོར་ལོའི་ཀློང་ནས་ཐེངས་དགུར་སྒྲོགས་པའི་ཀུན་བཟང་རྣམ་པར་རྒྱལ་བས་གདན་ས་བརྐྱངས། དངོས་སློབ་རིན་པོ་ཆེ་ཁྱབ་གདལ་གཉིས་པ་དཔའ་བོ་རྗོ་རྗེ་འདི་པར་བླ་སློབ་གཉིས་ཀ་ཕ་བུ་ལྟ་བུར་ཐུགས་བརྩེས་སྐྱོང་བཞིན་སྨིན་གྲོལ་གདམས་ཁྲིད་ཐུན་མོང་མ་ཡིན་པ་བུམ་པ་གང་བྱུང་གནང་། སྐུ་གཟུགས་ཆུང་ཆེ་བས་དཔའ་བོ་སྒ་གང་གྲགས། སྐུ་ཚེ་རིལ་པོར་ཏམ་ཁོག་ཚུན་ཆད་སྒར་པ་ཁོ་ནར་མཛད། བདུད་འདུལ་ཞིང་སྐྱོང་བྲན་དུ་འཁོལ་བས། སྒར་ཁྱི་གཉིས་པོ་བམ་རོ་ཕོ་མོ་ཡིན་པར་མངོན། རིན་པོ་ཆེ་འདི་ཉིད་ཀྱི་སྐུ་ཚེར་བཀའ་དགོངས་ཕུར་གསུམ་སོགས་རྙིང་མའི་རྒྱུད་འབུམ། ཀུན་མཁྱེན་བཀའ་འབུམ་སོག་ས་ཡོངས་སུ་གྲགས་པའི་བཀའ་གཏེར་གསར་རྙིང་མང་པོ་བྲིས་ཡོད། ཙཀླི་དཀྱིལ་ཐང་བཅས་དབང་བཞི་ཡོངས་སུ་རྫོགས་པའི་ཆ་རྐྱེན་ཚང་མ་མ་ནོར་བར་བཞུགས་པ་ཡིན། ད་དུང་གོང་སྨོས་སུ་མ་འཐུས་པ། རིན་པོ་ཆེ་ཀུན་བཟང་འཕྲིན་ལས་རྣམ་རྒྱལ་ཞལ་བཞུགས་སྐབས་ཀཿཐོག་དྲི་མེད་ཞིང་སྐྱོང་ཆོས་ཀྱི་རྗོར་རྗེ། ཤེས་ཕོ་གྲུབ་དབང་རིག་འཚིན་ཆོས་ཀྱི་དབང་ཕྱུག་སོགས་གདན་ས་འདིར་ཞལ་འཛོམ་ནས། སྐུ་ཞབས་ཕན་ཚུན་སྨིན་གྲོལ་ཛ། རྒྱབ་བརྟེན། འཆད་ཉན། རྣམ་བཞག། ལོ་རྒྱུས། དགག་སྒྲུབ་དང་བཅས་པ་མི་ཟད་རྒྱན་གྱི་འཁོར་ལོ་གསལ་བ་ཡོད་དོ། ཀུན་བཟང་རྣམ་པར་རྒྱལ་བ་མྱ་ངན་འདས་ནས། ཡང་སྲིད་སྤྲུལ་པའི་ཟློས་གར་ཝ་ཉིན་མཁར་སྟག་ཅེས་པའི་དུད་ཚང་དུ་འཁྲུངས་པའི་མཚན་བསོད་ནམས་རྣམ་རྒྱལ། དཔའ་བོའི་སྒྱུ་འཕྲུལ་རོལ་གར། རྒྱལ་ཁྲི་ཀློག་སྨད་དུ་བལྟམས་པ་ཡིད་བཞིན་དབང་རྒྱལ། སྐྱེས་བུ་དམ་པ་དེ་ཇིད་ཀྱང་རྣམ་དཀར་གྱི་ཕྱག་བཞེས་རྒྱ་ཆེ་བར་མངོན་པར་ལགས། དེ་རྗེས་ཁྱབ་གདལ་ཡིད་བཞིན་དབང་རྒྱལ་རྒྱལ་ཁྲི་མཚོ་འགྲམ་དུ་སྐུ་བལྟམས་པ། རིག་འཛིན་ཆོས་ཀྱི་དབང་པོ། རྗེ་དབོན་སྐལ་བཟང་དབང་རྒྱལ་བྱོན། འདི་སྐབས་སྒར་རྗེ་དང་ཁ་མཆུའི་རྩོད་པ་ལ་སོགས་པ་ཉམས་ཉེས་ཅུང་ཟད་བྱུང་རུང་མཐར་རྩོད་པ་འདུམ་རྗེས་བྲག་དགོན་འདི་ཉམས་པ་གསོ་སླད་མདོ་ཕྱག་འཕྲེང་བའི་ལྷ་བཟོ་བཅས་ཏེ་བྲག་རི་ལྷ་ཁང་རྟེན་དང་བརྟེན་པར་བཅས་ལེགས་པར་བཞེངས་གྲུབ་པ་མཚོན། དགོན་ལག་ཝག་གནས་གླིང་དུ་བླ་བྲང་ཆེན་མོ་དང་འབྲེལ། བཀའ་བརྒྱད་ལྷ་ཁང་ཚེ་ལྷ་སྟོང་སྐུ། བླ་མ་བརྒྱུད་པ་བཅས་ཏེ་ཤིང་བཟོ། ལྷ་བཟོ་སྦྱིན་བདག་བཅས་སྐུ་ཞབས་རིན་པོ་ཆེ་ནས་མཛད་པ་ཡིན་ནོ། དེ་རྗེས་རྣམ་རྒྱལ་གསུམ་པ་བསོད་ནམས་རྣམ་རྒྱལ་དམར་ཤོད་གོ་འཛོར་བལྟམས། རྗེ་འདི་ཉིད་ཐུགས་ཤིན་ཏུ་གཏུམས་དྲག་པས། བཙན་ཁོ་ནས་བསྟན་པ་སྐྱོང་། སྔོན་སྡེ་དགེ་ས་སྐྱོང་རྒྱལ་པོའི་མདུན་བླ་དཔོན་གོང་མནས་ཤུལ་བཞག་གི་བ་ཤ་གཟུག་གཅིག་དང་ཆང་རྐྱལ་པ་གང་ལོ་ལྟར་འབུལ་དགོས་ཡོད། རྗེ་འདིའི་སྐུ་རིང་ལ་ལོ་ཤས་མ་[page 198] འཕྲོད་པས་རྒྱལ་པོས་ཅི་ཕྱིར་མི་སྤྲོས་པའི་བཙན་ཡིག་རྫོངས་བྱུང་བའི་ཁོང་གིས་བཙན་ཡིག་དེ་དག་མདུན་གྱི་དཀར་ཡོལ་གསོལ་བཞེས་ནང་ཤོག་ཐུམ་བྱེད་པ་ཇི་བཞིན་གཏུམས་ནས་སྡེ་དགེ་རྒྱལ་པོའི་མདུན་ན་ཕུལ་ཏུ་བཅུག། སྡེ་དགེ་རྒྱལ་པོ་ཧ་ལས་པ་ལྟར་མཛད་ནས་བ་ཤ་ཆང་རྐྱལ་མ་འཕྲོད་པར་ཉེས་མེད་གུ་ཡངས་བཏང་། སླད་མར་ཡངས་སྤརོད་མི་དགོས་པའི་ཆོག་མཆན་གནང་། དཀར་ཡོལ་ཡི་གེ་འཐུམ་པ་དེ་རྟེན་གྱི་གཙོ་བོར་བཞག་པ་སོགས་བྱུང་།

དེ་རྗེས་རྣམ་རྒྱལ་བཞི་པ། རིག་འཛིན་གསང་སྔགས་གླིང་པའི་སྐུ་སྲས། ཛྰི་བྱེ་འབོལ་བུ་མོར་བལྟམས། མཚན་གར་གྱི་དབང་ཕྱུག་པདྨ་རྒྱལ་མཚན་ནམ་རིག་པ་འཛིན་པ་མཁའ་མཉམ་རང་གྲོལ་དེ་ཉིད། སྤྲུལ་བཞི་ངན་ལམ་རྒྱལ་བ་མཆོག་དབྱང་དང་། མཆིམས་ཀྱི་བློ་ཆུང་རྗོ་རྗེ་སྤྲེལ་ཆུང་ཟུང་དུ་འཇུག་པའི་རྣམ་རོལ་འགྲན་ཟླ་ཀུན་དང་བྲལ་བའི་ཆོ་རྗེ་རིན་པོ་ཆེ་དེ་ཉིད་དང་། དགེ་སློང་ནམ་འཁའི་སྙིང་པོའི་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒྱུ་འཕྲུལ་གྱི་རོལ་པ་སྟའུ་ཆོས་རྗེ་པདྨ་མ་ཏིའི་ཟློས་གར་གསལ་ལྗོངས་རྭ་ས་ཞེས་པའི་ཁྱིམ་དུ་འཁྲུངས་པ་དེ་ཉིད་དང་བླ་སློབ་འབྲེལ་བས་ཐུགས་སྲས་ཐུན་མོང་མ་ཡིན་པ་མཛད། མཚན་རིག་པ་འཛིན་པ་བློ་གྲོས་རྒྱ་མཚོར་གྲགས། ཉག་ལྷང་བྲག་པའི་དངོས་སློབ་ཕྲིནལས་ཐོག་མེད་ཞབས་བཅས་སྟོན་འཁོར་ཕན་ཚུན་དགོངས་པ་དབྱེར་མེད་ངང་ནས། བླ་མ་དགོངས་འདུས་གསེར་ཆོས་གླེགས་བམ་བཅུ་གསུམ་གཙོས། དེ་གལ་ཆེ་བའི་འཕྲུལ་པར་རིག་སོགས་གསུང་རྟེན། ཐུབ་ཆེན་གཙོ་འཁོར། སྣང་སྲིད་ཟིལ་གནོན་སོགས་ཟངས་གསེར་ལས་གྲུབ་པའི་སྐུ་རྟེན། རྗེ་རིན་པོ་ཆེ་ཞི་བར་གཟིམས་པའི་གདུང་ལས། གསེར་དང་དངུལ་ལས་བྱས་པའི་མཆོད་སྡོང་ཟུང་བཅས་ཐུགས་རྟེན་བྱང་ཆུབ་ཆེན་པོ་སོགས་མཁན་རིན་པོ་ཆེ་ཉིད་ནས་གཙོ་བོར་མཙད་པ་ཡིན་ནོ།། དེ་ཡང་རྗེ་རིན་པོ་ཆེ་འདི་པ་བླ་སློབ་གཉིས་ཀའི་ཐུགས་བསྐྱེད་སྨོན་ལམ་མཛད་འཕྲིན་རླབས་ཆེ་བས། མ་དགོན་དབང་གླིང་དང་། བུ་དགོན་གསེར་གཞུང་གི་ཕན་ཚུན་འབྲེལ་བའི་རྣམ་དཀར་གྱི་ཕྱག་བཞེས་རྒྱ་ཆེ་ཞིང་རྒྱུན་རིང་བ་ནི་མཐོང་ཆོས་སུ་གྱུབ་པའོ། ། ད་རུང་སྔོན་འདས་སྟའུ་གཙང་ཐལ་དུ་འཁྲུངས་པའི་གྲུབ་དབང་ཛོ་ལྡིང་ནམ་མཁའ་ལ་བཤེགས་བཞུད་མཛད་པས་རྒྱ་གར་ནས་རིགས་ལྔའི་སྐུ་སོགས་སྤྱན་དྲངས་ནས་གདན་སགའདིར་སྐུ་རྟེན་དུ་བཞག་པའི་ལོ་རྒྱུས་སོགས་སུ་མ་སྣང་ངོ་།

སྐུ་གསུང་ཐུགས་རྟེན། དེ་ཡང་སའི་རྒྱ་ཁྱོན་གཞུ་འདོམས་གྲུ་བཞི་སུམ་བརྒྱ་ཙམ་ལ། འདུ་ཁང་གཅིག ཐུབ་ཆེན་ཁང་གཅིག བྲག་རི་ལྷ་ཁང་གཅིག པར་ཁང་གཅིག སྲུང་མ་ཁང་གཉིས དུང་འཁོར་ཁང་གསུམ། བཤད་གྲའི་ཁང་མིག་ཉེར་ལྔ། སགྲུབ་གྲ་ཁང་གཉིས། གཉེར་ཁང་གཅིག ཇ་ཁང་གཅིག བླ་བྲང་གཅིག ཁང་པ་འདི་དག་གཉིས་རྩེག་དང་གསུམ་རྩེག་ཁོ་ནར་ཡིན་པས་ཐོགས་བརྩེགས་ལ་ཀུན་གཟིགས་ཁང་དང་གསེར་ཁང་རྒྱན་ཁང་། གཟིམ་ཁང་ནང་རྟེན་ཁང་། སྐུ་གདུང་ཁང་། སྒྱུ་འཕྲུལ་ལི་ཁྲོའི་ཧ་གསར། དུར་ཁྲོད་ལྷ་མོའི་སྲུང་མ་ཁང་། འགྲུལ་ཁང་སོགས་ཁང་མིག་བརྒྱབ་བཅུ་བཞུགས། ཐུབ་པ་[page 199] ཁང་དུ་རྒྱུ་བཟང་གསེར་ལས་བྱས་པའི་སྟོན་པའི་སྐུ་དཔངས་སུ་ཁང་བརྩེགས་ཕྱེད་གསུམ་དུ་མཆོག་ཟུང་གཉིས་དང་བཅས་བཞུགས། བྲག་རི་ལྷ་ཁང་དུ། ཤར་ལ་རྡོ་རྗར་སེམས་དཔའ། ནུབ་ཏུ་སློབ་དཔོན་པད་འབྱུང་། ལྷོ་རུ་རྗེ་བཙུན་ཙོང་ཁ་པ་དཔངས་སུ་ཁྲུ་བཅོ་ལྔ་ཙམ་སན་གདམ་ལས་གྲུབ་པའི་སོ་སོའི་འཁོར་གྱི་སྐོར་བ་བཞུགས། ཀུན་གཟིགས་ཁང་དུ་སྒརོལ་མ་གསུང་བྱོན་དང་། ཐུབ་པ་གངས་ཆེན་མཚོ། སྔོན་གྲུབ་དབང་ཇོ་ལྡིང་ནམ་མཁའ་ལ་བཤེགས་བཞུད་མཛད་ནས་རྒྱ་གར་ནས་སྤྱན་དྲངས་པའི་རིགས་ལྔའི་སྐུ། ཨོ་རྒྱན་ཟ་ཧོར་མ་སོགས་གཏེར་མ་དང་ལི་མ་ཁོ་ན་སྑུ་བརྒྱ་ལྷག་ཙམ་དང་། གཞན་ཟངས་གསེར་ལས་གྲུབ་པའི་ཐུབ་པ་སྟོང་སྐུ། སྒྲོལ་མ་ཉེར་གཅིག གནས་བརྟེན་བཅུ་དྲུག སོགས་སྟོང་སྐུ་གཉིས་ཟིན་ཙམ་བཞུགས། སྐུ་གདུང་ཁང་དུ་བསྟན་འཛིན་སྐྱེས་བུ་རིམ་བྱོན་གྱི་སོ་སོའི་སྐུ་གདུང་ཆོས་རྟེན་གསེར་དངུལ་ལས་བྱས་པའི་གཟི་དང་བྱུ་རུ་སྤོས་ཤེལ། མཆོང་སོགས་ཀྱི་ཕྲ་རྒྱན་བྱས་པ་བཞུགས། གཞན་ཡང་ཐུགས་རྟེན་རིགས་བཀའ་གདམས་མཆོད་རྟེན་དབང་དྲིལ་བཀྲ་ཤིས་གསེར་མགོ་སོགས་རྡོར་དྲིལ་རིགས་དང་ཕུར་བའི་རིགས་ཀྱང་མང་པོ་བཞུགས། གསུང་རྟེན་གྱི་རིགས། དཔར་ཁང་དུ་བརྒྱབ་སྟོང་། བསྐལ་བཟང་། གསེར་འོད། མི་ལའི་རྣམ་མགུར་སོགས་བསླབ་པའི་རིགས་ལེའུ་བདུན་སོགས་གསོལ་འདེབས་རིགས། སགྲོལ་ཆོག འཁོར་བ་དོང་སྤྲུག འཇམ་དབྱང་སྒྲུབ་ཐབས་དང་། གསུང་དཀར་དམར། སྒྱུ་ལུས་མཆོད་སྦྱིན། འཕ་བ་སོགས་གསང་སྔགས་རྙིང་མའི་ཞལ་འདོན་ཆ་ཚང་བཞུགས། གཞན་ཡང་པདྨ་རྒྱན་མཚན་ཁོང་གི་སྐུ་རིང་ལ་བཞེངས་པའི་ས་སྟེང་འདི་ན་དཀོན་པའི་སངས་གླིང་གཏེར་ཆེན་བྱོན་གསེར་ཆོས་བླ་མ་དགོངས་འདུས་པོད་གསུམ་བཞུགས། དེ་མིན་དཔེ་ཆའི་རིགས་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། གཏེར་མཛོད་བླ་མ་དགོངས་འདུས་སོགས་དང་། གངས་ཅན་རིམ་བྱོན་མཁས་ཆེན་གྱིས་མཛད་པའི་བཀའ་འབུམ་སོགས། གསེར་ཞུན་དང་དངུལ་ཞུན་ལས་བྲིས་པའི་འབུམ་བརྒྱད་སྟོང་། ད་དུང་སྒྲུབ་པའི་སྐོར་བཀའ་བརྒྱད། སགོངས་འདུས་ཕུར་པ། གུ་དྲག ཞི་ཁྲོ། རྡོར་སེམས། ཐུགས་རྗེ་ཆེན་པོ་དང་ཆོས་སྐྱོང་གསོལ་ཀའི་རིགས་སོགས་པོད་ཇེས་སྟོང་ལྷག་བཞུགས། འབུད་དཀྲོལ་གྱི་རིགས། རྒྱ་ནག་ཏྰ་མིང་རིང་ལ་བཞེངས་པའི་རོལ་མོ་སྨིན་གླིང་འབྲུག་རིས། མཚོ་སྐྱེས་འཛམ་གླིང་གསལ་བཞག་སེང་གེ་འཇིགས་པའི་རྔམས་སྒྲ་སོགས་རོལ་མོའི་རིགས། ཡར་ཤླུང་གཡུ་མཚོ་ཕྱུག་མོ་ནས་བཏོན་པའི་ཤར་དར་ལུང་མ་སིགས་སིལ་སྙན་རིགས། སྟོང་གསུམ་འབྲུག་སྒྲ་སོགས་འཁར་རྔའི་རིགས། དདུར་ཁྲོད་ལྷ་མོ་སོགས་རྒྱ་གླིང་རིགས་དང་། དུང་ཆེན། རྐང་གླིང་། དུང་དཀར་སོགས་མང་རབས་འདུག མཆོད་ཆའི་རིགས་གསེར་དངུལ་ལས་སྒྲུབ་པའི་ནང་མཆོད་དང་། གསེར་དངུལ་ལས་གྲུབ་པའི་ཀོང་བུ་མར་རྒཡཝྲ་གཉེར་ལྔ་ཤོང་བའི་ཚེ་འབར་ཆོས་དབྱིངས་རྒྱ་མཚོ་ཆ་གཅིག་སོགས་ཀོང་བུའི་རིགས་སོགས་མང་ངོ་།། འདི་དག་ནི་གྲྭ་རྒན་འགས་[page 200] མཐོང་མྱོང་གི་ཞལ་རྒྱུན་ལས་རིགས་མཐོང་མ་མྱོང་བའི་རྩ་ཆེའི་ནང་སྐད་ཁྱི་མང་སྐད་དོ། །འོ་ན་རྩ་ཆེའི་ནང་རྟེན་དང་དགོན་པ་འདི་དག་ཅི་ལྟར་བརླག་ཅེ་ན། མང་ཆེ་བ་ངོ་རྒོལ་བཞའི་ལས་འགུལ་ནང་ལ་ལ་མེར་བསྲེག ལལ་ཆུར་བསྐྱུར། ལ་ལ་ཐོ་བས་བརྡུངས་ནས་རྒྱ་ཡུལ་དུ་ཁྱེར་ནས་འཕྲུལ་ཆ་བསྐྲུན་རྫས་བཟོས་སོང་། གྲྭ་སེར་དད་ལྡན་ཆ་ཤས་ཀྱིས་སྐུ་གསུང་ཐུགས་རྟེན་ཉུང་ཤས་རེ་གབ་སྦས་བྱུབ་བ་ཕྱིར་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་གདུག་རྩུབ་ཙན་གྱི་ལས་འགུལ་ནང་དམར་པོའི་སྲུང་དམག་ཅེས་པའི་གདོང་ལེན་རུ་ཁག་ཅེས་པ་བཙུགས་ནས་སྙིང་གཞི་རྩ་མེད་གཏོང་དགོས་པའི་འདོད་བརྡ་དང་ལྷན། གྲལ་རིམ་མཐོན་པོའི་དུད་ཚང་དང་། བླ་མ། དད་ལྡན་ཁྱིམ་ཚང་བཅས་སྔོག་གཤེར་བྱས་ནས་ལྷག་མ་ཅུང་ཟད་ཡོད་པ་དེའང་འཕྲིག་པ་དང་། བཅོམ་པ་དང་རྐུ་སོགས་ཀྱི་ཡ་ང་བའི་ཐབས་ཤེས་འབའ་ཞིག་གིས་རྩ་གཏོར་བརླག་སོང་།

དུས་མཆོད་རྒྱུན་སྲོལ་ནི། རྒྱུད་སྡེ་བཅུ་དྲུག་ཅེས་བཤད་གྲྭ་ནང་རྒྱུན་བཞུགས་བཅུ་དྲུག སྒྲུབ་གྲ་ནང་རྒྱུན་བཞུགས་བཅུ་གཉིས། མགོན་བླ་གཉིས་ཕུད་གྲྭ་མང་རྒྱུན་ཚོགས་ནས་ལོ་ལྟར་སྒྲུབ་པའི་རྒྱུན་སྲོལ་ནི། སྐུ་རིམ་བདུན་སྒྲུབ་གཅིག་བདུན་ཕུར་དང་། བདེར་འདུས་གུ་དྲག འདས་མཆོདམབདུན་སྒྲུབ་གཅིག་ཞི་ཁྲོ་སྒྲུབ་མཆོད་བདུན་སྒྲུབ་གཅིག བཀའ་བརྒྱད་ཁྲོ་རོལ། ཐུགས་རྗེ་ཆེན་པོ་ཡོངས་འདུས་འདུས་བདུན་སྒྱུབ་གཅིག རྡོར་སེམས་བདུན་སྒྲུབ་གཅིག དགོངས་འདུས་བདུན་སྒྲུབ་གཅིག་དང་། འབུམ་འགྱུར་ཟླ་བ་ནང་སྐྱ་སེར་ཡོངས་འཛོམས་ནས་མ་ནི་བུམ་སྒྲུབ་བདུན་གསུམ། ས་ག་ཟླ་བིའ་ནང་སིངྷི་བུམ་སྒྲུབ་བདུན་གསུམ་སོགས་ཡོད་ཀྱང་དུས་འགྱུར་ལོ་མང་སོང་བའི་རྐྱེན་གྱིས་སྒྲུབ་པ་འདི་རྣམས་ཟླ་བའདི་དང་ཚེས་པ་འདི་ཞེས་ངེས་པའི་བླ་རྒྱུད་དང་གྲྭ་རྒྱུད་ནི་ཉིན་སྐར་ལྟར་དཀོན་པས་སྒྲུབ་པའི་མིང་ཐོ་ཙམ་ལས་འགོད་མི་ནུས།

ཡོན་གྱི་འབྱུང་ཁུངས་ནི། ཆོས་སྡེ་འདིའི་བཤད་སྒྲུབ་འཛུགས་རྟེན་དང་ཚོགས་པའི་གཏོང་སྒོ་སོགས་ཡོན་གྱི་འབྱུང་ཁུངས་ནི། སྔོན་བྱོན་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྲོལ་ལྟར་འཚོ་བ་བསོད་སྙོམས་ལ་བརྟེན་གླིང་བཤེགས། རྒ་ཤོད་འབྲི་ཆུ་ཉིན་སྲིབས། སྒར་རྗེ་སོགས་ལ་སྒར་བྱོན་མཛད་དབྱར་དཀར་ལྡོམ་དང་དགུན་འབྲུ་སྡོམ་མཛད་པའི་གཞི་བྱས། ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་ནས་བཟུང་དད་ལྡན་ཡོན་དབག་གིས་འབུལ་བའི་ཁང་ཞིང་ཇེ་མང་དུ་སོང་བས་འཁོར་ནག་དུད་ཚང་བརྒྱ་ལ་ཉེ་ཙམ་དང་གཟིག་ཏུ་ཆེ་ཆུང་གཉིས། རྟ་པ་ཁྲ་ཁྱུ་མ་སོགས་བྱུང་བ་ལོ་ལྟར་འབྲུ་ཐོག་དང་། དཀར་ཐོག་བསྡུ་རྒྱུ་བྱུང་བས་སྒྲུབ་པའི་རྟེན་དང་ཚོགས་པའི་གཏོང་སྒོ་རིགས་ཅི་དགར་མཛད་རྒྱུ་བྱུང་།

དགོན་པ་འདིའིབསྟན་བདག་ནི་ཁྱབ་གདལ་བརྒྱུད་པ་དང་རྣམ་རྒྱལ་བརྒྱུད་པ་ཤ་སྟག་ཡིན་པས་བརྒྱུད་ན་དེ་གཉིས་ཀྱིས་བསྟན་བདག་གི་གཙོ་འགན་བཞེས། དེའོག་དགེ་སྐོས་དཔོན་གཡོག་གཉིས་ལོ་གསུམ་རེའི་རེས་བྱས་ནས་ལས་འགན་བཞེས་ཏེ། བཤད་གྲྭ། སྒྲུབ་གྲྭ་དགོན་གཞུང་བཅས་སྐྱོང་བ་དང་[page 201] དཔལ་འབྱོར་གྱི་འགན་བཞེས་པ་གཙོ་བོ་དགོན་གཞུང་གི་ཕྱག་མཛོད་གཉེར་པ། གཏོང་སྒོ་ཐོག་སྤྱི་པ་བཅས་བཞག་སྲོལ་ཡོད། ཚོགས་པ་སོ་སོའི་སྐབས་ཀྱི་དགེབརྐོས་སོགས་རང་རང་གི་ལས་འགན་ཐོག་འབབ་འབྲེལ་གྱིདབང་ཆ་བཅས་བསྐོ་བཞག་གནང་སྲོལ་ཡོད་པ་ཡིན།

ཡུལ་དགོན་གཞན་དང་འབྲེལ་བ། ཤར་རྒྱལ་བ་ཀཿཐོག་དགོན་པས་མ་དགོན་མཛད། སྒྲུབ་པའི་གདངས་དབྱངས་ཕྱག་སྟབས་འབུད་དཀྲོལ། གར་འཆམ་སོགས་གཙོ་བོ་ཀཿཐོག་དགོན་གྱི་ལུགས་དང་གྲྭ་ས་ཡང་ཀཿཐོག་དགོན་ནས་བཅད། བྲག་དགོན་བཤད་གྲའི་མཁན་པོ་ཀཿཐོག་ནས་བསྐོ་བཞག་བྱེད་སྲོལ་འདུག། ཞོ་དགོན་མཁའ་འགྲོའི་གླིང་དང་མ་བུ་ལགས་ཀྱི་འབྲེལ་འདིས་མཛད་ནས་རྒྱལ་བསྟན་རིན་པོ་ཆེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་འཆད་ཉན་རྣམ་དག དགག་སྒྲུབ་སོགས་རྒྱ་ཆེར་མཛད་པར་སྣང་ངོ་།། དེ་བཞིན་ཤར་གྱང་དཀར་དགོན། ཡ་སོ་དགོན། ཉིན་དགོན། ཝ་གནས་དགོན་པར་སོགས་བུ་དགོན་ཡིན་པས་མ་བུ་ལག་གིས་འབྲེལ་འདྲིས་དམ་པོར་ཡོད་པར་སྣང་། འབྲུག་པ་རིན་པོ་ཆེའི་སྐུ་རིང་ནས་ངེས་འདོན་གྱི་ཆོས་ནི་ས་འཛོམ་ཆོས་སྒར་ནས་ཞུ་སྲོལ་འདུག

དེང་གི་གནས་ཚུལ། དགོན་འདིར་ངོ་རྒོལ་བཞི་དངརིག་གནས་གསར་བརྗེ་ཞེས་པའི་ལས་འགུལ་ནང་བོད་ཁམས་དགོན་པ་ཕལ་མོ་ཆེ་དང་འདྲ་བར་བསྟན་འཛིན་གྱི་སྐྱེས་བུ་རྣམས་དབྱིངས་སུ་བཤེགས། བཞུགས་པ་རྣམས་ནག་མེད་ཉེས་འགེལ་གྱིས་བཙོན་རར་བཟུང་། དགོན་པའི་སྐུ་གསུང་ཐུགས་རྟེན་རྣམས་མེར་བསྲེགས་ཆུ་བསྐྱུར། ཐོ་བས་བརྡུངས། གཡང་ནས་བསྒྲིལ་བ་སོགས་ཡ་ངབའི་ལས་འབའ་ཞིག་གིས་གཏོར་བརླག་བཟོས། ཐ་ན་དགེ་བདུན་སེར་མོ་བའི་ཚུལ་འཛིན་མཁན། གོས་དམར་པོ་ཙམ་གྱོན་མཁན་ཚང་མདགྲ་རུ་བཟུང་། རྒྱལ་བསྟན་རིན་པོ་ཆེའི་ཉི་མ་ནུབ་ལ་ཉེ་ནས་མི་ལོ་སུམ་བཅུ་ཙམ་སོང་། མི་རྒནཔོས་གཞོན་པ་ལ་འདིར་བྲག་དམར་དགོན་པ་ཞེས་ཆགས་མྱོང་བ་རེད་ཟེར་བའི་གྱང་ཧྲལ་དཀྱིལ་དུ་ཤིང་རྩི་སྣ་ཚོགས་སྐྱེས་པའི་ས་ཕུང་ཞིག་ཏུ་གྱུར། གོང་སྨོས་ཀྱི་ཁྱབ་གདལ་སྐུ་ཕྲེང་ལྔ་པ་བསྟན་འཛིན་ཆོས་གྲགས་སྐུ་བཤེགས་ནས་ཡང་སྲིད་སྤྲུལ་པའི་སྐུ་མ་རྙེད། རྣམ་རྒྱལ་སྐུ་ཕྲེང་ལྔ་པ་པདྨ་དབང་ཆེན་གྱི་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་ཆེན་ཁོ་ནར་མཛད་ཀྱི་ཡོད་ཀྱ་དུས་ཀྱི་རྩུབ་འགྱུར་ནང་དུ་མིདཀར་ཞྭ་ནག་གཡོགས་ནས་རྒྱའི་ཁྲིམ་ལ་སྦྱར་ནས་བཙོན་རར་བཟུང་། དགུངལོ་རེ་གཉིས་པར་མི་ཉག་བཙོན་རར་སྐུ་བཤེགས། དེ་ནས་བཟུང་ཉེས་མེད་དག་སེལ་དང་དཀར་འདོན་མ་བྱུང་། ཁོང་གི་སྐུའི་སྤྲུལ་པ་རྒྱ་གར་དུ་ཡབ་ཁ་སར་འགྱུར་མེད་ཀྱི་སྲས་སུ་མཁྲུངས། ད་ལྟ་པད་སྤྲུལ་པདྨ་ནོར་བུའི་བཤད་གྲྭ་ནང་བཞུགས། ཐུགས་ཀྱི་སྤྲུལ་སྐུ་འབའ་ཆོས་སྡེ་དགོན་གྱི་སྤྲུལ་སྐུ་སྒོ་ཕྲིན་ལས་རྒྱ་མཆོད་དང་ཡུམ་པདྨ་དབང་པོའི་སྲས་སུ་སྐུ་འཁྲུངས། ད་ལྟ་ལྷ་ས་ཆོས་ལུགས་ལས་ཁུངས་ནང་བཞུགས། མི་རིགས་སྲིད་ཇུས་གུ་ཡངས་གཏོང་བར་བརྒྱུད། ཨ་འཛོམ་རྒྱལ་སྲས་ཀྱི་དངོས་སློབ་སྐུ་ཚེ་ཧྲིལ་པོར་བྱ་བ་བྲལ་ནས། སྟོད་མངའ་རིས། བར་དབུས་གཙང་། སྨད་མདོ་ཁམས་སོགས་གནས་ངེས་མེད་འགྲིམས་པའི་རྣལ་འབྱོར་གྱི་དབང་ཕྱུག་དམ་[page 202] པ་བླ་མ་ཆོས་འཕེལ་གྱི་དབུ་ཁྲིད་འོག་དད་ལྡན་སློབ་མ་འགས་རིག་གནས་གསར་རྗེ་སྐབས་རི་སྟེང་ལ་གབ་སྦས་ཐུབ་པའི་བླ་མ་དགོངས་འདུས་ཀྱི་འཕྲུལ་པར་ཤིང་སོགས་ཕྱིར་དགོན་པར་གདན་འདྲེན་ཞུས། པར་ཁང་གསར་བཞེངས་མཛད། དེ་རྗེས་ཐུབ་པ་ཁང་གསར་བཞེངས་མཛད་ནས་རྟེན་གཙོ་སྟོན་པའི་སྐུ་ཟངས་གསེར་ལས་གྲུབ་པ་དཔངས་སུ་ཁྲུ་བཅོ་ལྔ་ཡོད་པ་མཆོག་ཟུང་གཉིས་གསེར་ཏོག་དང་བཅས་གསར་བཞེངས་མཛད། སྤུལ་ཆུང་བསྟན་འཛིན་ཕྲིན་ལས་ཡབ་ཡུམ་གྱིས་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་ཟངས་གསེར་ལས་གྲུབ་པ་དཔངས་ཁྲུ་ཉི་ཤུ་ཡོད་པ་བཞེངས། ད་རུང་སྐུ་གསུངས་ཐུགས་རྟེན་མང་པོ་ཞིག་གདན་ས་འདིེར་ཁྱེར་ནས་བཞག འོད་མ་བུ་ཇོད་ཀྱིས་རྒྱ་གར་ནས་དགོན་པ་ཉམས་གསོའི་ཕྱིར་སྐུ་གསུང་ཐུགས་རྟེན་འབོར་ཆེན་འདྲེན་ནས་སགོན་འདོར་བཞག་པ་དང་། དུང་འཁོར་ཁང་གཅིག་གསར་བཞེངས་མཛད། མིག་སྔར་དགོན་འདིར་བླ་རྒན་སྐུ་ན་མཐོ། སྤྲུལ་སྐུ་སྐུ་ན་ཕྲ། ཡུལ་སྡེ་འབྱོར་པ་ཆུང་། ལྷག་བསམ་ཆུང་བ་སོགས་རྐྱེན་དུ་མ་མནར་ནས་དགོན་པ་ཉམས་གསོ་ཤིན་ཏུ་ཞན། བཤད་སྒྲུབ་ཀྱི་སྡེ་མ་ཚུགས། ལོརེ་དགོངས་དུས་སྒྲུབ་པ། རྡོར་སེམས་སྒྲུབ་པ། སྐུ་རིམ་བཅས་སྒྲུབ་པ་གསུམ་ལས་དེ་མིན་དུས་མཆོད་རྒྱུན་སྲོལ་རྣམས་ཉམས་གསོ་མ་གྲུབ། ཚོགས་པ་སྐབས་དགེ་འདུན་པའི་ཞལ་གྲངས་བརྒྱད་བཅུ་ལ་ཟིན་ཙམ་ཡོད། གྲྭ་ཤག་བཅུ་གཅིག་དང་། དགོན་སྡེ་དེའི་མངའ་འོག་གི་ཆོས་སྡེ་སྔོན་པདྨ་རྒྱན་མཚན་སྐུ་རིང་ནས་ངའོ་སེ་ཕུ་མ་དུད་མུག་སུམ་བརྒྱ་ཞེས་གསུངས་པ་ལྟར། དུད་གྲངས་སུམ་བརྒྱ་ལ་ཉེ་བ་ཡོད། ད་ལྟ་སྒྲུབ་པ་སྣེ་གསུམ་བདུན་རེ་རེ་ཚོགས་པའི་གཏོང་སྒོ་སྡེ་ཚན་དྲུག་པོས་རེས་འཁོར་ནས་བཙུག བྲག་དམར་དགོན་རང་གིས་བྲིས་པའི་ལོ་རྒྱུས་ལ་འཕྲི་སྣོན་ཅུང་བྱས་ནས་བྱ་ཚེ་རིང་གིས་དཔལ་ཡུལ་དུ་བསྒྲིལས།

བར་ཁྱིམ་དགོན་གྱི་ལོ་རྒྱུས།

བར་ཁྱིམ་ཞེས་པའི་ས་ཆར་ཆགས་པས་བར་ཁྱིམ་དགོན་ཡང་ཟེར། མཚན་དངོས་དཔལ་ཆེན་ཆོས་འབྱུང་གླིང་ཞུ། སྤོ་འབོར་སྒང་གི་མངའ་ཁོངས། ཆོས་ལུགས་རྙིང་མ་ཆོས་རྒྱུན་དཔལ་ཡུལ་བ་ཡིན། གདན་ས་འདི། འཇམ་དཔལ་སྐུ་ཡི་གནས། སྤྱན་རས་གཟིགས་གསུང་གི་གནས། ཕྱག་ན་རྡོ་རྗེ་ཐུགས་ཀྱི་གནས། ཚེ་དཔག་མེད་དང་། མི་འཁྲུགས་པའི་གནས་སོགས་མཐའ་ཡས། སློབ་དཔོན་བི་མ་མི་ཏྲས་ཞབས་ཀྱིས་བཅགས་ཤིང་། སྒྲུབ་མཛད་མྱོང་བའི་བི་མའི་སྒྲུབ་ཕུག་དང་། སྔོན་བྱོན་འཇའ་ལུས་གྲུབ་པ་མང་པོ་གཤེགས་ཤུལ་འཇའ་ལུས་ཕུག་སོགས་མཇལ་དུ་ཡོད་པའི་རི་བོའི་རྩེ། བྲག་རིའི་མགུལ་སྤང་དང་ལྗོན་པའི་ཚལ་གྱིས་བསྐོར་བའི་གནས་དེར། སྤྱི་ལོ་1130ཡར་མར་རབ་བྱུང་གཉིས་པའི་ནང་ཀཿཐོག་པ་[page 203] དམ་པ་བདེ་གཤེགས་གནས་འདིར་ཞབས་ཀྱིས་བཅགས་ཏེ། དམ་པ་བདེ་གཤེགས་གནས་འདིར་ཞབས་ཀྱིས་བཅགས་ཏེ། བཤད་སྒྲུབ་ཀྱི་བསྟན་པ་བཙུགས། བཀའ་ཆོས་གསུངས་སའི་རྡོའི་ཆོས་ཁྲི་རྒྱབ་ཡོལ་བཅས་དོད་ངེས་ཕྱག་ཕྲེང་དང་ཕྱག་མཛུབ་རྗེས། སྐུ་རྒྱབ་ནས་དབུ་གདུགས་ཤིང་ཤིག་པའི་ཕུང་པོ་སྐྱེས་པ། འདུས་མདོའི་སྒྲུབ་པ་མཛད་པའི་དཀྱིལ་འཁོར་ཤུལ་གྲུ་བཞི་སྤང་སྟེང་མཇལ་རྒྱུ་ཡོད་ལ་ཀཿཐོག་དུ་ཕེབས་ཁར་ཆིབ་དྲེལ་གྱི་ཞབས་རྗེས་རྡོ་ལ་འཇིམ་པ་བརྫིས་པ། ལྟར་མཇལ་རྒྱུ་ཡོད།

དེ་ནས་སྤྱི་ལོ་1500རབ་བྱུང་དགུ་པའི་ནང་། བུ་འབོར་བ་བཀྲ་ཤིས་རྒྱ་མཚོ་ནས་དགོན་ས་བཏབ། ཁོང་ནི་གྲུབ་དབང་སེང་གེ་སོགས་བླ་མ་མང་དུ་བརྟེན། མཁས་ཤིང་གྲུབ་པ་བརྙེས། གསུང་རྩོམ་ཡང་། དགོངས་པ་ཟལ་ཐལ་ཁྲིད་ཟིག་སོགས་པོ་ཏི་ཁ་ཤས་ཡོད་པར་གྲགས་ཀྱང་ད་ལྟ་པོད་གཅིག་ལས་མཇལ་རྒྱུ་དབེན། ཁོང་གི་སློབ་མ། དཔལ་མོ་ཤེས་རབ་རྒྱ་མཚོ། དམག་ཉེས་ཡོན་ཏན་རྒྱ་མཚོ་སོགས་བར་ཁྱིམ་རྒྱ་མཚོ་རྣམ་གསུམ་ཞེས་གྲགས་པ་བྱུང་། ཤེས་རབ་རྒྱ་མཚོའི་སློབ་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་ལ་དགོན་པ་འདིའི་རྟེན་གནས་ཆོས་བརྒྱུད་བཅས་གཏད། དེ་ནས་བཟུང་དཔལ་ཡུལ་གདན་རབས་རིམ་བྱོན་གྱིས་ད་ལྟའི་བར་བསྐྱངས། སྐུ་གསུང་ཐུགས་རྟེན་སྐོར། གནའ་རབ་ཀྱི་རྟེན་ལི་མ་གཏེར་མ་ངོ་མཚར་ཅན་བརྒྱ་སྐོར་དང་། གསུང་རྟེན་དཔེ་དཀོན་ཀཿདཔལ་རྫོགས་གསུམ་ལ་མེད་པ་དུ་མ་ཡོད་པ། ཀཿཐོག་སི་ཏུ་རིན་པོ་ཆེའི་ཞལ་ནས་གསུངས། དཔར་ཤིང་པདྨ་བཀའ་ཐང་ལྷ་བརྒྱ་མར་གྲགས་པ་འཇམ་མགོན་མི་ཕམ་རིན་པོ་ཆེ་ནས་དཔེ་ཁུང་བཙུན་པ་བར་ཁྱིམ་བཀའ་ཐང་འདྲ་བ་མེད་ཅེས་བསྔགས་བརྗོད་མཛད་ཡུལ་ཅན་སོགས་པར་ཤིང་པོད་བཅུ་སྐོར་ཡོད། རྒྱ་མཚོ་རྣམས་གསུམ་གྱི་གདུང་རྟེན་བྱིན་རླབས་ཅན་གསུམ་དང་། སྔར་གྱི་རོལ་རྙིང་དང་། བཀྲ་ཤིས་རྒྱ་མཚོའི་གཏེར་དུང་དུང་དཀར་མོ་རྒྱང་གྲགས་སོགས་ཡོད། དགོན་པའི་དུས་མཆོད། བླ་མ་དགོངས་འདུས་ཀྱི་སྒྲུབ་ཆེན། དཀྱིལ་ཆོག། སྐོང་ཆོག་སོགས་དང་། ཉང་དང་གུ་རུ་ཆོས་དབང་རཏྣའི་ཆོས་སྐོར། འཇའ་ཚོན། གནམ་ཚེས་སོགས་གསུངས་སྲོལ་ཡོད། བླ་སྤྲུལ་གྲངས། དཔལ་མོ་བ་ཤེས་རབ་རྒྱ་མཚོའི་ཡང་སྲིད་བརྟན་གནས་བྱམས་པ་མཐའ་ཡས་སམ་ཉ་ཤེས་རབ་བླ་མ། དེ་ཡི་ཡང་སྲིད་དཔེ་ཡག་རྔན་ནང་ཞེས་པའི་གྲོང་པར་འཁྲུངས་ཀྱང་། སྔ་མ་འཁྱུག་སྐོར་རེ་བཞུགས། ཕྱི་མ་ནི་སྡེ་དགེ་ལྕགས་ར་དགོན་དུ་མཁན་པོ་བྱང་ཆུབ་རྒྱལ་མཚན་བྱང་རྒྱ་ཞེས་པ་དེ་ཡིན་གདན་སར་མ་འཁོད། མཁན་པོ་གྱང་སར་བསམ་གཏན་ཞེས་པ་བྱོན། བླ་མ་གྱང་སར་ཡེ་ཤེས། སྡེ་རུ་ཆོས་འགྲུབ་སོགས་དང་གྲྭ་བ་ལྔ་ཅུ་ཙམ་ཡོད། ཡོན་གྱི་འབྱུང་ཁུངས་ནི། རྟེན་གནས་སྡེ་ཤོག་གསུམ་ཡོད་པ་དེས་ལོ་རེ་བཞིན་དུས་མཆོད་རེས་བསྐོར་ཏེ་བཙུག་རྒྱུ་རེད། དེ་མིན་དད་འབུལ་ལ་བརྟེན་བ་རེད། ཡིན་ནའང་དུས་ཀྱི་འགྱུར་བས་རྩ་མེད་དུ་སོང་། 1983ལོར་དཔལ་ཡུལ་མཁན་པོ་བཀྲ་ཚོགས་ནས་ཉམས་གསོ་གནང་སྟེ། འདུ་ཁང་། དུང་འཁོར་གཟིམ་ཤག མགོན་ཁང་། གྲྭ་ཁང་ཉི་ཤུ་ཙམ་དང་། འདག་བཟོས་གུ་རུའི་སྐུ་ཆེན་པོ་གཅིག བཀའ་འགྱུར་དང་། བཀའ་འབུམ་སྐོར་སོགས་གསུང་རྟེན་པོད་ཉིས་[page 204] བརྒྱ་ལྷག གདུང་རྟེན་ཏོར་རག་ཕྲ་ལྡན་གསུམ། མཆོས་ཆས། སྒྲུབ་པའི་ཡོ་བྱད་གསར་སྐྲུན། དཀོན་སྤྱི་སྒྲུབ་ཆེན། བཀའ་བརྒྱད། ཕུར་བ་སེང་གདོང་སོགས་གཏོར་བཟློག་འཛུགས། སློབ་མ་སེར་ཉི་ཤུ་སྐོར་ལ། སྔོ་འགྲོ། སྤྱོད་འཇུག སྡོམ་གསུམ། གསང་སྙིང་སོགས་བཤད་པ་མཛད། སྒྲུབ་གྲྭ་བ་བཅོ་ལྔ་རྟེན་བརྟེཝན་པར་བཅས་པ་གསར་འཛུགས་མཛད་དེ་བསྟན་པ་བྱ་བ་རྒྱ་ཆེར་མཛད་གནང་། འོན་ཀྱང་གདུལ་བྱའི་བསོད་ནམས་ཀྱིས་སྐལ་བ་མ་ལྕོགས་ཏེ། 1989ལོའི་བོ་ཟླ་ལྔ་བའི་མར་ཚེས་ཉེར་ལྔའི་ཉིན་དགོངས་པ་ཆོས་དབྱིངས་སུ་བསྡུས། ད་ལྟ་དཔལ་ཡུལ་སྒྲུབ་ཁང་ནས་དོན་པའི་བླ་མ་དང་གྲ་པ་གྲངས་ཉི་ཤུ་སྐོར་བཞུགས་སོ། དགེའོ། ཞེས་པ་འདི་སྔར་གྱི་ངག་རྒྱུན་དང་མཐོང་ཐོས་དག་ལས་ཐུབ་བསྟན་དཔལ་བཟང་པོད་བྲིས།

བར་ཁྱིམ་སྤྲུལ་སྐུ་ནི། ཤེས་རབ་རྒྱ་མཚོ་ཡིན། བར་ཁྱིམ་རྒྱ་མཚོ་རྣམ་གསུམ་ལས། དཔལ་མོ་བ་ཤེས་རབ་རྒྱ་མཚོ་ནི། རོང་འགད་ཚུན། སྤྱི་འགྲ་ཚང་སར་འཁྲུངས། དུས་ཚེས་གཏན་ཁེལ་མཇལ་རྒྱུ་མི་འདུག་ཀྱང་། འོལ་ཚོད་རབ་བྱུང་བཅུ་པའི་མཇུག་ཙམ་འཁྲུངས་བར་མདོན། དཔལ་འབར་ནམ་མཁའ་རྒྱ་མཚོ། བུ་འབོར་བཀྲ་ཤིས་རྒྱ་མཚོ་སོགས་བླ་མ་མང་ཙམ་བརྟེན། མདོ་སྒྱུ་སེམས་གསུམ་དང་རྫོགས་ཆེན་དགོངས་པ་ཟང་ཐལ་སོགས་ཉམས་ལེན་དང་འཆད་སྤེལ་མཛད་རབས་ཀུན་བཟང་ཤེས་རབ་རྣམ་ཐར་ན་གསལ། ཞི་བར་གཤེགས་ནས་བར་སྐབས་ཡང་སྲིད་བཞུགས་མེད་མ་ངེས། ཕྱིས་རྒྱ་སྤྲུལ་རིན་པོ་ཆེ་པདྨ་མདོ་སྔགས་བསྟན་འཛིན་ནས་ངོས་འཛིན་གནང་བའི། བཀའ་ཤེས་རབ་བླ་མའམ་གནས་བརྟན་བྱམས་པ་མཐའ་ཡས་ཞེས་པ་དཔལ་ཡུལ་བརྡ་གོར་བཞུགས། སྐབས་འགར་བར་ཁྱིམ་བཞུགས་ཀ་དག་ཆོས་སྐུའི་གཏན་སྲིད་ཟིན་པར་གྲགས། ཆབ་གསང་ལས་ཤེས་རྡོར་གྱུར་པ་མཐོང་རྒྱུ་ཡོང་། འདས་དུས་སྐུ་ཕུང་བྱིས་པ་བཙས་མ་ཐག་པ་ཙམ་གྱུར་སོང་། ཀུན་མཁྱེན་ངག་གི་དབང་པོ་ནས་འཇའ་ལུས་པ་རེད་ཅེས་གསུངས་མྱོང་། གདན་ས་འཛིན་པ་ལྟ་བུ་དང་། གསུང་རྩོམ་གནང་བ་སོགས་མི་མཛད་པར་གྲགས། དེའི་ཡང་སྲིད། དཔེ་ཡག་རྔན་ནང་ཞེས་པར་ཉི་ཤུ་རྩར་འཁྲུངས་ཀྱང་། ཆུང་དུས་ས་སྐྱའི་ཆོས་ལུགས་ལྕགས་ར་དགོན་དུ་གྲྭ་པ་བྱས། མཁས་གྲུབ་གཉིས་ལྡན་གྱི་མཁན་པོ་བྱང་ཆུབ་རྒྱལ་མཚན་ནམ་བྱང་རྒྱ་ཞེས་གྲགས། ཉམས་ལེན་རྙིང་མ་རྫོགས་ཆེན་ལ་མཛད་རབས། ཁོང་གི་རྩ་བའི་བླ་མ་དཔལ་ཡུལ་གྲུབ་དབང་དཔལ་ཆེན་འདུས་བསྟེན་རབས་ཡོད། དེ་ཙམ་མ་གཏོགས་ལོ་རྒྱུས་རྣམས་དབྱིངས་སུ་ཡལ་བས་བསྡུ་བའི་སྐལ་བ་མ་རྙེད་དོ།།

ཁམས་དབུས་དགོན་གྱི་ལོ་རྒྱུས།

སྔོན་གྲུབ་པའོ་དབང་པོ་ཀཿཐོག་པ་མཎི་རིན་ཆེན་གྱིས་སྒ་ཆེན་མངའ་རི་རྡོ་རྗེ་ལ་ཁྱོད་འདི་ནས་ས་[page 205] སྨད་རེ་འཇང་གཉིས་ཀྱི་ས་མཚམས། ལ་གསུམ་གྱི་མདའ། ཆུ་གསུམ་གྱི་འདུས་ཕྱོགས། གནམ་ས་འབྲུ་བའི་དབྱིབས་ཅན་གྱི་སྟེང་དུ་ས་གཟུང་ཐུབ་ན། ཆོས་སྲིད་ཀྱི་བསྟན་པ་དར་རྒྱས་ཤིན་ཏུ་ཆེ་བ་འབྱུང་ཞེས་ལུང་བསྟན་པ་ལྟར་ཕྱོགས་འདིར་ཞབས་སེར་བཀོད། མཁར་བརྩིགས་འདུན་ཐབ་བཞེས་པས། སྒ་ཨ་གྲོ་དཔའ་དགྱེས་དང་། སྒ་ཨ་གཉན་དམ་པ་གཉིས་འཁྲུངས་ཁོང་ཡབ་སྲས་རྣམས་སྒ་ཡི་རྗེ་བོར་གྱུར་པས། མི་མང་ས་ལ་ཐོགས་ཏེ་སྒ་རྗེ་ཁོག་ཟེར་བ་དེ་ནས་ཐོན། ཨ་གྲོ་དཔའ་དགྱེས་ཀྱིས་སྲིད་བསྐྱངས། ཨ་གཉན་དམ་པས་དཔལ་ལྡན་ཁམས་དབུས་དགོན་པའི་གདན་ས་བཏབ། མདོ་སྔགས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་མཛད་པས། ཆོས་སྲིད་གཉིས་ཤིན་ཏུ་དར་རྒྱས་ཆེན་པོ་གྱུར། འོན་ཀྱང་སྲས་གཉིས་ཕྱོགས་སོ་སོར་སོང་བས། གཡས་ཕྱོགས་སྒྲ་དང་། གཡོན་ཕྱོགས་སྒ་ཞེས། སྒ་འབྲུ་གཉིས་ཀྱི་མིང་ཐོགས། འབྲི་ཆུ་ཤར་ནུབ་དང་རེ་འཇང་བཅས་ཀྱི་འདི་དང་ཕྱི་མའི་ཡོན་བདག། མགོ་སྤྱི་བོའི་གཏད་ར། ལུས་ལྷུ་དྲུག་གི་བདག་པོར་གྱུར། སྐྱ་དགུ་སེམས་ཅན་ཐམས་ཅད་བདེ་བར་བཀོད། བདེ་བ་ཐར་ལམ་ལ་འཁྲིད་པ་སོགས་དཔེར་ན་གཏམ་བརྒྱུད་དུ་ཡང་། སྒ་ཨ་གཉན་དམ་པ་ལ་སྐྱབས་སུ་མཆི། ཨ་གཉན་དམ་པའི་རྟ་ལ་སྐྱབས་སུ་མཆི་རྟའི་རྟིའུ་ལ་སྐྱབས་སུ་མཆི། རྟེའུ་རྟ་ལུད་ལ་སྐྱབས་སུ་མཆི་ཞེས་པ་དེ་ཙམ་མཐོང་དང་གལ་ཆེན་གརྩི་བའི་གནས་སུ་གྱུར། ཨ་གྲོ་དཔའ་དགྱེས་ཀྱི་སྲས་བཀྲ་ཤིས་རྒྱ་མཚོ་དང་། ཨ་གཉན་དམ་པའི་སྲས་ཉི་མ་རྒྱལ་མཚན་རྣམ་པས་གཉིས་ཀྱི་སྐུ་རིང་ལ་སྐུ་ཚེ་དང་མཛད་ཕྲིན་དགུང་དང་མཉམ་པར་གྱུར་ཏེ་འགྲོ་དོན་ཕྱོགས་མཐའ་མེད་པར་རྒྱས། དེ་རྗེས་སྒ་ཤེས་རབ་འོད་ཟེར། སྒ་ཡེ་ཤེས་བྱང་ཆུབ། སྒ་རྡོ་རྗེ་རྒྱལ་པོ་སོགས་དཔོན་བརྒྱུད་རྣམས་ས་གདན་ས་རིམ་པར་སྐྱོང་སྐབས། དུས་ཀྱི་འགྱུར་བས་བསྟན་པ་ཕྲ་ཉག་ཅིག་བྱུང་སྟེ། དེང་བོན་དགོན་གདོང་ཞེས་པར་བོན་པོའི་ཆོས་སྡེ་དར་རྒྱས་ཆེ་བ་ཞིག་བྱུང་བ་དེས་ཐུབ་ཚོད་ཀྱིས་ཉམས་གུད་བཏབ་བས་མི་རབས་གཉིས་གསུམ་ཙམ་བར་ཤིན་ཏུ་ཉམས། འོན་ཀྱང་སྒ་སྲས་ཉི་མ་རྒྱལ་མཚན་གྱི་ཞལ་གདམས་ལུང་བསྟན་དུ། རྨུ་ཚ་སྒ་ཡི་བརྒྱུད་པ། ཆོས་སྐྱོང་བའི་མིང་ཅན་ཞིག་ནས་གོང་གི་གདན་ས་དེ་ཉིད་ཉམས་གསོ་བར་བྱས་ནས་འགྲོ་བ་མང་པོའི་དོན་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པ་དུས་སུ་སྨིན་ཚུལ་འོག་དུ་འཆད་དོ།།

རབ་བྱུང་དྲུག་པའི་མཇུག་ཙམ་ལ་སྐུ་འཁྲུངས་པའི་སྒ་ཨ་གཉན་དམ་པས། ཐོག་མའི་གདན་ས་བཏབ་ནས་ཆོས་ཀྱི་སྒོ་ཕྱེས། བཀའ་མ་མདོ་སྒྱུ་སེམས་གསུམ་གཙོ་བོར་མཛད་ཉམས་ལེན་སྙིང་པོ་རྡོ་རྗེ་ཟམ་པ། ཆོ་ག་ཕྱག་བཞེས་སོགས་རྒྱལ་བ་ཀཿཐོག་པ་རྙིང་བའི་ཕྱག་བཞེས་ཇི་བཞིན་རེད་ཅེས་མཆོག་སྤྲུལ་རིན་པོ་ཆེ་དྲེ་མེད་ཨ་བན་མཆོག་ནས་བཀའ་བསྩལ་མྱོང་། དོན་ལ་ཡང་གནས་ཚོད་དཔེ་མཚོན་ཙམ་ཞུས་ན། གཏོར་བཟོ་དཀར་རྒྱན། དུང་རྒྱག་རྐང་གསུམ། འབུད་དཀྲོལ་དབྱངས་གསུམ། འཆམ་དང་གང་སྟབས་བཅས་དམིགས་པ་ཞིག་ལས་དགོས་པ་སུ་དང་རིགས་མི་འདྲེས། ཁྱད་པར་རིག་གནས་ལ་མཚོན་ན་ཁམས་བྲིས་ཚུགས་ཟུར་ཐོན་དང་སྨན་རྩིས་སོགས་ཀྱང་དར་རྒྱས་འཕེལ་ངེས་བྱུང་བཞག འོན་ཀྱང་རབ་[page 206] བྱུང་བཅོ་ལྔ་པའི་ནང་ཙམ།

[page 207] མཆོག་ལྔ་པ་ཆེན་པོས་གསན་ནས་དམིགས་གསལ་དགའ་གདན་ཕོ་བྲང་དུ་གདན་དྲངས། བླ་སློབ་ཀྱི་འབྲེལ་འཇོག་ཡང་དག་པ་མཛད། ལྷ་སའི་ཇོ་བོ་ཤྰཀྱ་རྣམས་གསུམ་སོགས་གནས་གཟིགས་ཀྱིས་སྟོད་ལུང་མཚུར་ཕུ་གཙང་ས་ངོར་ཚལ་གསུམ། ཡར་ལུང་བསམ་ཡས། རྟེན་གསུམ་གནས་གསུམ་སོགས་ལ་གནས་འབྲེལ། ཁྱད་པར་ཨོ་རྒྱན་སྨིན་གྲོལ་གླིང་པའི་གཏར་ཆེན་ཡབ་སྲས་རྣམས་གཉིས། བྱང་ཐུབ་བདག་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་འཇམ་ཚོན་སྙིང་པོ་སོགས་ཀྱི་མདུན། བཀའ་གཏེར་གྱི་དབང་ལུང་མན་ངག་རྒྱ་ཆེར་གསན་ཏེ་རང་གནས་སུ་ཕྱིར་ཕེབས་ནས། བསྟན་དང་འགྲོའི་ཕན་བདེ་བླ་ན་མེད་པ་མཛད་དོ།། ལྷག་པར་གྲུབ་དབང་སྟོན་པ་སེང་གེ། སྤྲུལ་སྐུ་ཆོས་ཉིད་རྒྱ་མཚོ། གསེ་ལོ་སྟོན་པ་རྒྱན་མཚན་ལ་སོགས་ཡོངས་འཛིན་བཤེས་གཉེན་མང་པོའི་མདུན་ནས། དམ་གཙང་བྱམས་གསུམ་ནས་རིམ་པར་བརྒྱུད་པའི་སྔ་འགྱུར་སྙིང་མའི་བཀའ་གཏེར་དག་སྣང་གི་ཆོས་སྡེ་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་བུམ་པ་གང་བྱོས་ཀྱིས་ཚུལ་དུ་བཞེས། བཞེས་ཟིན་ཁག་གི་བསྙེན་སྒྲུབ་ལས་གསུམ་གཞུང་ནས་ཞི་ལྟར་གསལ་བ་ལྟར་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྒྲུབ་པ་ལ་བརྩོན་པ་སོགས་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་བརྐྱངས་པས་རྒྱལ་བའི་བསྟནཔ་འཛིན་སྐྱོང་གནད་སྨིན་གནང་བའི་བསྟན་འཛིན་གྱི་སྐྱེས་བུ་ཚད་ལྡན་འབྱུང་རྒྱུར་རག་ལས་ཤིས། རིག་འཛིན་ཀློང་གསལ་སྙིང་པོ་དང་རིག་འཛིན་ཀུན་བཟང་ཤེས་རབ། གཡག་རྒྱལ་གཏེར་ཆེན་བཟང་པོ་རྡོ་རྗེ་སོགས་བཟང་ལ་མང་བའི་སློབ་ཚོགས་རྒྱ་མཚོ་ལྟ་བུ་སྐྱོང་བར་མཛད་དོ། དགོན་པ་ཐོག་མ་འདེབས་པའི་དུས་རབས་ལོ་གང་ཡིན་པ་དང་། ཞུ་ས་གང་ལ་བདུག་པའི་ལོ་རྒྱུས་ཐད་རབས་བྱུང་བཅུ་པའི་ས་ཁྱི་ཕྱི་ལོ་༡༥༩༧ལོར་སྐུ་འཁྲུངས། ཤིང་ཡོས་དགུངས་གྲངས་བཅི་བརྒྱད་སྟེང་འཁོར་བ་སྤངས། ཆུ་ཁྱི་ཉེར་ལྔའི་སྟེང་རབ་ཏུ་བྱུང་། མི་ཡོས་དགུངས་གྲངས་སུམ་ཅུའི་སྟེང་འཁོར་བ་སྤངས་གདན་ས་རྙིང་པ་ཉམས་གསོ་མཛད་ནས་ད་བར་མི་བརྒྱ་རེ་གཅིག་ཟིན་དེའི་སྔོན་སྒ་ཨ་གཉན་དམ་པས་གདན་ས་ཐོག་མ་བཏབ་པས་ཚོད་བརྩིས་མི་ལོ་ཉི་བརྒྱ་ཙམ་སྔོན་ལ་སོང་བ་བཅས། ཁྱོན་བསྡོམས་ལོ་གྲངས་ལྔ་བརྒྱ་རེ་གཅིག་ཟིན་ཁུངས་ངག་རྒྱུན་ལས་རྣམ་ཐར་དང་གདནརབ་སོགས་ཡི་གེ་བོར་བརླགས་ཀྱིས་ཚད་ལྡན་འདི་ཡི་ནཞུ་མ་ཤེས། འོན་ཀྱང་གཅིག་བྱས་ན་ཀཿཐོག་པའི་གདན་རབས་ཀློང་གསལ་སྙིང་པོ་དང་འབྲེལ་བ་ཆེ་སྟབས་ཁ་གསལ་ཡོད་ཤས་ཆ་སྙམས་ལགས། དགོན་ས་ཐོག་མ་འདེབས་སྐབས་ཀྱི་གྲུབ་མཐའ་དང་ཆོས་བརྒྱུད་དང་པོ་ནས་སྔ་འགྱུར་རྙིང་མའི་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་ཡིན་ཚོད་འདུག

དགོན་པ་དར་རྒུད་གོང་གསལ་དགོན་པ་དང་པོ་འདེབས་པ་དེ་བོན་པོས་ཉམས་རྒུད་བཏང་བ་དང་། གཉིས་པ་སྒ་དྲུང་པས་ཉམས་གསོ་གནང་བ་རིམ་པས་དར་རྒྱས་སོང་ཚུལ་བླ་བྲང་གོང་མ་ནང་སོ་ཐ་མ་ཞུ་བ་གཅིག་པོའི་དཀར་ཆགས་རྙིང་པ་ཞིག་འཇལ་མྱོང་བ་དེའི་ནང་གསལ་ཏེ། དབུ་རྩེ་ནས་རྡོ་གཅལ་བར་ལྷ་ཁང་སོ་ལྔ་ཡོད་བཞག ལྷ་ཁང་རེ་རེའི་ནང་སྐུ་གསུངས་ཐུགས་རྟེན་མཆོད་ཆས། ཆོས་རྫས་བློ་ཡུལ་ལས་འདས་པའི་དཀར་ཆགས་ཞིབ་ཆ་བཀོད་འདུག་སྟེ་ཁམས་སྤྲུལ་རྡོ་རྗེ་རྣམ་རྒྱལ་དགུང་ལོ་བཅུ་གསུམ་བྱིས་པའི་སྐེག་[page 208] ལྟེང་ཉིན་ཞིག་བློ་བུར་དུམེད་པར་ཆགས། དེ་རྗེས་རྒྱ་ར་སྤྲུལ་སྐུ་ཐེགས་མཆོག་རྡོ་རྗེ་དབུ་བཞུ་ཐོག རྡོ་རྗེ་རྣམ་རྒྱལ། སྤྲུལ་སྐུ་ཨ་ཀུན། ཨ་ཚང་ནོར་བ་བཅས། སྐུ་མཆེད་གསུམ་སྐུ་ནར་སོན་ཙམ་ནས་ཉམས་གསོས་ཀྱིས་བླ་བྲང་སྟེང་ཤོད་བར་གསུམ་ལྷ་ཁང་དང་། གཟིམ་ཆུང་། མཆོད་མཛོད་ཁང་། པརི་ཁང་། མགོན་ཁང་། རྒྱན་ཁང་། ཚོགས་ཁང་སོགས་གྲངས་བཅོ་ལྔ་སྐོར་བཞུགས་པ་གསར་རྗེའི་དུས་ཟིན་སྐབས་སྤྱི་མཚུངས་ཉམས་ཆགས་སོངབ་ད་ལྟ་ཉམས་གསོ་ཐུབ་མེད། བླ་བྲང་འོག་མ་གསང་སྔགས་ཕོ་བྲང་རྟེན་བརྟེན་པར་བཅས་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་རྡོ་རྗེས་ཐུགས་སྟོབས་ཆེན་པོའི་སྒོ་ནས་བཞེངས་ནས་སྒ་རྗེའི་ཡུལ་སྤྱིའི་རྟེན་དད་པའི་བརྟེན་དུ་འགྱུར་པའི་གསར་བསྐྲུན་གནང་བ་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་དེའོ། དགོན་པའ་གདན་རབས། མཁན་རབས་གདན་ས་དང་པོ་བླ་མ། སྒ་ཨ་གཉན་དམ་པ། སྒ་ཉི་མ་རྒྱན་མཚན། སྒ་ཤེས་རབ་འོད་ཟེར། སྒ་བསོད་ནམ་ལྷུན་འགྲུབ། སྒ་བྱང་ཆུབ་རྒྱན་མཚན་བཅས་བླ་རབས་ལྔ་མི་ལོ་ཉི་བརྒྱ་ཙམ་བར་དང་། དེ་ནས་གདན་ས་ཉམས་གསོས་ཀྱི་དང་པོ་སྒ་དྲུང་པ་ཆོས་སྐྱོང་རྒྱ་མཚོ། སྒ་རྗེ་དཔོན་ཚང་གི་སྲས་བསྟན་པ་རྒྱ་མཚོ་སོག་པོ་བསམ་འགྲུབ། རྒྱལ་པོའི་སྲས་བྱང་ཆུབ་རྒྱ་མཚོ། བོད་ལྗོངས་སྤོ་བོར་འཁྲུངས། ཨོ་རྒྱན་བཀྲ་ཤིས་སྒ་རྗེད་དཔོན་ཚང་གི་སྲས། ཚེ་དབང་བླ་མའམ་ཆོས་དབྱིངས་ལྷུན་གྲུབ། སྒ་རྗེ་དཔོན་ཚང་གི་སྲས་ཐེག་མཆོག་རྡོ་རྗེ། སྒ་རྗེ་རྒྱ་ར་ཚང་གི་སྲས་མཆོག་སྤྲུལ་འཇམས་དབྱངས་ཤེས་རབ། རྦོས་རོ་གཏུམ་ཚ་འགོ་ཚང་། མཆོག་སྤྲུལ་བསྟན་པ་རྒྱན་མཚན། བོད་ལྗོངས་སྤོ་བོར་བཀྲ་མང་། རྗེ་སྤྲུལ་སྐུ་ཕྲེང་བརྒྱད་པ་ཨ་སྐྱབས་བླ་མའམ་པདྨ་ལྷུན་གྲུབ། སྒ་རྗེ་དཔོན་ཚང་གི་སྲས། གྲུབ་དབང་བཀྲ་ཤིས་རྒྱལ་མཚོ། སྒ་རྗེ་དཔོན་ཚང་གི་སྲས། མཆོག་སྤྲུལ་རྡོ་རྗེ་རྣམ་རྒྱལ། སྒ་རྗེ་དཔོན་ཚང་གི་སྲས། སྤྲུལ་སྐུ་འཇམས་དབྱང་དོན་འགྲུབ། ལི་ཐང་རྫོང་ཨ་དྲུང་ཚང་རྗེ་དཔོན་སྐུ་ཕྲེང་བཞི། རྗེ་དཔོན་ཀུན་བཟང་ལྷུན་གྲུབ། སྒ་རྗེ་དཔོན་ཚང་གི་སྲས་སྐུ་ཕྲེང་གཅིག་པ་སྤྲུལ་སྐུ་ཚེ་དབང་ནོར་བུ། སྒ་རྗེ་དཔོན་ཚང་གི་སྲས་མཆོག་སྤྲུལ་འགྱུར་མེད་རྡོ་རྗེ། ཉག་རོང་རྫོང་མི་ན་གྲོང་ཁ་ཚང་རྗེ་དཔོན་སྐུ་ཕྲེང་གཉིས་པ། མཁན་རབས། བླ་མ་དྲི་མེད་སྐུ་མཆེད། བླ་མ་ཅ་སྟོབས་སམ་ཐུབ་བསྟན་རྒྱན་མཚན་ཅོད་ཟེར། སྤྲུལ་སྐུ་རྡོ་རྗེ་རྣམ་རྒྱལ་གྱང་སར་མཁན་པོ་ཐུབ་བསྟན་འཇམ་དཔལ་རྡོ་རྗེ་བཅས་མཁན་རབས་གསུམ་ལས་བྱུང་མེད།

དགོན་དེར་མཁས་གྲུབ་རིམ་བྱོན་གྱི་གསུང་འབུམ་དང་རྟེན་བཞེངས་སོགས་མཛད་རྗེས་གཙོ་བོ་ནི། སྒ་དྲུང་ཆོས་སྐྱོང་རྒྱ་མཚོས་མདོ་ཕྱོགས་ནས། མཛོད་དང་འདུལ་བ། ཕར་ཕྱིན། བྱམས་ཆོས་སྤྱོད་འཇུག་སོགས་ཀྱི་དཀའ་འགྲེལ་དང་། སྔགས་ཕྱོགས་ནས། རྒྱུད་བཟང་རྙིང་ལས། བཀའ་རྒྱུད་སྦྱི་དོན། དཀྱི༨ལ་འཁོར་རྒྱ་མཚོའི་རྣམ་བཤད། ཐེག་ཆེན་བཟང་པོའི་དགོངས་དོན་རྒྱ་མཚོ། དབང་གི་སྤྱི་ཆིངས། དཀར་ནག་རྩིས་ཀྱི་གནད་བསྡུས། སྒྲ་བཅས་སྟོང་འཇུག སྒྲ་ཀ་ལ་པའི་མཐའ་དཔྱད་སོགས་གསུང་རྩོམ་པོད་གྲངས་བརྒྱད། ཨོ་རྒྱན་བཀྲ་ཤིས་ཀྱི་གསུངས་རྩོམ། རྩིས་ཀྱི་རྣམ་བཤད། གཟའ་ལྔའི་འཇུག་ཚུལ། སྐར་[page 209] མའིརེའུ་མིག་སོགས་རིག་གནས་འདྲ་མིན་སྐོར་གསུམ། ཚེ་དབང་བླ་མའམ་ཆོས་དབྱིངས་ལྷུན་གྲུབ་རིན་པོ་ཆེའི་གཞུང་ཆེན་པོའི་དཀའ་གནད་དོགས་སེལ་ས་བཅད་འདྲ་མིན་ཡི་དམ་མང་པོའི་ལས་བྱང་ཆོག་སྒྲིག་ཚེ་གཡང་སྐོར་གསུམ། མདོས་གཏོ་ལས་གསུམ། མནན་སྲེག་འཕང་གསུམ་སོགས་འཕྲལ་རྐྱེན་སེལ་བའི་ཡིད་འཇོག་རྒྱ་ཆེར་བཅས་པོད་གྲངས་བཅུ་གསུམ། ཐེགས་ཆེན་རྡོ་རྗེའི་ལྗགས་རྩོམ། ལྷང་བྲག་འཇའ་ལུས་པའི་གཏེར་བྱོན་མཁའ་ཁྱབ་རང་གྲོལ་གྱི་རྒྱབ་ཆོས་རྫོགས་ཆེན་ལྷ་ཁྲིད། དཀྱིལ་འཁོར་རབས་འབྱམས་པའི་འཇུགངོགས་ཤེས་བྱ་ཀུན་ཁྱབ། དགོན་པའི་ཆོས་སྲུང་མང་པོའི་བརྐང་འཕྲིན་སོགས་པོད་ལྔ། མཆོག་སྤྲུལ་འཇམས་དབྱངས་ཤེས་རབ་ཀྱི་གསུངས་རྩོམ་ཆོས་ཀྱི་འབྲེལ་གཏམ་ངོ་མཚར་ལྷ་ཡི་རྔ་བོ། དབྱངས་ཡིག་དྲི་ཟའི་གླིང་དུ། འཆམ་གྱི་རྩ་ཚིག་འདོད་ཡོན་ལྷ་མོའི་འགར་སྟབས། འདས་མ་འདས་གཏོར་མའི་ཁྱད་པར་ཇོ་ལྟར་དབྱེ་བའི་ཚུལ་སོགས་པོད་གཉིས། སྒ་བླ་བཀྲ་ཤིས་རྒྱ་མཚོའི་གསུངས་རྩོམ་ཆོས་གཏེར་དང་དང་བསྟན་བཅོས་དབྱེ་བ། གྲུབ་མཐའི་ཐ་སྙད་བྱུང་ཚུལ། སྒ་ཨ་གཉན་དམ་པའི་མཛད་རྣམ། སྒ་རྗེ་དཔོན་རབས་ཇི་ལྟར་བྱུང་ཚུལ། སྨན་རྩིས་ཀྱི་རྣམ་དབྱེ་དང་། ཟིན་ཏིག་གཉེར་མཁོ། སྨན་སྦྱོར་ནུས་པ་ཕྱོགས་བསྡུས། ལྷ་ཁང་གསར་བཞེངས་ཀྱི་བཀོད་པ་སོགས་འདྲ་མིན་པོད་གྲངས་པོད་གསུམ། རྡོ་རྗེ་རྣམ་རྒྱལ་གྱི་ལྗགས་རྩོམ་ཁམས་དབུས་དགོན་པའི་གདན་རབས་དང་། ཐེག་མཆོག་རྡོ་རྗེ་རྣམ་ཐར་མཐོང་བ་རང་གྲོལ། སུམ་རྟགས་ཀྱི་མཐའ་དཔྱོད། སྒྲ་མདོའི་འགྲེལ་བ། སྙན་ངག་རབ་རྟོགས་ཟློས་གར་སོགསཔོད་གཉིས། སྤྲུལ་སྐུ་ཀུན་བཟང་རིན་པོ་ཆེའི་ལྗགས་རྩོམ་དགོན་གྱི་ཆོ་ག་ཁག་གི་འདོན་འགྲིགས། རྔ་རོལ་གྱི་མིང་། གཏོར་བཟི་དཀར་རྒྱན་གྱི་ཁྱད་པར་སོགས་པོད་གཅིག ཨ་ཚང་ནོར་བུའི་ལྗགས་རྩོམ་ཕྱག་ཆེན་ཁྲིད་ཡིག་དྭགས་པོའི་ཞལ་ལུང་། རྫོགས་ཆེན་ཁྲིད་ཡིག་ཀུན་བཟང་ཞལ་མཐོང་། དབུ་མའི་ཁྲིད་ཡིག་ཀླུ་སྒྲུབ་དགོངས་རྒྱན། འདུལ་བའི་རྒྱ་མཚོའི་སྙིང་བསྡུས། སྤྱན་རས་གཟིགས་ཞལ་མཐོང་གསོལ་འདེབས། བསང་མཆོད་བདུད་རྩིའི་སྤྲིན་ཕུང་སོགས་པོད་གྲངས་ལྔ་བཅས་གསུང་རབས་དུ་མ་བཞུགས། སྒ་དྲུང་པའི་མཛད་རྗེས་གཙོ་བོ། གདན་ས་ཉམས་པ་གསར་བཞེངས། རྡོ་སྐུ་སྤྱན་རས་གཟིགས་ཕྱག་སོན། འབྲི་གུང་བསྟན་པ་རྒྱན་མཚན་ལས་ཤང་སིལ་ཚེས་བཅུ་མ་ཞེས་ཁྱད་འཕགས་ཀྱི་སིལ་སྙན་ཕྱག་སོན། མཐའ་དབུས་ཀུན་ཏུ་རིགས་གསུམ་མགོན་པོའི་གཟུངས་ཕྱག་མཛུབ་ཀྱིས་རྡོ་ལ་བྲིས་པ་ཇི་རྙེད་ཅིག་མཇལ་རྒྱུ་ཡོད་པ་དང་གཙོ་བོ་སྐབས་དེར་རབ་བྱུང་ཁྲི་ཁྲག་མང་པོ་ཞལ་སླབ་ཏུ་གྱུར་ཏེ་དུས་དྲན་གསོ་སྦྱོང་འཚོགས་སྐབས་ནམ་མཀའ་ཡང་སེར་པོར་གྱིར་སྐད། བསྟན་པ་རྒྱ་མཚོའི་སྐབས་རིག་འཛིན་ཀློང་གསལ་སྙིང་པོས་མཚོ་སྙུག་མ་ཅན་ནས་གཏེར་ཞེས་པའོ་རོལ་མོ་ཁམས་ཆུང་། དེ་བཞིན་གཏེར་དུས་མཐོང་གྲོལ་ཆེན་མོ། འཁོར་ལོ་ཕྱག་བྲིས་ཅན་སོགས་དབང་པོའི་སྤྱོད་ཡུལ་དུ་དེང་སང་ཡང་འཇལ་རྒྱུ་ཡོད། ཨོ་རྒྱན་བཀྲ་ཤིས་སྐབས། སྨིན་གླིང་གཏེར་ཆེན་གྱི་གཏེར་བྱོན་གར་དབང་ཚེ་དཔག་མེད། ཐུབ་པ་སྙན་འཁྲུལ་མ། བདུད་འདུལ་ཐུབ་དབང་འཇམས་དབྱང་ཆོས་འཁོར། ཁྲོ་ཕུ་ལོ་ཙྰའི་བྱམས་པ་ཆོས་འཁོར། ཀར་སྐུ་གཉིས་པའི་གསུང་བྱོན་[page 210] མ་སོགས་སྐུ་རྟེན་མང་། ཚེིདབང་བླ་མའི་སྐབས། འཇའ་ཚོན་ཐུབ་སྐུ། དུང་དཀར་གཏེར་བྱོན། གནམ་ལྷགས་ཕུར་པ་གནམ་ལྕགས་རྡོ་ར་གདེངས་མ་སོགས་གཏེར་རྫས་མང་། ཨ་སྐྱབས་བླ་མའི་སྐབས་ཇོ་བོ་ང་འདྲ་མ། གུ་རུ་དང་ལེན་མ། ཤར་ལི་སྟོང་སྐུ། ཆ་བརྒྱད་ཆོས་རྟེན་བཀའ་གདམས་མ། བཀའ་བརྒྱད་ཞལ་ཐང་བྱ་གསུམ་གྲགས་མ། རྟེན་མཆོད་གནམ་འདྲེན་བྲལ་བའི་ཕྱག་རྗེས་ཆེ། བཀྲ་ཤིས་རྒྱ་མཚོའི་སྐབས། རྟེན་སྒམ་ལྔ་སྒྲོམ་ནང་། སྒྲོལ་མ་ཚ། ཐུབ་དབང་ལབ་སྒྲོན། གུ་རུ་རྒྱ་རྗེས་མ། སྤྱན་རས་གཟིགས་ཕྱག་བཞི་པ། གནས་ཡང་བརྩི་རི་ཇོ་བོ། དྲིལ་བུ་དཀར་ཤང་། ཇོ་བོ་བྱེའུ་དྲོད་སོགས་རྟེན་གསུམ་ཤིན་ཏུ་མང་། རྡོ་རྗེ་རྣམ་རྒྱལ་སྐུ་མཆེད་གསུམ་སྑབས་ཉམས་པ་སླར་གསོ་ཡི་དངུལ་གྱི་ཚེ་དཔག་མེད། གསེར་ཟངས་རྡོ་རྗེ་སེམས་དཔའ། རྡོ་རྗེ་འཆང་ཐོག་རྩེག་རེ། ཐེགས་མཆོད་རྡོར་རྗེ་དང་། ཨོ་རྒྱན་བཀྲ་ཤིས། བཀྲ་ཤིས་རྒྱམཚོ་གསུམ་གྱི་གསེར་དངུལ་ཐོག་རྩེག་རེ། སངས་རྒྱས་སྟོང་སྐུ། མི་ཚད་རེའི་གུ་རུ་མཚན་བརྒྱད། ཐོག་དཔངས་གཅིག་པའི་གཙོ་སྐུ་གུ་རུ། གྲུ་གང་རེའི་བཀའ་བརྒྱད་དཔལ་དགུ། དགོངས་འདུས་གཙོ་དགུ། ཤར་ལིའི་གངས་ཆེན་མཚོ་མདའ་གང་མ། ལི་ནག་སྨན་ལྷ་མཆེད་བརྒྱད་མདའ་གང་མ། གནས་བརྟེན་བདེ་གཤེགས་ལྔ། སྒྲོལ་མ་ཉེར་གཅིག་སོགས་གཟིམ་ཆུང་རེ་ནང་ཆ་ཚང་རེ་བཞེངས་པ་སོགས་མཛད་རྗེ་ཆེ། ལྷག་པར་མཆོགས་སྤྲུལ་རིན་པོ་ཆེ་འགྱུར་མེད་རྡོ་རྗེ་མཆོག སྐུ་ན་ཆུང་ངུའི་སྐབས་དུས་འགྱུར་གྱིས་བཙོན་འོག་ཏུ་རྒྱུན་རིང་བཞུགས་དགོས་བྱུང་ཡང་། ཐུགས་བསྐྱེད་དུས་སུ་སྨིན་ཏེ་བཙོན་གྲོལ་བྱུང་བ་དང་དགོན་ཉམས་གསོའི་ཐུགས་འགན་བཞེས་པ་བསྟུན། དེང་བླ་བྲང་གསང་སྔགས་ཕོ་བྲང་སྔ་མ་ཇི་བཞིན་རྣམ་ཐར་སྒོ་གསུམ་གྱི་དྲི་གཙང་ཁང་། དགེ་འདུན་འདུ་ཁང་། སྒོ་ཕྱོགས་བཅས་ཀྱི་ཚོན་རྩི་ལོགས་རིས་རྒྱུ་སྤུས་དག་ཐོན། ཕྱའི་རྟེན་དང་། ནང་གི་བརྟེན་པ་གུ་རུ་སྣང་སྲིད་ཟིལ་གནོན་ཐོག་དཔངས་གཉིས་ལ་མཁའ་སགྲོ་གཉིས། ཉེ་སྲས་བརྒྱད། ཕུར་པ་རྟ་མགྲིན་སོགས་བཞེངས་སྐུ་མང་ཁར། གསེར་ཟངསགྱི་སྒྲོལ་མ་ཉེར་གཅིག བདེ་གཤེགས་སོ་ལྔ། རིགས་གསུམ་མགོན་པོ། གུ་རུ་གཙོ་འཁོར། སྟོན་པ་གཙོ་འཁོར། གནས་རྟེན་བཅུ་དྲུག ཚེ་ལྷ་རྣམ་གསུམ། འཛམ་གླིང་རྒྱན་དྲུག བདེ་གཤེགས་མཆོད་རྟེན་བརྒྱད་རྒྱལ་བའི་བཀའ་འགྱུར། བསྟན་འགྱུར། རིན་ཆེན་གཏེར་མཛོད་སོགས་མཛོད་ལྔ་མཛོད་བདུན། མཁྱེན་ཀོང་མཆོག་གསུམ་གྱི་བཀའ་འབུམ་ཡོངས་རྫོགས་དང་། གཞུང་ཆེན་ཁག་འདོས་ཆ་ཁག་སོགས་དགོས་དགུའི་ཕྱག་དཔེ་ཆ་ཚང་བ་མེད་པ་དང་། ཀ་འཕན་རྒྱན་མཚན་ཆེ་ཆུང་། དཀྱིལ་འཁོར་དུ་ཆས་འདྲ་མིན། དུང་རྒྱགས་རྐང་གླིང་ཆ་དང་ཆ་གྲངས། རོལ་སིལ་ཆ་བརྒྱད་བཅུ་ལྷག དགེ་འདུན་སྒྲིག་ཞྭ་ཞྭ་སེར་གསེར་ཟངས་ནས་ཆ་བརྒྱ་སོགས་དགོས་དགུ་མ་ཚང་བ་མེད་པས་གཟིགས་པ་ཆེ།

དགོན་པ་བཤད་སྒྲུབ་སྲོལ་ཇི་ལྟར་ཚུགས་ཚུལ་དང་འཕེལ་རྒྱས་བྱུང་ཚུལ། སྔོན་གོང་མ་རྣམས་ཀྱི་སྐུ་[page 211] རིང་། ཉག་བླ་མཁན་པོ་ཐུབ་བསྟན་རྒྱལ་མཚན་འོད་ཟེར་མདུན་མཆོག་སྤྲུལ་རྡོ་རྗེ་རྣམ་རྒྱལ་མཆོག་དང་སྤྲུལ་སྐུ་ཨ་ཀུན། སྤྲུལ་སྐུ་ཨ་ཚང་ནོར་བུ། རྗེ་བཙུན་བྱམས་དབྱངས་ཆོས་སྒྲོན་བཅས་ལྕམ་སྲིང་བཞི། དཔོན་པོ་ཚེ་དབང་དོན་འགྲུབ། གྲོ་གུས་མགོན་པོ་ཚེ་བརྟན། བ་སྔོན་བླ་མ་མགོན་བཀྲ། གཟའ་སྤོ་བླ་མ་ཚེ་བཀྲ། ཨ་དཀར་བླ་མ་སོགས་བླ་གྲྭ་ཉི་ཤུ་རྩ་ལྔ་ལྷག་ནས་སལང་འགྱུར་རྙིང་མའི་གཞུང་ཆེན་ཁག་ལ་ཐོགས་བསམ་གྱི་བཤད་སྒྲུབ་ཟིན་ཐུབ་པ་གནང་། དེ་རྗེས་ཉམས་གུད་ཁྱི་བཤད་གྲྭ་ཐོར་སོང་བ། དུས་ཕྱིས་སྡེ་དགེ་གཞུང་ནས་དམིགས་བསལ་བྱམས་གཟིགས་ཀྱི་དཔལ་ཡུལ་བཤད་གྲྭ་ནས་ཐོན་པའི་འགོང་གྱང་སར་མཁན་པོ་ཐུབ་བསྟན་འཇམ་དཔལ་རྡོ་རྗེ་ཆེད་གཏད་ཀྱིས་མཆོག་སྤྲུལ་རིན་པོ་ཆེ་འཇམས་དབྱངས་ཤེས་རབ། འཇམ་དབྱངས་དོན་འགྲུབ། རག་དུང་པར་ཕྱུག་བླ་མ། ཡང་ཏིང་བསོད་ནམས་དབང་ཆེན། གྲོ་གུས་གྲྭ་སྐལ་བཟང་། གཏོའུ་ཁྱི་ལུ། རྫོང་གསར་ཆོས་འགྲུབ་སོགས་བླ་གྲྭ་བཅུ་གསུམ་ཙམ་ལ་ཀུན་བཟང་བླ་མའི་ཞལ་ལུང་རྒྱལ་སྲས་ལག་ལེན། ཐོག་མཐའ་དགེ་བའི་གཏམ། སྤྱོད་འཇུག་ཆེ་མོ་སྡོམ་གསུམ་རྣམ་ངེས། ལམ་རིམ་ཡེ་ཤེས་སྙིང་པོ། རྒྱུད་གསང་བ་སྙིང་པོ། ཡིད་བཞིན་མཛོད། མཁས་འཇུག། དབུ་ཕར་མཛོད་སོགས་གཞན་འགའི་མཆན་འགྲེལ་ཐོག་ཉམས་ཁྲིད་བཅས་གནང་བ་ལགས་སོ།། དགོན་པ་གཞན་དང་ཆོས་རྒྱུན་གྲྭ་བའམ་འབྲེལ་བ་ནི། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ལ་དད་ལྡན་ཆེ་སྟབས། སྐབས་སྐབས་སྨིན་གླིང་དང་འབྲེལ་བ་ཅུང་ཟད་ལས་ཕན་ཚུན་དགོན་ཁག་རྣམས་ལ་འབྲེལ་བ་དེ་ཙམ་མེད། འོན་ཀྱང་དུས་ཕྱིས་རག་དུང་པད་ཕྱུག་བླ་མ་དང་། གྲོ་གུས་ཆོས་བཟང་བླ་མ་གཉིས་དཔལ་ཡུལ་སྒྲུབ་སྒྲ་ལོ་གསུམ་རེ་བསྡས་དེ། དཔལ་ཡུལ་དགོན་པས་རྡོ་རྗེ་སློབ་དཔོན་གྱི་མིང་གནང་། དེ་བཞིན་ཀཿཐོག་བཤད་གྲར་ཡར་ཟླ་འཛོང་པདྨ་རྡོ་རྗེ་དང་། གླེ་དུང་ངམ་བཀྲ་ཤིས་ནོར་བུ་ཞུ་བ་གཉིས་མི་ལོ་ཆ་ཤས་བཏང་བ། བཀྲ་ཤིས་ནོར་བུ་སྒྲུབ་གྲྭར་བཞུགས་རྐྱེན་བླ་མིང་ཞིག་ཐོབ་པ་དང་། པདྨ་རྡོ་རྗེས་བཤད་གྲྭ་དབུ་མཛད་བྱས་རྗེས་ཀློང་གསལ་དང་ཀཿཐོག་ལུགས་སྨིན་གསར་ལ་མཁས་པ་ལས་དེ་ཙམ་ཕན་ནུས་འདྲེན་པ་མ་བྱུང་། དགོན་འོི་ལས་འགན་བཞེས་པ་བསྟན་བདག་དང་། ཁྲི་བ། དགེ་བསྐོས་སོགས་ནི། དགོན་པའི་བསྟན་བདག་བྱས་རྗེས་ཆེ་བའི་སྤྲུལ་སྐུ་འགར་ཕེབས་པ་དེ་གནང་ལམ་ལྟར། དེང་མཆོག་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་རྡོ་རྗེ་མཆོག་བསྟན་བདག་དང་ཁྲི་པ་གཉིས་ཀ་ཡིན་མ་འོང་པར་བསྟན་པའི་རྒྱན་མཚན་རིན་པོ་ཆེ་བསྟན་བདག་དམིགས་ཡལ་འཛིན་བཞིན་ཡོད། དགེ་བསྐོས་དང་། དབུ་མཛད། ཚོ་བན་བཞི་བཅས་ལ། བརྒྱ་དཔོན་ཚོ་བན་ཞེས་དགོན་པའི་བདག་གཉེར་ལྷན་ཁང་གི་འདུ་བའི་གཙོ་བོ་དང་། གཉེར་པ། ཕྱགས་མཛོད་བཅས་ཚང་འཛོམ་ལ་གཉེར་བློན་གསུམ་ཞེས་གྲོས་ཐག་ཆེ་ཆུང་ག་རེ་གཅད་དགོས་ན་ལྷན་རྒྱས་དེའི་སྟེང་། བསྟན་བདག་དབུ་བཞུགས་ཀྱིས་ཐག་གཅོད་གནང་གི་རེད།

དགོན་གྱི་གཙུག་ལག་ཁང་དང་། འདུ་ཁང་། སྤྱི་ཁང་། དཔེ་མཛོད་ཁང་། མཛོད་ཁང་། གྲྭ་ཤག་སོགས་ཀྱི་གྲངས་དང་རྒྱ་ཁྱོན། དགོན་པའི་གཙུག་ལག་ཁང་ཐོག་ས་གཉིས་རྩེག སྟེ་དུ་གསེར་ཁང་[page 212] གཡས་གཡོན་གཉིས། དཀྱིལ་ཚོགས་ཆེན། སྨན་ཁང་། རྒྱན་ཁང་། དྲི་གཙང་ཁང་གི་སྟེང་དུ་གཟིམ་ཆུང་མདོ་སྦུག གཉིས་གཟིམ་ཆུང་དང་སྐུ་ཆས་ཁང་། གསོལ་ཐབ་ཁང་བཅས། འདུ་ཁང་ཀ་རིང་བཞི། ཀ་ཐུང་སོ་གཉིས་དྲི་གཙང་ཁང་ཀ་ཐུང་བཞི་བཅས་ཀྱི་དཔེ་མཛོད་ཁང་། ཐབས་ཆེན་དགོན་ཁང་མདོ་སྦུག་གཉིས། སྐུ་མགྲོན་ཁང་བཞི་མིག་གཅིག གཟིམ་ཆུང་བཞི་མིག་གཉིས། དུང་འཁོར་ལྷ་ཁང་ཆེ་ཆུང་གཉིས། སྤྱི་ཁང་སྟེང་ཤོད་གཉིས་ལ་ཁང་མིག་ལྔ་རེ། སྤྲུལ་སྐུ་ཐོག་བཟང་གཉིས། སྟེང་དུ་ཆོས་ཁང་ཁང་བཟང་གཅིག་གཟིམ་ཆུང་ཁང་མིག་གཅིག སྐུ་མགྲོན་ཁང་མིག་གཅིག ཚོམས་ཆེན་གཅིག གསོལ་ཐབ་གཅིག ཚོགས་ཁང་ཀ་རིང་གཉིས། ཀ་ཐུང་བརྒྱད་ཀྱི་ས་བཅད། གྲྭ་ཤག་དེང་སྐབས་ཉེར་གཉིས་ལྔ་ཡོད། ས་ཁྱོན་ཨེ་གར་ལྔ་བརྒྱ་བཅས་ཡོད།

རྟེན་གྱི་གཙོ་བོ་སྔོན་བརྩ་སྡི་ཇོ་བོ། ཐུབ་པ་བྱེའུ་དྲོད་མ། འབྲི་གུང་སྟོན་པ། གླང་དར་ཁྲིམས་ཕོག་གངས་ཆེན་མཚོ་ལྷ་སའི་བཟོ་ཕུད་ལ་གྲགས་པ། ཐུབ་པ་སྐད་འཁྲུལ་མ། ཇོ་བོ་བ་རྐུ་མ། དྲུང་ཆོས་སྐྱོང་རྒྱ་མཚོའི་སྐུ་དམར་གདུང་། དེ་བཞིན་ཐོག་སོ་ཆེན་པོའི་གསེར་གསུང་རིན་ཐང་བྲལ་བའི་ཐེག་མཆོག་རྡོ་རྗེ། རྡོ་རྗེ་རྣམ་རྒྱལ། སྤྲུལ་སྐུ་ཨུ་ཀུན་སོགས་ཀྱི་སྐུ་དམར་གདུང་། དངུལ་གྱི་ཚེ་དཔག་མེད། གསེར་ཐང་རྡོར་སེམས། རྡོར་འཆང་ཐོག་སོ་ཆེན་པོ་རེ། སངས་རྒྱས་སྨན་ལི་མ་མི་ཚད་གཅིག རྫོགས་ཆེན་སྟོན་པ་བཅུ་གཉིས་མདའ་ཚད་རེ། སྒྲོལ་མ་ལི་ནག་ཁྲུ་གང་། འཁོར་གསེར་སྐུ་མཐོ་གངརེའི་སྒྲོལ་མའི་སྐུ་ཉེར་གཅིག དྲག་པོ་རྟ་ཁྱུང་འབར་བ་གསེར་བཟང་ལས་བྱོན་ཐོགསོ་ཆེན་པོ་གཅིག ནང་སོ་གང་མ་གསེར་སྐུའི་སངས་རྒྱས་སྐུ་རྩ་ཆ་བའི་ནང་རྟེན་སྐུ་འདྲ་ཆུང་ཁག་བརྩིས་ལས་འདས་པ་གྲངས་རྟེན་སྒམ་དུ་བཞུགས། འདུ་ཁང་འོག་མ། བཀའ་གདམས་མཆོད་རྟེན་མི་གཟུགས་གང་རེ་ཆ་བརྒྱད། རྒྱ་གར་ཤར་ལིའི་སངས་རྒྱས་སྟོང་སྐུ། སྒྲོལ་མ་སྟོང་སྐུ་སོགས་གྲངས་ལས་འདས། རོལ་མོ་ཉི་འགོ་གསུམ་པ། ཁམས་ཆེན། ཁམས་ཆུང་། ཁྱི་ཞུག་མདུང་རྩེ། རིག་འཛིན། དྲོད་ཤན། བ་ཁྱིམ། བླ་ལྡད། རྒྱལ་ཚབ། སིལ་སྙན་ཚེས་བཅུ། ལྩགས་སིལ་སོགས་མིང་ཅན་མིང་མེད་རོལ་སིལ་གཉིས་གྲངས་སུམ་བརྒྱ་ལྷག ཟངས་དུངས་སོགས་ཆ་བཅུ། གོས་ཆེན་རྙིང་པའི་ཀ་འཕན། ཕྱེ་ཕུར། རྒྱལ་མཚན་སོགས་གསར་རྙིང་གྲངས་ལྔ། ཞལ་ཐང་འདྲ་མིན་གཉིས་བརྒྱ་ལྷག། གོས་རྒྱན་བཞི་དང་ཧོར་གོས་སོགས་བརྒྱད་བརྒྱ་ལྷག་ཡོད། དགོན་པར་དུས་མཆོད་དང་སྒྲུབ་མཆོད་ཀྱི་རྒྱུན་སྲོལ་དུས་མཆོད་ཡར་མར། ཚེས་བཅུ་ཉེར་ལྔ། དགུ་གསུམ་དགུ་གཏོར་ཏེ། ཚེས་བརྒྱད། བཅོ་ལྔ། གནམ་སྟོང་གསུམ་ལ། སྨན་ལྷ། ཐུབ་ཆོས། བདེ་ཆེན་ཞིང་བཀོད། ཚེས་ཉེར་གཅིག་ལ་སྒྲོལ་མ་མཆོད་པ། ཡར་མར་དུས་དྲན་གསོ་སྦྱོང་། དཔྱིད་ཟླ་གཅིགདཔྱིད་བཅའ། དགུན་ཟླ་གཅིག་དགུན་བཅའ་ཞེས་ཚོགས་མང་མཚམས་ལ་སྟོད་སྲོལ། བོད་ཟླ་དང་པོའི་ནང་འདས་མཆོད་ཅེས་ཀརྨ་གླིང་པའི་ཞི་ཁྲོ་བདུན་སྒྲུབ་གཅིག བོད་ཟླ་གསུམ་པར་འཇའ་ཚོན་སེང་གདོང་སྒྲུབ་ཆེན་དང་འབྲེལ་པོད་དྲུག་གི་ལྷ་ཚོགས་ཡོང་རྫོགས་སྒྲུབ་མཆོད་འཚོགས། བོད་ཟླ་བཞི་པའི་ནང་རཏྣ་གླིང་པའི་ཐུབ་ཆེན་གསང་འདུས་རྡུལ་ཚོན་[page 213] དང་འབྲེལ་སྒྲུབ་ཆེན་འཚོགས། བོད་ཟླ་ལྔ་པའི་ནང་བླ་མ་དགོངས་འདུས་སྒྲུབ་ཆེན་དང་འབྲེལ། གཤིན་རྗེ་འཆར་ཀའི་གཏོར་བཟློག་གྱི་མནན་སྲེག་འཕང་གསུམ་གནད་སྨིན་སྒྲུབ། དེ་ནས་ཉིན་གསུམ་འཆམ་སྦྱང་། འཆམ་རྒྱུགས་ཉིན་གཅིག་རྗེས་ཚེས་བཅུ་མཐོང་གྲོལ་ཆེན་མོའི་སྔོན་འགྲོ་སྒྲུབ་ཆེན་ཉིན་བདུན། གྲུབ་རྗེས་ཉིན་གཅིག ཚེས་གུའི་ཉིན་སྐྱ་འཆམ། ཚེས་བཅུའི་ཉིན་འབག་འཆམ། ཚེས་བཅུ་བཞིའི་ཉིན་དབྱར་ཁས་བླངས་པའི་ཞག་ལ་བཅུ་རིང་དབྱར་གནས། བོད་ཟླ་བརྒྱད་པའི་ཟླ་འཇུག་ལོ་རིམ། མ་སེང་གཉིས། བཀའ་མགོན་གཉིས་ཚོགས་རེས་ཀྱི་སྒྲུབ་ཆོས་གཏོར་བཟློག་དང་སྦྲེལ་ནས་གསུངས་སྲོལ། བོད་ཟླ་བཅུ་པར་ཉི་བཟློགས་ལྷ་སྲུང་གི་བསྐང་སྲོལ་སྤྱི་དང་། གཤིན་རྗེ་ཀིང་ཀང་གཏོར་སྒྲུབ་གསུང་སྲོལ། བོད་ཟླ་བཅུ་གཉིས་པར་ལོ་འཇུག་དུས་རིམ་རད་གླིང་ཕུབ་པའི་སྒྲུབ་ཆེན་སང་འབྲེལ་གཅོད་ཟོར་དང་ཟོར་འཆམ་བཅས་འཆམ་གྱིས་སྐོར། དགོན་པ་རང་གི་ཐུན་མོངས་མ་ཡིན་པའི་ཕྱག་བཞེས། ས་འདུལ་རྔ་འཆམ། གསེར་སྐྱེམས་དཀར་གཏོར་ནང་ཞྭ་ནག་གྱོན་ནས་གསེར་སྐྱེམས་ཆོས་སོགས་མང་ངོ་།།

ཚོགས་པའི་གཏོང་སྒོའི་འབྱུང་ཁུངས། རྒྱུ་འབྱོར་ཡོན་བདག་སྤྱི་པ་གཉེར་ཁག་སོགས་སྔར་ཡིན་ན་སྒ་རྗེ་ཚོངས་ཤོག་བཅོབརྒྱད་ནང་འཁོད་པ། གཏེར་དུད་སོགས་རྒྱ་ཆེར་ཡོད་ཀྱང་། གསར་བརྗེ་དར་བ་ནས་བོད་སྟོད་སྨད་སྤྱི་མཚུངས་ལུགས་སྲོལ་རྩ་མེད་ཀྱི་དེང་འཁོར་གཏན་དུད་གཅིག་ཀྱང་མེད། ཚོགས་པའི་གཏོང་སྒོ་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་རྡོ་རྗེ་སྐུ་གཅིག་པོའི་དད་རྫས་གཤིནདཀོར་གྱི་དགོན་པ་གསར་བཞེངས་ཚེས་དུས་སྒྲུབ་མཆོད་དགེ་བདུན་ལ་གཏོང་སྒོ་སོགས་ལྔ་ལམ་ལྟར་བྱེད་དགོས་ཡོད། དམིགས་གསལ་རྒྱུ་འབྱོར་ཡོན་བདག་དམིགས་སུ་བཀར་པ་སུ་ཡང་མེད་པ་སྤྱི་པ་ཡང་འཛུགས་མེད།

སྨྱོ་ཤུལ་ཡུལ་ལེ་དགོན་པའི་ལོ་རྒྱུས།

དགོན་པ་ཐོག་མར་ཕྱག་འདེབས་པ་པོ་ནི། སྤྱིར་ཁྲོམ་ཡུལ་ལ་དགོན་པ་གཅིག་ཀྱང་མེད་པའི་དུས་སྐབས་སུ་དང་པོ་དགོན་པ་ཕྱག་འདེབས་པའི་ས་གནས་ཁྲོམ་སྨད་ཡུལ་ལེ་པད་མའི་ཐང་། སྨྱོ་ཤུལ་སྤང་ཐར་ཨ་སྨྱེ་ལྷ་དགོན་ཚང་གིས་བླ་མ་སྐལ་བཟང་རབ་བརྟན་ལ་ལྷའི་ལུང་བསྟན་ནས་ཁྱོད་ྐཡི་ཡུལ་འདིར་དགོན་པ་བཏབ་ན་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། ཁྲོམ་ཡུལ་བསྟན་པ་རྒྱས་ནས་སེམས་ཅན་ལ་འགྲོ་དོན་འོང་གསུངས། དེ་ནས་ཁོང་གིས་དགོན་པ་བཏབ་ནས་དགུང་ལོ་བདུན་བཅུ་ཡར་མར་བར་དགོན་བདག་བྱས། དེ་རྗེས་ནམ་མཁའ་བཀྲ་ཤིས་དང་ངག་དབང་། ཆོས་སབང་སོགས་ནས་དགུང་ལོ་བརྒྱབ་ཅུ་ཡར་མར་རེར་དགོན་བདག་བྱས། དེ་རྗེ་སྨྱུང་གནས་བླ་མས་རྒྱུན་མཐུད་ནས་ཆོས་ཀྱི་འཁོར་ལོ་བསྐོར། བཤད་སྒྲུབ་གཉིས་ཀྱི་བསྟན་པ་བསྐྱང་། དགུང་ལོ་བརྒྱ་ཅུ་བརྒྱ་དྲུག་ལ་བཤེགས། དེ་རྗེས་ལུང་རྟོགས་བསྟན་པའི་ཉི་མ་ལྟ་སྒོམ་སྤྱོད་གསུམ་གྱིས་གཞི་ཇེ་རྒྱས་སུ་བཏང་ནས་དགུང་ལོ་མཐར་ཕྱིན། ལུང་རྟོགས་[page 214] ཀྱི་རྣམ་མཐར་མང་དུ་ཡོད་ཀྱང་འདིར་མ་བཀོད། དེའི་དུས་སྐབས་ཁྲོམ་ཡུལ་དུ་ལུངས་རྟོགས་མ་གཏོགས་ཆོས་འཆད་པའི་བླ་མ་མེད་གསུངས། དེའི་དུས་སུ་ཁོང་གིས་ཆབ་གསང་བྱེད་པ་ད་ལྟ་ཤེར་རྡོར་གྱུར་ནས་རྙེད་རྒྱུ་ཡོད།

འབྲོག་སྡེ་ཡོངས་ཀྱི་གཙོ་བོར་བཀུར་ཞིང་ཕྱུག་ཀྱི་གཡང་ཞགས་ཆགས་པ། རུས་སྨུག་པོ་གདུང་ལས་ཆད་པའི་ཕྲ་མོ་གླིང་དཀར་གྱི་ལྷ་རིགས། རིགས་རུས་ལ་སྐྱོན་མེད་པ། སྨྱོ་ཤུལ་ཨ་སངས་ཚེ་དབང་བཀྲ་ཤིས་ཟེར་བ་ལ་ཁྲོ་ཟུར་བསྐལ་བཟང་ལྡེའུ་བཙན་ནས་ལུང་བསྟན་ལ་ཁྱོད་ཀྱི་བདག་མོ་ཨ་སྐྱིད་ཟེར་བའི་བུད་མེད་དེ་བླང་ན་སྐཡིད་ཀྱི་ཉི་མ་ཅཆར་ངེས་པར་ཡིན་གསུངས་ནས། ཨཿསྐྱེ་བ་མེད་པའི་མཁའ་ཀློང་ནསཿ སྐྱིད་ཀྱི་ཉི་མ་འཆར་བར་ངེསཿ འོད་ཀྱི་རྒྱལ་ཁབ་མུན་པ་སེལཿ དཀོན་པའི་མཆོག་འགྱུར་ངོ་མཚར་ཆེ་གསུངས་པ་དང་། དེ་རྗེས་ལོ་ངོ་བཞི་ལྔ་ཙམ་གྱིས་དུས་སུ། ལྩང་ཤེས་ལོ་འཆང་དཔལ་སེང་སྤྲུལ་པའི་སྐུ་མཉམ་སྦྱོར་མཁའ་སློང་ངས་བྱིན་བརླབས་པའི་བུཿ ལྩང་ཤེས་ལོ་འཛིན་སྨེ་པའི་གོ་ཤལ་ཅནཿ དེ་འབྱུང་ཟབ་ཏིག་ཆོས་ཀྱི་སྒོ་འཕར་འབྱེདཿ ཅེས་དུས་གསུམ་ཀུན་མཁྱེན་ཨུ་རྒྱན་ཆེན་པོ་རྡོ་རྗེའི་གསུང་ལ་གྱུར་བ་མེད་པ་རབ་བྱུང་བཅུ་གཅིག་པའི་ནང་ཚན། དུས་ཀྱི་ཕོ་ཉ་ཞེས་པ་ས་ཕོ་རྟ་ཡི་ལོར། དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུས་བསྐུལ་བ་བཞིན་དུ། ས་ག་ཟླ་བའི་རྒྱལ་འབངས་རྗེས་སུ་བཟུང་བའི་དུས་ཚེས་དགེ་བར་སགཀུ་འཁྲུང་། སྐུ་ཆུང་ངུའི་དུས་སུ་ཡ་མཚན་གྱི་རྟགས་མཚན་དུ་མ་བསྟན། དགུང་ལོ་གསུམ་ཙམ་གྱི་དུས་སུ་ཕ་ཚེ་དབང་བཀྲ་ཤིས་ཀྱིས་འཁྱེར་ནས་མ་དང་བཅས་ཁྲོ་ཟེར་བསྐལ་བཟང་སྡེའུ་བཙན་མདུན་དུ་བྱིན་རླབས་ཞུ་ཁྲིད་པས། ཁོང་གིས་གཟིགས་པ་དང་མཉམ་དུ་དགྱེས་བཞིན་ངས་ཁྱོད་ལ་སྔར་ནས་སྐཡིད་ཀྱི་ཉི་མ་འཆར་རྒྱུ་ཡོད་ཟེར་བ་དེ་ད་རེས་ཤར་ཚར་འདུག་གསུངས། མཚན་ལ་ངག་དབང་བསྟན་འཛིན་གསོལ།༼ཡུལ་སྡེས་གཅེས་མིང་ཨ་ངག་ཞེས་བཏགས་༽དེའི་རྗེས་གྲུབ་ཆེན་པདྨ་བདུད་འདུལ་གྱིས་རྟ་ཁྲོམ་གཉིས་ལ་འདུས་པ་མདོ་དབང་གསུང་དུས་ཕ་ཡི་རྗེས་སུ་དབང་ཞུན་བྱོན་ནས། སྐུ་མདུན་དུ་བྱིན་རླབས་ཞུ་བར་ཁྲིད་པར་ན་ཐུགས་བརྩེ་བའི་རྣམས་འགྱུར་དང་བཅསམསྤྲུལ་སྐུར་ངོས་བཟུང་ཤིང་སྙིང་ག་ལ་མཐེ་བོང་གི་ཕྱག་དམ་བརྒྱབ་པ་དེ་ནི་ཕྱི་རྒྱུ་མེད་ཅིང་རྒྱུན་དུ་གསལ་ཞིང་སྣང་བར་མཛད་པ་ཡིན་ནོ།

དེ་ནས་དགུང་ལོ་བཅུ་གསུམ་ཙམ་གྱི་དུས་སུ། ཀཿཐོག་ཏུ་བྱོན་ནས་བླ་མ་བསོད་ནམས་རྒྱལ་སོགས་དང་མཉམ་དུ། སྙིང་མའི་ཆོས་བསྐོར། ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོའི་ཁྲིད་རྒྱས་པ་དང་མཁའ་ཁྱབ་རང་གྲོལ་གྱི་སྔོན་འགྲོའི་ཁྲིད་དང་དབང་ལུང་ཁ་ཚང་གསན། དྲིམ་མེས་བཞིན་སྐྱོང་དང་རྒྱ་དཔོན་བསྟན་འཛིན་ནོར་བུ། འབའ་ཕྲུག་སྤྲུལ་སྐུ། མཚོ་བུ་དཔལ་ལྡན་བཅས་ཀྱི་མདུན་བདུད་འདུལ་དང་ཀློང་གསལ་གཏེར་ཆོས། ཡ་བཞི། བཀའ་འགྱུར་དང་རྙིང་མ་རྒྱུད་འབུམ། བྟན་འགྱུར་ལུང་རྒྱུན་གང་བཞུགས། ཀློཆེན་སྙིང་ཐིག བཀའ་བརྒྱད་བདེར་འདུས་ཞི་ཁྲོ་དགོངས་པ་རང་གྲོལ་རྒྱབ་ཆོས་བར་དོ་དྲུག་ཁྲིད་སོགས་དང་། གཏེར་ཁ་གསར་རྙིང་དུ་མའི་དབང་ལུང་ཁྲིད་སོགས་གསན། ཀློང་ཆེན་མཛོད་དབུན་དང་བཀའ་[page 215] མའི་བཀའ་ལུང་གསན། ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུངནས་བརྒྱུད་པ་གསུམ་གྱི་དགོངས་པ་གཅིག་ཏུ་འདུས་པ་དང་ལྷག་པའི་ལྷ་དུམའི་ཞལ་གཟིགས། ལུང་བསྟན་ནས་དངོས་གྲུབ་པ་དང་། གནས་ཡུལ་གྱི་དཔའ་བོ་དང་དྰཀིའི་ཚོགསདཔོན་དུ་བཀུར་བཞིན་ལས་བཞིན་ཕྲིན་ལས་སྒྲུབ་པ་དང་། ཡེ་ཤེས་དང་འཇིག་རྟེན་པའི་ཆོས་སྐྱོང་རྣམས་བྲན་དུ་ཁོལ་ཞིང་མ་བཅོལ་ནས་འདོད་དོན་སྒྲུབ་པ་དང་བར་ཆད་བསལ་བ་སོགས། ཨུ་རྒྱན་ཆེན་པོས། དཔལ་སེང་དངོས་གནས་ཧེ་རུ་ཀཿ གསུངས་པའི་ལུང་གྱི་བདེན་དོན་ཅི་ལྟ་བ་བཞིན་མངོན་དུ་གྱུར་བའོ།།

དགུང་ལོ་བདུན་ཐོག་བྲག་ལ་ཞབས་རྗེས་བཞག དགུང་ལོ་བཅུ་གསུམ་ཐོག་ཀཿཐོག་བྱོན་པའི་ལམ་པར་དོམ་དང་ཐུག་སྐབས་ཁོང་གིས་ཕྱིར་འདེད་སོང་། ཀཿཐོག་བཞུགས་སྐབས་རྡོ་གཉེན་ནས་གུ་རུ་དང་སྒརོལ་མ་གྲོམ་བུ་བཅས་གཏེར་དུ་བཞེས། བི་མའི་སྤྲུལ་པ་ལུང་རྟོགས་བསྟན་པའི་ཉི་མས་རྟེན་འབྲེལ་དུས་ལ་བབས་པ་དགོངས་ཏེ། བུ་མོ་དཀིའི་མཚན་རྟགས་དང་ལྡན་པ་དེ་ཉིད་རྩ་བའི་གཟུངས་མར་ཡིན་པ་དགོངས་ནས། ཁྱོད་པདྨའི་རྒྱལ་ཚབ་ཀྱི་མཐུན་རྐྱེན་ཕྲན་ལས་སྒྲུབ་པའི་གསང་ཡུམ་ཡིན་གསུང་། རྗེ་གཏེར་ཆེན་བླ་མས་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་རྡོ་རྗེའི་གཟུངསམམརམགསོལ་ཏེ། གཟབམགཏེར་གྱི་གཏད་རྒྱའི་སྒོ་འབྱེད་ལྡེ་མིག་དང་། དབང་གསུམ་པའི་སྒྲུབ་རྟེན་དུ་བཞེས་པ་ཡིན།

འུས་པ་ཕྲག་སྟོང་ཙམ་ལ་ཟབ་གཏེར་གྱི་དབང་ལུང་སྤེལ་བས། ཐོག་མར་རང་གི་དངོས་གྲུབ་ཐོབ་པའི་གཏེར་ཆོས་རྣམས་བྱིན་རླབས་ཆེ་ཞིང་། ཁྱད་པར་ཁ་བྱང་དང་དག་སྣང་ལས་རྒྱ་བོད་ཁམས་སོགས་ཀུན་ལ་ཁྱབ་ཅིང་བྱིན་རླབས་ཀྱིས་ཚན་ཁ་ཆེ་བར་གསུང་པར་ལྟར། ས་ངན་ཚ་རག་དགོན་དང་གོའཇོའི་ཕྱོགས་སུ་གཏེར་ཆོས་ཀ་ཚང་དར་ཤིང་སྒརུབ་ཆེན་ཚུགས་པ་དང་། རྒྱ་དཀར་ནག་འབྲུག་ཡུལ། མགོ་ཁོག་རྒྱ་རོང་ཧོར་ཉག་སོགས་ཀུན་དུ་གཏེར་ཆོས་ཚང་མའི་ཕུར་པའི་ནང་སྒྲུབ་སོགས་ཚོས་ཚན་རེས་མ་ཁྱབ་པ་མེད། ཐུགས་བཅུད་ཟབ་ཏིག་རྒྱ་མཚོའི་གདམས་སྡེ་རྣམས་མི་རབས་བཅོ་བརྒྱད་བར་དུ་བྱིན་རླབས་ཀྱིས་ཚན་ཁ་ཇེ་ཆེར་འགྲོ་ཞིང་ཇི་སྲད་བསྐལ་པ་མ་སྟོངས་ཀྱི་བར་དུ་རིས་མེད་དུ་ཁྱབཔས། གདམས་སྡེ་མཐོང་གྲོལ། ཐོས་གྲོལ། རེག་གྲོལ་དུ་གྱུར་ངེས་པ་དང་རྐྱེན་ཕྱི་ནང་གི་བར་ཆད་སེལ་བ་དང་མཆོག་ཐུན་གྱི་དངོས་གྲུབ་ཐོབ་ཅིང་འབྲེལ་ཚད་ཐམས་ཅད་དཔའ་རི་པད་མ་འོད་དུ་འབྱུང་ངེས་དང་མཐོང་ཐོས་དྲན་རེག་འགྲོ་གྲོན་མཆོག་མཐུན་འགྲུབ། དེ་ལྟར་འཁོར་ལོ་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པར་མཛད་དེ་དགུང་ལོ་རེ་དགུའི་ཐོག་དགོངས་པ་པདྨ་འོད་དུ་བཤེགས་སོང་།

ཁོང་གི་གཏེར་སློབ་ཚ་རག་བླ་མ་བྐ་ཤིས་དར་རྒྱས། རྒོད་པོ་ཚེ་དབང་རྒྱལ་པོ། ཚ་རག་སངས་རྒྱས་བསྟན་འཛིན། ན་ཐ་བསོད་ནམ་མཆོག་སྤྲུལ། ཐང་སྐྱ་དགེ་འདུན། འབོར་སྐྱ་ཨ་ཚང་། ཐང་སྐྱ་ཨ་པེན་ཨ་གྱུར་ཨ་ཚང་། ས་སྟོད་དཀོན་མཆོག། ཨུ་རྒྱན་སྐྱབས། སངས་རྒྱས། སྨོན་ལམ། བསྟན་པ། བྲག་སྤྲུལ། གཡེར་དགོན་བླ་མ་བཀྲ་ཤིས། སྲས་བསྐལ་བཟང་བསྟན་འཛིན། ཀུན་བཟང་ནོར་བུ། པད་[page 216] མ་འཕྲིན་ལས། རྡར་མ་པད་ཏི། འཕྲིན་ལས་རྡོར་རྗེ། བསམ་གཏན་སྒྲོལ་མ་སོགས་སློབ་མ་རྣམས་ལ་ཟབ་གཏེར་གྱི་རྒྱུན་སྤེལ། དེ་རྣམས་ཀྱི་ཟབ་གཏེར་རྒྱུན་བསྐྱངས་ཏེ་འཁོར་ལོ་གསུམ་གྱི་ཕྲིན་ལས་མི་ནུབ་པའི་རྒྱུན་བསྲིངས་པའི་མཛད་རྣམ་རྨད་དུ་བྱུང་བ་འབའ་ཞིག་བྱོན་པ་ཡིན་ནོ།

སྐྱེས་ཆེན་དམ་དེ་དག་གྱི་སྐུ་རིང་ལ་རྟོགས་པའི་བསྟན་པ་སྒོམ་སྒྲུབ་མཛད་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་ཚུལ་ནི། དགོན་པ་དེ་བཏབས་ཏེ་སྨྱུང་གནས། བླ་མའི་སྐུ་རིང་ནས་སྒྲུབ་གྲྭའི་སྲོལ་ཚུགས་ཏེ་སྒྲུབ་གྲྭ་ལྔ་བཅུ་ཡར་མར་དང་། སལངོན་འགྲོ་དང་ཁྲིད་ཞུ་མཁན་བརྒྱ་ལྷག་ཙམ་ཡོད། དགུང་ལོ་བརྒྱད་བཅུ་ཡར་མར་བར་སློབ་མ་བསྐྱང་། ངག་དབང་བསྟན་འཛིན་ནས་བཟུང་དེིའ་སྲོལ་རྒྱུན་བར་མ་ཆད་པར་བསྐྱང་ནས་དབང་ལུང་ཁྲིད་གསུམ་དང་ལྟ་སྒོམ་སྤྱོད་གསུམ་བཅས་ཁྲེགས་ཆོད་ཐོད་རྒལ་མཐར་ཕྱིན་གནང་བ་ཡིན། དེ་རྗེས་སྲས་ཀུན་བཟང་ནོར་བུས་རྒྱུན་བསྐྱངས་ཏེ་ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་བའི་གསོལ་བ་ཡང་ཡང་འདེབས་པ་ལགས་སོ། ངག་དབང་བསྟན་འཛིན་གྱི་སྐུ་རིང་ལ་དངོས་སུ་བཞུགས་པའི་རྟེན་གསུམ་མཚན་ཐོ་ཙམ་འགོད་ན། དེའང་སའི་རྒྱ་ཁྱོན་གཞུ་འདོམ་གྲུ་བཞི་མ་སུམ་བཅུ་ཙམ་ཟིན་པར་འདུམཁང་དང་པར་ཁང་། མགོནཁང་། གྲྭ་ཤག་དྲུག་བཅུ་ཙམ་བཞུགས། ལྷ་ཁང་ནང་རྟེན་གཙོ་བོར་འདམ་བཟོའི་གུ་རུ་མཁན་སློབ་ཆོས་གསུམ། སྟོན་པ་གཙོ་འཁོར། རྡོ་རྗེ་སེམས་དཔའ། གཞན་ཡང་ཀཿཐོག་དབ་སྙིང་ཐིག་བརྒྱུད་པའི་བླ་མ་སྐུམཁྲུ་གང་རེ་ཡོད་པ་སོགས་བཞེངས། ཨ་ངག་གཏེར་མ་སྐུ་ཚབ་མཐོང་བ་དོན་ལྡན། གུ་རུ་མི་ཁ་ཐན་བཟློག ཤུད་པུ་དཔལ་སེང་སྐེད་ཕུར། ཁྱོདཔོ་ཨ་སྨྱེ་ཆེན་པོའི་ཕུར་པ་ཁྲུ་གང་ཅན། སྟོང་ར་གནས་ནང་ནས་བླང་པའི་ཕུར་བ་ཁྲུ་གངཅན་སྒྲོལ་མའི་སྐུ། མཚོ་རྒྱལ་གྱིས་གནང་བའི་བསོད་རྒྱལ་གཏེར་མ་གུ་རུ་སྣང་སྲིད་ཟིལ་གནོན། གཏེར་ཆོས་པུ་ཏི་དགུའི་དཔར་ཤིང་ལྡེབ་གྲངས་སྟོང་གཉིས་ལྷག་ཙམ་གུ་རུ་མཚན་བརྒྱད་གསེར་ཐང་དགུ། བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་གསེར་ཐང་བཅུ། ཀམདམ་པས་བདེ་གཤེགས་ཀྱིས་གནད་པའི་གནྡིདང་མཛོད་དར། ཁར་རྔ་བཀའ་གྱུར་དང་བསྟན་གྱུརར་ཆ་ཚང་། སྐུ་གདུང་གཞི་ཟངས་རགས་དང་གསེར་དངུལ་གྱི་བཀྲ་མ་བྱས་པར་གཟི་དང་བྱུ་རུ། གཡུ། སྤོས་ཤེལ། རིན་པོ་ཆེ་སོགས་ཀྱི་ཕྲ་དང་ལྡན་པའིཁང་རྩེག་གཉིས་ཅན་ཞིག་བཅས་བཞུགས། མཆོད་པའི་ཡོ་བྱད་ནི་འཁར་རྔ་འཛམ་གླིང་གཡས་བཞག་དང་རོལ་གོ་བཀྲ་ཤིས་དར་རྒྱས་སོགས་སྦུབ་ཆ་སིལ་སྙན་སྒྲ་ཧོར། ཤང་ཤང་། རྒྱ་སོགས་ལི་རྙིང་བཞི་བཅུ་ཙམ་ད་གསེར་གླིང་ཆ་གཅིག་དུང་དམར་ཆ་གསུམ། གཞན་རྒྱ་གླིང་ཆ་གཉིས་འཕན་འདུགས་ཡོ་བྱད་བཅས་རིནཐང་དང་ལྡན་པ་ཁ་ཚང་ཡོད། འཆམ་གོས་རྒྱན་བཞི་དང་རྟགས་རྩ་ལྔ་ལྡན་སོགས་ཀྱི་འཆམ་གོས་བདུན་བཅུ་ཙམ་དང་འབག་བཅས་ཁྱོན་འཆམ་ཆས་ཆ་བདུན་བཅུ་བཅས་བཞུགས། སྔོན་གྱི་སྐུ་གསུངས་ཐུགས་རྟེན་དང་རོལ་མོ། འཕན་ཡོ་ཆད། འཆམ་གོས་ལྷ་ཁང་བཅས་ངོ་རྒོལ་བཞི་པའི་སྐབས་དང་རིག་གནས་གསར་བརྗེའི་སྐབས་བརླགས་སོང་།

[page 217] སྔོནའདིར་དགོན་པའི་ནང་བཞུག་པའི་གྲྭ་པ་དང་བླ་མ་དུས་བརྒྱ་དང་ཉི་ཤུ་ཙམ་དང་ཉུང་དུས་བརྒྱད་བཙུ་ལྷག་ཙམ་བཞུགས་པ་ཡིན། ད་ལྟ་བླ་སེར་བཞི་བཅུ་ལྷག་བཀུགས། དགོན་པ་འདི་ལ་རྒྱུན་འཇགས་སུ་གྱུར་ཟིན་པའི་དུས་མཆོད་རགས་ཙམ་བཀོད་ན། སྨྱོང་གནས་ཆ་བརྒྱད་བཅུ་དྲུག་དང་མགོན་པ་ཁྲི་ཚར་དང་སྐུ་གསུམ་ཆོ་གཉིན་བརྒྱད། ཐུག་རྗེ་ཆེན་པོ་ཆོས་ཉིད་རང་གྲོལ་གྱི་སྒྲུབ་ཆེན་མྱོང་གྲོལ་རིལ་བུའམ་བུམ་སྒྲུབ་ཞག་བདུན། སྒྲུབ་པ་དང་པོ་ལོ་གསུམ་རིང་ལ་གཏོར་མ་ལས་བདུད་རྩི་བབ། སྨན་རག་དང་ནང་མཆོད་འགྱུར། རིལ་བུ་འཕེལ་ནས་སྒྲུབ་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ། ཉུལླི་བསྒྲལ་ཆོག་དུས་སུ་སྒྲོལ་གིང་དང་དྰ་གིང་སོགས་ཀྱི་འཆམ་སྦྱང་མི་དགོས་པར་དགོངས་པ་གཏད་དེ་རྣམ་འགྱུར་དྭངས་ཉིན་ལྟར་ཆགས་སུ་འདྲ་མིན་མི་བྱེད་པར་དབྱངས་རོལ་དང་འཚམ་པར་འཆམ། བྱིན་འབེབས་དུས་སུ་འགའ་ཞིག་ལ་ཡེ་ཤེས་ལ་འབབ་ནས་གར་སྟབས་དང་སྒྲ་སྐད་སྣ་ཚོགས་སྒྲོགས་ཀྱང་། ཐམས་ཅད་རྟོགས་མེད་དུ་གྱུར་ནས་འཁྱེར་གཡེང་མེད་པར་བག་དྲོ་ཤིང་བྱིན་ཆགས་པ་གནས། ལོ་གསུམ་ཕན་ཆོད་ལོ་བདུན་གྱི་བར་དུ་རིལ་བུ་འཕེལ་བ་སོགས་སྔར་དང་འདྲ་ཡང་། འཆམ་སྦྱང་དགོས་པར་གྱུར་དེ་འཆམ་མི་འབབ་པ་སྦྱང་རྩོལ་ལྟོས་གཏན་འཇག་བཞག་དགོས་པའི་བརྡ་ཡིན་གསུངས་པར་བཞིན། ཕྱིས་སུ་དམར་ནག་གློག་འཕྲེང་དང་རིག་གསུམ་ཞི་ཁྲོའི་དག་སྣང་ལྟར་ཚེས་བཅུའི་འཆམ་ལེགས་པར་ཚུགས། དབྱར་གནས་ཞག་ལྔ་བཅུ་འཚོགས། བཀའ་བརྒྱད་དངོས་གྲུབ་རྒྱ་མཚོའི་སྒོས་སྨན་སྒྲུབ་ཞག་བདུན་བསྒྲུབ། འདས་པ་རྣམས་ཀྱི་གདུང་མཆོད་ཉིན་བཞི་འཚོགས། དགུ་ཆེན་ལ་སྒྲུབ་པ་བཀའ་བརྒྱད་དང་། ཡེ་ཤེས་རབ་འབར། བདུད་ཕུར། སེར་གདོང་མ་བཅས་སྒྲུབ་ཁག་བཞིས་ཞག་བདུན་འཚོགས་པ་དང་འབྲེལ་མནན་བསྲེག་འཕང་གསུམ་གྱིས་ལས་རྒྱས་པར་མཛད།

དེ་ལྟར་གསང་སྔགས་ནོར་གླིང་དགོན་གྱི་བསྟན་པ་དབྱར་མཚོ་ལྟ་བུར་གྱུརན་ནའང་སྐྱེ་བོ་བསོད་ནམས་ཟད་ནས་མི་ལོ་གསུམ་བཅུ་ཙམ་གྱི་བར་དགོན་སྡེ་ཚང་མ་དང་འདྲ་བ་བསྟན་པའི་རྣམ་པ་ཐམས་ཅད་སྟོངས་མིང་གི་ལྷག་མ་ཙམ་ལས་མེད་པར་བརླགས། གཙུག་ལག་ཁང་དང་ལྲྭ་ཤགའ་ཞིག་པ་ཤུལ་ཡང་མེད་པར་གྱུར། སྔོན་གྱི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན། གནའ་རྫས་རྣམས་ལ་རིན་ཐང་གཞལ་དཀའ་བས་བརླགས་ཚུལ་ལ་བསམ་ན་ཡིད་ཕམ་པའི་རྒྱུ་རུ་གྱུར།

དེ་ཆོས་ཀྱི་ཉི་མ་ཤར་སྐབས་གདན་ས་འདིར་སྔར་གྱི་བླ་སྤྲུལ་མི་བཞུགས་ཀྱང་། སྔོན་གྱི་ཐུགས་བསྐྱེད་བཟང་པོའི་སྨོན་ལམ་གྱི་སྟོབས་ཀྱིས་གཙུག་ལག་ཁང་དང་གཅིག་དང་གྲ་ཤགས་སུམ་ཅུ་ཙམ་གསར་དུ་བཞེངས་གྲུབ། གསར་བཟོས་འདམ་བཟོས་གུ་རུ་དང་ཟངས་རག་གི་སྐུ་གདུང་ལུས་ཚད་མ་གཅིག་བཞེངས། སྔོན་གྱི་གཏེར་ཆོས་པར་ཤིང་ལྟེབ་སྟོང་གཉིས་ཙམ་ཡོད། བཀའ་ཆོས་དང་བསྟན་ཆོས་ཆ་ཚང་། གསར་དུ་ཉོས་པའི་རོལ་མ་དང་སིལ་སྙན་ཆ་ལྔ་དང་རྒྱ་གླིང་ཆ་གཉིས། དུང་དམར་ཆ་གཉིས། འཆམ་གོས་ཆ་ཉི་ཤུ་བཅས་བཞུགས།

[page 218] བསྟན་བདག་བསོད་ནམས་ཟླ་བའི་གཙོས་དགེ་བདུན་པ་བཞི་བཅུ་ལྷག་གིས་སྔ་སྲོལ་དུས་མཆོད་མ་ཆད་པར་ཚུགས། རྗེ་བླ་མ་ངག་དབང་བསྟན་འཛིན་གྱིས་ཟབ་ཏིག་གཏེར་ཆོས་སྤེལ་བ་ལས་དེའི་དབང་ལུང་གི་རྒྱུད་ད་དུང་ཡང་བར་མི་ཆད་པར་བཞུགས། གཞན་ཡང་ཀརྨ་གླིང་པ་དང་ཀློང་གསལ་སྙིང་པོའི་གཏེར་ཆོས་སོགས་རྙིང་མའི་བཀའ་གཏེར་གྱི་ཆོ་གའི་སྒྲུབ་པ་དར་འདུག་པ་རྣམས་རྒྱུན་བསྲིངས་པ་ལགས་སོ།

མདའ་ཁོ་དགོན་གྱི་ལོ་རྒྱུས།

རབ་བྱུང་བཅོ་ལྔ་པའི་ནང་ཚན་ལྕགས་ཁམས་ཅང་ཤེས་ལོར་སྐུ་འཁྲུངས་ནས་ཁྲོམ་དགེ་གོང་འོག་གཉིས་ལས་གོང་མ་གཟུང་རིས་ཚང་གི་གྲུབ་བརྙེས་བྱམས་པ་མི་འགྱུར་གྱི་ཡང་སྲིད་ཁྲོམ་དགེ་གཟུང་སྤྲུལ་ཞེས་པ་རྒྱལ་དབང་པད་མའི་ལུང་གིས་བསྔགས་པའི་སྤྲུལ་པའི་གཏེར་འབྱིན་ཆེན་པོ་དེ་ཉིད་ཀྱིས་མཁའ་འགྲོའི་བརྡ་རིས་དང་རིག་འཛིན་གོང་མའི་ལུང་བྱང་དུ་མ་ལ་བརྟེན་ནས་དུས་བབ་ཀྱི་ཟབ་ཆོས་ངོ་མཚར་དུ་མ་གཏེར་ནས་བཞེས་ཏེ་འཇམངས་དགོན་མཁྱེན་བརྩེའི་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་གཉིས་ཀྱི་བཀའ་ལུང་ལ་གཙོ་བོར་བརྟེན་ནས་ས་གནས་ཀྱི་མེ་བཙའ་སྒྲུབ་སྡེ་ཤིང་རྟ་བརྒྱད་ཀྱི་ཆོས་ཡོངས་སུ་རྫོགས་པའི་རིས་མེད་ཆོས་སྡེ་དགོན་ཆུང་འདི་ཉིད་ཕྱག་འདེབས་མཚད་དེ་ད་ལྟའི་བར་དུ་རྒྱུན་མི་ཆད་ཙམ་གྱིས་མཁན་སྤྲུལ་གྱི་ལོ་རྒྱུས་རག་རིམ་ཙམ་ནི། གཏེར་ཆེན་རིན་པོ་ཆེ་ཉིད་གང་དུ་འཁྲུངས་པའི་ཡུལ་ཧོར་སྟོད་ཨ་མྱེས་ཡར་རྩིག་ཚང་ཞེས་པར་འཁྲུངས། གུ་རུ་དང་རིག་འཛིན་དུ་མའི་ལུང་བསྟན་ངོས་འཛིན་གནང་བ་སོགས་ལ་བརྟེན་ནས་བཀྲ་ཤིས་ཁྲོམ་གྱི་ལྗོངས་སུ་ཞབས་པད་ཉེ་བར་བཀོད་དེ་ཁྲོམ་རྡོ་དགོན་གྱི་བསྟན་པའི་བདག་པོ་མཛད་ནས་བཞུགས་ཀྱང་ས་གནད་གྱི་མེ་ཙྰ་གལ་གནད་ཆེ་སྟབས་ལུང་བསྟན་གཏེར་ལུང་སོགས་དུས་གནད་ལ་དགོངས་ཏེ་དགོན་ཆུང་འདིར་བླ་བྲང་ཞིག་གསར་འདེབས་མཛད་ནས་ཉིད་ཀྱི་གཏེར་ཆོས་རྣམས་སྒྲུབ་སྡེ་ཤིང་རྟ་བརྒྱད་དང་མཛོད་ཆེན་ལྔ་སོགས་རྒྱལ་བསྟན་སྤྱི་དང་ཕྱེ་བྲག་གི་ཆོས་བརྒྱུད་ཡོངས་སུ་རྫོགས་པ་འཛིན་སྐཡོང་སྤེལ་གསུམ་མཛད། ཕྲིན་ལས་སྐྱོང་བའི་ཐུགས་སྲས་ཀྱི་གཙོ་བོ་གང་གི་སྲས་དམ་པ་རིག་འཛིན་རྒོད་ལྡེམ་གྱི་སྤྲུལ་པ་ཨ་རིག་དང་། གཅུང་འགྲོ་འདུལ། རྒྱ་སྐོར་བསོད་ནམས་རིནཆེན་གྱི་ཡང་སྲིད་ཚེ་དབང་བསྟན་འཛིན་ནམ་འཕྲིན་ལས་རྒྱ་མཚོ་ཞུ་བ་རྣམས་ཀྱིས་དབང་རྒྱུད་ཆོས་རྒྱུད་ད་ལྟའི་བར་དུ་སྤེལ་བར་མཛད། དེང་སང་གདུང་རབ་གསུམ་པ་རྒོད་ལྡེམ་སྤྲུལ་སྐུའི་སྲས་སངས་སྔགས་བསྟན་འཛིན་དང་ཆོས་འཕེལ་རྒྱ་མཚོ་གཉིས་ཀྱིས་འཛིན་སྐྱོང་སྤེལ་གསུམ་མཛད་པ་དང་། མ་ཟད་གཏེར་ཆེན་རིན་པོ་ཆེའི་ཡང་སྲིད་རྒྱ་ཨ་ཟེན་ཚང་ལ་འཁྲུངས་པ་འཇམས་དབྱངས་དཀོན་མཆོག་དབང་པོ། ཁྲོམ་དགེ་ཡིད་བཞིན་རིན་པོ་ཆེ་ཐུབ་བསྟན་དཀོན་མཆོག་ལེགས་ལྡན་ཟུང་ནས་ཀྱང་གདན་ས་ལ་འཛིན་སྐྱོང་སྤེལ་[page 219] གསུམ་གྱི་ཞལ་བཀོད་གནང་། སྐུ་དངོས་ཀྱིས་འབྱོན་བཞུགས་བདག་རྐྱེན་བཅས་སྐྱེ་འགྲོའི་བསོད་ནམས་དཔལ་དུ་ཆགས་འཇིག་མེད་པར་གནས་དགོངས་པ་ལུང་བསྟན་གྱིས་རྩལ། མཁན་རབ་ནི། ཟོག་རི་མཁན་བློ་གྲོས་སོགས་དང་། ཨ་ཀ ཁྱད་པར་རྡོ་དགོན་གྱི་མཁན་རིན་པོ་ཆེ་མདོ་སྔགས་བསྟན་པའི་ཤིང་རྟ་གསར་རྙིང་རིས་མེད་ཀྱི་བསྟན་འཛིན་ཆེན་པོ་འཇམས་དབྱངས་བློ་བཟང་དཔལ་ལྡ ད་དུ་མཁན་པོ་ཤེས་རབ་ཞུ་བ་ད་ལྟ་གདན་སར་མཛད་ནས་ཁམས་འདིར་འདུལ་བསྟན་ཉིན་འབྱེད་བཞིན་ཐེགས་པ་སྤྱི་དང་གསར་རྙིང་སོ་སོའི་འདུལ་བྱར་གྱུར་བ་ཕྱོགས་དང་མཐའི་གཏུག་པ་དུ་མ་ལ་ཟབ་རྒྱས་ཆོས་ཀྱི་འཆད་ཉན་སྨིན་གྲོལ་གྱི་རྒྱུན་སྤེལ་བཞིན་བཞུགས། ཉིད་ཀྱི་སྐུ་དབོན་འཇམས་དབྱངས་ཚེ་རིང་ཞུ་བ་མཁན་པོ་ཆུང་བའི་ཁུར་བཞེས་པ་དང་མཁན་བསོད་དབང་སོགས་ད་ལྟ་ཞལ་བཞུགས་རྣམས་དང་། གོང་གསལ་གདུང་སྲས་རྣམས་ཀྱིས་སྤྲུལ་སྐུ་ཐུབ་བསྟན་པད་བཟང་པདྨ་རིག་འཛིན་འཕྲིན་ལས་ཆོས་འཕེལ་སོགས་དམ་པའི་ཡང་སྲིད་མང་ཙམ་བཞུགས་པ་ནི་སྔོན་གྱི་ལུང་བསྟན་ཁ་བྱང་ལ་གདན་ས་འདིར་གསེར་ཞྭ་ཅན་བཅུ་གསུམ་གྱི་རྟེན་འབྲེལ་རྒྱུན་མི་འཆད་དུ་ཡོད་ཚུལ་གསུངས་བ་དོན་ལ་གནས། དགོན་འདིར་གཏེར་ཆེན་རིན་པོ་ཆེ་ཉིད་ནས་འདུ་འཛུགས་རིས་མེད་ཀྱི་སྒྲུབ་གྲྭ་པ་དབུན་བརྒྱ་ཙམ་རེ་བཤད་གྲྭ་ནང་མཁན་རབས་རྣམས་ནས་མང་ཉུང་མ་གཏོགས་པའི་མདོ་སྔགས་ཀྱི་འཆད་ཉན་ལ་ལྟའི་བར་དུ་ཡོད་དགོན་དེར་དུས་མཆོད་ཀྱི་ཆོ་འཕརུལ་ཆེན་པོར་རྒྱ་གར་འཕགས་ཡུལ་ནས་བོད་གངས་ཅན་ལྗོངས་སུ་ཕྱགས་སྲོལ་བྱུང་བ་སངས་རྒྱས་ཀྱི་མཛད་ཆེན་སྨྱུང་གནས་ཆ་བརྒྱད་དང་། ས་ག་ཟླ་བའི་ཉེར་ལྔ་ནས་སྨན་སྒྲུབ་ཀྱི་དབུ་བཙུགས་ཏེ་བཀའ་གཏེར་གསར་རྙིང་རིས་མེད་ཁྱིས་སྒྲུབ་ཆེན་ཁག་དུ་མ་ལྷན་སྒྲུབ་དང་འབྲེལ་གར་དབྱངས་འཆམ་སོགས་སྔོན་གྱི་གཏེར་ཆེན་ཉིད་ཀྱི་དག་སྣང་དང་དགོན་ཁག་སོ་སོའི་གྲྭ་སའི་ཕྱག་བཞེས་ལྟར་དར་སྤེལ་གཏོང་བཞིན་པ་དང་། ཆུ་སྟོད་ཟླ་བར་གཞི་གསུམ་གྱི་ལག་ལེན་གྱིས་དབྱར་གནས་དུས་གྲངས་ལོ་ལྟར་དང་། ཞིང་སྒྲུབ་ཉིན་བདུན། གུ་རུའི་བླ་སྒྲུབ་ཉིན་བདུན། ཀུན་རིག་སྒྲུབ་མཆོད་ཉིན་བདུན། བརྒྱད་པའི་མར་ངོས་ཉིད་ཀྱི་ཟབ་གཏེར་གདུགས་དཀར་གྱི་སྒྲུབ་པ་ཟབ་མོ་གཏེར་སྟོན་ཆེན་པོའི་སྒྲུབ་ཆེན་ཁོག་ཕུབ་ཀྱིས་ཕྱག་ལེན་ལྟར་སྒྲུབ་མཆོས་རྒྱས་པ་སྨད་ལས་གཏོར་བཟློག་བཅས་ཉིན་བཅོ་ལྔའི་གྲངས་ལོ་ལྟར་ཡོད། རྒྱལ་བཀའ་དག་ཚར་གཅིག་གསུང་བ་དང་། རུས་སྦྱོང་ཚ་སྒྲུབ་སོགས་རྒྱུན་ཏུ་ཆད་མཆད་དང་དགེ་བསྐུལ་གྱི་སྲོལ་མི་དམན་བཙམ་ཡོད། དེ་ལྟར་ཁྲོམ་རྡོ་དགོན་དང་ཁྲོམ་དགེ་དགོན་མདའ་ཁོ་དགོན་ཆུང་རྣམས་མ་དགོན་བུ་དགོན་དུ་འབྲེལ་ཡང་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་གནས་སྐབས་ཞིག་རལ་དུ་གྱུར། བསྐྱར་བཟོ་བཞེངས་སྐབས་གདུང་སྲས་གཉིས་དང་མཁན་པོ་རིན་པོ་ཆེ་དབུ་མཛད་འདུས་སྡེ་རྒན་རབས་སྤྱི་སོགས་ཀྱི་ཐུགས་ཁུར་གནང་བ་དང་། དགོན་པའི་ཆོས་གཞིས་སམ་ལྷ་སྡེ་ནི་ཨ་ཚབ་ཕ་ཤུལ་དྲུག་ཏུ་གྲགས་པ་དུད་གྲངས་དགུ་བཅུ་དང་སོ་སོའི་འགོ་ཁྲིད་འགན་འཁུར་བསམ་གནས་སོ་སོའི་མཐུན་རྐྱེན་ལེགས་བསྒྲུབ་ལ་བརྟེན་ནས་གཙུག་ལག་ཁང་ཀ་བ་སུམ་བཅུ་སོ་དྲུག་དང་། ཇ་ཁང་བཅས་ལེགས་[page 220] པར་བཞེངས། འདུས་སྡེ་སྤྱི་ལ་གྲངས་དྲུག་བཅུ་ཙམ་ཡོད་པ་དང་། ལྷ་ཁང་ནང་སྨན་འདམ་ལས་གྲུབ་པའི་སྐུ་འདྲ་ཆེ་ཆུང་བཅུ། ཟངས་གསེར་རྡོར་སེམས་མི་ཚད་ཆེ་ལྷག་ཙམ་གཅིག ཟངས་རགས་ཀྱི་སྐུ་འདྲ་ཆེ་ཆུང་བརྒྱད། བདུན་ཚར་ཆ་བཅུ། དཀྱིལ་འཁོར་གྱི་ཡོ་བྱད་ཁ་ཚང་། རོལ་མོ་ཆ་ལྔ། ཟིལ་སྙན་གཉིས། གླིང་བུ་ཆ་གཉིས། དུང་དཀར་ཆ་གཉིས། དུང་དམར་དང་རྐང་གླིང་སོགས་དང་། སྔོན་གྱི་དགོན་པའི་རྟེན་ཐུབ་སྐུ་ལི་མ་ཁྲུ་ཕྱེད་ལྷག་ཙམ་དང་གཏེར་ཆེན་རིན་པོ་ཆེའི་ཐུགས་དམ་རྟེན་གུ་རུ་དང་སྒྲོལ་དཀར་ལི་མ། དྲིལ་བུ་གཏེར་མ། གླིང་བུ་ཆ་གཅིག འཇམས་དབྱངས་མཁྱེན་རྒན་དང་དཔལ་སྤུངས་སྐྱཡབས་མགོན་གཉིས་ཀྱི་དབུ་ཞྭ་མཐོང་གྲོལ་ཅན་རྣམས་དང་། གསུང་རྟེན་རྒྱལ་བཀའ་ཆ་ཉི་ཤུ། བསྟན་འགྱུར་ཆ་བཞི། རིན་ཆེན་གཏེར་མཛོད་ཆ་གཉིས། རྙིང་མ་རྒྱུད་འབུམ་ཆ་གཅིག རྒྱུད་སྡེ་ཀུན་བཏུས་ཆ་གཅིག སྒྲུབ་ཐབས་ཀུན་བཏུས་ཆ་གཅིག ཀློང་ཆེན་མཛོད་བདུན་ཆ་གཅིག གཞན་ཡང་གསར་རྙིང་རིས་མེད་ཀྱི་བཀའ་འབུམ་སྒྲུབ་ཐབས། དབང་གཞུང་སོགས་བསྡོམས་པུ་ཏི་སུམ་བརྒྱ་ཙམ། གྱང་ལྷ་གསེར་ཐང་བཅོ་ལྔ་དང་། ཐང་རྙིང་གོས་ཐང་ལྔ་བཅུ། སྐུ་གདུང་ཆོས་རྟེན་ཁྲུ་གསུམ་ཙམ་གཉིས། ཆུང་བ་ཉི་ཤུ། དུང་འཁོར་བཅས་བླ་བྲང་ཁག་གཉིས། མཁན་རིན་པོ་ཆེའི་གཟིམ་ཁང་གཙོས་གྲྭ་ཁང་ལྔ་བཅུ་བཅས་པར་བརྟེན་བླ་གྲྭ་གྲངས་བཅུ་གསུམ་ཙམ་རེ་དུས་རྒྱུན་དགོན་བདག་སྤྲད་ནས། དུས་མཆོད་ཆེ་ཆུང་དང་དེ་རྣམས་ཀྱི་སྒྲིག་ལམ་སྦྱི་ཡི་དགོན་པའི་བཅའ་ཡིག་སོགས་སྔོན་གྱི་ཕྱག་རྒྱུན་མི་ཉམས་པར་ད་ལྟའང་ཡོད་པར་ལགས་སོ།

སྔོན་སྐུ་རྒྱུ་ཕྱག་རྫས་དགོན་པ་ལ་ཡོད་གྲངས་ནི། གསེར་སྐུ་ལི་མ་ཆེ་ཆུང་བཅུ་བདུན། ཟངས་གསེར་གྱི་སྐུ་འདྲ་ཆེ་ཆུང་བཅུ། རག་སྐུ་བཅོ་ལྔ། གསེར་དངུལ་བཀྲ་མའི་དུང་དམར་ཆ་གཅིག ཟངས་རག་གི་དུང་དམར་ཆ་བཞི། གསེར་དངུལ་ཕྲ་མའི་གླིང་བུ་ཆ་གཉིས། གསེར་དངུལ་གྱི་བུམ་པ་ཆ་གཅིག གསེར་དངུལ་གྱི་ནང་མཆོད་ཆ་ཚང་། དངུལ་བདུན་ཆ་གསུམ། བདུན་ཚར་ཆེ་ཆུང་ཆ་ཉི་ཤུ། རོལ་མོ་ཆེ་ཆུང་ཆ་བཅོ་ལྔ། སིལ་སྙན་ཆམགསུམ། དུང་དཀར་ཆ་གསུམ། རྔ་ཆེ་ཆུང་བཅོ་ལྔ། གྱང་ལྷ་ཀ་ཤོག་སུམ་ཅུ། དེ་མིན་ཐང་ཀ་བདུན་བཅུ། གསེར་དངུལ་གྱི་སྤོས་ཕོར་ཆ་གཅིག འཁར་རྔ་ཆེ་ཆུང་བཞི་ ཁྲོམ་མི་དཔོན་ནས་འབུལ་བའི་མར་མི་རི་བོ། དངུལ་ཀོང་ཉི་ཤུ། བརྒྱ་ཀོང་ལྔ། ཟངས་རག་གི་སྨན་རག་ཆ་བརྒྱ། དངུལ་གྱི་གཏོར་མའི་རྩེ་ཁྲ་སུམ་ཅུ། བེར་སུམ་ཅུ། ཁྲོ་མཐུ་སུམ་ཅུ། གསེར་འབག་ལྔ། དེ་མིན་འབག་ཉེར་ལྔ། ཕུར་ཁང་དང་མཛོད་ཁང་གཉིས་བཅས་ནི་སྔོན་གྱི་བརླག་གྲངས་མདོར་བརྡུས་ཙམ་ཡིན།

རབ་ཁྱབ་དགོན་གྱི་ལོ་རྒྱུས།

[page 221] ཐོག་མའི་ཕྱག་འདེབས་ཚུལ། རྗེ་ཀཿཐོག་པ་དམ་པ་བདེ་བཤེགས་ཀྱི་དངོས་སློབ་ལུང་བསྟན་སྒྲོན་མེའི་བུ་བཞིའི་ཡ་གྱལ། གླིང་གི་གྲུབ་ཐོབ་མ་ནི་རིན་ཆེན། དམ་པ་རིན་པོ་ཆེའི་ལུང་དོན་ལྟར། དབུས་སུ་བྱོན་ནས་གཏེར་སྟོན་གུ་རུ་ཆོས་དབང་མདུནལོ་གསུམ་བཞུགས། རྗེ་དེའི་གཏེར་ཆོས་རྣམས་གསན་སྒྲུབ་པ་མཛད་ནས་གྲུབ་པ་ཐོབ། གུ་རུ་ཆོས་དབང་གི་སྐྱེ་དགུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱི་འདྲེན་པར་ལུང་བརྟེན་ནས། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་སོགས་གཏེར་ཆོས་རྣམས་གཉེར་གཏད་མཛད་ནས་ཆོས་བདག་ཏུ་མངའ་གསོལ། སླར་ཀཿཐོག་ཏུ་ཕེབས་ནས། དམ་པ་རིན་པོ་ཆེས་སློབ་དཔོན་པདྨ་དངོས་ཀྱི་ཞབས་ཀྱི་བཅགས་པའི་གནས་འགྲོ་འདུལ་ཕྲིན་ལས་རབ་ཏུ་ཁྱབ་པའི་ཞིང་ན་སྒྲུབ་སྡེ་བཏབ་ན་རྗེས་འཇུག་འབུམ་ཕྲག་མང་པོ་འཇའ་ལུས་བཤེགས་པའི་ལུང་བསྟན། ཀཿཐོག་ནས་ར་ཅོག་དང་རབ་ཁྱབ་བར་དུ་ཆོས་གོས་ཀྱི་གཤོག་པ་རྒྱང་ནས་ནམ་མཁའ་ནས་འཕུར་ཏེ་བྱོན། ཡར་འཕུར་བ་དང་། མར་འབབ་རྣམས་ལ་ཞབས་རྗེས་ལྟའང་འཇལ་རྒྱུ་ཡོད། རབ་བྱུང་གསུམ་པའི་མེ་སྤྲེལ་ལོར་སྒྲུབ་སྡེ་བཏབ། སྙུངས་བྲག་མགོར་ཡང་ཁྲོད་དང་། རྭ་ཅོག་མགོར་གངས་ཁྲོད་བཏབ། ཆོས་གྲྭ་སོ་སོར་མདོ་རྒྱུ་སེམས་གསུམ་དང་། གུ་རུ་ཆོས་དཔང་གི་དབང་གི་གཏེར་ཆོས་རྣམས་འཆད་ཉན་མཛད། སློབ་མ་རྒྱ་མཚོ་བཅུ་གསུམ་རེ་ཡོད་པར་གྲགས།

གདན་རབས་ནི། གྲུབ་ཐོབ་མ་ནི་རིན་ཆེན་གྱི་སློབ་མ་གཙོ་བོ། བྲད་རྡ་ཆོས་རྗེ་འབུམ་པ། རྟ་རྒྱུག་ཚུལ་ཁྲིམ་འབུམ་པ་སྣ་ཚ་དགེ་འདུན་འབུམ་པ་སོགས་འཇའ་ལུས་གདན་རབས་བཅུ་གསུམ་མ་བྱོན་ནས་སློབ་མ་འབུམ་ཕྲག་མང་པོ་འཇའ་ལུས་བྱོན། མགོན་པོ་བྲན་དུ་བཀོལ་བའི་གྲུབ་ཐོབ་ལབ་སྟོན་ནམ་མཁའ་རིན་ཆེན་དང་བླ་མ་འབུམ་སྟོན་སོགས་འོད་ལུས་གྲུབབ་པའི་གདན་རབས་བཅུ་གསུམ་བྱོན། སློབ་མ་འབུམ་ཕྲག་མང་པོ་འོད་ལུས་སུ་བྱོན། འོད་ཟེར་འབུམ་དང་དྷརྨ་འབུམ་སོགས་གཞན་ངོར་སྒྱུ་ལུས་བཞག་པའི་གདན་རབས་བཅུ་གསུམ་བྱོན། དེ་སྐབས་འཇའ་ལུས་ཆུང་ངུར་བྱོན་པའི་སློབ་མ་འབུམ་ཕྲག་མང་པོ་བྱོན་པའི་གསུང་འཕྲོས་དང་གཞན་ཡང་རབ་ཁྱབ་སྟོད་སྨད་དུ་འབུམ་པ་བཅུ་གསུམ་སོགས་གྲུབ་ཐོབ་ཤིན་ཏུ་མང་པོ་བཞུགས་པའི་སྒྲུབ་ཕུབ་སོགས་ལ་སྐུ་རྗེས་ཕྱག་ཞབས་རྗེས་གྔས་མང་ཡང་འདིར་མ་སྤྲོས་ལགས། སྔོན་བྱོན་གྲུབ་ཐོབ་རྣམས་ཀྱང་བྱ་བྲལ་སྦས་པའི་རྣལ་འབྱོར་གྲུབ་པ་ལ་བརྩོན་པ་ཤ་སྟག་བྱོན་ནས་བྱ་བ་ལས་ཀྱི་འཁོར་ལོའི་མི་གཡེངས་བས་སྣང་ཚུལ་ལ་བསྟན་པ་ལ་འཕེལ་འགྲིབ་ཅི་རིག་བྱུང་ཡོད་ན་ཝའང་དོན་ལ་གདན་ས་འདིར་སྒྲུབ་སྡེ་མ་སྟོང་པར་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་གྲུབ་ཐོབ་ཟམ་མི་ཆད་པར་བྱོན་པའོ། བསྟན་པ་གསར་དར་སྐབས་ཀྱི་རིག་འཛིན་སདུལ་འདུལ་རྡོ་རྗེ་དང་། སྒ་ཆོས་སྐྱོང་རྒྱ་མཚོ་ནས་[page 222] དཔལ་ཡུལ་ཀུན་བཟང་ཤེས་རབ་ལ་དགོན་སྡེའི་དབུ་སདོན་ཞུས། ཁོང་གིས་བླ་མ་རྣམས་གཉིས་ཀྱིས་བཀའ་ཕེབས་བཞིན། གཅུང་པོ་པདྨ་ཡེ་ཤེས་རག་དགོན་སྒྲུབ་སྡེའི་དབུ་འཛིན་བཞག་ནས། རྒྱལ་པ་དཔལ་ཡུལ་བའིཆོས་གྲྭ་ཆེན་པོའི་ཡན་ལག་ཏུ་སྦཡོར་འཇགས་གནང་དགོན་སྡེ་ཉམས་གསོ་དང་སྒྲིག་སྲོལ་སོགས་བསྒྱུར་བཅོས་མཛད། རྗེ་རྐརྨ་བཀྲ་ཤིས་རྒྱ་ནག་ནས་ཡར་ཕེབས་སྐབས། གདན་ས་འདིར་བྱོན་ནས་རག་ཆབ་སྡེ་བདག་གད་ཐོག་བླ་མ་སྐྱབས་དང་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་གྱིས་བསྟན་པའི་རྟེན་རྩ་སོགས་རྒྱ་ནག་ནང་བརྟེན་ཁ་ཤས་གནངཚེ་སྒྲུབ་མཆོད་ཀྱི་རྟེན་རྩ་གད་ཐོག་དཔོན་གྱི་སྦྱིན་བདག་བྱས། དེ་ནས་རྒྱ་སྤྲུལ་རིན་པོ་ཆེ་མདོ་སྔགས་བསྟན་འཛིན་གྱིས་རབ་དགོན་འདིར་སྦྱང་གྲྭ་གསར་ཙུགས་ཀྱི་ཚེས་བཅུའི་རྟེན་རྩ་ཧོར་ལྭ་དཀར་ཚང་གིས་བཞག་ནས་བླ་མ་གསང་འདུས་ཚེས་བཅུའི་སྒྲུབ་མཆོད་གར་འཆམ་བཅས་སྤྲོས་བཅད་བཙྭགས་ནས་གྲྭ་ཕྱེད་སྟོང་ལྔ་བརྒྱ་ལ་བཀའ་གསོལ། གནམ་ཆོས་རཏ་གླིང་སོགས་ཀྱི་དབང་ལུང་ཁྲིད་བཅས་གནང་། སྡེ་དགེ་ལྷ་ལྕམ་གྱི་སྦྱིན་བདག་མཛད་ནས། འདུ་ཁང་ལོག་རིས་གསར་བརྗེ་དང་། ནང་གསོ་བླ་བྲང་གསར་བཞེངས་མཛད། ལྷག་པར་གདན་ས་འདིར་དཀའ་དྲིན་ཤིན་ཏུ་ཆེ་བ། གྲུབ་དབང་རིན་པོ་ཆེ་སྐུ་རབས་གཉིས་པ་ཐུབ་བསྟན་ཆོས་ཀྱི་གླང་པོའི་དགོན་གནས་འདིར་གདན་ས་གསུམ་པ་མཛད་ནས། མདོ་སྒྱུ་སེམས་གསུམ་གཏེར་ཁ་སྔ་ཕྱི་རྣམས་ཀྱི་དབང་ལུང་ཁྲིད་བཅས་གནང་ནས་ལུང་རྟོགས་ཀྱི་བསྟན་པ་གཙང་མ་བཙུགས་བཀའ་བརྒྱད་ལྷ་ཁང་བཞེངས། བླ་བྲང་དང་འདུ་ཁང་ནང་སོ་མགོན་ཁང་བཅས་གསར་བཞེངས་མཛད། འདུ་ཁང་ནང་ཐུབ་པ་གཙོ་འཁོར་རྩེག་ཚད་དང་གནས་བཅུའི་ལྷ་ཁང་བྲག་རི་བཅས་གསེར་ལྡན་དུང་འཁོར་ཆེན་མོ་སོགས་བཞེངས། ཚེས་བཅུ་སྒྲུབ་ཆེན་གྱི་ཡོ་བྱད་དང་རྟེན་མདུན་མཆོད་པ་རྒྱུན་འཛུགས་དབྱར་བཅའ་དགུན་བཅའ་གཉིས། དབྱར་གནས་གསར་འཛུགས་མཆོད་ཐེབ་བཅས་བཞག དགེ་འདུན་རྣམས་རབ་བྱུང་ཤ་སྟག་ཚུལ་འཆལ་དྲི་མས་མ་གོས་པར་མཛད། གཅུང་པོ་པདྨ་ཡེ་ཤེས་ཀྱི་སྤྲུལ་སྐུ་ལུང་རིག་ཚུལ་ཁྲིམ་བཟང་པོ་བསླུ་དབག་དང་ཁྲི་འདོན་མཛད་ནས་ཁྲི་ཚབ་ཏུ་མངའ་གསོལ། ལུང་རིག་ཚུལ་ཁྲིམ་སྤྲུལ་སྐུ་ནི། དགོན་པའི་ཉེ་ཆར་ཀ་ས་ལུང་རིགས་སར་འཁྲུངས་གྲུབ་དབང་རིན་པོ་ཆེ་དང་། མཁན་གང་དགའ་སོགས་ཀྱི་རྗེས་སུ་བཟུན་ནས། སྨིན་གྲོལ་ཟབ་ཁྲིད་རྫོགས་པར་གསན། ཐོས་བསམ་མཐར་ཕྱིན་ནས་དགོན་པའི་དབུ་འཛིན་གནང་། ཚེས་དུས་ཆོས་དང་དབྱར་གནས་སོགས་ཀྱི་ཡོ་བྱད་སྐུ་གསུང་ཐུགས་རྟེན་དུང་འཁོར་སོགས་གསར་བཞེངས་མཛད། བཀའ་གཏེར་སྤྱི་ཡི་དབང་ལུང་ཁྲིད་བཅས་གོང་མའི་ཕྱག་སྲོལ་ལྟར་དང་དགོན་པའི་བཅའ་ཁྲིམ་བཅས་ཞིབ་ཚགས་མཛད། སློབ་མ་མང་དུ་བསྐྱངས། བསྟན་པ་ཐུགས་བསམ་རྒྱ་ཆེ་ཡང་དུས་དབང་གི་མཛད་པ་འཕྲོ་ཅན་དུ་ལུས་སོ། བཤད་སྒྲུབ་ཀྱི་སྲོལ་ནི། གྲུབ་ཐོབ་སྔ་རབ་པ་རྣམས་མདོ་སྒྱུ་སེམས་གསུམ་འཆད་སྤེལ་དང་། ཆོས་དབང་གཏེར་ཆོས་བཅས་ཉམས་ལེན་མཛད། ལབ་སྟོན་བྱོན་ནས་སྒྲུབ་སྡེ་འདི་མགོན་པའི་བཀའ་བབ་ཏུ་གཟིགས་ནས་མགོན་ཁང་དང་མགོན་སྐུ་རྗེ་དེ་ཉིད་ཀྱིས་ཕྱག་བཟོས་ལྷ་ཡེ་ཤེས་པ་དངོས་སུ་བཞུགས་པ་བྱིན་[page 223] རླབས་ཆེ་བ་བཞེངས། དེ་ནས་དགོན་པའི་གྲུབ་ཐོབ་མང་པོ་བྱོན། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒོ་ནས་འཇའ་ལུས་མང་པོ་བྱོན། སྔ་རབས་པ་རྣམས་ཀཿཐོག་པའི་གྲུབ་མཐའ་ཕྱག་སྲོལ་ལྟར་དང་། རྒྱ་སྤྲུལ་བྱོན་ཚུལ་ཆད་བཀའ་གཏེར་ཟུང་འབྲེལ་གྱི་བཀའ་དགོངས་རཏ་གླིང་གནམ་ཆོས་སོགས་དཔལ་ཡུལ་ལུགས་ལྟར་དང་གྲུབ་དབང་རིན་པོ་ཆེ་བྱོན་ནས་སྔར་སྲོལ་སྟེང་སྙིང་ཐོག་མ་བུ་དང་མཛོད་ཆེན་ལྔ་སོགས་འཆད་སྤེལ་མཛད་ནས་བཤད་སྒྲུབ་མ་ཉམས་པར་སྐྱོང་།

དགོན་པ་འདི་ཆགས་ནས་གྲངས་ཆ་བརྒྱད་བརྒྱ་ལྷག་ཙམ་རིང་ལ་བསྟན་འཛིན་དམ་པའི་རིམ་བྱོན་གྱིས་བཞེངས་པའི་རྟེན་བརྟེན་པའི་གྲངས་ཇི་ལྟར་མི་ངེས་ཀྱང་། གྲུབ་དབང་རིན་པོ་ཆེ་ཆོས་ཀྱི་གླང་པོའི་སྐུ་དུས་ལ་དངོས་སུ་བཞུགས་པ་དང་གསར་བཞེངས་ཀྱི་མཚན་ཐོ་རྩ་ཆེ་གྲས་དགོན་ཁང་ཡ་ད་ནང་མ་ནི་རིན་ཆེན་གཏེར་མ་ནང་རྟེན་ཁ་ཤས་དང་། བྲད་རྡ་ཆོས་རྗེ་འབུམ་པས་རྒྱ་གར་བྱ་རྒོད་སྤུངས་རི་ནས་ཉི་ཟེར་བརྒྱུད་དེ་གདན་དྲངས་པའི་ཐུབ་པ་བྲད་རྡ་འོད་འབར་གཙོས་པའི་གསེར་སྐུ་སུམ་ཅུ་ཙམ། ལབ་སྟན་ཕྱག་ཕྱག་བཟོས་དགོན་སྐུ་རཙེག་ཚད་ཡང་མ་དགོན་མཁར་གའུམ་རྩེག་ཚད་རེ། གསུང་རྟེན་ལ། བཀའ་དགོངས་དང་དགོན་པ་དཔེ་ཆ་གྲངས། འདུ་ཁང་ཆེ་བ་ལ། ཀློང་གསལ་ཕྱག་བཟོས་གུ་རུའི་འདགས་སྐུམརྒྱབ་ཐོ་སོ་ལྔ་བ། ཕུག་ཏུ་དུས་གསུམ་སངས་རྒྱས་སོགས་འདགས་སྐུ་རྩེག་ཚད་རེ་ཅན་དགུ། བཀའ་འགྱུར་ཆ་གཉིས་བསྟན་འགྱུར་ཆ་གཅིག་རྙིང་རྒྱུད་སོགས་པོད་བཞི་བརྒྱ་ཉེ་བ། ཇོགཁང་ནང་ཧེ་པ་ཆོས་འབྱུང་གི་ཕྱག་བཟོས་ཇོ་བོ་རྩེག་ཚད་གཅིག གནས་རྟེན་བཅུ་དྲུག་བྲག་རི་ཅན་ཉེ་སྲས་བརྒྱད། གཏད་རབ་བདུན། རྒྱ྄དྲུག་མཆོག་གཉིས་འདགས་སྐུ་གསེར་ལྡན་ལྔ་བཅུ་ལྷག་སོགས། ཟུར་དུ་དུང་འཁོར་ཆེ་བ་གཅིག་ཕྱི་སྐོར་ནང་འཁོར་ཆུང་བརྒྱ་ཉེ་བ། ནང་སོ་ལྷ་ཁང་ལ་གནས་རྟེན་བྲག་རི་མ། ཐུབ་པ་གཙོ་འཁོར་སོགས་གསེར་ལྡན་བཀའ་འགྱུར། རྙིང་རྒྱུད་སོགས། གཟིམ་ཁང་ནང་སྣང་མཐའ་ལི་ཁྲུ་ཁྲ་ཚད་ཀྱིས་གཙོས་གསེར་སྐུ་ལི་མ་རྒྱུ་རྙིང་ཆེ་ཆུང་བཞི་བཅུ་བཞི་གསབཀའ་དགོངས་རཏ་གླིང་གནས་ཆོས་གཏེར་མཛོད། གདམས་མཛོད། སྔགས་མཛོད། ཤེས་བྱ་མཛོད། སྗིང་ཐོག་ཡ་བཞི་མཛོད་བདུན། གེར་པོད། གཞུངས་བཤད་སྐོར་སོགས་པོད་ལྔ་བརྒྱ་ཉེ་བ། ནང་གསོ་དགོན་ཁང་རྟེན་བཅས་བཀལ་བརྒྱད་ལྷ་ཁང་ལ་བཀའ་བརྒྱད་ལྷ་བདུན་བརྒྱ་ཉེར་ལྔ་ལོགས་ཅིས་ཅན། ཟུར་དུ་དུང་འཁོར། ཕོ་བྲང་དགོན་ཁང་ནང་། དགོན་སྐུ་སོགས་རྟེན་གསུམ། གད་ཐོག་དཔོན་གྱི་ནང་རྟེན་ཐུབ་སྐུ་ལི་མ་གདན་འཁྲུ་ལ་སོགས་ཡི་མ་བདུན། འབུམ་ཆ་གཅིག་ཡོད། སྒྲུབ་ཁང་གྲྭ་ཤགས་བཅུ། ལྷ་ཁང་རྟེན་གསུམ་བཅས་སོ། དཔར་ཁང་ནང་ཀར་གླིང་ཞི་ཁྲོ་སོགས་དཔར་སྡེབ་སྟོང་ལ་ཉེ་བ་བཅས་བཞུགས། གསེར་ཁང་ནང་སྟོན་པ་རྡོར་གདན་གྲུ་ཚད་རྒྱ་གར་ལི་མ། བདེར་གཤེགས་སོ་ལྔ་སོགས་ལི་མམ་དང་བསྒྲེགས་སྐུ་ཆེ་ཆུང་དྲུག་བཅུ་ལྷག་ཙམ། མཆོད་རྟེན་གསེར་ལྡན། གཏེར་མཛོད། བཀའ་བརྒྱད་རྣམས་གསུམ། འཇའ་ཚོན་དགོངས་འདུས་སོགས་པོད་བརྒྱ་ལྷག། བརྒྱད་སྟོང་གསེར་བྲིས།[page 224] བསྐལ་བཟང་དང་། བཀའ་ཐང་གསེར་བྲིས་པོད་ཆེན་གསུམ། རྒྱ་ནག་ཏྰ་མིང་གི་རོལ་ཆ་ཕུད་ཀོང་ཏིང་ཏིང་སོགས་ཡོད།

དུས་མཆོད་རྒྱུན་སྲོལ། དགོན་ཁང་གོང་འོག་བར་གསུམ་ལ། མགོན་བླ་དཔོན་གཡོག་བདུན། རྒྱུན་གྲྭ་སྡེ་ཤོག་སྐོར་ལེན་ཆད་མེད། ཆོ་འཕྲུལ་ཟླ་བར་སྨྱོང་གནས་དང་། ཚེས་བཅུའི་སྒྲུབ་འཆམ་བཅས་དབྱར་གནས་ཉིན་ལྔ་བཅུ། དབྱར་ཟླ་ཟླ་བ་གཅིག། དགུན་བཟའ་ཟླ་བ་གཅིག། ལོ་འཇུག་དགུ་གཏོར་ཁག་གསུམ། དགུ་འཆམས་བཅས་སྒྱུབ་མཆོད་རྩ་ཁྲོ་གར་འཆམ་ཅན་སྤྲོས་བཅས་རྒྱུན་ལྡན་ཡོད། ཉ་སྟོང་བརྒྱ་མཆོད་ཡར་མར་ཚེས་བཅུ་ཆགས་མེད། ཡོན་གྱི་འབྱུང་ཁུངས། དགོན་སྡེ་ཐོག་མར་འཛུགས་པའི་སྦྱིན་བདག་གླིང་གི་དཔོན་ཚབ་བླ་མ་ཨ་དོན་གྱིས་མཐུན་རྐྱེན་སྦྱར། དེ་འཕྲོས་བླ་རབ་རིམ་བྱོན་རྣམས་མཐའ་གཉིས་སྤངས་པའི་བསོད་སྙོམས་ལ་བརྟེན་ནས་སྒྲུབ་པ་མཛད་པའི་གྲུབ་ཐོབ་ཤ་སྟག་བྱོན། ཕྱིས་སུ་གད་ཐོག་དཔོན་གྱི་རག་ཁྱབ་སྡེ་ཕྱེད་ཕུལ་ནས་ཚོགས་འགོ་རྟེན་ཐེབས་དང་སྒྲུབ་ཕོག་མཛད། དེ་རྗེས་སྡེ་དགེ་ཆོས་རྒྱལ་གྱི་སྐུ་རིམ་ལ་འཁོར་དུང་ཉེར་ལྔ། ཞིང་ཕྲུགས་བརྒྱ་དང་བརྒྱ་བཅུ་གནང་། མགོན་སྒྲུབ་དགུ་གཏོར་དུས་སྐུ་ཚབ་བཏང་ནས་དགུ་གཏོར་ཕྱགས་འཛུགས་གནང་པམསོགས་མཛད་སྲོལ་བྱུང་། དགོན་ཡུལ་གཞན་དང་འབྲེལ་བ་རྒྱལ་བ་དཔལ་ཡུལ་པའི་དགོན་ལག་སྒྲུབ་དབང་རིན་པོ་ཆེའི་གདན་ས་གསུམ་པ་མཁན་ངག་དགའརིན་པོ་ཆེ་དང་། གྲུབ་ཐོབ་དཔལ་ལྡན། མཁན་པོ་སྦྱོར་ལྡན་སོགས། ཀམ་དཔལ་གཉིས་ཀྱི་སྐྱེས་ཆེན་རྣམས་ཀྱི་ཆོས་ཁྲིད་གསུང་ནས་བླ་སློབ་དམ་ཚིག་སེལ་མེད་དང་། ཡོན་བདག་དཔལ་ཡུལ། སྡེ་དགེ དཀར་མཛེས། ལྕམ་མདའ་སོགས་ནས་ཆོས་སྐྱབ་ཡོན་འབུལ་གྱི་འབྲེལ་བ་དང་། ད་ལྟ་ལྷ་ས། བོད་ལྗོངས། རྒྱ་གར་མན་ཆད་ནས་མགོན་གསོལ་ཡོན་ཞུས་ཀྱི་འབྲེལ་བ་ཡོད།

དེང་གྱི་གནས་ཚུལ། དེ་ལྟར་ཕྱི་བཀོད་ནང་རྟེན་གྱི་བཤད་སྒྲུབ་ཀྱི་སྡེ་བཅས་དུས་དབང་གིས་མིང་གི་ལྷག་མ་ཙམ་དུ་འཇིག་ནས་ལོ་གསུམ་ཅུ་ལྷག་གི་རིང་ལ་ཡང་བའི་མནར་གཅོད་འོག་ཏུ་ས་ཧྲལ་གད་ཧྲལ་དུ་གྱུར་པ། སྤྱི་ལོ་༡༩༨༡བོད་ལྕགས་བྱ་ལོའི་ཟླ་བ་༦པའི་ཚེས་ཉེར་བཞི་ལ། ཞིང་ཆེན་ནས་སྤྲུལ་སྐུ་ཆོས་ཀྱི་རྒྱན་མཚན་དང་རྫོང་སྤྲུལ་འྒྱུར་མེད་རྡོ་རྗེ་ཀུན་དགའ་རྣམ་རྒྱལ་སོགས་ཕེབས་ཏེ་རིག་གནས་ཉམས་གསོའི་ཆེད་དུ་དཔར་བསྡུ་གསོག་དང་དཔར་ཁང་ལས་རྒྱུའི་འགན་ཁྲིར་རང་རྣམ་རྒྱལ་ལ་སྤྲད་ནས་མཁས་མི་ལེན་ཐབས་མེད་བྱུང་། ཁོང་རྣམས་པ་དཔར་ཁང་ས་མིག་བསྩལ་བ་སོགས་ལས་སྣེ་རང་ལ་སྤྲད་ནས་བྱོན། རང་གི་བཀའ་དོན་རྗེས་སྒྱུབ་ལ་དཔར་བསྡུ་བ་སོགས་དཔར་ཁང་ལས་རྒྱུ་བྱས། མི་ཚང་ཁ་གསོ་ཕྲན་བུ་བྱས། ཕྱི་ལོ་ཆུ་ཁྱི་ལོ་ཆོས་སྒོ་དང་པོ་ཕྱེ་ནས་དགོན་པ་ཉམས་གསོ་དགོས་པའི་སྲིད་ཇུས་བསྒྲགས་ནས། ལས་འགན་རང་ལ་བཀལ། དེ་མཚམས་གྲུབ་དབང་རིན་པོ་ཆེ་༧ པདྨ་ནོར་བུ་འཕགས་ཡུལ་ནས་རང་བསྟན་ལ་གཟིགས་ཞིབ་ཕེབས་སྐབས་ཟླ་བ་དྲུག་པའི་ཚེས་བཅུ་བདུན་ལ་རང་དགོན་དུ་གདན་དྲངས། ཁོང་གྱི་ཐུགས་བསྐྱེད་དང་། ཞལ་བཀོད། ཕྱག་རྗེས་བཅས་གནང་བ་ལ་བརྟེན་ནས། [page 225] རྟེན་དགོན་ཉམས་གསོའི་མགོ་ཚུགས། དེ་ནས་སྔ་ཕྱི་ལན་གསུམ་ཕེབས་པའི་དངོས་རྫས་གནང་བའི་མཐུན་རྐྱེན་ལ་བརྟེན་ནས་དགོན་ཡུལ་ཀུན་གྱི་བསམ་ཕྱོགས་མཐུན་ཤེད་ཤུགས་གཅིག་སྒྲིལ་གྱིས་བཞེངས། དང་པོ་དགོན་ཁང་གོང་མ་སྐུ་བརྟེན་བཅས་བཞེངས། འདུ་ཁང་འོག་མ་ནང་སོ་བླ་བྲང་བཅས་དང་། འདུ་ཁང་ཆེ་བ་རྒྱན་ཁང་བླ་བྲང་གཟིམ་ཁང་བཅས། གུ་རུའི་སྐུ་སྔོན་མ་ཡི་ཚད་ཙམ་ཚོན་བཏང་བཅས་དང་། ཇ་ཁང་། སྤྱི་ཁང་། གདུང་འཁོར་ཁ་ཤས། གྲྭ་ཁང་ཉི་བརྒྱར་ཉེ་བ་ཙམ་གྲུབ། ནང་རྟེན་གྲས་སྔར་གྱི་བྲད་བརྡ་སྐུ་སོགས་རོལ་ཆ་ཞལ་ཐང་སོགས་ལྷག་ལུས་ཡོད་པ་དང་། གསར་དུ་ལོན་པ་སྐུ་ཆེན་ཆུང་གསར་རྙིང་བཅས་བརྒྱ་སྣེ་ཟིན་ཙམ་དང་། གསུང་རྟེན་པོད་ལྔ་བརྒྱ་ཉེ་བ་མཆོད་ཆ་གསར་བཞེངས་ཆ། མཆོད་རྟེན་གཉིས་དུང་འཁོར་ཆེ་བ་བདུན་ཆུང་བ་ཁ་ཤས་བཅས་བཞེངས་གྲུབ། སྤྲུལ་སྐུ་རྣམས་དང་བླ་གྲྭ་ཉིས་བརྒྱ་བརྒྱ་བདུན་བཅུ་ལྷག་ཙམ་རང་མོས་ཀྱི་བསྒྲིགས་འཛུགས་དང་། རབ་བྱུང་ལྔ་བཅུ་ལྷག་ཙམ་བསྒྲུབས། སྤྲུལ་སྐུ་རྣམས་ཀྱི་ཚོགས་གཙོ་དང་དགེ་ཆོས་ཁྲིམ་རྩིས་པ་རྒྱུ་བདག་བཅས་མི་བཅུ་དྲུག་བསྐོས་བཞག་གྱི་ལས་སྣེ་ཁུར། ཚན་ཁག་རེས་སྐོར་གྱི་རྒྱུན་གྲྭ་ཆད་མེད། ལོ་གསར་ཟླ་བ་དང་པོའི་མ་ནི་སིདྷི་རེས་མོས་དུང་སྒྲུབ། ཟླ་བ་བཞི་པའི་ནང་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཞབས་བརྟེན་ཉིན་བདུན། ཟླ་བ་དྲུག་པའི་ནང་སྒྲུབ་མཆོད་རྩ་ཁྲོ་གར་འཆམས་བཅས། དབྱར་གནས་ཟླ་བ་གསུམ། ལོ་འཇུག་ཏུ་དགུ་གཏོར་ཉིན་བཅུ། བཏང་རག་ཉིན་གཅིག་ལ་ཚོགས། ཟུར་དུ་སྒྲུབ་ཁང་ནང་སྒྲུབ་བླ་གྲྭ་བཅུ་གཉིས། སྒྲུབ་གཡོག་གཅིག་བཅས་བཅུ་གསུམ། སྒྲུབ་ཁང་བཅུ་གསུམ། ལྷ་ཁང་ནང་གུ་རུ་ལུས་ཚད་ཅིག་གནས་བཅུ་བཅས། རྟེན་གསུམ་རེ་བཟུང་ཡོད། དབྱར་གནས་ཆོས་ཐེབས་དང་། དུང་སྲུབ་སོ་བྱང་སྔགས་གསུམ་གྱི་རྒྱུད་སྡོམ་པའི་ཐུགས་མཐུན་ཁྲིམ་གཙང་བཤད་སྒྲུབ་ལས་གསུམ་གང་ལ་འབད་བརྩོན་ལྷོད་མེད་འགྱིད་ཁུལ་བྱས་ནས་འཆིས་ལགས་སོ།།

འཛིན་སྟག་མོ་དགོན་གྱི་ལོ་རྒྱུས།

དགོན་འདེབས་པ་པོའི་བླ་མ་འཕགས་པ་པ་སེམས་ཉིད་ངལ་གསོའི་རྣམ་རོལ། གངས་ལྗོངས་བསྟན་པའི་རྩ་ལག་འཁོན་ཀླུའི་དབང་གསུམ་གྱི་རྣམ་འཕྲུལ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཟབ་མོ་གཏེར་གྱི་བཀའ་བབས། གར་དབང་འགྲོ་འདུལ་གླིང་པའམ། རིག་འཛིན་ཆེན་པོ་ཉི་མ་གྲགས་པ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ནི། ཨོ་རྒྱན་གླིང་པའི་བཀའ་ཐང་ཤེལ་གྲག་མ་དང་། རྡོར་གླིང་རྣམས་ལྕགས་མ། པད་གླིང་བཀའ་རྒྱ་མ། སངས་རྒྱས་གླིང་པ་རྣམས་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོ༔ དམ་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་ཡོད༔ ཁམས་ཀྱི་སྲིན་མོ་རྫོང་གསུམ་གཏེར་ཁ་འདི་མི་བཞག་འདོནཔའི་རྟག་དེར་བསྟན་ནས་འབྱུང་༔ [page 226] ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་༔ ཞེས་དང་གཞན་ཡང་ཐང་ཡིག་བདུན་ནས་གསལ་བོར་གསུང་པ་དང་གུ་རུའི་རྣམ་ཐར་གསང་བ་དྲི་མེད་ལས་གཏེར་སྟོན་ལུང་བསྟན་པའི་སྐབས་སུ་གཏེར་སྨྱོན་བཞིའི་ཡ་གྱལ་འགྲོ་འདུལ་གླིང་བར་ལུང་དུ་བསྟན་པ་དང་། རིགས་འཛིན་བདུད་འདུལ་རྡོ་རྫེའི་ཆོས་བདག་དུ་ངོས་འཛིན་གནང་ཞིང་ཁྱད་པར་ཕུར་པའི་ཆོས་བདག་སྒོས་ལུང་ལས། ལྕོག་རོའི་སྐྱེ་བ་ཁམས་ཀྱི་ཕྱོགས་ནས་འབྱུང་། ཀརྨའི་མིང་ཅན་སྙིང་ཁ་སྨེ་ནག་ལྡན། ཆོས་འདི་ཉམས་བླང་ཞིང་བཅུའི་གདུག་པ་འདུལ་༔ ཞེས་དང་རིག་འཛིན་གཉེར་བདག་གླིང་པའི་གཤིན་བརྗེའི་ཆོས་བདག་དུ། གསང་བའི་ཆོས་བདག་བྱ་བཏང་རིག་འཛིན་གཉིས། ཞེས་པའི་ཡ་གྱལ་གཏེར་བདག་གླིང་པ་ཉིད་ཀྱི་ངོས་འཛིན་གནང་འདུག་པ་དང་། ཀུན་མཁྱེན་ལྔ་པ་རིན་པོ་ཆེའི། ཨོ་རྒྱན་ཐུགས་པ་དང་། འཕྲིན་ལས་མིང་འཛིན་ཤར་གྱི་ཕྱོགས་ནས་འབྱུང་ཞ སོགས་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པའི་སྤྲུལ་པའི་གཏེར་ཆེན་པོ། མདོ་ཁམ་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་ནང་གསེས་ཟལ་མོ་སྒང་གི་ཆ་ཡུལ་གྲུ་དགེ་མཚན་དུ་མ་དང་ལྡན་པ་སྒོམ་སྡེ་ནང་ཆེན་གྱི་ས་ཡི་ཆ་བྱེ་བྲག། བན་གྲུ་ཡ་ཞེས་པའི་ཡུལ་ལྗོངས་སུ་རབ་བྱུང་བཅུ་པའི་མཇུག་ལ་སྐུ་འཁྲུངས་དགུང་ལོ་དགུ་ཡི་དུས་ནས་གཏེར་སྟོན་འདུད་འདུལ་རྡོ་རྗེ་དང་། གསར་རྙིང་རིས་མེད་ཀྱི་བླ་མ་མང་པོ། ཁྱད་པར་ཡོངས་རྫོགས་བསྟན་པའི་མངའ་བདག་གྲུབ་དབང་རྫོགས་ཆེན་པ་ལ་ཞབས་པད་མཉེས་པ་གསུམ་གྱི་གཙུག་ཏུ་བསྟེན་ནས་ཡང་གསང་རྫོགས་པ་ཆེན་པོའི་ཆོས་སྐོར་མ་ལུས་པ་གསན་ཅིང་། མི་ལོ་བཅོ་བརྒྱད་བར་དུ་འབྲལ་མེད་བསྟེན། འཁོར་གསུམ་ཡང་དག་གི་འབུལ་བ་ལན་བཞི་ཕུལ་བས་སྐུ་ཚེ་མཐར་ཕྱིན། ཐུགས་ཉམས་བཞེས་ཕྱིར་དཔག་གྱི་ཙ་རི་ཏྲ་སོགས་ལ་ལོ་བཅུ་གཉིས་སུ་སྒྲུབ་པའི་རྒྱལ་མཚན་གཙུགས་ནས་དཀའ་སྤྱད་དྲག་པོའི་ཉམས་སུ་བླང་ནར་རྫོགས་པ་ཆེན་པོའི་རང་སྣང་རིས་མེད་ཀྱི་དགོངས་པ་མཐར་སོན། བྱམས་དང་ཏིང་ངེ་འཛིན་རྩལ་རྫོགས། རླུང་སེམས་ལ་རང་དབང་ཐོབ། རི་བྲག་ལ་ཟང་ཐལ་དུ་བཤེགས་པ་དང་། བར་སྣང་ལ་བྱ་ལྟར་འཕུར་བ་དང་། སྲ་འཁྲེགས་ཀྱི་རྡོ་ལ་འདམ་ལྟར་བརྫིས་པས་ཕྱག་ཞབས་ཀྱི་རྗེས་དང་། སྐུའི་རྗེས་སོགས་ཕྱོགས་གང་ལ་ཡང་དུ་མ་ཡོད་པ་དང་། རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་དང་དངོས་ཉམས། རྨི་ལམ་དུ་ཡང་ཡང་འཇལ་ཞིང་བྱིན་གྱིས་བརླབས། ལཀོག་གྱུར་སྒྲིབ་མེད་དུ་གཟིགས་པིའ་མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་བས་གཞན་རྒྱུད་ཀྱི་རྟོགས་པ་མཁྱེན་པ་དང་། དག་པའི་སྣང་བ་ལ་ཟངས་དོགས་དཔལ་རིར་ཕེབས་ནས་ཨོ་རྒྱན་ཆེན་པོ་ལས་ཟབ་རྒྱས་ཀྱི་གདམས་པ་མང་པོ་དང་། ཁྱད་པར་དུ་སློབ་དཔོན་ཆེན་པོའི་དངོས་ཉམས་རྨི་ལམ་ཐམས་ཅད་དུ་བྱིན་གྱིས་བརླབས་ཤིང་ལུང་བསྟན་པ་བཞིན་དུ་ཙ་རིའི་བཞིན་སྐྱོང་གྷ་ཡདྷ་རིའི་དམར་ནག་རཀྟའི་རྒྱ་མཚོའི་ཁ་ནས་གཏེར་གྱི་ཁ་བྱང་རྙེད་པས་ཟབ་མོ་གཏེར་གྱི་བཀའ་བབ། བསྟན་འགྲོའི་དོན་དུ་དགོངས་ནས། གཏེར་གྱི་དགོས་པ་སྒྲུབ་ཕྱིར། གངས་ཏི་སི་བལ་ཡུལ་ཤིང་ཀུན། ཤངས་ཟམ་བ་ལུང་། རྒྱ་གར་རྩ་མཆོག་གྲོང་། སྲིན་མོ་[page 227] རྫོང་། ཁམས་ཀློང་ཐང་སྒྲོལ་མ་སོགས། གཏེར་གནས་སོ་སོར་ཕེབས་ཏེ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཀའ་མང་པོ་དང་། སྐྱེ་བདུན་གྲངས་མེད། སྐུ་ཚབ་གཏེར་རྫས་ཆོས་ནོར་རྫས་གསུམ་གྱི་རིགས་ཀྱང་བསམ་གྱིས་མི་ཁྱབ་པ་གདན་དྲངས། རྒྱ་ནག་གི་གཏེར་ཁ་བཞེས་རྒྱུ་སོགས་ནི་རྟེན་འབྲེལ་རང་དབང་དུ་མ་གྱུར། གཏེར་ཕྲན་འགའ་ཞིག་བདག་གིར་མ་མཛད་པའང་ཡོད་ལ་འགའ་ཞིག་ཡང་གཏེར་དུ་བཙལ་བའང་ཡོད། དེ་ལྟར་སྐྱེས་ཆེན་འདི་ཉིད་ལ་དགོན་པ་འདེབས་དགོས་པའི་གུ་རུའི་ལུང་ལས། གངས་ལྗོང་ཡིས་དབང་ཕྱུག་དབུས་སུ་ཤར། རྟེན་འབྲེལ་གར་བབ་ལེགས་བརྟགས་ས་ཕྱོགས་སུ༔ འཕགས་པ་བཞུགས་གསོལ་ཆོས་ཁྱི་གྲྭ་སྡེ་ཚུགས༔ མཐོང་ཐོས་འགྲོ་རྣམས་འཕགས་པའི་ཞིང་དུ་གྲོལ༔ ཞེས་ལུང་བསྟན་པ་ལས། སྟོད་སྨད་ཀུན་ལ་རྟེན་སབྲེལ་བརྟགས་པས། མི་ནོར་བའི་ས་རྟགས། མི་སགྱུར་བའི་དུས་རྟགས་ཚང་བའི་དགེ་མཚན་བཀྲ་ཤིས་པའི་ས་ཕྱོགས་ལུང་སྟོན་བཞིན། འོད་གསལ་རྫོགས་པ་ཆེན་པོའི་རིངས་ལུགས་འཛིན་པའི་ཅོས་སྡེ་རབ་འབྱུང་བཅུ་གཅིག་པའི་ཆུ་མོ་བྱ་ལོ་ལ་སྟག་མོ་སྒང་དུ་དགོན་པ་བཏབ། ལྷ་ཁང་ཀ་བ་བརྒྱད་ཅུའིགཞིར་བཞག ས་སྐྱོང་སྡེ་དགེ་རྒྱལ་པོའི་རྒྱལ་རབས་ནོར་བུའི་ཕྲེང་བ་རིམ་གྱིས་བྱོན་པའི་ནང་ཚན། ལོ་ཙྰ་བ་ཅོག་རོ་ཀླུ་ཡི་རྒྱན་མཚན་གྱི་རྣམ་འཕྲུལ་དུ་ལུང་གིས་ཟིན་པའི། ཁྲི་ཆེན་སངས་རྒྱ་བསྟན་པ་དེ་ཉིད་ཀྱི་ཆེད་དུ་གདན་དྲངས་ནས་དབུ་བླར་ཕེབས་མི་ཕྱེད་པའི་གུས་པ་ཆེན་པོའི་ཞབས་པད་སྤྱི་བོར་མཆོད་དེ་ས་ཕྱོགས་འདི་རུ་གདན་ས་འཇགས་པིའ་གསོལ་བ་བཏབ་ནས་བསྟན་པའི་སྦྱིན་བདག་མཛད་ཞུས། གཏེར་ཆེན་ཏི་གྲགས་གིས་ཁོང་། གུ་རུའི་གསང་ལུང་དང་མཐུན་དགོངས་གསུངས། གཞན་ཡང་ཁྲི་ཆེན་སངས་རྒྱས་བསྟན་པ་ལ། གཏེར་རྫས། ཤོག་གསེར་དུ་མ་དང་། སྐུ་ཚབས་དྲི་མེད་བཤེས་གཉེན། ཕུར་པ་ཧྰུམ་ཆེན་སྒྲ་སྒྲོགས། ཀླུ་དབྱངས་ཕྱག་བྲིས་སྨན་མདོ་ཨ་རུའི་གླེགས་ཤིང་། ཁྱད་པར་དུ་ཁོང་ཀླུ་ཡི་དབང་པོའི་ཕྱག་སྨྱུག་གཏེར་ནས་བཞེས་པ་རྣམས་ཁྲི་ཆེན་ལ་ཕུལ། མ་འོངས་པ་ན་སྡེ་དགེ་ལྷུན་གྲུབ་སྟེང་འདི། ཆོས་ཐམས་ཅད་ཀྱི་མཛོད་དང་། ཆོས་ཀྱི་འབྱུང་གནས་སུ་གྱུར་ནས་གཞན་ཕན་མཐའ་ཡས་པ་འབྱུང་བའི་རྟེན་འབྲེལ་ཡོད་གསུངས་པ་བཞིན། དེང་སང་ལུང་བསྟན་ཐོག་ཏུ་ཁེལ་བ་འདི་བཞིན་ལགས། སྟག་སྒང་ལྷ་ཁང་བཞེངས་གྲུབ་ནས་གཏེར་ལུང་ཁང་དམར་ནོར་ཕུབ་མ་ནས། གསར་གླ་བསི་རླིག་བུ་གང་གཏེར་དུ་བཞེས་ནས། ལྷ་ཁང་གྱང་ངོས་གཏེར་གསེར་གྱི་ལྡེབས་བྲིས་སངས་རྒྱས་སྟོང་སྐུ་སོགས་མང་དུ་བྲིས་འབུར་སྐུ་སོགས་ད་ལྟ་ཡང་ཉམས་མེད་ལྷ་ཁང་ལྷག་ཡོད། རིམ་གྱིས་བཤད་སྒྲུབ་གི་གྲྭ་བཙུག་ནས་སྐལ་བཟང་གི་སློབ་མ་མང་པོ་སྤྲིན་བཞིན་འདུས་ཏེ་དགོན་དེའི་ཐོ་བཙན་སུམ་བརྒྱ་ལྷག་ཙམ་ཡོད་རྒྱུ་རྣམ་ཐར་ནས་གསུངས། རྒྱལ་དབང་ལྔ་པ་རིན་པོ་ཆེའི་ཆབ་ཤོག་འོང་ནས་བོད་ལ་ཆིབས་བསྐྱོད་གནང་། རྩེ་རྨས་རྒྱལ་གྲྭ་ཚང་སྐུ་ཞབས་ཞིག་བསྐོས་བཞག་མཛད་ནས་ཅུང་བཞུགས་དགོས་ཐུག ཉི་གྲགས་གིས་ཁོང་གུ་རུའི་གསང་ལུང་དང་མཐུན་དགོས་པའི་ལོ་རྒྱུས་སོགས་ཞིབ་ཏུ་ཞུས་པས་ལྔ་པ་རིན་པོ་ཆེས་ཁྱེད་ཀྱི་དགོན་ས་[page 228] བཏབ་ན་ལེགས། ང་ཡི་དགོན་ཡིན། དགོན་པའི་མིང་བསྐལ་བཟང་ཕུན་ཚོགས་གླིང་འདོག་དགོས་གསུང་། ཁོང་གིས་སྒྲིག་ཆོག་བཀའ་བརྒྱད་གསང་རྫོག་གི་དུས་མཆོད་རྟེན་ཐེབས་བཞག ཉི་གྲག་སལ་རྩེ་ཕོ་བྲང་དམར་པོ་ལ་དཔོན་གཡོག་བརྒྱད་ཀྱི་གོ་གནས་དང་། ཐམ་ཀ ཏོག་ཞྭ་རྟ་བེར། རྟ་སྡོམ་གཉིས་བརྩེགས། རྟ་མགོ་གསེར་ཏོག ཐུག་རྐྱ་དར་བཅུ་གསུམ། བཀའ་བརྟེན་ཡིག་རིགས། ཟང་ཟིང་བཅས་རྒྱ་ཆེར་གནང་ནས་དགོང་པ་ཐོབ། གཏེར་འདོན་པའི་དུས་དང་བསྟུན་ནས་གཏེར་གནས་སོ་སོར་སྟོད་སྨད་ཀུན་ལ་ཕེབས་ཏེ། ཆོས་ནོར་རྫས་གསུམ་གྱི་གཏེར་བཞེས། དགོན་ས་མང་ཙམ་བཏབ་ནས། མདོ་སྨད་ཆིབས་བསྐྱོད་གནང་། རིས་མེད་ཀྱི་ཉམས་གུད་སོང་བའི་བསྟན་པ་རྣམས་སླར་གསོ། བླ་སྤྲུལ་ཆེ་ཐོབ་རྣམས་མདུན་དུ་བཀའ་གཏེར་གྱི་དབང་ལུང་ཁྲིད་གསུམ་ཕར་འབུལ་ཚུར་གསན་མཛད། མི་ཉག་རི་ཁུག་དགོན་ལ་མ་རིག་མུན་སེལ་བུམ་སྒྲུབ་ཆིང་ཕྱག་ལེན་བསླབས་ནས་བུམ་སྒྲུབ་རྒྱུན་འཛུགས་ཀྱི་རྟེན་བཞག་ནས་ཅུང་བཞུགས། ལྕགས་ལ་ཚང་དང་མཆོད་ཡོན་མཛད་ནས་དར་མདོ་ལ་ཡུན་རིང་ཙམ་བཞུགས། དེ་སྐབས་རྒྱ་ནག་རྒྱལ་པོ་ཤུན་ཚིས་བོད་ལ་བྱོན་སྐབས་གཏེར་ཆེན་གྱི་ཉི་གྲགས་དབུ་ཡི་མཆོད་གནས་མཛད་ནས། ལས་ཐམ། རྒྱ་གྲོལ། རྒྱ་དུང་སོགས་སྣེ་གྲངས་བཅོ་བརྒྱད་ནང་ཁྱུང་སེན་འབུད་ལོ་བ་ཆ་ཅིག རྒྱ་ནག་གོང་མའི་གསེར་ཡིག་ཟེར་བ་བཀའ་རྟེན་ཡིག་རིགས་སོགས་གནང་། དངོས་རྫས་སྣ་ཚོགས་པ་རྒྱ་ཆེན་ཕུལ། གོང་མའི་གསེར་ཡིག་བཞི་རྒོལ་སྐབས་བརླགས། རྗེ་འདི་ཉིས་ཀྱི་ཞལ་གྱི་བདུད་རྩི་འཐུང་བ་ལས་ཉམས་རྟོགས་ཀྱི་ལངས་ཚོ་རྒྱས་ནས་བཤད་སྒྲུབ་གྱི་ཁུར་ཆེན་འདེགས་ནུས་པའི་སློབ་ཚོགས་རྒྱ་མཚོ་ལྟ་བུའི་ནང་ཚན་སྤྲུལལ་པའི་གཏེར་ཆེན་རིག་འཛིན་གར་དབང་རྡོ་རྗེ། མཐུ་སྟོབས་ནུས་པའི་མངའ་བདག་གཉགས་རྒྱལ་ཐང་པ། རིགས་འཛིན་ཟིལ་གནོན་རྡོ་རྗེ་སོགས་རྡོ་རྗེའི་མིང་ཅན་བརྒྱད། རྫོགས་ཆེན་དཔོན་སློབ་ནམ་མཁའ་འོད་གསལ། ལྕགས་ལ་རྒྱལ་པོ་སོགས་ཀྱི་བྟན་འགྲོའི་ཕན་བདེ་སྤེལ་བའི་མཛད་པ་མཐའ་ཡས། ཆོས་བདག་ལུང་ཟིན་གཙོ་བོ་རྒྱལ་བ་དང་ལྔ་པ་ཆེན་པོ། གྲུབ་དབང་རྫོགས་ཆེན་པདྨ་རིག་འཛིན་སྡེ་སྲིད་སངས་རྒྱས་རྒྱ་མཚོ། གནམ་ལྔ་རིག་པའི་པནྟི་ཏ་ཆེན་པོ་འཇམ་དབྱངས་ཧོར་གྱི་ལོ་ཆེན་སོགས་བསམ་གྱི་མི་ཁྱབ། དགོན་པ་འདེབས་པི་དུས་ནི། རབ་བྱུང་བཅུ་གཅིག་པའི་ཆུ་མོ་བྱ་ཡི་ལོ་ལ་དགོན་པ་བཏབ། དགོན་པའི་མཚན་ནི་རྒྱལ་བ་ལྔ་པ་རིན་པོ་ཆེའི་ཤར་སྟག་མོ་སྒང་བསྐལ་བཟང་ཕུན་ཚོགས་གླིང་ཚེས་མཚན་གསོལ་དོན་ལྟར་ཡིན། མ་དགོན་སྟ་མོ་དགོན་ལ་བུ་དགོན་བརྒྱ་དང་བརྒྱ་ཅུའི་དགོན་པ་ཐོག་མ་འདི་ཡིན། དགོན་པ་འདེབས་དུས་ཀྱི་གྲུབ་མཐའ་ནི། རྒྱལ་བ་ཡང་དག་པའི་བཀའ་མདོ་སྔགས་གཉིས་ལས་སྔག་གི་ཐེག་པ་དེ་ལའང་ཕྱི་ནང་གཉིས་ལས་ནང་པ་ཐབས་ཀྱིས་བརྒྱུད་པ་རྒྱུད་སྡེ་དང་སྒྲུབ་སྡེ་ལ་གཉིས་ལས། འདིར་སྒྲུབ་སྡེ་དེ་ལ་ཡང་བཀའ་གཏེར་གཉིས་ལས་འདིར་གཏེར་མ་བརྒྱུད་པ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་སྡེ། དེ་ལ་ཡང་བཀའ་གཏེར་གཉིས་ལས་འདིར་གཏེར་མ་བརྒྱུད་པ་དྲུག་ལྡན་ནམ་དགུ་ལྡན་གྱི་ཚུལ་དུ་བྱོན་པ་སྔ་འགྱུར་རྙིང་མ། གཏེར་ཆེན་ཉི་གྲགས་ཀྱི་ཟབ་གཏེར་གྱི་ཆོས་བརྒྱུད་མཐོང་བ་རྒྱུད་ཀྱི་ཕྱག་ལེན་འགྱུར་མེད་ཉམས་པ ལགས། གདན་རབས་གཉིས་པ་མཚུངས་མེད་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་སྐུ་གསུང་[page 229] ཐུགས་ཀྱི་སྲས་མཆོག་ཁམས་གསུམ་ཆོས་ཀྱི་སྒྲོན་མེ་རྒྱལ་སྲས་སེམས་དཔའ་ཆེན་པོ་ཨོ་རྒྱན་བསྟན་འཛིན་གྲགསཔ།

གདན་རབ་གསུམ་པ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་རྡོ་རྗེ་འཆང་པདྨ་ཐེག་མཆོག་བསྟན་པའི་རྒྱན་མཚན་འདི་ཉིད་ཀྱི་ཞལ་གྱི་བདུད་རྩི་བཞེས་པའི་སློབ་བུ་གྲུབ་པའི་དབང་ཕྱུག་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ། སྟག་སྒང་མཁས་མཆོག་ངག་དབང་བློ་གྲོས་སོགས་སྨོས་ཀྱི་མི་ལང་། བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་རྒྱལ་བསྟན་དགུངས་དུ་འདེགས་པའི་ཕྱགས་རྗེས་ཤིན་ཏུ་ཆེ་བ་ལ་གཟིགས་ནས། ཀཿཐོག་དགེ་རྩེ་མ་ཧྰ་པཎྟི་ཏ་ཆེན་པོ་དང་། རིས་མེད་བསྟན་པའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེ་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་རྣམས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བ་ལགས། གདན་བས་བཞི་པ་མི་འགྱུར་ཕན་བདེ་རྒྱ་མཚོ་ནི་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཀློང་ཆེན་ནམ་འཁའི་རྣལ་འབྱོར་རིག་འཛིན་འཇིགས་མེད་གླིང་པ་འདི་ཉིད་ཀྱི་ཆོས་ཀྱི་བདག་པོར་མངའ་གསོལ་ནས་མཚན་རིག་འཛིན་འཇིགས་མེད་བསྟན་པའི་སྡེ་ཞེས་གསོལ་ནས་རྒྱལ་ཐབས་སྤྱི་བླུགས་ཀྱིས་ཆོས་ཀྱི་རྒྱལ་པོར་དབང་བཀུར་ཞིང་གཟེངས་བསྟོད་པར་མཛད། དེ་ནས་ལ་ལྟའི་བར་བསྟན་པ་རིམ་བཞིན་དར་བ་ལགས་ཀྱང་གདན་རབས་འདི་ཁུངས་དག་ཁ་གསལ་ཞིག་ད་ལྟ་འབྲི་མི་ཤེས། མདོར་ན་སྐུ་རབས་དང་པོ་གཏེར་ཆེན་ཉི་གྲགས། གཉིས་པ་ཐེགས་མཆོག་བསྟན་པའི་རྒྱལ་མཚན། གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ། བཞི་པ་འཇིགས་མེད་ཆོས་དབྱིངས་རྡོ་རྗེ། ལྔ་པ་བསྟན་འཛིན་འཕྲིན་ལས་དབང་ཕྱུག དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ། བདུན་པ་ད་ལྟའི་ཡང་སྲིད་བྱང་ཆུབ་རྡོ་རྗེ་རྒྱན་མཚན་འདིའོ། ཉི་གྲགས་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་གྱི་སྐུ་རབས་ནི་ད་ལྟ་བསྟན་འཛིན་ཆོས་ཀྱི་དབང་ཕྱུག་འདི་དང་སྐུ་རབས་དགུ་པའོ། དེ་མིན་སྲིན་རྫོང་ལ། སྤྲུལ་སྐུ་དྲུག་བདུན་ཙམ་ཡོད་ཀྱང་སྟག་དགོན་རྒྱུན་བཞུགས་ཀྱི་སྤྲུལ་སྐུ་གཅིག་ཀྱང་མེད། འདིར་ཉི་གྲགས་ཡབ་སྲས་དང་སྤྲུལ་སྐུ་གདན་ཚབ་མེད་རྗེས་རྡོ་རྗེ་སློབ་དཔོན་ནི་མཁས་མཆོག་གུ་རུ་བཀྲ་ཤིས་ནས་བཟུང་དཔོན་གྷུ་རུ་ཚང་ད་ལྟའི་བར་བླ་རབས་བརྒྱད་ཀྱིས་ཐུགས་འགན་གནང་། སྐུ་རབས་རིམ་བྱོན་གྱིས་སྐུ་གསུང་ཐུག་རྟེན་བཞེངསམཛད་ཚུལ་ནི། སྐུ་རྟེན་རྒྱ་གར་རྩ་མཆོག་གྲོང་ནས་ཀླུ་སྒྲུབ་ཕྱག་བཟོས་ཇོ་བོ་མི་བསྐྱོད་རྡོ་རྗེ་མཐོ་གང་ཙམ་ལི་སྐུ་ཉི་གྲགས་གཏེར་ཆེན་གྱིས་གདན་དྲངས་པ་རྟེན་གྱི་གཙོ་བོ་སྟོན་པ་གཙུག་རིང་འཛམ་གླིང་རྒྱན་འཁྲུ་གང་། རྡོ་རྗེ་འཆང་མདའ་ཚད། མར་མེ་མཛད་ཁྲུ་གང་ད་ལྟའང་ཡོད་སློབ་དཔོན་མི་འཛིན་མི་མདའ་ཚད་ལི་སྐུ་ཆེ་ཆུང་དྲུག་བཅུ། གསེར་ཟངས་ལས་གྲུབ་པ་སྐུ་ཆེ་ཆུང་ཆིག་བརྒྱ་ང་དྲུག་བཅས་སྡོམས་པས་སྐུ་ཉི་བརྒྱ་བཅུ་དྲུག་ཡོད་ཀྱང་ལྟ་མེད་འདག་སྐུ་བླ་མ་བདེ་མཆོག་ཁང་རྩེག་མ་ཆེ་མཆོག་དཔལ་དགུ་དེ་མཚུངས་གཏེར་ཆེན་གྱིས་བཞེངས་པ་ཉམས་མེད་ལ་ལྟར་ལྷག་ཡོད། སྟོན་པ་གཙོ་འཁོར་གསུམ། ཉེ་སྲས་བརྒྱད་སྒོ་སྲུང་གཉིས་བཅས་ཁང་རྩེག་མ་བཅས་ལྷག་ཡོད། སྟོན་པ་ཉམ་གུད་ཅུང་སོར་སྟེ་སླར་ཞིག་གསོས་ཚར། པདྨ་རིག་འཛིན་སྐུ་གདུང་ཞིག་[page 230] གསོས་ཚར་ཐོག་ཚད་གསུམ་ཅན་ཡིན། བཀའ་དགོངས་ཕུར་གསུམ་ག་དྲག་རྟ་མགྲིན་དྲེགས་ཟིལ། མགོན་པོ་ཕྱག་བཞི་མ་ནིང་བཅས་འདག་སྐུ་ཁང་རྩེག་ཅན། དྲེགས་པ་སྡེ་བརྒྱད་མི་ཚད་ཅན་བཅས་སྔར་ཡོད་ད་ལྟ་བཞེངས་མ་ཐུབ། ཐང་སྐུ་ཉི་བརྒྱ་བཅོ་བརྒྱད་བཅས་སྐུ་རྟེན་ཡོད་དར། གསུང་རྟེན་སྡེ་དགེའི་བཀའ་འགྱུར་ཚད་བརྒྱད་ལི་ཐང་བཀའ་འགྱུར་ཚར་གསུམ། བསྟན་འགྱུར་ཚར་གཉིས། རྙིང་རྒྱུད་ཚར་གསུམ། འབྲུ་ཚར་བཞི། གསེར་བྲིས་བུམ་ཆ་གཅིག མདོ་བསྐལ་གསེར་གསུམ་གསེར་བྲིས་འཇིགས་གླིང་བཀའ་འབུམ་ཆ་ཚང་གཅིག མཛོད་བདུན་ཆ་ཚང་ཉི་གྲགས་གཏེར་ཆོས་ཆ་གཉིས་ཙཀ་ལིབཅས། ཐུགས་རྟེན། བཀལ་གདམས་མཆོད་རྟེན་བཅུ་དྲུག་བཅས་སྔར་ཡོད་ད་ལྟ་མེད། བཤད་སྒྲུབ་སྲོལ་ཚུགས་ལུགས་སྔར་བཤད་གྲ་མེད་སྒྲུབ་གྲྭ་ཡོད་ཀྱང་དུས་ཀྱི་འཕོ་འགྱུར་གྱིས་ནུབ་སོང་། རྗེས་སུ་རབ་བྱུང་བཅོ་ལྔའི་པའི་དུས་ཉི་གྲགས་སྐུ་རབས་དྲུག་པས་བཤད་གྲ་གསུམ་ཅུ་སྒྲུབ་གྲྭ་ཕར་ཚུར་བཅུ་གསུམ་བཅས་རྟེན་ཐེབས་འཛུགས་བསྐྲུན་ལྷ་ཁང་བཅས་བཞེངས་ལྷ་ཁང་ཉམས་མེད་ད་ལྟ་ཡོད།

དགོན་པའི་འགན་འཁུར་པ་ནི། ཉི་གྲགས་ཡབ་སྲས་ཀྱིས་བཀའ་སློབ་ལྟར་དགོན་འདིའི་སྔར་སྲོལ་རྒྱུན་འཇགས་ལས་ཚན་ལོ་བདུན་རེ་འཁུར་དགོས། ཉི་གྲགས་ཡབ་སྲས་དགོན་ཐོག་མི་བཞུག་ཚེ་ཆོས་ཁྲིམས་གཉིས་ཀྱི་གཙོ་བོ་དེ་མིན་འགན་འཁུར་ཟུར་པ་རྣམ་ཀྱིས་བསྟན་པའི་འགན་འཁུར་སྲོལ་ཡོད། འགན་ཁུར་རྣམས་མི་གྲངས། མཁན་པོ་གཅིག་དབུ་མཛད་གཅིག ཆོས་ཁྲིམ་གཉིས། ཕྱག་མཛོད་གཉིས། གཉེར་པ་གཉིས། སྒྲུབ་མཆོད་ཞལ་ཏ་བཞི། དབྱར་གནས་ཞལ་ཏ་ལྔ་མཆོད་དཔོན་གཉིས་སྤྱི་ཆེན་གྲ་སྡེ་ཡི་སྤྱི་པ་གསུམ་བཤད་སྒྲུབ་གཉིས། སྤྱི་པ་མི་བཅུ་དྲུག་ཆོས་ཁྲིམ་གཅིག་གཉེར་པ་གཅིག་བཅས་ལ་གོ་གནས་དབུ་མཛད་གཅིག ཆོས་ཁྲིམ་གཇིས་ལོ་བདུན་ཞག་དུས་འགན་ཁུར་ཟུར་པ་མི་ཆེན་ཟེར་བ་རེད། དེ་མིན་རྣམ་ལ་གོ་གནས་ཡོད་མི་དར་ཞུ། དགོན་པའི་ས་རནགྱ་ཆེ་ཆུང་ལྕང་རག་འཁོར་ཡུག་གྲྭ་ཁང་ལྷ་ཁང་རྣམས་ཁལ་བརྒྱ་དང་དྲུག་ཅུ་རེ་བརྒྱད། གཏེར་ཆེན་ཉི་གྲགས་གྱིས་བཞེངས་པའི་ལྷ་ཁང་ཆེན་པོའི་ལྷ་བྲིས་འབུམ་གཉིས་ཉམས་མེད་ཡིན། བཤད་གྲྭ་ལྷ་ཁང་ཉམས་མེད་ལྷག་ཡོད། སྔར་ཡོད་ཁང་ཚན་གསུམ་ཅུ་ཞིག་སོང་བས་དལ་ལྟ་ཐོན་མེད། དབྱར་གནས་ལྷ་ཁང་ཐོན་མེད། སྒྲུབ་གྲུ་ཕར་ཚུར་ཁང་མིག་བཅོ་བརྒྱད་ཐོན་མེད་ལྷ་ཁང་ཆེན་མོའི་སྟེང་ཞིང་ཁམས་ལྔ་ཡི་མཚན་ཉིད་ཚང་བའི་གཟིམ་ཁང་ལྔ་ཡོད་དར་བ་བཤིག་སོང་བའི་དེ་སྔ་ཐོན་མེད། སྤྱི་ཁང་འཚོག་ཐབ་གཉེར་ཁང་ཕྱག་མཛོད་ཁང་། གཡང་ཁང་དཔེ་མཛོད་ཁང་བཅས་བརྡ་ཙམ་ཡོད། སྔར་གྲྭ་ཁང་ཉི་བརྒྱ་སོ་དྲུག་ཡོད་དར་བས་ད་ལྟ་གྲྭ་ཁང་བརྒྱ་ཅུ་གྱ་གསུམ་ཐོན་ཡོད།

དགོན་གྱི་གནའ་རྫས་ནི་མཁར་རྔ་མདོ་ཆེན་ཨ་ཐཾ་གཉིས་འགྲན་བྲལ་བཅས་མཁར་རྔ་བཅུ་དྲུག རོལ་མོ་གཏེར་སྦུབ་རྒྱ་ཕོ་བྲང་མ། ཧོར་གྲ་རྒྱ་མདུད། རྒྱ་བལ་སོགས་སྤྱི་ཀག་སོ་སོ་ལ་རྩིས་སྤྲོད་ཡོད་པ་དང་བས། བཤད་སྒྲ་སྒྲུབ་གྲུ་བཅས་ཁྱོན་བསྡོམས་རོལ་མོ་ཆིག་བརྒྱ་བཅོ་བརྒྱད། སིལ་སྙན་བཅུ་གཉིས། བལ་པོ་རྒྱལ་པོས་ཉི་གྲགས་ལ་ཕུལ་བའི་རྒྱ་གླིང་ཚེ་བུམ་གསེར་དག་བརྡུང་མ་ཆ་གཅིག དངུལ་དག་རྔུལ་ཚིགས་དཀྲིས་[page 231] གསེར་ཆེན་གདུང་ཆེན་ཆ་གཅིག ཟངས་རག་གི་གདུང་ཆེན་གསེར་དངུལ་ཤན་ཅན་ཁ་ཤས། གདུང་དཀར་གསེར་ཤོག་ཅན་ཆ་གཅིག གསེར་དངུལ་འདྲེས་མ་རྐང་གླིང་ཆ་གཅིག ཧོར་གོས། རྡོ་རྗེ་ཟ་ལམ་སོགས་ཀྱི་འཕན་རིང་སོསག་ཡོ་བྱད་རིགས་མང་ཙམ། འཆམ་གོས་མཁའ་འགྲོའི་སྤྲིན་ལ་འཐག ཧོར་གོས་རྒྱན་བཞི་སོགས་བརྒྱད་ཅུ། གར་ཆས་ཉེར་གཅིག མཚན་བརྒྱད་དང་གུ་རུ་བཅས་གསེར་འབག གསེར་དངུལ་སྤོས་ཕོར་ཆེ་ལེགས་ཆ་གཉིས། ཞ་ནནག་སུ་ཅུ་ལ་དངུལ་གྱི་ཐོད་སྐམ་ཁ་མེ་ཟངས་གསེར་ཅན་ཆེ་ལེགས་སུམ་ཅུ། དངུལ་གྱི་ཕུད་ཀོང་སུམ་ཅུ་བཅས། དགོན་པ་ཆུང་ཡང་སྦྱིན་བདག་ཆེ་བཙན་དྲག་གསུམ་རྣམས་ཀྱིས་བཞག་པའི་རོལ་བསིལ་འཁར་རྔ་འགྲན་བྲལ་རྒྱུ་བཟང་སྤུད་ལེགས་ཅན་མང་པོ་ཡོད།

དགོན་འདིའི་སྔར་སྲོལ་རྒྱུན་འཇགས་ཀྱི་དུས་མཆོད་ཀྱི་རིམ་པ་ནི། ཆོ་འཕྲུལ་ཟླ་བ་དང་པོའི་ཚེས་གསུམ་ནས་བླ་མ་བདེ་མཆོག་ཉིན་བརྒྱད་ཚེས་བཅུ་འཆམ། གྲྭ་དྲུག་བཅུ་ལས་མི་ཉུང་བ་འཆམ་མི་ཡོད། འཆམ་ཆས་ཆ་ཚང་ད་ལྟ་འགྲུབ་ཡོད། ཚེས་བཅུ་གསུམ་ནས་ཆོས་སྤྱོད་ཉིན་གསུམ། བཀའ་འགྱུར་ཉིན་གསུམ། ཚེས་ཉི་ཤུ་ནས་བཀའ་བརྒྱད་གསང་རྫོགས་ཉིན་བདུན། གྲྭ་ཉུང་ཙམ་གྱིས་རད་ཕུར་བཏོན་དགོངས་འདུས། ཕྱག་རྡོར། སེང་གདོང་བཅས་སྒྲུབ་ཁག་ལྔ། བོད་ཟླ་གཉིས་པའི་ནང་དུས་མཆོད་ཚེས་གསུམ་མ་གཏོགས་མེད། བོད་ཟླ་གསུམ་པའི་ནང་ཚེས་གཅིག་ཉིན་གཅིག ཐུགས་རྗེ་ཆན་པོ་གྲུ་ཉེར་ལྔས་ཉིན་བདུན། བོད་ཟླ་བཞི་པའི་ཚེས་གསུམ་ཉིན་ཅིག ཐུགས་ཆེན་པདྨ་རྒྱལ་པོའི་སྒྲུབ་མཆོད་ཉིན་བདུན་གྲྭ་ཞིབ་འཚོག རབ་གནས་ཉིན་གསུམ། བོད་ཟླ་ལྔ་པའི་ནང་ཚེས་གསུམ་གསང་འདུས་ཉིན་བདུན། ཚེ་སྒྭབ་ཉིན་བདུན་གྲུ་གཉེར་ལྔ། བོད་ཟླ་བརྒྱད་པའི་ནང་ཚེས་གསུམ་སྨན་བླ་ཉིན་བདུན། གྲྭ་མང་གིས་སྨྱུང་གནས་ཉིན་ལྔ། བོད་ཟླ་དགུ་པའི་ནང་ཚེས་གསུམ་གྲྭ་གཉེར་ལྶ་རྟ་མགྲིན་ཉིན་བདུན། བཅུ་པའི་ཚེས་གསུམ་དུས་མཆཆོད་མེད། བོད་ཟླ་བཅུ་གཅིག་པར་སེང་གདོང་མ་གྲྭ་གཉེར་ལྔས་ཉིན་བདུན། བོད་ཟླ་བཅུ་གཉིས་པའི་ཚེས་གསུམ་གྲ་ཞིབ་འཚོགས་གྲ་གསོས་ཉིན་ཅིག ཞི་ཁྲོ་ཉིན་བཅུ། མ་རིག་མུན་སེལ་བུམ་བསྒྭབ་ཉིན་བརྒྱད། དགུ་ཆེན་ཉིན་བདུན་བཅས་དུས་མཆོད་ཀྱི་རིམ་པམདེ་ལྟར་ལགས། མགོན་བླ་རྒྱུན་བཞུགས་བླ་གྲ་བཞི་རེ། བླ་བྲང་གི་གཡང་སྒྲུབ་ལན་གསུམ་རེ། གྲ་ཚང་གིས་གཡང་སྒྲུབ་ཉིན་བདུན། བསྒྲུབ་གྲྭར་གྲྭ་བཅུ་གསུམ། བཤད་གྲྭར་སུམ་ཅུ་བཅས་ལོ་ནར་བཞིན་ལགས། ད་ལྟ་ཚུགས་མེད་འཆམ་ནི་ཚེས་བཅུ། དགུ་ཆེན་གཉིས་སྔར་ལྟར་ད་ལྟ་གཉིས་ཀ་ཡོད་ལགས། ལྷ་ཁང་སྟེང་དུ་གསེར་ཏོག་གཉིས་རྒྱན་མཚན་ཆེ་ལེགས་གཉིས།

ཚོགས་པའི་གཏོང་སྒོ་རྟེན་ཐེབས་ཀྱི་འབྱུང་ཁུངས་ནི་སྔོན་ལ་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པས་ཉི་གྲགས་ལ་གསོལ་རྒྱགས་ཀྱིས་ཚུལ་ས་ཆུས་བཅུ་གསུམ་ཕུལ། དེ་རྗེས་སངས་རྒྱས་བསྟན་པ་ཚེ་རིང་གིས་[page 232] རྟེན་ཐེབས་ས་ཆུས་བདུན་བཅས་སྔོན་རྗེས། ས་ཆུས་ཉི་ཤུ་བཅས་ས་ཆུས་ཆེ་བ་རྣམས་ས་ཁལ་བཞི་བཅུ་ཞེ་བརྒྱད་ཆུང་བ་ལ་ས་ཁལ་བཞི་བཅུ་ཞེ་གཅིག་ལས་མི་ཉུང་བ་བཅས་ཇ་དངུལ་མར་གསུམ་དད་འབྱོར་ལྡན་འཔི་སྦྱིན་བདག་རྣམས་ཀྱིས་དུས་མཆོད་འཚོགས་པ་དང་། མཆོད་པའི་རྟེན་ཐེབས་བཞག་པ་རྣམས་བསྡོམས་ན། ཇ་འཁོར་ཆིག་བརྒྱ་དང་བཅུ། ཁྲི་ནས་བཞི། ཡང་དུ་སྡེ་དགེའི་སྐུ་ཚབ་ཀྱིས་ལོ་བཞིན་ནས་འབོ་ཉི་བརྒྱ་བརྒྱད་བཅུ། ཤ་ཁོག་བརྒྱད། མར་བོད་རྒྱ་ཅིག་བརྒྱ་བཅས་ལོ་ནར་བཞིན་ལེན་རྒྱུ་ཡོད། དངུལ་བུན་སྟོང་གཉིས་བརྒྱ། མར་ཤེ་བརྒྱ་མ་ལྔ་བརྒྱ་བཅས་ཡོད། བཤད་སྒྲུབ་སྒྲུབ་གྲྭ་གཉིས་གསར་བཞག་རང་བྱུང་བཅོ་ལྔའི་དུས་བཞག་པའི་བཤད་སྒྲུབ་གཉིས་ཀྱི་རྟེན་ཐེབས་ནི། ཇ་འཁོར་དྲུག་ཅུ་རེ་ལྔ་དངུལ་ལྔ་སྟོང་གསུམ་བརྒྱ། མར་བོད་རྒྱ་ཅིག་བརྒྱ་ལྔ་བཅུ་ནས་ཐོག་ཕབ་ན་འབོ་སུམ་བརྒྱ། སྡེ་དགེ་ལྷ་སྲས་ཚེ་དབང་བདུད་འདུལ་གྱིས་གནང་བའི་ས་ཞིང་། གཡོན་དགུ་ནས་ཞང་ཐང་རྩ་ལམ་མན་ཆད། ངོ་ཁོ་འགོ་བེ་བཅས་ཡོད་ཞུ། དགེ་འདུན་ཞལ་གྲངས་སྔ་མར་ལྔ་བརྒྱ་བུ་ཁྲི་སྟོང་ཟེར། ཁྲི་ཆེན་སངས་རྒྱས་བསྟན་པས་ཉི་གྲགས་གཏེར་ཆེན་ལ་གྲ་སྡེ་སྡེ་སྡུད་ལྔ་བརྒྱ་ཕུལ་བ་དེ་ལ་ཟེར་བུ་ཁྲི་སྟོང་ནི་རང་ཞབས་ཀྱི་གྲྭ་ཚང་རྣམས་དང་སློབ་མ་མང་དུས་ཟེར། ས་ཕག་ལོ་ལ་རང་གྲྭ། སེར་སྦྲེལ་མ་ཡིག་ནང་བླ་གྲྭ་སུམ་བརྒྱ་ཞེ་གསུམ་འདུག་གྲྭ་སྡེ་སྡེ་ཤོག་གི་མིང་གཡོག་བརྡ་མེད་དམོད་རྡ་ཆབ་ཚང་། བཞི་ལེགས་ཆབ་ཚང་སྦྲེལ་ཁ་ཆབ་ཚང་། ཉི་ལྷང་ནང་དུད་དགུ། སྤྲེལ་ཟླ་དུད་བཅུ་གཅིག་མ་གཏོགས་དེ་མིན་ཆབ་ཚང་། རྡོ་ལུ་ཝ། རྗེ་སྐྱབ། དབུ་སྙ་བ། ཁམ་ཐང་། ཨུད་དཔལ་ཚང་བཅས་གྲྭ་སྡེ་བྱ་པད་ཚལ་དུད་བརྒྱད་སྡེ་དུད་ལྔ་བརྒྱ་ལགས། གྲྭ་ཚང་བླ་གྲྭ་ཉིས་བརྒྱ་ཟིན་མིན་ཙམ་གྱི་ནང་། དགེ་ཚུལ། དགེ་སློངསྡོམ་ལྡན་ཆིག་བརྒྱ་བཞི་བཅུ་ལྷག་ཙམ་གྲྭ་སར་ལོ་བཅོ་བརྒྱད་ཡན་ཆད་དགེ་ཚུལ་སློང་གི་སྡོམ་པ་མ་ཐོབ་པ་ལྔ་བཅུ་ཡོད། སྤྲུལ་སྐུ་ཉི་གྲགས་ཡབ་སྲས་ནི་བོད་ལྗོངས་གྱིས་བདག་པོ་སྤྲད་ནས་འདུག དགོན་དེའི་ནང་ད་ལྟ་སྤྲུལ་སྐུ་རྒྱུན་བཞུགས་མེད་པས་འཕེལ་རྒྱས་གཏོང་མི་ཐུབ་པ་རེད། སྟག་མོ་དགོན་ལ་སྤྲུལ་སྐུ་རྒྱུན་བཞུགས་ཀྱི་ལོ་རྒྱུས་ཞུ་ན། ཉི་གྲགས་བླ་སྤྲུལ་བཅུ་གསུམ་ཟེར། ཉི་མ་གྲགས་པ། གཏེར་ལུང་དང་མཐུན་པའི་གཏེར་གནས་སྲིན་མོ་རྫོང་དང་བླ་མ་ཟུང་འབྲེལ་མཛད་ནས་རྒྱུན་བཞུགས་སྲིན་མོ་རྫོང་ལ་བཞུགས། མ་དགོན་སྟག་མོ་དགོན་ལ་བྱོན་ནས་ལོ་མང་ཙམ་བཞུགས་ནས་དབང་ཆོས་གསུང་བསྟན་པ་བསྐྱར་གསོ་ཉམས་གསོ་མཛད་པ་མ་ཟད། བུ་དགོན་རྣམས་ཉམས་གསོ་མཛད་པར་ཡང་བྱོན། དེ་མིན་བླ་སྤྲུལ་བཅུ་གསུམ་གྱི་མཚན་ཐོ་ནི། ཉི་གྲགས་རྒྱལ་སྲས་གཉིས་དང་། དབོན་སྤྲུལ། འགྲོ་འདུལ། གསང་སྔགས། ཆོས་རྗེ་གླིང་པ། ཀློང་ནག་ཀུ་ཀུ་སྤྲུལ་སྐུ། ས་བླ་མ། རྒྱང་རྒྱང་སྐུ་ཆེན། སྤོ་འགུར་དབོན་པོ་བཅས་ལ་ཟེར། བླ་སྤྲུལ་བཅུ་གསུམ་འགྲེ་སྐོར་ནས་ལོ་གསུམ་རེ་བསྟན་པའི་འགན་འཁུར་རེས་དགོས་དར་ཞུ། དགོན་པ་ཆགས་ནས་བཟུང་སྟག་མོ་དགོན་ལ་རྒྱུན་བཞུགས་མཛད་མི་སྤོ་འགུར་དབོན་པོ་སྐུ་རབས་བརྒྱད་དེ་མཁས་མཆོག་གུ་རུ་བཀྲ་ཤིས་སྔ་འགྱུར་ཆོས་འབྱུང་རྒྱ་ཕྱིན་གྲགས་པ་འདི་པོ་འགུར་དབོན་པོ་སྐུ་རབས་གཉིས་པ་དེ་རེད། སྐུ་རབས་ཚང་མ་འདུལ་[page 233] བ་དང་མཐུན་པ་མཁས་གྲུབ་གཉིས་ལྡན་ཤ་སྟག་བྱོན། དེ་རྣམས་ཀྱི་ལོ་རྒྱུས་ནི། ཀརྨ་བ་དགུ་པ་དབང་ཕྱུག་རྡོ་རྗེའི་དབོན་པོ་མིང་ཐོགས་དོན་རེད། ཉི་གྲགས་ཀྱིས་དགོན་འདེབས་པའི་ས་ཁལ་བརྒྱ་དང་དྲུག་བཅུ་རེ་བརྒྱད་ཀྱིས་ཕུལ་བའི་མཆོད་ཡོན་གྱི་ཐོག་མ། ཟབ་ཆོས་པདྨ་དྲག་ཁྲོས་ཆོས་བདག་ཡོན་སྟབས་འདིར་རྒྱུན་བཞུགས་དགོས་རྐྱེན་དེ་ལྟར་ལགས། སྤོ་འགུར་དབོན་པོ་སྐུ་ཆེན་ཐུབ་བསྟན་ཉི་མ་དགུང་ལོ་བཞི་བཅུ་དུས་དང་སྐུ་ཆུང་ཀུན་བཟང་བློ་གྲོས་དགུང་ལོ་ཉེར་གསུམ་སྐབས་གཉིས་ཀ་བཞི་རྒོལ་ནང་རེ་གཉིས་ལོ་སློབ་སྦྱོང་ཁང་དུ་འདས་སོང་། ཡེ་ཤེས་རྡོ་རྗེ་ཀློང་ཆེན་པའི་སྤྲུལ་སྐུ་སྐུ་རབས་གཅིག་དགོན་འདིར་རྒྱུན་བཞུགས་ཡིན། དགུང་ལོ་ང་དྲུག་ཐོག་སློབ་སྦྱོང་ཁང་དུ་རེ་གཉིས་ལོར་འདས་སོང་། ད་ལྟ་ཉི་གྲགས་ཡང་སྲིད་དང་རྒྱལ་སྲས་གཉིས་མ་གཏོགས་བླ་སྤྲུལ་བཅུ་གསུམ་ལས་གཅིག་ཀྱང་ལྷག་མི་འདུག་པས་ཡང་སྲིད་གསར་དུ་བླུ་དགོས། སྟ་མོ་དགོན་རྒྱུན་བཞུགས་མཛད་མི་སྤོ་འགུར་དགོན་པོ་ཉི་གྲགས་རྒྱལ་སྲས་ཀྱིས་ངོས་འཛིན་བློ་གྲོས་རྒྱན་མཚན་ཨ་འཛོམས་འབྲུག་པས་ངོས་འཛིན་ནས་ད་ལྟ་ལོ་བཅུ་རེད། དངོས་གྲུབ་ཡང་སྲིད་ལོ་བཞི་ཨ་འཛོམས་འབྲུག་པས་ངོས་འཛིན་མཛད་ནས་མིང་འགྱུར་མེད་རྒྱ་མཚོ་ཟེར། ད་ལྟ་དགོན་པ་ལ་ཕན་ཐོགས་པའི་བླ་སྤྲུལ་གཅིག་ཀྱང་མི་འདུག ངོས་འཛིན་ཟིན་པ་འདི་གསུམ་ནི་དགོན་པ་ལ་གསོ་སྐྱོང་བྱེད་པའི་ཆ་རྐྱེན་མེད་སྟབས་དང་གཟིམ་ཁང་སོགས་མེད་རྐྱེན་གྱིས། ཤེས་རིགས་སོགས་བསླབ་ནས་རང་ཁྱིམ་དུ་གསོ་སྐྱོང་བྱེད་བཞིན་ཡོད། ད་སྐབས་འདི་གསུམ་གྱི་འགན་འཁུར་མ་ཐུབ་བར་སྤྱི་པ་ཆོས་ཁྲིམས་རྣམས་ཀྱིས་དགོན་པའི་བསྟན་པ་ཕྱི་ནང་གི་འགན་འཁུར་རྒྱུ་ཡིན་པ་བཅས་སོ།།

བརྡ་གོ་དགོན་གྱི་ལོ་རྒྱུས།

དཔལ་བརྡ་མགོ་ལྷ་རི་འོད་གསལ་གླིང་ནི། དཔལ་ཡུལ་རྫོང་། དཔལ་ཡུལ་ཤང་། དཔལ་ཡུལ་དགོན་གྱི་ཤར་རི། སེང་གེ་གནམ་འཆོང་འདྲ་བའི་ངོས། སྤང་དང་ལྗོན་པའི་ཚལ་གྱིས་ཕྱོགས་ཀུན་མཛེས་ཤིང་། སྔོན་སྟོན་པ་དགའ་རབ་རྡོ་རྗེས་བྱིན་གྱིས་བརླབས་པའི་གནས་མཆོག་ས་ལ་སྤྱོད་པའི་འོག་མིན་གཉིས་པ་དེར་ཆགས།

ཐོག་མར་གདན་ས་འཛིན་པ་པོ་ནི། རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་སྟེ། རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་ལོ་ལ་དཔལ་ཡུལ་དགོན་དུ་འཁོར་སློབ་གྱི་འདུ་བ་རྒྱས་དྲག་པས་ཐུགས་སྐྱོ་བའི་ཚུལ་གྱིས་གནས་འདིར་ཕེབས་པས་ཉེ་གནས་པ་སོགས་ཀྱི་སྣང་ངོར་སྟ་ཕྲུག་ལྔས་རྩེད་བྲོ་ལིང་ལིང་བྱེད་འདུག་པར། རིརག་འཛིན་ཆེན་པོ་ཉིད་དགོངས་པ་ཅུང་བཞུགས་ནས། བརྡ་གོ་བྱུང་། བརྡ་གོ་བྱུང་གསུངས། སྟག་ཕྲུག་ལྔ་མི་སྣང་བར་གྱུར། རྗེའི་ཞལ་ནས་གནས་འདི་རྫོགས་ཆེན་སྟོན་པ་དགའ་རབས་རྡོ་རྗེས་ཞབས་ཀྱིས་བཅག་ཏེ་བྱིན་གྱིས་བརླབས་པའི་གནས་འདུག་གསུངས། བརྡ་གོ་ཞེས་མཚན་ཐོགས་དོན་དེ་ནས་[page 234] བྱུང་། གནས་དེའི་ཉེ་ལོགས་སུ་ཆུ་མེད་པས་རིག་འཛིན་ཆེན་པོ་ཉིད་ནས་ཉིལ་ཆུ་ཞེས་པ་དང་འཇག་ཆུ་ཞེས་པ་གཉིས་ཆུ་གཏེར་བླངས། རིག་འཛིན་ཆེན་པོ་ཉིད་ཀུན་སྤང་བྱ་བྲལ་གྱིས་འཇག་སྤྱིལ་དང་ཤིང་དྲུང་ལ་གནས་འཆའ་ཞིང་སྒྲུབ་པའི་རྒྱན་མཚན་བཙུགས། འོན་ཀྱང་བུང་བ་བཅུད་ལ་འཁོར་བ་བཞིན། ཧོར་བྲག་མགོ་གསེར་རྟ་མགོ་ལོག་རྒྱ་ནག་ཡན་ཕྱོགས་སྟོད་སྨད་མཐའ་དག་ནང་སློབ་འབངས། ཧོར་གྱི་བུ་ཆེན་གསེར་ཡེ་ཤེས་སེང་གེ་ཤུག་སྒང་སྦ་དེང་། འཇང་སྒང་ཨ་འཕེལ། གཙང་མདའ་རྡོ་རྗེ་ཐར་བཅས་བཞིའི་གཙོས་པའི་འཁོར་སློབ་མང་དུ་འདུས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པས་སྔ་འགྱུར་བཀའ་གཏེར་སྤྱི་དང་མདོ་རྒྱུུ་སེམས་གསུམ་མན་ངག་རྫོགས་ཆེན་སྙིང་ཐིགས་སོགས་འཆད་སྤེལ་མཛད། སློབ་མ་རྣམས་བཞུགས་ཡུལ་རི་འདིའི་ཉིན་སྲིབ་སྤངས་ནགས། རབ་རྗེ་སྒྲུབ་ཕུབ་མན་དང་གོ་སོ་མ་ཐ་ཡན་ཆད་ཤིང་ཕུང་གི་སྤྱིལ་བུས་གང་། ད་ལྟ་ནགས་རི་སྟོད་སྨད་རྣམས་ལ་གོ་སོ་ཡར་མར་གྱི་མིང་བྱུང་དོན་དེ་ཡིན། ཧོར་གྱི་བུ་ཆེན་བཞི་བཞུགས་ས་ཡང་གསེར་བཞུགས་ས་ཐང་ཤིང་ནགས་ར། ཤུག་སྒང་བཞུགས་ས་ཤུག་ཕུང་། འཇང་སྒང་བཞུགས་ས་འོ་སེ་ཕུང་པོ། གཙང་མདའ་བཞུགས་ཤིང་བེ་ཕུང་བཅས་ཡོད་པ་ད་ལྟར་བླ་ཤིང་བཞི་ཞེས་མིང་ཐོགས། རིག་འཛིན་ཆེན་པོ་ཉིད་ཐོད་རྒལ་གཟིགས་པའི་སྤང་འབུར་ཀོང་ཀོང་དུ་སོང་བ་དང་། རྫོགས་ཆེན་ཁྲིད་སྦྱོང་གསུང་སའི་སྤང་ལ་འོད་གསལ་གདོང་ཞེས་ཐོགས། རྩ་ལུང་ཁྲིད་ཡུལ་དེར་རླུང་ར་ནང་ཞེས་པ་འཇལ་རྒྱུ་ཡོད། ཁྲི་མུན་ཁང་བཞུགས་གནས་རྡོ་རྩེག་གི་ཁང་ཆུང་མང་ཙམ་ཡོད་པ་དལལྟ་ས་ཆ་དེར་ཁྲ་ཁང་གདོང་ཞེས་མིང་ཆགས། ཁོང་གི་མཛད་རྣམ་རྒྱས་པར་དཔལ་ཡུལ་དགོན་གྱི་གདན་རབས་ཆོས་འབྱུང་དང་གསེར་ལྷ་རྩེ་དགོན་གྱི་གདན་རབས་དག་ལས་གསལ། དེ་ནས་པདྨ་ལྷུན་འགྲུབ་རྒྱ་མཚོ་སོགས་དཔལ་ཡུལ་གདན་རབས་རིམ་བྱོན་གྱིས་ཤིང་བཞུགས་ཁང་གསར་རྒྱག་མཛད་ཏེ་བླ་བྲང་ནང་མོ་ཡར་མར་ཞེས་པ་བྱུང་སྟེ། རིམ་གྱིས་དགོན་ཆེན་དུ་གྱུར། རྟེན་གསུམ་རྩ་ཆེན་གྱི་རིགས་དང་། ཀརྨ་སྐུ་ཆེན་སྐུ་ཕྲེང་དང་པོ་ཀརྨ་བཀྲ་ཤིས་རྒྱ་ནག་གོང་མ་ཆན་ལུང་གི་དབུ་བླ་ཕེབས་དུས་ཀྱི་རྒྱ་ནག་ནང་མཛོད་རིགས་དང་གནའ་རྫས་རིགས་གདན་རབས་རྣམས་རེ་རེ་བཞིན་གྱི་རིགས་བྱེད་ཁང་རེ་རེ་༼རིགས་མཛོད་ཁང་༽ཡོད་པ་སོགས་འགྲན་ཟླ་བྲལ། འོན་ཀྱང་སྤྱི་ལོ་༡༩༠༠ཡར་མར་ཙམ་ནས་རང་བྱུང་མེ་དགྲས་འཇིག་ནས་བསྟན་དགོན་སྤྱི་དང་བྱེ་བྲག་ལ་གྱོང་ཆེ། ཁྱད་པར་དུ་མདོ་འགྲེལ་ལུང་བསྟན་རྡོ་རྗེ་སོགས་དཔེ་དཀོན་མང་པོ་ནུབས་སོང་ངོ་ཞེས་གྲུབ་དབང་དཔལ་ཆེན་འདུས་པས་གསུངས། བླ་བྲང་ཉམས་གསོ་བྱས། དེ་རྗེས་གྲུབ་དབང་པདྨ་ནོར་བུའི་སྐུ་ཕྲེང་གཉིས་པ་རིག་འཛིན་དཔལ་ཆེན་འདུས་པས་ལྷ་ཁང་བླ་བྲང་གཟིམ་ཤགས་སོགས་རྟེན་དང་བརྟེན་པ་བཅས་པ་བཞེངས། གྲྭ་ཁང་སུམ་ཅུ་ཙམ་བྱུང་། གྲུབ་དབང་རིན་པོ་ཆེ་ཉིད་དཔལ་ཡུལ་དང་བརྡ་གོ་གཉིས་སུ་རེ་མོ་བྱས་ནས་བཞུགས། ཕྱོགས་འདུས་ཀྱི་སློབ་འབངས་ཡོངས་ལ་ཆོས་འཆད་རྒྱུ་[page 235] དབང་ཁྲིད་གནང་རྒྱུ་སོགས་མཛད། གྱང་ཁང་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་རྒྱན་མཚན་ཡང་བསླུ་བདག་གིས་བྲད་གོ་བླ་བྲང་དུ་བཞག པདྨ་ལྷུན་གྲུབ་རྒྱ་མཚོའི་སྐྱེ་སྲིང་སྦྱ་ར་སྤྲུལ་སྐུ་དང་། དུས་མཆོད་འདོན་ཕྱག་ལེན་སོགས་གནའ་ལུགས་ཀུན་བཟང་ཤེས་རབ་ཡབ་སྲས་ཀྱི་ཕྱག་བཞེས་བཞིན་ཉམས་གསོ་དང་། སྒྲུབ་མཆོད་མང་པོ་བཙུགས་ནས་དེའི་རྟེན་རྩ་མཆོད་ཐེབས་གནང་། ཤིང་རྐོས་ཀྱི་སྙིང་ཐིག་གཏེར་པོད་ཁ་སྐོང་བཅས་དང་། མཁན་རྡོ་རྗེ་འཆང་ངག་གི་དབང་པོའི་གསུང་འབུམ་སོགས་པོད་ཉི་ཤུ་ཙམ་པར་རྐོ་མཛད་པ་སོགས་བརྡ་སྒོ་དགོན་ཉམས་གསོར་བཀའ་དྲིན་ཆེ། རྒྱས་པ་དཔལ་ཡུལ་གདན་རབས་ལས་གསལ། དགུང་ལོ་ཞེ་དྲུག་ཐོག་སྐུ་བཤེགས། སླར་ཡང་སྐུ་སྐྱེ་གསར་དུ་བཞད་དེ་ད་ལྟ་འཚོ་ཞིང་བཞེས་པའི་གྲུབ་དབང་པདྨམ་ནོར་བུ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་སྒྲུབ་ཆོས་ཀྱི་སྒྲ་དབྱངས་ཏེ། ཀརྨ་སྐུ་ཆེན་དང་སྔོན་པའི་བླ་མཆན་རིགས་རྒག་བླ་མ་བསམ་གྲུབ་ལྷན་ནས་དཔལ་ཡུལ་དགོན་དུ་ཀླུ་བདག་མཛད་དེ་ཆོས་ཀྱི་ཁྲི་འཕང་འཐོན་པོར་མངའ་གསོལ་རྗེས་སླར་ཡང་གོང་མའི་མཛད་རྗེས་འཕྲི་མཐུད་དེ་ལྷ་ཁང་གཟིམ་ཁང་བླ་བྲང་ཉམས་གསོ་སྔར་ལྷག་དང་། དུས་མཆོད་འཕར་སྣོན། རྟེན་བཞེངས་རྒྱ་ཆེར་དབང་ལུང་ཁྲིད་སོགས་འཆད་སྤེལ་གྱི་སྐྱོང་བ་མཛད། ༡༩༥༧ལོར་དུས་འགྱུར་སྐབས་འཕགས་ཡུལ་དུ་ཕེབས། སླར་སྤྱི་ལོ་གྱ་གསུམ་ལོ་དང་གྱ་བདུན་ཐེངས་བཞི་གོ་བཞི་ལོ་རང་ཡུལ་ཕེབས་ཐེངས་གསུམ་པའི་དུས། རྒྱལ་ཁབ་གྱིས་བརྡ་སྒོ་དགོན་ལ་དངུལ་གནང་བ་དེས་ལྷ་ཁང་ཉམས་གསོིའ་གྲ་སྒྲིག་བྱེད་སྒང་འཁེལ་བས་དེར་ཕེབས་སྣ་སེལ་བསང་ཚོགས་སྐོངས་ཆོག་བཅས་མཛད། གསུང་འཕྲོས་སོགས་ཕེབས་པར་བླ་བྲང་སོགས་གསར་དུ་ལས་དགོས་འདུག་ཀྱང་གསར་ཆགས་ཤིང་འབངས་འདུད་གྲངས་ལྔ་ཙམ་དང་། ཕལ་ཆེར་ཞིང་ཁར་སྒྱུར་ཚར་འདུག་པས་ས་ཆ་མི་འདུག་གསུངས། འོན་ཀྱང་འབྱུང་འགྱུར་ཞིང་པའི་འཚོ་གནས་དགོན་པའི་གསར་བཞེངས་བཅས་ཏང་དེང་རྒྱལ་ཁབ་དབུ་ཁྲིད་འོག་སྔར་ལྷག་ཡོང་རྒྱུར་ཐེ་མི་ཚོམ།

དུས་མཆོད་ནི། དབྱར་ཟླ་དྲུག་པའི་ནང་བསང་ཆེན་གནམ་ཆོས་རྒྱགས་རྔན་ཉིན་གཅིག ཞ་པདྨ་དབང་ཆེན་རྒྱགས་བརྔན་རིགས་འདུས་ཚོགས་སྐོང་གསོལ་ཀ་བཅས་སྦྲེལ་བའི་གསང་ཉིན་གཅིག་ཐུགས་སྒྲུབ་དབང་ཆེན་འདུས་པའི་སྒྲུབ་ཆེན་ཉིན་བདུན། དེ་དང་མཉམ་དུ་གཤིན་རྗེ་འཆི་བདག་ཟིལ་གནོན་རྟ་མགྲིན་ཁམས་གསུམ་རོལ་པ། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་པ་བདུད་དཔུང་ཟིལ་གནོན། བཀའ་སྲུང་མ་དགོན་ལྕམ་དྲལ་བཅས་སྒྲུབ་ཆེན་ཁག་དྲུག ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་སྒྲུབ་ཆེན་ཉིན་བདུན། དེ་རྗེས་བཀའ་མདོང་སྦྲུག་འཁོར་བ་ཀུན་སྒྲོལ། གཤིན་རྗེ་ཁ་མཐུན་ནག་པོ། ཕུར་པ་རོག་ལུགས། རྡོར་སེམས་ཐུགས་ཀྱི་སྒྲུབ་པ་བཅས་སྒྲུབ་མཆོད་ཉིན་བདུན། དེ་ནས་བླ་མ་མཆོད་པ་དངོས་སྒྲུབ་རྒྱ་མཚོ། སེམས་ཉིད་ངལ་གསོའི་བླ་མཆོད་མཆོག་གཉིས་ཤིང་རྟ། རྡོར་སེམས་མངོན་དགའི་ཞིང་སྦྱོང་། ཞི་ཀྲོ་ངན་སོང་སྦྱོང་བ། མཁའ་འགྲོ་ཡང་ཐིག་གི་ཞི་ཁྲོ་གཞན་ཕན་འོད་ཀྱི་འཁོར་ལོ། འཇིགས་གླིང་གསུང་སྒྱུ་འཕྲུལ་[page 236] ཞི་བ། ཁྲོ་བོ་ སངས་གླིང་བླ་མ་དགོངས་འདུས། འོད་དཔག་མེད་ཚོ་དཔག་མེད་མྱུར་ལམ། སྒྲོལ་ཆོག་ཀླུ་དབང་དགོངས་རྒྱན། བཅས་སྒྲུབ་མཆོད་ཉིན་རེ་ཙམ་དང་། བཀའ་འགྱུར་དག་ཚར། བཀའ་བརྒྱད་བདེར་འདུས་གཏོར་བཟློག་ཉིན་བདུན། ཚེ་སྒྲུབ་གསང་འདུས་ཚོགས་བརྒྱ་བཅས། དགུན་བཅའི་དུས་མཆོད་སྐབས། ཀར་གླིང་ཞི་ཁྲོའི་གནས་སྟོང་། བཀའ་བརྒྱད་རོལ་པ་ཆེན་པོའི་གཏོར་བཟློག རནྟའི་གུར་དྲག་གཏོང་བཟློག བྱང་ལུགས་ཚེ་བདག ཉང་གཏེར་དང་རནྟའི་རྟ་གསང་འབྲིལ་བའི་གཏོར་བཟློག་རནྟའི་ཕུར་པ། བདུད་འདུལ་ཕུར་པ། མ་ཏིའི་སེང་གདོང་། ཡུམ་ཀའི་སེང་གདོང་། དེ་རྣམས་གཏོར་བཟློག ཆགས་མེད་ལུགས་མགོ་གསུམ་དང་། མདོས་སྣ་ཁ་ཤས་བཅས་གསུང་དགོས། དེ་མིནདཔལ་ཡུལ་དགོན་དུ་ས་ག་ཟླ་བའི་སྒྲུབ་མཆོད། ཧོར་ཟླ་ལྔ་པའི་ཚེས་བཅུ་གཉིས་པའི་ཟླ་འཇུག་དགུ་ཆེན་བཅས་མཉམ་དུ་འཚོགས་པར་ཕེབས་དགོས།

སྐུ་གསུང་ཐུགས་རྟེན་རིགས། མེ་འཇིག་ཉམས་གསོས་རྗེས། ལྷ་ཁང་གཉིས་ནང་རྒྱུ་ཟངས་གསེར་ལས་བསྒྲུབས་པའི་སྟོན་པའི་སྐུ་ཐོག་རྩེག་གཅིག་གི་ཚད། གནའ་རབས་ལི་མདའ་ཚད་ཙམ་ལྔ། ས་འོག་ནས་བཏོན་པའི་ལི་མ་གཏེར་མ་ཟངས་སྐུ་སོགས་ཉིས་བརྒྱ་ཙམ་གསེར་གདུང་མཆོད་རྟེན་ཐོག་ཚད་ཙམ་གཅིག་མགོན་པོའིརྟིན་ཐང་ནག་མེ་རྡུགས་མ་བྱིན་ལྡན་གཅིག་གཏེར་བདག་གླིང་པའི་དབུ་ཞྭ་དང་། གཏེར་བདག་གླིང་པའི་དུར་ཁྲོད་ལྷ་མོའི་སྐུ་རྟེན་གཏེར་ཆེན་རང་གི་ཕྱག་བཟོས་ཅན་གཅིག་ཐང་ག དཔལ་བསམ་འཁྲི་ཤིང་ཐང་ལྡེབ་ཉེར་ལྔ། པདྨ་བཀའ་ཐང་དང་། མཚན་བརྒྱད་ཞལ་ཐང་སོགས་ཐང་ལྡེབ་ཉིས་བརྒྱ་ལྷག གསུང་རྟེན། བཀའ་བསྟན་འགྱུར་ཆ་གཉིས་གཙོས་པའི་པོད་སྟོང་ཕྲག་ལྷག་གི་དཔེ་མཛོད་ཆེན་པོ་གཅིག་དུང་འཁོར་གཅིག དཔར་ཁང་དུ་དཔལ་ཆེན་འདུས་པའི་གསར་བརྐོས་གནང་བའི་དཔལ་ཡུལ་འདོན་ཆ་སྐོར་སོགས་པོད་ཉི་ཤུ་ཙམ་བཞུགས། བླ་སྤྲུལ་གྲངས་ཀ། སྐྱབས་རྗེ་པདྨ་ནོར་བུ་རིན་ཆེན་དང་གྱང་ཁང་སྤྲུལ་སྐུ་རྣམ་གཉིས་དཔལ་ཡུལ་དགོན་གྱི་གྲངས་ཀར་འདུས་འཕྲོས། བླ་རྫོང་སྤྲུལ་སྐུ་སྦྱ་ར་སྤྲུལ་སྐུ་མཁན་པོ་བཀྲ་ཚོགས། མཁན་པོ་རྡོ་རྫེ། མཁན་པོ་ཀུན་བཟང་གཙོས་བླ་མ་གྲྭ་པ་བརྒྱ་དང་བཅོ་ལྔ་ཙམ་བཞུགས། འགན་ཁུར་སྟངས། དཔལ་ཡུལ་དགོན་གྱི་བསྟན་པའི་བདག་པོའི་དབུ་ཁྲིད་འོག དགེ་བསྐོས་ཆེ་ཆུང་ཕྱག་མཛོད་གཉེར་བ་སོགས་ཀྱིས་དགོན་པའི་སྒྲིག་ལམ་དཔལ་འབྱོར་གཏོང་ཡོང་འཚོ་བའི་བཀོད་སྒྲིག་བཅས་བྱ་རྒྱུ། དཔལ་འབྱོར་འབྱུང་ཁུངས་སྡེ་དགེ་ཚང་གིས་དགོན་པའི་རྟེན་རྩར་གནང་བའི་འཁོར་དུད་བཅུ་སྐོར་༼གྲངས་མ་ངེས་༽དང་མང་ཚོགས་ཀྱི་དད་འབུལ་བཅས་ལ་བརྟེན་དགོས་པ་རེད།

ད་ལྟའི་གནས་ཚུལ། རྒྱལ་ཁབ་ནས་སྒོར་ཁྲི་གཅིག་དང་གཉིས་སྟོང་བདུན་བརྒྱ་གནང་བ་དེས། རིགས་རྒ་ཚུལ་ཁྲིམས་ནས་དཀའ་ངལ་འཛེམས་མེད་འབད་བརྩོན་བཀོད་སྒྲིག་དང་དཔལ་དགོན་གཞུང་ནས་རོགས་སྐྱོར་བཅས་ལ་བརྟེན་འདུ་ཁང་ཀ་བ་ཉི་ཤུ་ཅན་དང་། ཐོག་ཁང་གཤིམ་ཁང་ཕྱི་ནང་དགོན་ཁང་། གཉེར་ཁང་། མགྲོན་ཁང་། ཐབ་ཚང་གསར་བཞེངས་གྲུབ། ནང་གི་ཁོ་སྤྱད་ལས་བཞིན་པ་ཡིན། གྲྭ་ཚང་[page 237] གྲངས་བདུན་ཙམ་བཞུགས་ཀྱང་གྲོང་གསེབ་གསར་ཆགས་དུད་གྲངས་ལྔ་ཙམ་ཡོད་པ་སྤོ་མ་ཚར་བར་བསྟི་གནས་འཁོར་ཡུལ་སྟབས་མི་ལེགས་ཕྱིར་གནས་སྐབས་དཔལ་ཡུལ་དགོན་དུ་འཚོགས་བཞིན་པའོ། དེས་དཔལ་བརྡ་སྒོ་ལྷ་རི་འོད་གསལ་གླིང་གི་འབྱུང་བ་བརྗོད་པའི་སྐབས་ཏེ་རེ་ཞིག་རྫོགས་སོ།།

ཞེས་པ་དཔལ་སྤྲུལ་མུ་ནེ་བྷ་དྲས་ཐུབ་པ་བཟང་པོས་མཐོང་ཐོས་ཁུངས་མ་གཙོར་བྱས་ཏེ་བྲིས་པ་དགེ།།

དཔལ་འཛོམས་དགོན་གྱི་ལོ་རྒྱུས།

དགོན་པ་ཐོག་མར་འདེབས་སྐབས་ཀྱི་ལོ་ཚིགས་དང་། རབ་བྱུང་། ཆོས་རྒྱུད་གང་ཡིན་མ་ངེས་ཀྱང་། ས་སྐྱའི་བསྟན་རྩིས་ལྟར་ན། འཇམ་དབྱངས་སྐྱ་པནྟི་ཏ་ཀུན་དགའ་རྒྱན་མཚན་རྒྱ་ནག་གོ་དན་རྒྱལ་པོས་དབུ་མཆོད་གནས་སུ་གདན་དྲངས་སྐབས། ལམ་ཞོར་དུ་ཁམས་ཕྱོགས་ཀྱི་སྐུ་རྟེན་གཙོ་བོ་འཛིངས་རྣམ་རྒྱལ་མགོན་པོ་བཞེངས་དུས། འདིའིདགོན་པས་བསུ་བའི་བཀོད་པ་ཐོག་གྲོལ་ཐུབ་ཙམ་དུ་ཡོད་པས་ངག་སྒྲོས་ལས་གསལ། དེ་སྐབས་དང་། དེའི་གོང་དུ་གྲུབ་མཐའ་ཆོས་བརྒྱུད། དགོན་པ་འདེབས་པ་པོ་སོགས་གང་ཡིན་ལོ་རྒྱུས་ཀྱི་ཡིག་ཆ་དང་ཁུངས་ཐུབ་ཀྱི་ངག་རྒྱུན་མེད་སྟབས་གསལ་པོར་ཞུ་མི་ནུས་ཀྱང་ས་སྐྱའི་གྲུབ་མཐའ་ནི་མིན་ལས་ཆེ། ས་པན་ཁུ་དབོན་འཁོར་བཅས་ཀྱིས་རྣམ་རྒྱལ་དགོན་ཁང་གི་བདག་པོ་བཤོས་རྒོད་སྡེ་པ་དང་དེ་དང་འབྲེལ་བའི་སྤོམ་དགོན་འདི་ཉིད་ལ་གནང་བར་བརྟེན། དེ་ནས་ས་དགོན་དུ་གྱུར་པ་མིན་ནམ་སྙམ། རབ་བྱུང་བཅུ་གཉིས་པའི་ས་བྱི་ལོ་༼1729༽དུས་ཕྱིས་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་ས་དགོན་ཉེར་ལྔ་ཉམས་གསོ་དང་གསར་དུ་འཛུགས་པའི་ཕྲིན་ལས་ཀྱི་འཇུག་པ་ཤར་ཚེ། དེའི་གྲངས་ཀྱི་ཡ་གྱལ་གྱུར་ནས། གཙུགས་ལག་ཁང་གསར་འཛུགས་དང་། ཆོས་རྒྱལ་རིམ་བྱོན་རྣམས་ཀྱིས་ཀྱང་དགོན་དེའི་བསྟན་པ་ལ་ཐོག་མཐའ་བར་གསུམ་དུ་སྦྱིན་བདག་མཛད་པ་ཡིན་ནོ།། ཆོས་རྒྱུད་ནི་འཇམས་དབྱངས་མཁྱེན་བརྩེ་དབང་པོ་ཚུན་ཆོད་མཁྱེན་བརྩེ་བུ་དགོན་དུ་གྱུར་ནས། འཇམས་དབྱངས་དབང་པོ་མཁྱེན་བརྩེ་དང་ཆོས་ཀྱི་བློ་གྲོས་རྣམས་གཉིས་ཀྱིས་གཙོ་བདག་གནང་བ་ཡིན་ལ། དགོན་དཔོན་བླ་མ་ཡང་འདིས་བསྐོ་བཞག་མཛད་དགོས་པ་ཡིན། ཕྱིས་ཆོས་ཀྱི་བློ་གྲོས་པས་སྤྲུལ་སྐུ་གཉིས་གནང་བ་ཚུན་ཆོད་དགོན་དཔོན་བླ་མའི་ཚབ་ཏུ་ཡིན་འདུག ངོར་ཐར་རྩེ་བླ་བྲང་དུ་ཡང་དགོན་ལག་ཏུ་བཅོལ་སྲོལ་ཡོད། མདོར་ན་བོད་ལྗོངས་གཞི་ཀ་རྩེར་ངོར་ཨེ་ཝཾ་པའོ་གདན་སར་བླ་བྲང་ཁག་བཞིས་རེ་མོས་བཀའ་ཆོས་གནང་བར་བརྟེན་གྲྭ་ཚང་ཡོངས་རྫོགས་དེར་ཕེབས་ནས། སྡོམ་པ་གསུམ་ཚུལ་བཞིན་དུ་མནོས། ལམ་འབྲས་བུ་དང་བཅས་གདམས་ངག་ངོར་ལུགས་དཀྱིལ་འཁོར་བདུན་གྱི་གཙོས་རྒྱུད་སྡེའི་སྐོར། གསེར་ཆོས་བཅུ་གསུམ་གཙོས་སྒྲུབ་ཐབ་ཀྱིས་སྐོར་བཅས་དབང་རྗེས་གནང་། མན་ངག ཟབ་ཁྲིད་དང་བཅས་ལེགས་པར་གསན་ནས། རབ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྙེན་པ། ཐ་ནའང་ཀྱེ་རྡོར་བསྙེན་མཚམས་[page 238] ལོ་གཅིག་ཡན་མན་དུ་བཞུགས་ཏེ། དགོན་དེར་བཞུགས་རྒྱུ་དང་། དགོན་པའི་འཆར་འགོད་དང་འཇོན་ཁུངས་ལྟར་ལས་ཐོབ་སོ་སོར་སྒྲུབ་པའི་ཐོབ་ཐང་དང་ལྡན་པ་ཡིན་ལ། དེ་མིན་འོད་ཚོད་དང་བབ་ཅོལ་དུ་འཇུག་པའི་གང་ཟག་ཕར་ཞོག ཆོས་བརྒྱུད་གཞན་ལ་བཞུགས་པའི་གྲྭ་པ་ཡང་འདིར་འཚོགས་སུ་འཇུག་པའི་སྲོལ་མེད། དགོན་འདིར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཇི་ལྟར་བྱོན་ཚུལ་ནི། འཇམས་དབྱངས་ས་སྐྱ་པནྟིཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། འགྲོ་མགོན་ཕྱག་ན། ས་སྐྱའི་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམམ། འཇམས་དབྱངས་མཁྱེན་བརྩེ་དབང་པོ། བློ་གཏེར་དབང་པོ། སྒ་ངག་དབང་ལེགས་པ། འཇམ་དབྱངས་རྒྱན་མཚན། ཆོས་ཀྱི་བློ་གྲོས། སྡེ་གཞུང་མཆོག་སྤྲུལ་ཀུན་དགའ་བསྟན་པའི་རྒྱན་མཚན། དཔོན་གུའི་གུ་བཀྲ། འཇུ་མི་ཕམ། ཀརྨ་པཀྴི་སོགས་ས་དགེ་བཀའ་རྙིང་གིས་རིས་མེས་ཀྱི་སྐྱེས་བུ་གྲངས་ལས་འདས་པ་ཞབས་ཀྱིས་བཅགས་ནས་དགོན་འདིའི་བྱ་བ་ལ་མཛད་རྗེས་ཀྱང་མི་དམན་པ་གནང་བ་དང་། ཁྱད་པར་མཁྱེན་བརྩེས་དགོན་པའི་བསྟན་པ་ཕྲ་རགས་ཀྱི་བྱ་བ་ཐམས་ཅད་ཐུགས་ཁུར་རྒྱ་ཆེར་གནང་བ་ཡིན། གསང་བདག་རྡོ་རྗེ་འཛིན་པ་འཇམ་མགོན་བློ་གཏེར་དབང་པོས་ཀྱང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་གི་བདུད་བརྩི་དགོན་འདིའི་གསོས་སུ་བཀྱེ་བ་བློ་གཏེར་རྣམ་ཐརིདུ་གསལ། ཉམས་རྒུད་ཇི་ལྟར་ཇི་ལྟར་བྱུང་བ་ལ། སྔོན་ཆད་གསལ་ཐག་ཆོད་པའི་ལོ་རྒྱུས་མེད་ཀྱང་། སྡེ་དགེ་རྒྱལ་པོ་གཙུག་ལག་ཁང་གསར་བཞེངས་མ་བྱས་གོང་། ལྷ་རྒན་རྒྱབ་ཅེས་པ་དེང་དུས་གྱང་རལ་ཙམ་ལས་མེད་མོད་བོགས་རྒོད་སྡེ་པ་དང་ཨ་ཁྲག་སྡེ་པ་གཉིས་ཀྱི་ཁྲོམ་ཁྲི་དཔོན་རྒྱལ་པོ་ལས་དཔུང་གིས་འཕྲོག་པའི། ཐུབ་པ་རྒྱབ་ལུང་ཅན་ཞེས་པའི་སྐད་གྲགས་ཅན་ཞིག་བོག་རྒོད་སྡེ་པ་དང་སྦྲེལ་བའི་དགོནདེའི་ཆོས་གནས་སུ་ཡོད་སྐད་ལ། སྡེ་དགེ་རྒྱལ་པོས་བོགས་རྒོད་སྡེ་པ་དབང་དུ་སྡུད་སྐབས་སྡེ་དགེར་གདན་དྲངས་པའི་ལོ་རྒྱུས་ཀྱང་ཡོད། གང་ལྟར་སྔོན་ཆད་ཇི་ལྟར་འཕེལ་འགྲིབ་བྱང་བ་མི་གསལ། བཞི་རྒོལ་དང་། རིག་གནས་གསར་བརྗེ་ཆེན་པོས། གཙུག་ལག་ཁང་ཕྱི་རྟེན། བླ་བྲང་། མཛོད་ཁང་། སྤྱི་ཁང་། གྲྭ་ཁང་དང་བཅས་པ་རྨད་མེད་དུ་བཟོས་པ་མ་ཟད། ནང་རྟེན་ཡང་བྲྒྱ་ཆ་བདུན་བཅུ་ཡན་མན་དུ་འཐོར་བརླག་སོང་བ་ངོ་སཐཔཐརོད་མདོར་བསྡུས་ནི། སྐུ་རྟེན་གྱི་སྐོར་ལ། ལི་མ་དང་གཏེར་མའི་རིགས་སྐུ་འྡར་བཞི་ཅུ་བཞི་གཉིས། སྨན་འདགས་དང་འཇིམས་སྐུ་ཉེར་ལྔ། ཐང་ཀ་བདུན་ཅུ། གསུང་རྟེན་དུ། གསེར་དངུལ་གཉིས་ཀྱི་ར་མ་ལུག་བྱས་པའི་བཀའ་འགྱུར་ཆ་གཅིག ལི་ཐང་བཀའ་འགྱུར་ཆ་གཅིག སྡེ་དགེ་བཀའ་འགྱུར་ཆ་གཉིས། བསྟན་འགྱུར་ཆ་གཉིས་ཀྱིས་མཚོན། སྒྲུབ་ཐབས་ཀུན་བཏུས། རྒྱུད་སྡེ་ཀུན་བཏུས། ལམ་འབྲས། ས་སྐྱ་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ། ཞུ་ཆེན་བཀའ་འབུམ་སོགས་གཞན་ཡང་འདོན་ཆའི་རིགས་བཅས་བསྡོམས་པོད་སྟོང་གཅིག་ལྷག་ཙམ་མིང་གི་ལྷག་མ་རུ་གྱུར། ཐུགས་རྟེན་ནི། བློ་གཏེར་དབང་པོའི་སྐུ་གདུང་རྒྱུ་རིན་པོ་ཆེ་གསེར་དངུལ་ལ་གྲུབ་པའི་མཆོད་རྟེན་མི་ཚད་ཙམ། གཟི་དང་མུ་མེན་བྱུ་རུའི་ཕྲ་ཚོམ་ཅན། བཀའ་གདམས་མཆོས་རྟེན་གྱི་རགས་གཞན་ཡང་སྦུག་ཆལ་དང་སིལ་ཁྲོལ་དུང་རྒྱ་གླིང་། གདུགས་[page 239] དང་རྒྱན་མཚན་གྱི་མཚོན་ཡོ་བྱད། འཆམ་གོས་དང་འཚོགས་སྣོད་བཅས་ཕལ་པོ་ཆེ་འཐོར་བརླག་ཏུ་སོང་། གདན་རབས་སམ་ཁྲི་རབས་སྔོན་ཆད་ཇི་ལྟར་ཡིན་པ་ངོ་སྤྲོད་དཀའ་བར་མཆིས་ཀྱང་། བྱང་ཆུབ་རྒྱན་མཚན། མཁྱེན་རབ་ལས་སྒྲུབ། བློ་གྲོས་དཔལ་བཟང་། རིན་ཆེན་རྒྱ་མཚོ། བློ་གྲོས་ཡེ་ཤེས། ལས་སྒྲུབ། འཇམས་དབྱངས་ཐབས་མཁས། ཀུན་དགའ་དཔལ་བཟང་། བྱམས་པ་བཀྲ་ཤིས། རིན་ཆེན་འོད་ཟེར། ཞེ་ཚེ་མགོན་པོ། ངག་དབང་སྨོནལམ། བསོད་ནམས་ཕུན་ཚོགས། ཀརྨ་རྡོ་རྗེ་བཅས་སྤྱི་ཚོགས་རྙིང་པའི་ཁྲི་པ། འཇམས་དབྱངས་ཡོན་ཏན་ཕུན་ཚོགས། ད་ལྟ་ཁྲི་འཛིན་བཞིན་པ་འཇམས་དབྱངས་ཆོས་འབྱུང་། འཇམས་དབྱངས་རིན་ཆེན་ཕུན་ཚོགས། འཇམས་དབྱངས་གྲགས་པ་རྒྱན་མཚན་ངག་དབང་ཕུན་ཚོགས་བཅས་འབུད་ལ་ཉེ་བའི་ཁྲི་པའོ། གཞན་ཡང་སྔོན་ཆད་མཁྱེན་བརྩེས་དགོན་དཔོན་ངུ་གནང་བའི་མཁར་སྒང་བླ་མ་སྔ་ཕྱི་བཅས་དེ་ཐམས་ཅད་ཀྱང་མཁས་གྲུབ་གཉིས་ལྡན་པ་ཤ་སྟག་ཡིན་ཏེ། ཁྲི་འཛིན་འབུད་ལུགས་ཀྱང་། བཤད་གྲྭ་གང་རུང་དུ་གཞུང་ཆེན་བཅུ་གསུམ་དང་སྤྱི་ལྗོན་བརྟག་གསུམ་སོགས་གྱི་དོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ནས། བཅད་དོན་ཉམས་ལེན་ལ་ཡི་དམ་རྣམས་ཀྱི་བསྙེན་མཚམས་ལོ་གྲངས་དུ་མའི་བར་དུ་བཞུགས་ཏེ། གཟོད་དགོན་དེའི་ལས་ཚན་གོ་རིམ་མ་འཁྲུལ་བར་བཟུང་ནས་ཁྲི་པ་འབུད་པའི་སྲོལ་དེང་དུས་ཀྱི་བར་མི་ཉམས་པར་བཞུགས་སོ།། དེ་རྣམས་ཀྱིས་མཚོན་དགོས་པའི་བསྟན་པ་ལ་བསམ་ལས་འདས་པའི་ཕྱག་ལས་གནང་ཡོད་ཀྱང་ཞིབ་ཆ་ཡི་གེ་མང་བར་འཇིགས་ནས་མ་བཀོད་ལ། སྡེ་དགེ་ཆོས་རྒྱལ་རིམ་བྱོན་དང་། མཁྱེན་བརྩེ་ཆོས་རྒྱལ་རིམ་བྱོན། བྱ་རྒོད་དཔོན། ཨ་ལིང་ལྭ་དཀར་ཚང་དང་གཞན་ཡང་འདི་དགོན་དུ་གཏོགས་པའི་བླ་མ་ཀུན་དགའ་དཔལ་བཟང་དང་ཞེ་ཚེ་མགོན་པོ་སོགས་ཀྱིས་རྟེན་བཞེངས་ཀྱི་བཀའ་དྲིན་གཞལ་དུ་དཀའ་བ་ཡིན་ནོ། དེང་སང་དགོན་པའི་ཕྱག་ཏུ་འབྱོར་བའི་རྟེན་རྙིང་གི་སྐོར་ལ། ལི་སྐུ་དྲུག དེ་མིན་གསེར་སྐུ་སུམ་ཅུ་སོ་བརྒྱད། ཐང་ཀ་དྲུག་ཅུ། བཀའ་འགྱུར་ཆ་གཅིག སིལ་ཁྲོལ་ཆ་ལྔ། སྦུབ་ཆལ་ཆ་བདུན་ཚོགས་ཟང་བཞི། འཆམ་གོས་དགུ། འཕན་གདུགས་རྒྱན་མཚན་མཚོན་ཡོ་བྱད་བཅོ་བརྒྱད་བཅས་བདོག གསར་དུ་བཞེངས་པའི་བཀའ་འགྱུར་ཚར་གཉིས། བསྟན་འགྱུར་ཚར་གཉིས། ཚོང་དཔོན་རྡོ་རྗེ་ཆོས་རྒྱལ་གྱིས་རྒྱ་གར་ནས་གདན་དྲངས་པའི་ཐུབ་པ་དཔངས་སུ་ཁྲུ་བཞི་ཅན་གཙོ་འཁོར་གསུམ། དེ་མིན་སྐུ་གསར་པ་ཚེ་ལྷ་རྣམ་གསུམ། སྒཽལ་མ་ཉེར་གཅིག་བཅས་དང་། གསེར་གླིང་ཆ་གསུམ། གསེར་གདུང་ཆ་གཉིས་སྤོས་ཕོར་ཆ་གཉིས་དྲུབ་འཚེམ་འོག་གདན། ཕྲུག་གདན་སོགས་གདན་གྱི་རིགས། འཆམ་གོས། མཆོད་ཡོ་སོགས་མང་ཙམ་བསྒྲུབ་ཟིན་པ་བཅས་སོ། དུས་མཆོད་སོགས་ཀྱི་རྒྱུན་སྲོལ་ནི། ཧོར་ཟླ་དང་པོའི་ཚེས་བཅུ་གཅིག་ནས་ཉེར་བརྒྱད་ཀྱི་བར་མཁའ་སྤྱོད་སྒྲུབ་མཆོད། ཚེས་ཉེར་དགུ་ནས་ཧོར་ཟླ་གཉིས་པའི་ཚེས་ལྔ་ཡི་བར་ཀྱེ་རྡོར་སྒྲུབ་མཆོད། ཧོར་ཟླ་བཞི་པའི་ཚེས་བཞི་ཉེར་གསུམ་གྱི་བར་ཀུན་རིག་སྒྲུབ་མཆོད། དེ་ནས་དབྱར་གནས་མཛད་པ་དང་གྲོལ་མ་ཐག་རྩ་གསུམ་དྲིལ་སྒྲུབ་ཉིན་གཉིས། བསང་ཐུགས་རྗེ་ཚད་མེད་ཉིན་གཅིག [page 239] སྤྱོད་འཇུག་ཉིན་གསུམ་བཅས་འཚོགས་རྒྱུ་དང་། ཧོར་ཟླ་དགུ་པའི་ཚེས་གཅིག་ནས་བཅུ་གཇིས་གྱི་བར་མི་འཁྲུལ་སྒྲུབ་མཆོད། ཚེས་བཅུ་བཞི་ཉིན་ས་ཆེན་ཀུན་སྙིང་གི་འདས་ཆོས། ཚེས་ཉེར་བརྒྱད་ནས་ཉེར་དགུ་བར་མགོན་པའི་འཆམ་དང་ཟོར་འཕེན། འདི་མཚམས་ཉི་ལྡོག་ཉིན་གཅིག་ལ་གཏོར་རྒྱག་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་གསུམ་གྱི་བར་བསྟན་པ་རྒྱས་ཆོག་ཚེས་བཞི་ནས་དྲུག་གི་བར་གྲྭ་གསོའི་ཀུན་རིག་ཆོ་ག་ ཚེས་བཅུ་བཞི་ནས་ཉི་བཤུ་བར་གཏོར་རྗེ་དང་སྦྲག་ས་པན་འདས་མཆོད། ཚེས་ཉེར་དྲུག་ནས་སུམ་བཅུ་བར་ཚེ་ལྷ་རྣམ་གསུམ་གྱི་ཆོ་ག། ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ནས་ཉེར་དགུ་བར་འཇིགས་བྱེད་འཆམས་དང་ཟོར་འཕེན་བཅས་ཕྱག་བཞིས་འཁྲུལ་མེད་དེང་དུས་ཀྱི་བར་དུ་གནས་སོ།

དེང་སང་བསྐྱར་གསོ་བྱས་པ་ནི། རབ་བྱུང་བཅུ་བདུན་པའི་ཤིང་གླང་ལོར་ཆོས་སྒོ་ཕྱེས་ནས། མེ་སྟག་ལོ་འདུས་སྤྱི་ཇ་ཁང་གྲུབ་དང་གྲྭ་ཤག་བཞེངས་པའི་དབུ་བཙུགས། མེ་ཡོས་ལོ་ནས་ད་བར་རྟེན་གཙུག་ལག་ཁང་ཀ་མེད་དགུ་བཅུ་གོ་དགུ་ཐོག་རྩེག་གསུམ་ཅན་གསེར་ཏོག་རི་དྭགས་ཆོས་འཁོར་དང་བཅས་པ། བརྟེན་པ་དུས་གསུམ་སངས་རྒྱས། གུ་རུ་སྣང་སྲི་ཟིལ་གནོན། གོང་མ་རྣམ་ལྔ། བིརླ་བཅས་འཇིམ་པ་ལས་གྲུབ་པའི་སྣང་བརྙན་ཚད་ལྡན་གྲུབ་ཟིན་པ་དང་དེ་དང་དུས་མཚུངས་སུ་གྲྭ་ཤག་བདུན་བཅུ་དོན་གཅིག། གཉེར་ཁང་ངམ་མཛོད་ཁང་ཟོག་ཏུ་རོལ་ཁང་བཅས་ཐོག་ཚད་གསུམ་ཅན་བཅས་བཞེངས་ཟིན། གཞན་ཡང་གཏེར་ཆེན་བདུད་འདུལ་རྡོ་རྗེའི་སྒྲུབ་གནས་ཁྱད་པར་ཅན་ལྷ་དབེན། བྲག་དབེན། ཆུ་དབེན། རྮུང་དབེན་བཅས་དབེན་གནས་བཞི་ཡང་དགོན་འདིས་བདག་གིར་བཟུང་ནས་སྒྲུབ་ཁང་མི་ཉུང་བ་ཞིག་ཉམས་གསོ་དང་གསར་འཛུགས་བྱས་ཡོད་དང་། བྲེ་ཟླའི་དབེན་ཁྲོད་དང་ར་དགོན་དབེན་གནས་རྣམས་ལ་ཡང་སྒྲུབ་ཁང་མང་དུ་བཙུགས་ཟིན། དེར་གནས་སྒྲུབ་པོ་མི་ཉུང་བ་ཞིག་ཉམས་ལེན་རྒྱུན་ཆགས་སུ་གནས་ནས་བཞུགས་བཞིན་པ་དང་བཅས་སོ། བདུན་པ། དགོན་འདིའི་བཤད་གྲྭ་དང་སྒྲུབ་གྲྭ་ཇི་ལྟར་ཡོད་པའ་སྐོར་ལ། སྔོན་ཆད་བཤད་གྲྭ་དང་སྒྲུབ་གྲྭ་མིང་བཏགས་མེད་ཀྱང་། དུས་ཕྱིས་སུ་མཁན་ཀརྨ་བཛྲ་བྱོན་ཚུན། དབྱར་སྟོན་དགུན་དུས་སུ་མདོ་སྔགས་ཀྱི་སྡེ་སྣོད་ལ་འཆད་ཉན་མཐར་ཕྱིན་མཛད་པའི་བཤད་གྲྭ་ཞིག་འཛུགས་ཀྱང་ཁོང་ཞིག་བྱོན་ཚུལ་དེའི་སྲོལ་ནུབ། སྒྲུབ་གྲྭ་ནི། གོང་དུ་བཤད་པའི་སྒྲུབ་གནས་དེ་དང་རང་ཤགས་སུའང་ཉམས་ལེན་གྱི་རིམ་པ་སྟར་ཆགས་གནང་བ་ནི་སྔོན་ནས་ད་བར་སྲོལ་ཡོད་དོ། བསྟན་བདག་དང་དགེ་བསྐོས་ཀྱི་དབང་ཆ་ནི། བསྟན་བདག་དེས་དགོན་དེའི་བསྟན་པ་ཕྲ་རགས། ཆུས་ཡག་ཉེས་ཐམས་ཅད་ལ་སྐུ་ཚེ་མ་གཏོང་གི་བར་དུ་རྒྱན་མ་ཆགས་སུ་ཐུགས་ཉམས་བཞེས་དགོས་པ་དང་། དགེ་བསྐོས་ཀྱིས་ཀྱང་ལས་ཐོབ་ཀྱིས་ལོ་གཏན་འཁེལ་བྱས་ནས་ལོ་དེའི་རིང་ལ་འགན་བཞེས་དགོས་པ་ཡིན། འ ཉམས་ཆུང་རང་ཁ་རང་གསོས་ཀྱི་དགོན་པ་ཞིག་ཡིན། བརྒྱད་པ་མཆོག་གི་སྤྲུལ་སྐུ་[page 241] འཇམ་དབྱངས་འཕྲིན་ལས་རྣམ་རྒྱལ་མ་ནི། སྡེ་དགེ་རྫོང་སྨད་ཤོད་ཆུས་ཧོར་པ་རྔ་མོང་རབ་བྱུང་བཅོ་ལྔ་པའི་འབྲུག་ལོར་དགེ་བའི་ལྟས་དང་བཅས་སྐུ་བལྟམས། དགུང་ལོ་དགུ་པར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཕུ་ཁུང་དགོན་པའི་སྤྲུལ་སྐུར་ངོས་འཛིན། འོན་ཀྱང་ཡབ་ཉི་མ་རྒྱལ་མཚན་དེའི་སྐུ་ཕྲེང་གོང་མའི་ཕྱག་མཚོད་ཡིན་སྟབས་གོང་མ་འདས་རྗེས་ཕྱག་མཛོད་དང་དགོན་པའི་བར་འགལ་བ་ཆེར་གྱུར་ནས་ཉི་མ་རྒྱལ་མཚན་རྔ་མོང་སྣ་སོག་མོ་དཔོན་ལ་མགོ་བཏགས། དེར་བརྟེན་ཕུ་ཁུང་དགོན་ལ་སྤྲུལ་སྐུའི་ཡང་སྲིད་ལ་མོས་པ་ཆེར་མེད་པས། ཆོས་ཀྱི་བློ་གྲོས་སྐྱིས་སྤོམ་རྫོང་དགོན་ལ་བསྟན་བདག་ཏུ་གནང་། སྤོམ་རྫོང་དགོན་གྱི་བདག་ཏུ་བཟུང་ནས་བསྟན་པའི་བདག་པོར་མངའ་གསོལ། ཆུང་ནས་བཟུང་ཡབ་ལ་བསྟེན་ནས་ཡི་གེ་འབྲིི་ཀློག་ནས་གསང་སྔགས་རྙིང་མའི་འདོན་ཚོགས་རིགས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཉིས་ནས་ཉི་བཤུ་བར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཙོས་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་ལ་བསྙེན་ཏེ་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་གྱི་རྒྱ་བཅད། བློ་གྲོས་ཀྱི་རྩལ་དང་གྲུབ་པའི་རྟགས་སོགས་གང་ལ་ཡང་ཐོགས་པ་མེད་པར་ངོ་མཚར་བའི་གནས་སུ་གྱུར་བས་ཆོས་ཀྱི་བློ་གྲོས་ཀྱིས་ཀྱང་བསྟོད་སྔགས་ཀྱི་མེ་ཏོག་འཐོར། དེ་ནས་རང་དགོན་ལ་ཕེབས་ནས་ཡུན་རིང་མ་འགོར་བར། བོད་ལྗོང་ས་འཕན་པོ་ནྰ་ལེནྡྲ་རོང་སྟོན་ཆེན་པོའི་གདན་སར་གྲྭ་སྐོར་ཕེབས་ནས་ཚར་བའི་ཟབ་ཆོས་མང་དུ་གསན། དེ་འཕྲལ་སྤོམ་རྫོང་དགོན་དུ་ལོག་ནས་བླ་བྲང་ཞིག་གསོ་དང་བསྟན་པའི་བྱ་བ་ལ་འདུ་འགོད་མང་དུ་གནང་། འོན་ཀྱང་དུས་དབང་གིས་སྤྱི་ལོ་1957ལོར་འབྲས་ལྗོངས་རྒྱལ་ཁབ་ཏུ་བྲོས་བྱོལ་མཛད་ནས་དེང་དུས་ཀྱི་བར་དུ་ཡུལ་དེར་གནས་སོ། མཆོག་སྤྲུལ་གཉིས་པ་དཔོན་གུའི་དཔོན་བོའམ་མཚན་གཞན་ཀུན་དགའ་ཡེ་ཤེས་ནི། དཔོན་གུའི་གདུང་ལས་ཡབ་བདྨ་ཚེ་དབང་དང་ཡུམ་དྲན་འབུམ་ཨ་ཟླ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོར་སྐུ་འཁྲུངས། དགུང་ལོ་ལྔ་ནས་བརྩམ་སྟེ་ཡི་གེ་འབྲི་ཀློག་གི་བྱ་བ་ལ་བརྩོན། སྤྱིར་འདིའི་གདུང་ལས་གུ་བཀྲ་སོགས་མཁས་གྲུབ་གཉིས་ལྡན་སྐྱེས་བུ་དམ་པ་ཤ་སྟག་བྱུང་། བྱེ་བྲག་རིག་གྲོལ་ཡོན་ཏན་གྱིས་ཕྱུར་བུར་གཏམ་པའི་མཆོག་སྤྲུལ་འདི་ཉིད་བགྲང་བྱ་དགུར་སོན་སྐབས་དགེ་བའི་བཤེས་གཉེན་ལས་གྲུབ་ཀྱི་ལྟས་བཟང་རྨིས་པ་ལ་བརྟག་པ་ན། ཆོས་ཀྱི་བློ་གྲོས་ཀྱིས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྲུལ་པར་ངོས་འཛིན། བགྲང་བྱ་བཅུ་པར་འདི་དགོན་དུ་གཏོགས་པའི་གྲྭ་ཞབས་ཡིན་སྟབས་མི་འཇིགས་སེང་གེའི་ཁྲི་ལ་ཞབས་སེན་རྣམ་པར་བཀོད། འདི་ནས་བཟུང་རྫོང་གསར་དུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་བདག་བཅེས་གཟིགས་སྐྱོང་གི་བཀའ་དྲིན་གནང་བ་ལ་བརྟེན། མདོ་སྔགས་རིག་གནས་དང་བཅས་པ་ལ་བརྩོན་པའི་ཐུགས་རྟག་ཏུ་བཞོལ་བས་མཁས་པའི་གོ་སར་སླེབས། ཕྱི་སོ་ཐར་གྱི་སྡོམ་པ། ནང་བྱང་སེམས་ཀྱི་སྡོམ་པ། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་རྣམས་ལས་སྐད་ཅིག་ཙམ་ཡང་འགལ་མ་མྱོང་བའི་ཡོན་ཏན་གྱི་དྲི་བསུང་ཕྱོགས་བརྒྱད་འགྱིད་པ་སྟེ་མཁས་བཙུན་བཟང་གསུམ་གྱི་རྒྱལ་མཚན་སྲིད་རྩེར་ཕྱོགས་མེད་དུ་བསྒྲེངས། བགྲང་བྱ་བཅུ་བདུན་ཚུན་ཆོད་དགོན་[page 242] འདིའི་བསྟན་པའི་འདུ་གོད་དང་གཟིགས་སྐྱོང་གི་སྐུ་ཚེའི་འདུ་བྱེད་མ་གཏོང་གི་བར་དུ་ཉེ་བར་བསྟན་པ་ཡིན་ནོ། ཇི་ལྟ་ཇི་སྙེད་པའི་གནས་ལྔ་རིག་པའི་གསེར་སྲབ་ཀྱིས་ལེགས་པར་བཀུག་པའི་མཁས་པའི་དང་པ། རྣམ་པར་དག་པའི་ཚུལ་ཁྲིམས་དྲི་མ་མེད་པའི་མ་ལ་ཡའི་རླུང་གཞོན་གྱིས་སྡོམ་གསུམ་གཉིས་འཐུངགི་ཚོགས་ཞ་དགའ་མགུར་སྤྱོད་པའི་དཔལ་སྟེར་བ། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་མཛད་པའི་གྲགས་སྙན་རིནཔོ་ཆེའི་རྒྱན་བཟང་རྣ་བར་འགོད་པའི་མཆོ་སྤྲུལ་འདི་ཉིད་རབ་བྱུང་བཅུ་བདུན་པའི་ས་འབྲུག་ལོར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་ཐིམ་སོང་།

ཞར་བྱུང་ཡོན་གྱི་འབྱུང་ཁུངས་སོགས་ནི། སྔོན་ཆད་སྡེ་དགེ་རྒྱལ་པོ་དང་། ཡིད་ལྷུང་བྱ་རྒོད་དཔོན། ཨ་ལྡིང་ལྭ་དཀར་ཚང་། སྡེ་གལུང་བ་བཅས་ཀྱིས་དགོན་འདི་ལ་འཛུགས་བསྐྲུན་གྱི་རོགས་སྐྱོར་གནང་བར་ཡིན་ལ། གཙོ་བོར་དགོན་དེའི་བདག་ཏུ་གཉེརི་བའི་ས་ཞིང་ལ། སྤྱི་པའི་ཆུས་ལག་སུམ་ཅུ་ཞེས་པ་ནོར་པ་སྟོད་སྨད། སྤིས་ཚ་སྟོད་སྨད། བྱེ་མགོ སྒ་རུ། མཁའ་ལུང་། སྡེ་སྒང་ཤོད། པྲེ་ཟླ། ཝ་དིལ་བཅས་ལ་ས་ཞིང་ཁལ་གྲངས་བཞི་བརྒྱ་ལྷག་ཙམ་དང་། དེ་རྣམས་སུ་དགོན་དཔོན་དང་། མི་འཁྲུགས་བསྟན་རྩ། དབྱར་གནས་བསྟན་རྩ་བཅས་ས་ཞིང་ཁལ་གྲངས་ཉི་བརྒྱ་ལྔ་བཅུ་ལྷག་ཙམ་ལ་བརྟེན་ནས་དུས་མཆོད་ཀྱི་བརྟེན་འཛུགས་པ་ཡིན་ནོ། དེང་དུས་སུ་འོག་སྡེ་སྤིས་ཚ་སྟོད་སྨད་དང་། ནོར་པ་སྟོད་སྨད་ཡོངས་རྫོགས་བྲེ་ཟླ་དུད་ཚང་བཅུ་གཉིས་བཅས་དུད་གྲངས་ཉིས་བརྒྱ་དྲུག་བཅུ་རེ་ལྔ་ཙམ་ལ་སྔོན་ཆད་ལས་དུད་གྲངས་ཉུང་ཡང་། མདོར་ན་ས་ཞིང་སོགས་གང་ལ་ཡང་དབང་དུ་མི་འགྱུར་པས་འོག་སྡེ་འདི་ཉིད་ལ་བརྟེན་ནས་ཡོན་གྱི་འབྱུང་ཁུངས་སུ་འགྱུར་ཡོད། དགོན་དེའི་ཀུན་དགའ་ར་བའམ་སྐྱེས་མོས་ཚལ་བདག་ཏུ་གཉེར་བྱ་འཁོར་ཡུག་མུའུ་གྲངས་དྲུག་བརྒྱ་ལྷག་ཙམ་ཡོད། སྔོན་ཆད་བླ་གྲྭ་ལྔ་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཡོད་ཀྱང་། དེང་དུས་བརྒྱ་ཉི་ཤུ་ཙམ་ལས་མེད་ལ། དེ་ཐམས་ཅད་ཀྱང་བཀའ་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་གསུམ་ལ་ཉམས་ལེན་སོགས་ཆོས་སྤྱོད་ཀྱི་བྱ་བའི་མཛད་པས་དུས་འདའ་བ་ལ་མཁས་དབང་འཇམ་དབྱངས་ཕྲིན་ལས་ཞེས་པ་ཆོས་སྒོ་ཕྱེ་ནས་ད་བར་བསྟན་པའི་བདག་པོ་གནང་སྟེ་སྐྱོང་བཞིན་པའོ།།

སྒ་རྗེ་བདེ་ཆེན་དགོན་གྱི་ལོ་རྒྱུས།

སྒ་རྗེ་བདེ་ཆེན་དགོན་པ་ནི། དུད་ཁྲོད་སྐུ་ལ་རྫོགས་པའི་གནས་ལག་མ་ཅིག་རྡོ་རྗེ་ཕག་མོ་བདེ་ཆེན་གསང་བ་མཆོག་གི་གནས། ཆོས་འབྱུང་སྣོལ་མ་དང་ཡི་གེ་མུཾ་གྱིས་མཚོན་པའི་ས་ཆ་དེར། ཀཿཐོག་པའི་བླ་རབ་བཅུ་གསུམ་པའི་ཐ་མ་མཁས་གྲུབ་ཆེ་ནཔོ་ཡེ་ཤེས་རྒྱན་མཚན་གྱི་སློབ་མ་དཔལ་འབའ་བ་ནམ་མཁའ་རྒྱན་མཚན་གྱི་དངོས་སློབ་གཏེར་ཆེན་རཏྣ་གླིང་པའི་དཀྱིལ་འཁོར་འཛིན་པའི་བུ་ཆེན་བརྒྱད་ཀྱི་ཡ་གྱལ་[page 243] ཉག་ཨ་ཟེར་ཡེ་ཤེས་འབུམ་པ་ཞེས་གྲགས་པ་དེས་འབའ་རོང་དུ་གྱང་ངོས་དགོན་ཞེས་པ་བཏབ་པའི་ལོ་རྒྱུས་ཀཿཐོག་ཆོས་འབྱུང་དུ་ཡོད། གྱང་ངོས་དགོན་ཞིག་སོང་ནས་ཛཿཀའི་དགོན་དུ་འདུ་སོང་བ་ལས་ད་ལྟ་གྱང་ངོས་དགོན་གྲོང་ཟེར་བ་ཡོད། དེས་ནི་དགོན་པའི་ཡུལ་སྡེའི་གནའ་རྒྱུན་ལ་ཏེ་ཤེས་འབུམ་པས་བཏབ་ཟེར་བ་དེ་དབུ་འོད་ཡེ་ཤེས་འབུམ་ནི་ག་ལ་ཡིན། ཨ་ཟི་ཡེ་ཤེས་འབུམ་པ་དེས་ས་གནས་དེ་དང་འབྲེལ་ཆེ་བས་ཡིན་པར་ངེས་དགོས། དེ་ལྟར་ཡིན་པའི་དབང་དུ་བྱས་ན་རབ་བྱུང་དངུ་པའི་མགོར་ཙམ་ནས་གནས་འདིར་སྒྲུ་སྡེ་རི་ཁྲོད་ཆུང་ངུ་ཞིག་ཡོད་པ་ཡིན་ནམ་སྙམ། རང་ཡུལ་གྱི་བཤད་སྲོལ་ལ་གསེར་བྱ་རྒྱལ་པོ་བ་ཐུལ་ཟེར་བ་ལ། རྒྱལ་པོའི་ལྕམ་པདྨ་ཆོས་མཆོས་ཟེར་བ་དེ་འབའ་རྩིག་ར་གཏེར་སྟོན་གྱི་སྲས་མོ་ཀཿཐོག་ཞིང་སྐྱོང་མགོན་པོའི་ལྩམ་སྲིང་ཡིན་རྐྱེན་མཐར་རྒྱལ་པོ་དེ་ཉམས་རྒུད་ཆེན་པོ་བྱུང་སྐབས་རྒྱལ་པོ་དེའི་འབངས་སྡེ། སྡེ་ཚ་ནང་དུད་གྲངས་བརྒྱ་བཅུ་གྱ་གཉིས་དང་། དགོན་པ་རྒྱབ་པའི་ས་མིག་བཅས་དྲི་མེད་ཞིང་སྐྱོང་མགོན་པོ་ལ་འབུལ་བའི་ལོ་རྒྱུས་དེ་ལ་གཞིག་ན་སྔར་སྒྲུབ་གནས་རི་ཁྲོད་ཤུལ་ཙམ་ཡོད་པའི་ས་དེར་དྲི་མེད་ཞིང་སྐྱོང་སྐུ་དུས་དགོན་པ་འདི་གསར་དུ་བཏབ་པ་ཡིན་ངེས། དེ་ལྟར་ན་དགོན་དེར་རབ་བྱུང་བཅུ་གཉིས་པའི་འཇུག་ཙམ་ལ་དངོས་སུ་བཏབ་པ་དང་། ཤོ་སོ་གདུང་རྒྱུད་ལས། ཛཿསྤྲུལ་བསོད་ནམས་རྣམ་རྒྱལ་ཛཿཀར་བསྟན་ཁུར་དུ་བཞུགས་སྐབས་སྒ་རྗེ་བདེ་ཆེན་དགོན་དུ་སྤྲུལ་སྐུ་ཨོ་རྒྱན་འཇམ་དབྱངས་ཕེབས་ནས་དགོན་དེའི་བཤད་སནགྲུབ་ལས་གསུམ་གྱི་མཛད་སྒོ་སྤེལ་ཚུལ་དངོས་སུ་ཡོད་པས་སྔ་མའི་དུས་དང་མཐུན་ཤས་ཆེ་བར་སེམས། དེར་མ་ཟད་ཀཿཐོག་ནས། དགེ་རྩེ་ཚེ་དབང་རིག་འཛིན་རྒྱ་མཚོ་དང་། དྲི་མེད་ཞིང་སྐྱོང་འཇིགས་མེད་ཡོན་ཏན་མགོན་པོ། སི་ཏུ་ཆོས་ཀྱི་རྒྱ་མཚོ་རྣམས་ཀྱང་དགོན་དེར་ཕེབས་ནས་སྐུ་གསུང་ཐུགས་རྟེན་མཆོས་རྫས་སྒྲུབ་རྟེན་སོགས་གནང་སྦྱིན་དང་། ཀར་གླིང་བཞི་ཁྲོ། བདུད་འདུལ་ཕུར་པ། གུར་དྲག་ཡེ་ཤེས་རབ་འབབར་སོགས་ཀྱི་དབང་ལུང་མང་པོ་གསུངས་མྱོང་། ཛཿཀ་མཆོག་སྤྲུལ་རིམ་བྱོན་རྣམས་ཀྱིས་ཀྱང་དགོན་དེར་གཟིག་སྐྱོང་མཛད་ཅིང་། འཇམ་དབྱངས་སྤྲུལ་སྐུའིསྐུ་གོང་འོག་རྣམས་དགོན་གནས་འདི་ལ་གཏན་བཞུགས་ལྟ་བུ་གནང་། ཁྱད་པར་འཇམ་སྤྲུལ་རིག་འཛིན་འཇམ་དཔལ་རྡོ་རྗེ་སྐུ་ཚེ་སྟོད་ཕལ་ཆེར་དགོན་དེའི་ནང་བཞུགས་ནས་བསྟན་པའི་ཐུགས་ཁུར་བཞེས་པ་དང་སྒརུབ་པ་གཙོ་བོར་མཛད་ཚུལ་ཕྱིས་ཀྱི་ལོ་རྒྱུས་ལས་གསལ། རྗེས་སོར་དགོན་འདིར་ཀཿཐོག་ནས་སྤྲུལ་སྐུའམ་བླ་མ་ཆེ་གྲས་རེས་ལོ་ལྔ་རེའི་བསྟན་ཁུར་མཛད་སྲོལ་ཡོད། ཡང་སྒ་དྲུང་རིན་པོ་ཆེའི་སློབ་མ་བཀའ་བབས་བུ་ཆེན་བཅུ་གཅིག་གི་ནང་ཚན་ཀུན་བཟང་རང་གྲོལ་ཞུ་བའི་བླ་མ་དེ་དགོན་དེར་བཞུགས་ནས་དགོངས་གཏེར་ཐུགས་ཆེན་དགོངས་འདུས་པོད་བཞི་ཡོད་པ་ཞིག་གཏན་ལ་ཕབ་ནས་ཡུལ་དགོན་གཉིས་ཀར་ཕན་པའི་འགྲོ་དོན་ཅན་ཞིག་བྱོན་པ་སྣང་། མདོར་ན་བླ་རབ་དེ་རྣམས་ཀྱི་རིང་ལ། དགེ་འདུན་འདུས་པ་བརྒྱད་བཅུ་ཙམ་འཚོགས་ཆོག་པའི་འདུ་ཁང་ནང་གི་ལྷ་བཀོད་མདོ་སྔགས་གཉིས་ལྡན་དང་། སྦུག་ཏུ་སྨན་འདག་ཐུབ་པ་དང་གུ་རུ་སོགས་སྒྲོས་ལྡན། ཁྱད་པར་དགོན་དེའི་རྟེན་གཙོ་སུམ་ཅུ་རྩ་སུམ་ནས་[page 244] ཙྰ་རི་དཀྱིལ་འཁོར་ཐང་དུ་བབ་པར་གྲགས་པའི་ཐུབ་སྐུ་མི་ཆུང་ལོ་ལྔའི་ཚད་ཙམ་རྒྱ་གར་ལི་མ་ཙི་ཁྲ་མ་ཟེར་བ་དང་། འབུམ་བཀྲ་ཤིས་གསེར་མགོ་མ་ཟེར་བ་འདི་རྣམས་གསེར་བྱ་རྒྱལ་པོའི་ནང་རྟེན་ཞིང་སྐྱོང་རིན་པོ་ཆེ་ལ་འབུལ་བར་བཤད། ཨ་ཀྲུག་གླ་བ་རྟོགས་ལྡན་གྱིས་གཏེར་ཁྲོ་ཆེ་ནོམ་ལྡན་ལྡན་པ་དང་། རོལ་མོ་ཤང་རྒྱ་མཚོ་གྲགས་པའི་འགྲོ་མགོན་ཆོས་འཕགས་ཕྱག་ནས་མ། གསེར་ཟངས་ལས་གྲུབ་པའི་གུ་རུ་མཚན་བརྒྱད། གནས་རྟེན་བཅུ་དྲུག ལྕགས་མདུད་ཤེས་རབ་རྒྱན་མཚན་གྱི་ཆོས་རྔ་མཁར་རྔ་ཉི་ཟེར་མ། སྒྱུ་འཕྲུལ་བླ་བརྒྱུད་སོགས་ཐང་ཀ་སུམ་ཅུ་ཁ་ལྷག་བཀའ་བརྟན་སོགས་ཀྱི་དཔེ་ཆ། རོལ་ཆེན་དང་སིལ་སྙན། དུང་ཆེན། གསེར་གླིང་། ལྷ་ཁང་རྒྱན་ཆས་འཆམ་འབག་སོགས་དགོན་པ་རང་ལ་ཅི་དགོས་སྤྱོད་ཆོག་པའི་ཡོ་བྱད་གནའ་གྱུ་ནོམ་ལྡན་བཅས་ཡོད་འདུག

དགོན་པའི་འཚོགས་སྒོ། འབུམ་འགྱུར་ཟླ་བའི་དུས་ཆེན་དང་འབྲེལ་ཚོགས་ཆེན་འདུས་པ་འདུན་སྒྲུབ། སྨྱུང་གནས་ཆ་བརྒྱད། སྤྲེལ་ཟླའི་ཚེས་བཅུ་པདྨ་འོད་འབར་འདུན་སྒྲུབ། དགུན་ཁ་ཟླ་བ་བཅུ་གཅིག་པ་ནང་། བདུད་འདུལ་ཕུར་པ་དང་། གུར་དྲག་ཡེ་ཤེས་རབ་འབར། ཟླ་བ་བཅུ་གཉིས་པའི་དགུ་གཏོར་ཀློང་གསལ་བཀའ་བརྒྱད་ཡོངས་འདུས་ཟེར་འཆམ་བཅས་དང་། དུས་མཆོད་ཚེས་བཅུ་རྣམས་དང་རྒྱུན་གསོལ་ལྷ་གསང་སོགས་ཀྱི་རྒྱུན་སྲོལ་མ་ཆད་པར་བཞུགས། དེ་ལྟར་སྔོན་དུས་གདང་འཛང་ཞེས་པ་ཁང་སར་ནག་འབུམ་བཅས་སྡེ་ཤོག་བཞིའ་དུད་གྲངས་བདུན་བཅུ་ཙམ་དང་བླ་མ་སེར་ཡང་དེ་མཚུངས་རེས་དགོན་པའི་ཚོགས་སྒོ་རྣམས་མཛད་སྲོལ་འདུག

རྗེས་སུ་དུས་ཚོད་གསར་འགྱུར་སྐབས་དགོནཔའི་རྨང་གཞི་སྐུ་གསུང་ཐུགས་རྟེན་སོགས་ཅི་ཡང་མ་ལྷག དེ་ནས་སླར་ཡང་ཆོས་སྒོ་འབྱེད་ཆོག་པའི་དུས་སྟོན་གསར་དུ་ཤར་བའི་སྐབས། ཀཿཐོག་ནས་མཁན་ཆེན་རྒྱན་མཚན་འོད་ཟེར་གྱིས་དགོན་པ་གཞན་དང་འདྲ་བར་ཁྱོད་ཚོས་ཀྱང་བསྟན་པའི་མས་གསོ་དགོས་པའི་བཀའ་གནང་བྱུང་བར་བརྟེན། ཀཿཐོག་པའི་བླ་མ་ཚེ་རིང་རྣམ་རྒྱལ་དང་། རང་དགོན་གྱི་བླ་མ་དཔལ་ལྡན་ཞེས་པ་སོགས་བླ་རྒན་ཚང་མས་ཐབས་ཤེས་ཡོད་དགུ་རྩལ་དཀྲུགས་དང་། ཡུལ་སྡེ་ཆོས་དད་མང་ཚོགས་ཀྱིས་ནུས་ཤུགས་ལས། དགོན་པའི་གཙུག་ལག་ཁང་དང་། གཟིམ་ཁང་། དགོནཁང་། དུང་འཁོར་ཁང་། ཇ་ཁང་བཅས་ཕྱི་དང་ནང་གི་བཀོད་པ་ཆ་ཚང་། མཆོད་རྫས་ཡོ་བྱད་སོགས་མཁོ་དགོས་དང་། བཀའ་འགྱུར། རིན་ཆེན་གཏེར་མཛོད་སོགས་གསུང་རྟེན། སྟོན་པ་དང་། གུ་རུའི་འདག་སྐུ་སོགས་སྐུ་རྟེན་གསར་བསྐྲུན་དང་། མང་ཚོགས་ཀྱི་ལག་ནས་ཀྱང་རོལ་ཆས། ནོམ་ལྡན་ཁ་ཤས་ལག་འབྱོར་བྱུང་། ཀཿཐོག་ནས་ཀྱང་འཇམ་སྤྲུལ་རིན་པོ་ཆེ་ལན་གཇིས་དགོན་འདིར་ཕེབས་ནས། སྐུ་གསུང་ཐུགས་རྟེན་གནང་སྦྱིན་དང་། ཕྱག་ཕོག་དངུལ་དང་འབྲུ་རིགས་ཅི་ཡོད་རྟེན་ཐེབས་གནང་། བློང་གསལ་ཡེ་ཤེས་རབ་འབར་སོགས་གཉེར་མཁོའི་དབང་ལུང་མང་པོ་གསུང་ཏེ་བཀའ་དྲིན་ཆེ་བར་བརྐྱངས། ད་ལྟ་[page 245] དབྱར་ཁ་པདྨ་འོད་འབར་དང་། དགུན་ཁ་འདུད་འདུལ་ཕུབ་སྒྲུབ། དགུ་གཏོར་ཡེ་ཤེས་རབ་འབར་གཏོར་ཟློག་ཟོར་འཆམས་བཅས་འཚོགས་བཞིན་པ་དང་། དེ་ལྟར་སྔ་ཕྱི་གཉིས་ཀྱི་ལོ་རྒྱུས་ཞིབ་ཕྲ་བཀོད་པའི་མཐོང་ཤེས་ཆེར་མེད་ཀྱང་སྔ་མའི་ལོ་རྒྱུས་ཁུངས་ཐུབ་རྣམས་བསྟན་ནས་བྲིས་པ་ལགས་པས་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་ལེགས་པར་ཞིབ་དཔྱོད་གནང་ཐུབ་པར་བཀའ་དྲིན་ཞུ། ཞེས་པའང་མཁྱེན་འཇམ་དབྱངས་ཀྱི་རྩོམ་གཞི་ལྟར་བྱ་ཚེ་རིང་གིས་བསྒྲིགས་པ་དགེའོ།།

ཨ་རིག་ཡང་ལེ་དགོན་གྱི་ལོ་རྒྱུས།

རབ་ཆག་ཨ་རིག་ཡང་ལེ་སྒར་ཞེས་པ་ནི་ལྷ་རི་འོད་གསལ་ཀུན་བཟང་བདེ་ཆེན་སྒྲུབ་པའི་དགའ་ཚལ། ལྷ་ལུང་ཞེས་གྲགས་པ་གནས་འདིར་སྒྲུབ་སྡེ་ཚུགས་ན་དུས་ཀྱི་རྒུད་པ་ཞི་བའི་དགོས་པ་ཁྱད་པར་ཅན་ཡོད་ཚུལ་ཨོ་རྒྱན་ཆེན་པོའི་གཏེར་ལུང་ལས་གསལ་བ་ལྟར། མི་རྒྱུད་གླིང་ལས་མཆེད་པར་གྲགས་པ། འགུ་ལོག་པདྨ་འབུམ་དུ་རབ་བྱུང་བཅོ་ལྔའི་པའི་མེ་ཡོས་ལོར་སྐུ་འཁྲུངས་པ་པདྨ་འགྱུར་མེད་རྒྱ་མཚོ་ཞེས་པ་དེས། རྣི་ཟོག་བླ་མ་པདྨ་རྒྱན་མཚན་བླ་མར་བསྟེན་ནས་གྲུབ་པའི་མཚན་རྟགས་མངོན་དུ་གྱུར། ཁྲོམ་གྱི་གྲུབ་ཐོབ་པདྨ་གྱུར་མེད་མདུན་ལོ་ཤས་བཞུགས། དེ་ནས་རག་ཆབ་ལེབ་ཚང་ཟེར་བའི་ཁྱིམ་དུ་མཆོད་ཡོན་སྦྲེལ་ནས་གཏེར་གྱི་ཁ་བྱང་བབས། ཨྰརྻ་བྲག་གི་གནས་སྒོ་ཕྱེས། རྩ་གསུམ་སྒྲུབ་སྐོར། ཆོས་དང་རྫས་གཏེར་སྐྱེ་བདུན་སོགས་ཀྱི་གཏེར་ཁ་མང་པོ་བཞེས། གྲུབ་རྟགས་དང་མངོན་ཤེས་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པས་ཡུལ་སྡེ་ཀུན་གྱི་བླ་མར་བཀུར། རབ་བྱུང་བཅོ་ལྔའི་པའི་ལྕགས་འབྲུག་ལོར་ཡང་ལེ་སྒར་གྱི་སྒྲུབ་སྡེ་ཐོག་མར་བཏབ། སྐུ་ཞི་བར་བཤེགས་ཚེ་ངོ་མཚར་བའི་མཚན་རྟགས་དང་གདུང་ཆེན་རྣམས་ལྔ་བྱོན་པའི་ལོ་རྒྱུས་ཀྱང་བཞུགས་སོ།། དེའི་སྲས་པདྨ་བདེ་ཆེན་གླིང་བ་ལྕགས་ཡོས་ལོར་འཁྲུངས། ཨ་འཛམ་འབྲུག་པ་རིན་པོ་ཆེ་དང་། གཏེར་ཆེན་དྲི་མེད་འོད་ཟེར་སོགས་བླ་མར་བསྟེན། གཏེར་སྟོན་བདེ་ཆེན་རྣམ་རྒྱལ་གྱི་གཏེར་ལུང་ལས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པར་གསུངས། ཟབ་གཏེར་གྱི་ཁ་བྱང་དང་གཏེར་ཆོས་ཕབ་པ་རྣམས་འཇམ་མགོན་ཆོས་ཀྱི་བློ་གྲོས་སོགས་སྐྱེས་བུ་དམ་པ་དུ་མས་ཚད་ལྡན་དུ་ཁས་བླང་། བསྟན་འགྲོ་གཉིས་པ་དགེ་བའི་མཛད་པ་རྒྱ་ཆེར་སྐྱོང་བའི་ལོ་རྒྱུས་རྣམས་ཐར་ཡང་ཡོད་པར་གསུངས། གཏེར་སྟོན་དེའི་སྲས་ཚེ་དབང་རྣམས་རྒྱལ་ཆུ་ཁྱི་ལོ་འཁྲུངས་ནས། ཡབ་རྗེ་བླ་མ་དང་། སྲས་འགྱུར་མེད་རྡོ་རྗེ་ཁྲ་སྐྱ་བླ་མ་དཔལ་ལྡན་ཡེ་ཤེས། སྤྲུལ་སྐུ་རིན་པོ་ཆེ་པདྨ་ཐུགས་རྗེའི་དབང་ཕྱུག་སོགས་ཀྱི་བཤེས་གཉེན་དུ་མ་ལས་བཀའ་གཏེར་མང་པོའི་སྨིན་གྲོལ་གདམས་ཁྲིད་རྣམས་གསན་པས་མཁྱེན་རྟོགས་ཕུན་གསུམ་ཚོགས་པར་བཞུགས། ཡབ་ཀྱི་གདུང་རྟེན་གསེར་ཟངས་ལས་གྲུབ་པ་སོགས་ཀྱིས་རྟེན་བཞེངས་མཛད། སྐུ་ཚེའི་[page 246] མཐར་ཁྲིམ་ཁང་དུ་བཤེགས། དེ་དང་དུས་མཚུངས་ཡབ་རྒན་པདྨ་འགྱུར་མེད་རྒྱ་མཚོའི་ཡང་སྲིད་གཏེར་ལུང་ཨུ་ཙ་དཔོན་གྱི་ཁྱིམ་དུ་སྐུ་འཁྲུངས་པ་སྤྲུལ་སྐུ་བསྟན་འཛིན་བཟང་པོ་རྫོགས་ཆེན་རིན་པོ་ཆེ་ཆོས་ཀྱི་རྡོ་རྗེས་ངོས་བཟུང་། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ལ་བརྙེན་པར་རྫོགས་ཁྲ་སྐྱ་བླ་མ་དཔལ་ལྡན་ཡེ་ཤེས་དང་། པདྨ་ཐུགས་རྗེའི་དབང་ཕྱུག་སོགས་བླ་མར་བསྟེན་ནས། བཀའ་གཏེར་མང་པོ་སྨིན་གྲོལ་གསན་སྦྱོང་དང་། ཆོས་སྒར་དུ་ཐར་མདོའི་འཁོར་པར་གསར་བརྐོ་གནང་བ་སོགས་ཀྱི་མཛད་རྗེས་རྒྱ་ཆེར་གནང་བ་དང་། བསྟན་པའི་ཞབས་འདེགས་སྤེལ་བཞིན་པར་རྐྱེན་དབང་གིས་ཁྲིམ་ཁང་དུ་བཤེགས། ལོ་ལྟར་སྔོན་དངོས་ཀྱི་འཆད་སྤེལ་དང་། རང་གཏེར་རྣམས་ཀྱི་སྒྲུབ་མཆོད། སྙུང་གནས་ཆ་བརྒྱད། གོང་མ་རྣམདས་ཀྱི་འདས་མཆོད། ཡར་མར་གྱི་ཚེས་བཅུའི་དུས་མཆོད་སོགས་ཡོད། སྒྲུབ་ཁང་ནང་གུ་རུ་གཙོ་འཁོར་གསུམ་རྩེགས་ཚད། ཕུར་པའི་སྐུ་དང་། མགོན་པའི་སྐུ་སོགས་མང་ཤས། གསེར་ཟངས་ལས་སྒྲུབ་པའི་སྐུ་སུམམ་ཅུ་ཙམ། གདུང་རྟེན་རྩེགས་ཚད། བཀའ་བརྒྱད། སྐུ། ཕུར་སྒྲོམ། ཞལ་ཐང་མང་པོ། བཀའ་བསྟན་འགྱུར། གཏེར་ཆོས་རང་གཏེར་ཆོས་ཚན། ཀློང་ཆེན་བཀའ་འབུམ་སོགས་པོད་ལྔ་བརྒྱ་ཁ་ལྷག་བཞུགས། དེ་དད་འབྱོར་ལྡན་པའི་སྦྱིན་བདག་རྣམས་ཀྱི་ཡོན་འབུལ་དང་དབྱར་དགུན་གཉིས་ལ་དཀར་སྡོམ་དང་འབྲུ་བསོད་སོགས་ཀྱིས་ཐབས་ཤེས་ལས་དགོན་པའི་བཞེངས་སྒོ་དང་ཚོགས། རྟེན་གྱི་རྩ་བ་བྱེད་པ་ལས་གཞན་གྱི་དངོས་རྫས་འབྱུང་ཁུངས་མེད། དུས་འགྱུར་སྐབས་སུ་ཕྱིའི་ཁང་པ་དང་། ནང་གི་རྟེན་གང་གསུམ་གང་ཐད་འདི་ཞེས་དམིགས་གསལ་མ་ལྷག་པར་འཐོར་ཞིག་ཆེ་པོ་སོང་ནའང་། བསྟན་པ་སླར་གསོའི་བཀའ་སློབ་ཐོབ་པ་དང་ཆབས་གཅིག པདྨ་བདེ་ཆེན་གླིང་པའི་དབོན་པོ་ཚེ་དབང་འདུད་འདུལ་ནས་ཐུག་འགན་བཞེས་ཏེ། ཡང་ལེ་ཤོད་ཀྱི་གུ་རུའི་སྐུ་ཉམས་གསོ་དང་། ལྷ་ལུང་ཆོས་སྒར་དུ་སྒྲུབ་ཁང་གསར་སྐྲུན། གུ་རུ་གཙོ་འཁོར་གྱི་འདག་སྐུ་རྩེག་ཆད། ཐར་མདོ་འཁོར་དཔེར་ཉམས་གསོ། རྟེན་གསུམ་མཆོད་ཆས། ཞལ་ཐང་བཅུ་བདུན། བཀའ་འགྱུར་དང་མཛོད་བདུན་སོགས་དཔེ་ཆ་པོད་ཉིས་བརྒྱ་ཉེ་བ། རྔ་རོལ་བཅས་སྒྲ་སྒྲིག་གང་ལེགས་སུ་བྱས་ཡོད་དོ།། མཁན་འཇམ་དབྱངས་གྱི་རྩོམ་གཞི་ལྟར་བྱ་ཚེ་རིང་གིས་བསྒྲིགས་པ་དགེའོ།།

སེང་རི་དགོན་གྱི་ལོ་རྒྱུས།

དཔལ་ཀཿཐོག་པའི་གནས་ལག་ཕྲིན་ལས་ཀྱི་གནས། སེང་རི་རྡོ་རྗེའི་གཡུལ་རྫོགས་བདུད་འཇོམས་གླིང་ཞེས་གྲགས་པ་ནི། བདེ་ཆེན་རྣམ་རྒྱལ་གཏེར་མ་གནས་ཡིག་ལས་དཔལ་སྒྲུབ་པ་བཀའ་བརྒྱད་ཀྱི་གནས་རི་རྣམས་ཀྱིས་ཕྱོགས་མཐའ་དག་ནས་བསྐོར་བའི་དབུས། འཕགས་པ་སྤྱན་རས་གཟིགས་ཀྱི་གནས་བྲག་དཀར་སེང་ཆེན་གནམ་ལ་མཆོང་བ་ལྟ་བུའི་གཡོན་ཟུར་དུ་ཆགས་ཡོད། ཐོག་མར་འདེབས་པ་པོའི་ལོ་རྒྱུས་[page 247] ནི། གྲུབ་ཆེན་པདྨ་འདུད་འདུལ་གྱི་ཞལ་སློབ་རྣལ་འབྱོར་པ་ཀརྨ་བཀྲ་ཤིས་ལ། ཀཿཐོག་པའི་མཁན་ཨ་སྟོབས་རིན་ཆེན་དང་། གཏེར་སྟོན་དྲི་མེད་འོད་གསལ་གླིང་པ་སོགས་བསྟན་འགྲོར་སྨན་པའི་ལྷ་སྲས་ལྔ་ཙམ་བྱོན་པར་བཤད། གཏེར་སྟོན་དྲི་མེད་རིན་པོ་ཆེ་ཐོག་མར་བླ་མ་བསོད་ནམས་མཐའ་ཡས་དང་། ཛཿསྤྲུལ་ཀུན་བཟང་རྣམས་རྒྱལ་སོགས་བཤེས་གཉེན་དམ་པ་མང་དུ་བསྟེན། ཟབ་མོ་གཏེར་གྱི་ཁ་བྱང་བབ་དང་པོ་སྒ་རྗེ་ཁམས་དབུས་དགོན་དུ་ལོ་ཤས་བཞུགས། དེ་ནས་ཀཿཐོག་ཏུ་ཕེབས་ཏེ་གཏེར་སྟོན་ཡབ་སྲས་ཚང་མས་སི་ཏུ་རིན་པོ་ཆེའི་ཞབས་ལ་བསྟེན་ཏེ་སྨིན་གྲོལ་རྒྱ་ཆེར་གསན། བར་ཁྲོད་དུ་གཟིམ་ཁང་ལས་ལོ་བཅུ་ལྷག་བཞུགས། དེ་སྐབས་སྲས་བདེ་ཆེན་རྣམ་རྒྱལ་ལ་ལུང་བྱང་བབ་ནས་ཡབ་སྲས་ཚང་མ་སིང་རིར་ཕེབས། རབ་བྱུང་བཅོ་ལྔ་པའི་ས་ལུག་ལོར་གནས་སྒོ་ཕྱེ་ནས་གཙུག་ལག་ཁང་གསར་དུ་བཏབ། འཇམ་གོང་ཀོང་སྤྲུལ་རིན་པོ་ཆེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་སྐུ་ལྔ་ཡོད་པའི་ནང་ཚན་ཀཿཐོག་ཕྲིན་ལས་ནང་ཕྲིན་ལས་ཀྱི་སྤྲུལ་སྐུ་བླ་མ་དྲི་མེད་སྲས་པདྨ་ཐུགས་རྗེའི་དབང་ཕྱུག་འདི་ཡིན་ཞེས་སི་ཏུ་རིན་པོ་ཆེས་མངའ་གསོལ་མཚན་རྟགས་གནང་། མཆོག་སྤྲུལ་རིན་པོ་ཆེ་འདིས། སི་ཏི་རིན་པོ་ཆེ་དང་། གཏེར་ཆེན་ལས་རབ་གླིང་པ། རྡོ་གྲུབ་བསྟན་པའི་ཉི་མ། འཇམ་མགོན་ཆོས་ཀྱི་བློ་གྲོས། ཀུན་མཁྱེན་ངག་གི་དབང་པོ། མཁན་ལེགས་བཤད་འབྱོར་ལྡན་སོགས་དང་། ཡབ་རྒན་བླ་མ་དྲི་མེད་རྣམས་ཀྱི་བདུན་ནས་མདོ་སྔགས་ཀྱི་གསན་སྦྱོང་དང་སྨིན་གྲོལ་གདམས་པའི་མཛོད་ལ་མངའ་དབང་འབྱོར། ཡབ་རྒན་གཏེར་སྟོན་དྲི་མེད་འོད་ཟེར་དང་། བདེ་ཆེན་རྣམས་རྒྱལ་རྣམས་སྒྲུབ་གནས་འདིར་ཡུན་དུ་མ་བཞུགས་ཀྱང་། མཆོག་སྤྲུལ་རིན་པོ་ཆེ་འདིས་བསྟན་པའི་མཐའ་སྐྱོང་བ་ལས་གཙུག་ལག་ཁང་ཀ་མིག་བཅུ་གཉིས་ཡོད་པ་དང་། སྐུ་གདུང་ཁང་དང་། གསེར་ཁང་། མགོན་ཁང་། དུང་ཁང་བཅས་ནང་ཤིང་མཚོན་དང་ལོག་རིས་བཀོད་པ་ཁྱད་པར་ཅན། བྱམས་མགོན་གསེར་སྐུ་ལི་མ་ཆེན་པོ་སོགས་ཀྱི་སྐུ་རྟེན་དང་། བཀའ་འགྱུར་སོགས་གླེགས་བམ་བརྒྱ་ཕྲག་བཅུ་ལྷག བླ་མ་དྲི་མེད་གདུང་རྟེན་དང་འདྲ་ཞལ། གུ་རུ་ཚན་བརྒྱད་མི་ཚད་རེ་ཙམ་ཡོད་པའི་གསེར་སྐུ་སྒྲོས་ལྡན། མ་དགོན་དམ་ཅན་སོགས་ཆོས་སྐྱོང་སྐུ་རྟེན་རྣམས་དང་། སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་གསེར་ཐང་དང་། དཔ་བསམ་ཁྲི་ཤིང་སོགས་ཞལ་ཐང་བརྒྱ་ལྷག་ཕན་འདུགས་ཡོ་བྱད། སྒྲུབ་རྟེན་ཆོས་རྫས་རྔ་རོལ་སོགས་སྤུས་གཙང་ལ་རྒྱུ་བཟང་བ་ནོར་རྫས་གྲངས་ཀ་མི་ཉུང་བ་བཞུགས། ཁྱད་པར་དཔར་ཁང་དང་། གཏེར་ཆེན་བདུད་ཀློང་གཉིས་དང་། བླ་མ་དྲི་མེད་ཟབ་གཏེར་སྐོར། གཞན་ཉེར་མཁོའི་པར་བཅས་པར་ལྡེབ་བདུན་སྟོང་ཁ་ལྷག མ་ཎི་གདུང་འཁོར་སོགས་རྟེན་བཞེངས་རྒྱ་ཆེ་ཞིང་། འོག་སྡེ་ཀཿཐོག་པའི་འཁོར་དུད་ཁ་ཤས་ལས་ཆེར་མེད་ཀྱང་། དུས་རྒྱུན་བཀའ་གཏེར་མང་པོའི་དབང་ལུང་དང་སྨིན་ཁྲིད་གནང་བ་ལས་སློབ་ཚོགས་གཞི་བྱེས་བརྒྱ་ཕྲག་ལས་བརྒལ་བ་རྒྱུན་པར་བཞུགས། ཁྱད་པར་བླ་མ་ཡེ་ཤེས་རྡོ་རྗེ་དང་། ཀཿཐོག་སི་ཏུ། མཁན་ཆེན་ངག་དགའ་སོགས་ཀྱི་དངོས་སློབ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀྲ་སྐྱ་བླ་མ་དཔལ་ལྡན་ཡེ་ཤེས་གནས་འདིར་གཏན་བཞུགས་[page 248] གནང་བ་ལས་ཀཿཐོག་ནས་གཞི་བྱས་ཀུན་དང་ཕྱོགས་མཐའ་དག་ནས་སནལོབ་ཚོགས་རྒྱ་མཚོ་ལྟ་བུ་འདུས་པ་ལ་ཀློང་གསལ་རྡོ་རྗེ་སྙིང་པོ་དང་། ཀློང་ཆེན་སྙིང་ཐིག་གཉིས་ཀའི་སྔོན་འགྲོ་དང་། རྩ་རླུང་། བསྐྱེད་རིམ། ཁྲེགས་ཆོད་ཐོད་རྒལ་སོགས་གང་མཚམས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བ་ལས་གནས་འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་འོད་ཟེར་རྫོགས་པ་ཆེན་པོའི་བསྟན་པ་ཉི་མ་ཤར་བ་ལྟ་བུའི་འཆད་སྤེལ་བྱུང་། དེ་སྐབས་སྒྲུབ་པ་འཚོགས་རྒྱུ། དབྱར་དུས་རྨོག་གྲུབ་བཀའ་བརྒྱད་གྲུབ་ཆེན། དགུན་དུས་སྨིན་གླིང་རྡོར་སེམས་བདུན་སྒྲུབ། ལོ་འཇུག་གཤིན་བརྗེ་དམར་ནག་འཇིགས་གསུམ་གཏོར་ཟློག་རྒྱུན་པར་ཚེས་བཅུ། ཉེར་ལྔ། ཚེས་བརྒྱད། བཅོ་ལྔ། གནམ་སྟོང་བཅས་ཀྱི་དུས་མཆོད་དང་། ཆོ་འཕྲུལ་ཟླ་བའི་དུས་མཆོད་དང་བླ་མ་གོང་མ་རྣམས་ཀྱི་དུས་མཆོད་བཅས་གཏན་འཇག་བཞུགས། གཏེར་སྟོན་བདེ་ཆེན་རྣམས་རྒྱལ་གྱི་སྲས་ཡོན་ཏན་དང་། ཐེག་མཆོག་སོགས་རྣམ་དཔྱོད་དང་ཤེས་ཡོན་ཕུན་གསུམ་ཚོགས་པ་རེ་བྱོན་ཡང་དུས་དབང་གིས་འགྲོ་དོན་ཆེར་མ་བྱུང་། བཞི་རྒོལ་དང་རིག་གནས་གསར་བརྗེ་སྐབས་དགོན་ཤུལ་གྱང་རུལ་དང་ཤིང་པར་ཕྲན་བུ་ལས་རྟེན་གསུམ་གཞན་རྣམས་ཤུལ་མེད་དུ་སོང་བ་ལ། སྤྲུལ་སྐུ་ཤེས་རབ་འོད་ཟེར་གྱིས་ཀཿཐོག་དང་འདྲ་བར་པར་ཁང་ཉམས་གསོ་ཆོག་པའི་མཆོག་ཆེན་ཐོབ་པར་བརྟེན། ཀཿཐོག་རྨོག་སྤྲུལ་རིན་པོ་ཆེས་དཔར་རྐོས་བཅུ་ཙམ་བཀོད་སྒྲིག་ཐོག་བདུད་ཀློང་པར་ཤིང་ཉམས་གསོ་བྱེད་རྒྱུའི་རྟེན་ཐེབ་གནང་བར་བརྟེན། སེང་སྒར་རང་གི་བླ་མ་སངས་རྒྱས་ཚེ་རིང་མཆོག་གིས་ཐུགས་འཁུར་བཞེས་བ་དང་། གཏེར་ཆེན་བདེ་ཆེན་རྣམ་རྒྱལ་གྱི་སྲས་རིག་འཛིན་རྒྱལ་པོ་དང་། ཀཿཐོག་བླ་མ་པདྨ་དམ་ཆོས། བླ་མ་རིན་ཆེན་ཕུན་ཚོགས་རྣམས་ནས་ཀྱ ང་རང་ནུས་གང་ཡོད་ཀྱི་རྟེན་གསུམ་ཡ་བྱད་དངོས་རྫས་བསྟན་རྩར་འབུལ་གནང་བྱུང་བ་དང་། ས་ཆ་དེ་གའི་ཀམརུ་སོགས་ཀྱི་བླ་སེར་ཆོས་དད་མང་ཚོགས་ཡོངས་ནས་རོགས་སྐྱོར་གནང་བར་བརྟེན་འདུ་ཁང་དང་། སྤྱི་ཁང་པར་ཁང་། དུང་འཁོར་ཁང་བཅས་དང་། གཞན་ཡ་ལྷ་ཆ་ཡོ་བྱད་མཆོད་ཆས་རྣམས་ཀྱང་མིང་ཐོགས་རེ་ཡོད། དགོན་ཞབས་ཨ་རིག་ཡུལ་སྡེ་བཞི་བཅུ་ཙམ་དང་། ད་ལྟ་བླ་སེར་སྒྲུབ་པ་འཚོགས་སྦས་སུམ་ཅུ་ཙམ་རེ་འདུས་ནས། ད་ལྟའི་ཚོགས་སྒོ་དབྱར་དུས་སྨིན་གློང་རྡོར་སེམས་ཉིན་བདུན་དང་། དགུན་དུས་ཀར་གླིང་ཞི་ཁྲོ་ཉིན་བདུན་རེ། དགུ་གཏོར་གུར་དྲག་དང་ཕུར་པ་ཉིན་ཁ་ཤས་རེ་འཚོགས་རྒྱུ་ཙམ་ལས་གཞན་འཚོགས་སྒོ་ཉམས་གསོ་མ་ཐུབ་ལགས་མཁན་འཇམ་དབྱས་ཀྱི་རྩོམ་གཞི་ལྟར་བྱ་ཚེ་རིང་གིས་དཔལ་ཡུལ་དུ་ཤིང་ཁྱི་ལོའི་ཟླ་དྲུག་ཚེས་བཅུ་ལ་བསྒྲིགས་པ་དགེའོ།།

དཔལ་ཡུལ་དགོན་གྱི་ལོ་རྒྱུས།

དགོན་པ་འདི་ནི་སྤྱི་ལོ་༡༦༦༥ལོ་རབ་བྱུང་བཅུ་གཅིག་པའི་ཤིང་སྤྲུལ་ལོ། སྐབས་དེར་ཆོས་རྒྱལ་སྡེ་[page 249] དགེའི་མངའ་འོག་ཏུ་གཏོགས་པའི་སྨད་ཕྱོགས་ཀྱི་དགོན་པའི་ཕལ་ཆེར་ཆགས་ཉམས་སོང་བའི་ཚབ་ཏུ། སྡེ་དགེ་ཁྲི་སངས་རྒྱས་བསྟན་པ་དང་། བླ་ཆེན་བྱམས་པ་ཕུན་ཚོགས་ལྷན་ནས། དམ་པ་མང་པོའི་བཀའ་ལུང་བཞིན་སྔོན་བྱོན་གྲུབ་བརྙེས་མང་པོའི་གདན་ས་རྣམས་རྒྱལ་རྩེ་ཞེས་དགོན་ཆུང་ཞིག་ཡོད་པ་འདིར། གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་གསར་དུ་བཞེངས། རྒྱལ་སྟོང་སྟོན་པ་སེང་གེའི་གྲྭཚང་བར་ཀྱེེ་སོགས་འབྲི་རྒྱུ་གྱི་དགེ་བདུན་ཕལ་ཆེར་བསྡུས་པ་གྲྭ་ལྔ་བརྒྱ་འདུས། དེའི་དབུ་འཛིན་གྱི་བླ་མ་གསེར་ལོ་སྟོན་པ་རྒྱན་མཚན་ལ་བཀའ་ཕེབས་ཀྱང་ཁོང་ན་སོ་རྒས་པས་བསྟན་འཛིན་སྐྱོང་མི་འོང་ཡང་། ཁོང་དང་ཆོས་ཉིད་རྒྱ་མཚོའི་སློབ་མ་ཀུན་བཟང་ཤེས་རབ་འདི་བསྐོས་ནས་བསྟན་པ་མཐའ་རྒྱས་སུ་འོང་ཞེས་སྡེ་དགེ་རྒྱལ་པོར་བཀའ་ཕེབས་པས་སྡེ་དགེ་ནས་རིག་འཛིན་ཆེན་པོར་བཀའ་ཕེབས་པ་དང་། གསེར་ལོས་ཀྱང་དུས་བབ་ཡིན་པས་ཕེབས་དགོས་གསུང་། མི་འགྱུར་རྡོ་རྗེའི་མདུན་འབྱུང་འགྱུར་ལུང་བསྟན་ཞུས་པས། དེ་བཞིན་གདུལ་བྱ་དུས་ལ་བབ་པས་ངེས་པར་འབྱོན་དགོས། དགོན་དེར་སྔ་འགྱུར་གྱི་བསྟན་པ་དར་རྒྱས་སུ་འགྱུར་བའི་ཆོས་ཀྱི་གྲོས་ཕུག་ཞིག་འོང་བར་ལུང་བསྟན་བཅས། གདམས་ངག་ཐམས་ཅད་ཚང་སྦྲུགས་སུ་གནང་ཞིང་བསྟན་པའི་བབ་གཏད་རྒྱ་དང་བཅས་གདུལ་བྱ་སྐྱོང་བའི་ངེས་པ་དོན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོར་མངའ་གསོལ། དེ་རྗེས་རྗེ་རིག་འཛིན་ཆེན་པོ་ཉིད་དཔལ་ཡུལ་རྣམས་རྒྱལ་རྩེར་ཕེབས། དགོན་པའི་མཚན་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ཞེས་གསོལ།

དེ་ནས་འཁོར་ལོ་གསུམ་གྱི་བྱ་བ་ཇི་ལྟར་འཛིན་སྐྱོང་སྤེལ་བའི་ཚུལ་ནི། ཐོག་མར་དེར་འདུས་པའི་སྡེ་རྣམས་ལ་གཞི་སོ་ཐར་གྱི་སྡོམ་པ་གནང་ཞིང་། ཆང་དང་བུད་མེད་ཉེས་ཕྱོགས་སུ་ཡང་བཀག་པ་སོགས་འདུལ་བའི་གནང་བཀག་གཙང་ཞིང་། གཞི་གསུམ་ལག་ལེན་ཚུལ་བཞིན་བསྟར། སྲོལ་གཉིས་བྱང་སེམས་བསླབ་པ་རྒྱུད་བསྡམ། ཐུན་མོངས་སྔོན་འགྲོའི་བློ་སྦྱོང་དང་བསགས་སྦྱོང་གནད་ལ་ཁེལ། ལོ་ལྟར་སྔོན་འགྲོའི་སྦྱོང་ཟླ་ཆོས་དང་མཇུག་འཕོ་ལུང་གི་རྟགས་ཚང་བུག་ཏུ་འཇག་མ་ཟུག་དགོས་པ། ཡི་དམ་རིགས་ཀྱི་དབང་ལུང་འབོག་ཅིང་བསྐྱེད་རིམ་གྱི་ཁྲིད་བཏབ། ཐུགས་སྒྲུབ་སྐུ་གསུམ་སྒྲུབ་པའི་སྨིན་ཁྲིད་སྦྲག་མ་ཟླ་གསུམ། འདུས་པ་མདོ་དང་། སྒྱུ་འཕྲུལ་གྱི་བཤད་པ་དང་སྒྲུབ་པ། རྫོགས་རིམ་གནམ་ཆོས་གཏུམ་མོའི་བཤད་ཁྲིད་ལོ་ལྟར་ཞག་བཞི་བཅུ་མཐར་དྲོད་འབེབས་ཆུ་རས་ཀྱི་རྒྱུགས་བཞེས་མཛད། ཆགས་མེད་ཐུགས་རྟེན་དམར་ཁྲིད། གནམ་ཆོས་ཀྱི་ཆོས་འབྲུ་བདུན་པའི་དམར་ཁྲིད། གནམ་ཆོས་རྫོགས་ཆེན་སངས་རྒྱས་ལག་འཆང་། རཏྣའི་རྫོགས་ཆེན་ཀློང་གསལ་སྙིང་ཐིག དགོངས་པ་ཟང་ཐལ། ཡང་ཏིག་ནག་པོ། སེམས་ཀློང་སྐོར། བར་དོ་དྲུག་ཁྲིད། བདེ་ཆེན་ཞིང་སྒྲུབ། ཁྲ་ཁྲིད། མུན་ཁྲིད། སྒྲ་ཆོས་རྨི་ལམ། ཞིང་མཁས་ལྔ་སྦྱོང་། ཐོད་རྒལ་ཞགབརྒྱབ་བཅུ་རེ་ཁྲིད་སྦྱོང་སོགས་མདོར་ན་གང་ལ་མཚམས་ཤིང་མོས་པ་ལྟར་གསར་རྙིང་གི་གདམས་ངག་གནང་། དེ་ཡང་ཆེན་པོའི་སྦོམ་ཁྲིད་དང་བཤད་ཡམ་ཙམ་དུ་མ་སོང་བར་སྨིན་ཁྲིད་ཁོ་ན་སྐྱོངས། རྒྱུན་པར་ཐུན་བཞིའི་སྒོ་ནས་སྒོམ་པ་ཉམས་ལེན་གྱི་སྲང་ལ་གཞལ། ཐུན་མཚམས་[page 250] རྣམས་སུ་འཆད་ཉན་དོགས་གཅོད་སོགས་ཐོས་བསམ་གནང་བས་བཤད་སྒྲུབ་ཀྱི་སྡེ་ཆེན་པོར་གྱུར། གཞན་ཡང་། བཀའ་གཏེར་དག་སྣང་བཅས་ཀྱི་དཀྱིལ་འཁོར་སྒྲུབ་ཆེན་སྒྲུབ་མཆོད་སོགས་གསར་འཛུགས་གནང་བ། འདུས་མདོ་ཚོགས་ཆེན་འདུས་པ་དང་། སྒྱུ་འཕྲུལ་ཞི་ཁྲོའི་སྒྲུབ་ཆེན་དང་སྒྲུབ་མཆོད། ཉང་གཏེར་བཀའ་བརྒྱད་བདེར་འདུས་དང་། ཆོས་དབང་བཀའ་བརྒྱད་གསང་རྫོགས་བཅས་སྒྲུབ་ཆེན་སྒྲུན་མཆོད་སྨན་སྒྲུབ་གཏོར་བཟློགཆོས་དབང་ཐུགས་ཆེན་ཡང་སྙིང་འདུས་པའི་བུམ་སྒྲུབ་སྒྲུབ་ཆེན་སྒྲུབ་ཕྲན་དང་། བླ་མ་གསང་འདུས་སྒྲུབ་མཆོད། སངས་གླིང་བླ་མ་དགོངས་འདུས་སྨན་སྒྲུབ། སྒྲུབ་ཆེན་སྒྲུབ་མཆོད་སྐོང་ཆོག་དཀྱིལ་ཆོག་སོགས་དང་། བཀའ་སྲུང་རྟ་ཤ་བཙན་གསུམ་སྲུང་མའི་མགོན་ཁང་གསར་བཞེངས་གིས་རྒྱུན་གསོལ་བར་བཙུགས། དགོངས་འདུས་སྒྲུབ་རྒྱུན་ཞིག་ལ་དཔལ་ཡུལ་བ་ལྟ་བུ་གང་ན་ཡང་མེད་ཚུལ་ཀོང་སྤྲུལ་རིན་པོ་ཆེ་ནས་གསུང་། ཀཿཐོག་སི་ཏུ་རིན་པོ་ཆེས་ཀྱང་དགོངས་འདུས་སྒྲུབ་རྒྱུན་དཔལ་ཡུལ་ལུགས་ཁུངས་བཙུན་པར་དགོངས་ནས་དབུ་མཛད་རྨོག་འཕེལ་ཆེད་སྦྱོང་དཔལ་ཡུལ་གྲུབ་དབང་ཆེན་འདུས་པའི་མདུན་དུ་བཏང་། རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྐུ་གསུམ་སྒྲུབ་པ་སྒྲུབ་ཆེན་དང་སྒྲུབ་ཕྲན། སྐྱེ་བདུན་སྒྲུབ་པ། སྨན་སྒྲུབ། སྐོང་ཆོག་གནས་འདྲེན་འབྲེལ་མ་སོགས་རཏྣའི་ཐུགས་ཆེན་གསང་འདུས་སྒྲུབ་ཆེན། བུམ་སྒྲུབ། ཆོ་ག་གནས་འདྲེན་འབྲེལ་མ། ཉི་མ་མཁའ་ཁྱབ་སོགས་དང་། གུར་དྲག་མེ་རླུང་འཁྱིལ་བའི་སྒྲུབ་པ། གཏོར་བཟློག་བཅས། ཕུར་པ་ཡང་གསང་བླ་མེད་སྒྲུབ་ཆེན་དང་གཏོར་བཟློག། ཚེ་སྒྲུབ་གསང་བསྡུས་སྒྲུབ་ཆེན། སྒྲུབ་ཕྲན། སོགས་དང་། དཔལ་མགོན་མ་ནིང་གཙོ་བོར་གྱུར་བའི་ཆོས་སྐྱོང་སྐོང་གསོ་ཁང་ཞེས་པའི་མགོན་ཁང་གསར་འཇུག་ཀྱི་སྐོང་གསོ་ནར་མ། ཀརྨ་གླིང་པའི་ཞི་ཁྲོ་ཐོས་གྲོལ་ཆེན་མོའི་སྒྲུབ་ཆེན། སྒྲུབ་ཕྲན་སྐོང་ཚོགས་སོགས་ཕྱག་ལེན་རྒྱས་པ། ན་རགས་དོང་སྦྲུག་ཆགས་མེད་རིན་པོ་ཆེའི་ཕྱག་བཞེས་ལྟར་འཇའ་ཚོན་སྙིང་པོའི་དཀོན་མཆོད་སྤྱི་འདུས་རྒྱུན་ཆགས་དང་། སྒྲུབ་མཆོད། ཞི་ཁྲོ་ངེས་དོན་སྙིང་པོ། རྟ་ཕག་གི་ལྟུང་བཤགས་ཆོ་ག་སོགས། ཉན་གཏེར་རྟ་མགྲིན་གཏོར་བཟློག རཏྣའི་འཇིགས་བྱེད་གཏོར་བཟློགམ་ཏིའི་སེང་གདོང་སྒྲུབ་མཆོད་གཏོར་བཟློགའཇམ་དཔལ་ཚེ་བདག་ཁྲོ་ཀིང་འཆར་གསུམ་སོགས་དང་། ཁམས་བྱོན་མགོན་པོ་ཚོགས་བདག་གི་མགོན་ཁང་དམིགས་སུ་བཙུགས་ཏེ། མགོན་སྒྲུབ། སྐོང་གསོལ། སྟོད་བར་སྨད་ཆ་སོགས་གསུང་སྲོལ། གནམ་ཆོས་ཀྱི་ཆོས་སྐོར་ནི། རྩ་གསུམ་སྲུང་མ་བཅས་ཕལ་ཆེར། སྒྱུབ་ཆེན། སྒྱུབ་ཕྲན། གཏོར་བཟློག་རྒྱུན་ཆགས་སོགས་མ་གསུང་པ་མེད་པ་ལྟ་བུ་དང་། གདངས་དབྱངས་འཆམ་གར་སོགས་ཀྱང་ལག་ལེན་དུ་གནང་། གོང་གསལ་དེ་དག་ཀྱང་ཕྱག་གཞེས་ཕྲ་ཞིབ་ནས་བཟུང་བཀའ་བབ་ཆོས་བདག་མཁས་སྒྲུབ་དག་ལས་རིམ་པར་བརྒྱུད་པ་ཁུངས་བཙུན་ལ་བྱིན་རླབས་ཀྱི་བབ་དང་ལྡན་པ། སྡེ་དཔལ་ཡུལ་ལུགས་ཞེས་ད་ལྟའི་བར་དུ་ཕྱག་གཞེས་ཉམས་མེད་མཛད། རིག་འཛིན་ཆེན་པོ་ཉིད་ཀྱིས་དུས་རྟག་ཏུ་ཐུགས་དམ་བཅད་རྒྱ་ཁོ་ནའི་ཐུན་བར་དུ་ཆོས་འཆད་པ་དང་། དགོན་སྡེའི་སྒྲིགས་བཀོད་གནང་བ་སོགས་གང་འདུལ་གྱིས་གདུལ་བྱ་རྗེས་སུ་བཟུང་།[page 251] སྐབས་ཤིག་ལ་འདུ་བ་རྒྱས་དྲག་པས་ཐུགས་སྐྱོ་ཚུལ་གྱིས་བརྡ་གོ་དབེན་ཁྲོད་དུ་ཕེབས་པས། གནས་དེར་སྟག་ཕྲུག་ལྔས་རྩེ་བྲོ་ཁྱུག་ཁྱུག་བྱེད་པ་ལ་རིག་འཛིན་ཆེན་པོ་ཉིད་དགོངས་པར་ཅུང་བཞུགས་ནས་བརྡ་གོ་བྱུང་། གནས་འདི་སློབ་དཔོན་དགའ་རབ་རྡོ་རྗེས་བྱིན་གྱིས་བརླབས་པར་འདུག་གསུང་། འཇག་སྤྱིལ་ཤིང་དྲུང་ཁོ་ནར་བརྟེན་ཏེ་བཞུགས། དེར་བརྡ་གོ་འོད་གསལ་ལྷ་རི་སྒང་ཞེས་མཚན་ཐོགས། འོན་ཀྱང་པདྨའི་མཚོ་ལ་ངང་པ་བཞིན་སྔར་ལས་མང་བའི་སློབ་ཚོགས་རྒྱལ་མོ་རོང་དང་རྒྱ་ནག་བྲག་སྒོ་ཡན་འདུས་ཤིང་། བརྡ་གོ་དབེན་གནས་ཀྱི་རབ་རྗེ་སྒྲུབ་ཕུག་མན་དང་། གོ་སོ་མ་ཐ་ཡན་གྱི་སྤང་ལྗོངས་དང་ནགས་ཚལ་ཀུན་ཅོག་བུ་དང་ཤིང་སྤྱིལ་ལ་གནས་བཅས་ཏེ་སློབ་ཚོགས་ཀྱིས་གང་། སྐབས་དེར་སློབ་མའི་ཐུ་བོ། ཧོར་གྱི་བུ་ཆེན་བཞི་ཞེས། གསེར་པ་ཡེ་ཤེས་སེང་གེ་ཤིང་ས་ལའི་ལྗོན་དྲུང་བཞུགས་ཤུགས་སྒང་སྦ་དིང་ཤུགས་པའི་ཤིང་དྲུང་། གཙང་མདའ་རྡོ་རྗེ་ཐལ་འོ་སེའི་ཤིང་དྲུང་། འཇང་སྒང་ཨ་འཕེལ་བེ་ཤིང་ལྗོན་དྲུང་གནས་ཏེ་བཞུགས་པས། ཕྱིས་དགོན་པས་རང་རང་གི་བླ་ཤིང་དུ་ངོས་འཛིན། གནས་དེར་ཡང་ཐུན་མོང་སྔོན་འགྲོ་ནས་བསྐྱེད་རྫོགས་ཐུན་མོང་དང་། ཐུན་མིན་རྫོགས་ཆེན་བར་གྱི་སྨིན་ཁྲིད་བཏབ། ཆོས་ར་དག་ལ་ད་ལྟ་མི་ཀུན་གྱིས་རླུང་ར་གདོང་། ཁྲ་ཁང་གདོང་། འོད་གསལ་གདོང་ཞེས་འབོད། དེར་ཡང་འདུ་བ་རྒྱས་ཤིང་དགོན་གནས་ཆགས། སླར་རིག་འཛིན་ཆེན་པོ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་ཕེབས། བྱང་སེམས་ས་ལ་གནས་པས་གཞན་དོན་ཡལ་བར་མི་དོར་ཕྱིར། གདུལ་བྱར་གྱུར་བའི་སྐྱེ་བོ་ཀུན་ལ་སྐལ་བར་འཚམས་པའི་ཆོས་སྒོ་འབྱེད་ཅིང་སྨྱུང་གནས་དང་ཡིག་དྲུག་བཟླས་ལུང་འཕོ་ལུང་ཡན་གྱིས་རྗེས་སུ་བཟུང་། ཡུལ་ལུང་ཀུན་དུ་རྔོན་རྒྱ་བསྡམ་པ། སྲོག་གཅོད་ཀྱི་རྒྱུན་གཅོད་པ་སོགས་མཛད་ཆོས་སྡེར་ཞུགས་པའི་དགེ་འདུན་གསུམ་སྟོང་ཙམ་ལ་གང་འཚམས་ཀྱི་བཤད་པ་དང་དབང་ཁྲིད་གནང་། སྔར་ལྷག་གིས་འདུལ་ཁྲིམས་དམ་ཞིང་ཆང་དང་བུད་མེད་ལྟ་ཞོག་ཐུན་བཞིར་བཅད་པའི་ནང་དུ་དུ་བ་ཡང་བཏང་མི་ཆོག་ཅིང་འགྲིམ་འགྲུལ་ཡང་བཀག་ཐ་ན་ཚོགས་ཤིང་མཚབ་ཏུ་མར་དང་། ཚོགས་ཆང་ཚབ་ཏུ་འོ་མས་བྱ་དགོས་པ་ལས་མི་ཆོག་པ་སོགས་བཅས་པ་མཛད། ཡང་མཚམས་ཞིག་ལ་སྡེ་དགེ་ཁྲི་ཆེན་ཁུ་དབོན་མས་གཏེར་ཆེར་མི་འགྱུར་རྡོ་རྗེ་གདན་འདྲེན་ཞུ་བའི་བླ་མཆན་དུ་ལྷུན་གྲུབ་སྟེང་ཕེབས་པས་མཆོད་ཡོན་ཞལ་འཛོམས་ཐོག་མའི་རྟེན་འབྲེལ་འགྲིགས་ཏེ་རིག་འཛིན་ཆེན་པོས་ཀྱང་དབང་ཆོས་ཅི་རིགས་གནང་། སླར་གཏེར་ཆེན་འབྲི་རྒྱུད་ཕྱོགས་དང་རྨུགས་དང་རྨུགས་སངས་ཕེབས་ཏེ་བཞུགས་སྐབས། སྔ་ཕྱི་འདུས་པ་སྟོང་ཕྲག་ཙམ་ལ་གནམ་ཆོས་དབང་ལུགས་ལུང་ཁྲིད་ལན་གཉིས་གནང་སྐབས་རིག་འཛིན་ཆེན་པོ་ལ་གཏེར་རྫས་ཁྱད་འཕགས་མང་དུ་གནང་ནས་ཁོ་བོའི་ཟབ་ཆོས་སྙན་རྒྱུད་ཀྱི་བདག་པོ་ཁྱོད་ཡིན་པས་རྫོགས་པ་ཆེན་པོའི་ལབ་ཁྲིད་འདི་རྣམས་དང་གཏེར་རྫས་ཁྱད་འཕགས་འདི་རྣམས་ཁོ་བོ་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གནང་བ་ཡིན་པས་ད་རེས་ཁོ་བོས་ཁྱོད་ལ་སྦྱིན་པས་བསྟེན་འགྲོའི་དོན་དུ་ཐུགས་བསྐྱེད་རྒྱ་མི་ཆུང་བྲ་མཛོད་ཅིག་གསུངས་ནས་རྒྱལ་ཚབ་སློབ་དཔོན་དུ་མངའ་གསོལ་ནས་ཤིས་བརྗོད་གནང་། གཏེར་ཆེན་སྐུ་མ་གཤེགས་བར་འབྲལ་མེད་[page 252] བཞུགས་ནས་རྒྱལ་ཚབ་སློབ་དཔོན་མཛད། གཏེར་ཆེན་རིན་པོ་ཆེ་སྐུ་གཤེགས་པའི་སྐབས་དགོངས་རྫོགས་མཆོད་འབུལ་དང་སྐུ་ཕུང་ཕུགས་འབུལ། གདུང་རྟེན་བཞེངས་པ་སོགས་གནང་། ཕྱག་གཡས་རྟེན་སྐལ་དུ་བསྣམས་ནས་དཔལ་ཡུལ་འདུ་ཁང་ཉེ་འགྲམ་དུ་སྐུ་གདུང་བཞེངས། ཀཿཐོག་ནས་གཏེར་ཆེན་ཀློང་གསལ་སྙིང་པོ་གདན་དྲངས་ཏེ་གཏེར་ཆོས་ཡོངས་རྫོགས་གསན། ཐུགས་ཆེན་ཡང་གསང་བླ་མེད་ཀྱི་སྐུ་རྟེན་སོགས་གཏེར་རྫས་ཤོག་སེར་འགའ་གནང་ནས་ཆོས་བདག་ཏུ་ལུང་བསྟན། དངོས་པོ་བརྒྱ་འབུལ་སོགས་ཕུལ། ཀཿདཔལ་གཉིས་བསྟན་པ་གཅིག་དྲིལ་གྱི་འཛིན་སྐྱོང་དགོས་ཚུལ་སོགས་ཐུན་མོང་གྱི་གསུང་འཕྲོས་གནང་ནས་ཐུགས་ནང་གཅིག་འདྲེས་གྱུར། གཏེར་ཆེན་ནས་དཔལ་ཡུལ་འདུ་ཁང་སྦུགས་ཨོ་རྒྱན་རིན་པོ་ཆེའི་སྐུ་སྨན་འདམ་ཅན་ཕྱག་གཟོ་རབ་གནས་བཅས་གནང་། གྲུབ་དབང་རྫོགས་ཆེན་པ་སྟེ་དགེའི་རྒྱལ་ཁབ་ཏུ་ཕེབས་སྐབས་གདན་ས་འདིར་ཞབས་འཁོད། ཐུགས་ནང་གཅིག་འདྲེས་ཀྱིས་ཆོས་དཀའ་གསན་རེས་དང་དཔལ་རྫོགས་གཉིས་བསྟན་པ་གཅིག་དྲིལ་གྱི་བཀའ་མོལ་གནང་། རིག་འཛིན་ཆེན་པོ་ཉིད་ཀྱི་གསུང་འབུམ་ཡང་། གནམ་ཆོས་སངས་རྒྱས་ལག་འཆང་ཁྲིད་རྒྱས་པ། སྡོམ་གསུམ་བསྟན་པའི་སྒྲོན་མེ། བླ་མ་བསྟེན་ཚུལ། ཆང་གི་ཉེས་དམིགས། བུད་མེད་ཉེས་དམིགས་སྒྲུབ་ཆེན་དང་བུམ་སྒྲུབ་བདུད་རྩི་སྨན་སྒྲུབ་བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་སྒྲིག་ཆོག་སོགས་པོ་ཏི་ལྔར་ལོང་པ་ཙམ་བཞུགས། ལམ་སྤྲོས་མེད་བྱ་བཏང་སྦས་པའི་རྣལ་འབྱོར་དུ་བཞུགས་པས་དངོས་རྫས་རིགས་མཆོད་སྦྱིན་དུ་བཏང་བར་མརྫད། ཕྲན་བུས་ཇོ་ཁང་ལྷ་གསར་ཁང་བཞེངས་པའི་སྟེང་ཁང་རྩ་གསུམ་བརྒྱུད་པའི་བླ་མ་བཅས་ལོགས་བྲིས། འོག་ཁང་དུ་པདྨ་བཀའ་ཐང་མཚན་བརྒྱད་བཅས་རྒྱས་པ་རྟེན་གཙོ་ཟངས་གསེར་ལས་གྲུབ་པའི་ཇོ་བོ་ཡིད་བཞིན་ནོར་བུ་ཐོག་ཚད་བཞེངས། སྐབས་དེར་རྒྱ་གར་ཨ་ཙ་རའི་ཆས་ཅན་ཞིག་གིས་ཚོན་ཕུལ་བ་དང་། སྲོགས་ཆགས་གྲོག་སྦར་ཞིག་གིས་གསེར་གྱི་གང་བུ་སྲན་ཆུང་ཙམ་ཁུར་ནས་ཕུལ། རིག་འཛིན་ཆེན་པོ་ཉིད་ཀྱི་སྐུ་རིང་ལ་རི་ཁྲོད་དང་དགོན་པ་ཕུལ་བ་དང་གསར་དུ་འདེབས་པ་བཅས་ཀྱི་གྲངས་བརྒྱ་ལྷག་བྱུང་འདུག་གོ།

དེ་ལྟར་མདོ་སྔགས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཁོར་ལོ་གསུམ་གྱི་བྱ་བས་འཛིན་སྐྱོང་སྤེལ་བ་བརྗོད་ནས། ད་ནི་ཁྱད་པར་ཅན་གྱི་འཁོར་བརྒྱུད་འཛིན་སློབ་བུ་ཇི་ལྟར་བྱུང་བ་དང་། ཐ་མའི་མཛད་པ་བསྡུ་བའི་ཚུལ་བཅས་ནི། རྗེ་རིག་འཛིན་ཆེན་པའི་ཐུགས་སྲས་གཙོ་བོ། རྒྱ་མཚོ་རྣམ་གསུམ། དབོན་པོ་རྣམ་གསུམ། བུ་ཆེན་བཞིར་གྲགས་པའི། པདྨ་ལྷུན་གྲུབ་རྒྱ་མཚོ། རྡོ་རྗེ་ཀུན་བཟང་རྒྱ་མཚོ། ཚ་ཁོ་བཙོན་འགྲུས་རྒྱ་མཚོ། བཀྲ་ཤིས་རྒྱ་མཚོ། པདྨ་རིག་འཛིན། པདྨ་ཡེ་ཤེས། གསེར་ཡེ་ཤེས། གསེར་ཡེ་ཤེས་སེང་གེ། ཤུགས་སྒང་འབའ་དིང་། འཇང་སྒང་ཨ་འཕེལ། གཙང་མདའ་རྡོ་རྗེ་ཐར་སོགས་གྲངས་ཀྱིས་མིཆོད་པ་དེ་དག་ཚེ་དང་སྒྲུབ་པ་མཉམ། རྟོགས་པའི་རྩལ་ཆེན་རྫོགས། གྲུབ་པའི་རྟགས་ཚད་ཐོན། སྐྱེ་བ་སྔ་ཕྱི་མཁྱེན། བསྟན་འགྲོའི་དོན་ཆེན་སྒྲུབ་ནུས་པ་ཞིང་། སློབ་མའི་ཚོགས་ཐམས་ཅད་ཀྱང་རབ་བྱུང་རྡོ་རྗེ་འཛིན་པ་[page 253] ཁོ་ན་ལས། བུད་མེད་དང་མི་ནག་གི་འཁོར་མེད་པས་བརྒྱུད་འཛིན་དགེ་འདུན་གྱི་སྡེ་འཕེལ་ཞེང་དགོན་གཙང་ཁོ་ན་བྱུང་། འགའ་ཞིག་བྱ་བཏང་གི་བམ་བཅའ་ཕུལ་ཞིང་གནས་ངེས་མེད་དུ་སྒྲུབ་པ་མཐར་ཕྱིན་ཏེ་རྫོགས་ཆེན་གྱི་འཆི་ལུགས་ཇི་བཞིན་མཛད་པ་དང་། འདོ་ལུས་གྲུབ་པའང་འགའ་ཞིག་བྱོན་པར་སྣང་ངོ་། དེ་ནས་པད་མ་ལྷུན་གྲུབ་རྒྱ་མཚོ་ལ་ཁྱོད་ནས་ཁྱོ་བོའི་དུས་བཞིན་བསྟན་པ་སྐྱོང་དང་དགའ་རབ་ཡོང་། ངེད་རང་དང་ངམ་ཡང་མཇལ་བ་ཡིན་གསུང་། ད་ནི་ནམ་མཁའ་ནས་ཤེལ་གྱི་སྐས་ཆེན་པོ་ཞིག་བཙུགས་བྱུང་། བུད་མེད་ཆོས་རྫས་ཐོགས་པ་འགའ་ཡང་སྣང་། སྟག་དང་སེང་གེ་ཁྲིད་པའི་འགྱིང་བག་ཅན་འགའ་སྤྲིན་འཁྲིགས་པ་བཞིན་འདུག་ཅེས་གསུངས། དེ་ནས་གསུང་ཅི་ཡང་མ་འབྱོན་དགུང་ལོ་དྲུག་ཅུ་རེ་བཞི་ས་ཡོས་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་གུང་ཚིགས་གསོལ་ཟིན་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། དེ་ནས་དྲོད་བབས། མྱུ་གུ་དང་མེ་ཏོག་འགའ་ཞིག་ཤར། སློབ་ཚོགས་ཕལ་ཆེར་ལ་འོད་གསལ་འཁོར་ཡུག་འདྲེས་པའི་ཉམས་རྟོགས་འཕེལ། སྐུ་ཕུང་ཞུགས་འབུལ་སྐབས་ནམ་མཁའ་དྭངས་ཤིང་འཇའ་འོད་ཀྱིས་ཁྱབ། དབུ་ཐོད་ལ་ཨ་རང་བྱོན་དང་རྟེན་དང་རིང་བསྲེལ་མང་དུ་བྱོན། སློབ་ཆེན་རྣམས་ལ་དངོས་ཉམས་རྨི་ལམ་ཞལ་མཇལ་བ་དང་། ལུང་བསྟན་པ། བར་ཆད་བསལ་བ། བྱིན་གྱིས་བརླབ་པའི་རྟགས་སོགས་མང་དུ་བྱུང་བར་སྣང་ངོ་། ཡང་རིག་འཛིན་ཆེན་པོའི་གཅུང་མོ་རྗེ་བཙུན་མ་ཨ་ཁམ་ལྷ་མོ་ཡང་རབ་ཏུ་བྱུང་ཞིང་། རིག་འཛིན་ཆེན་པོ་དང་ལྷན་ཅིག་བླ་མ་བསྟེན་ནས་གདམས་ངག་ཉམས་ལེན་བྱས། དགོན་པའི་ཤར་ཐད་ཀྱི་རི་ལ་བཞུགས། བཙུན་མོའི་འཁོར་སློབ་མང་དུ་འདུས་ཏེ་དགོན་སྡེ་ཆགས་པས་ཇོ་དགོན་གདོང་ཞེས་མེང་ཐོགས། ན་བཟའ་དམར་པོ་མནབ་པའི་ཨ་ནེ་ཇོ་མོས་གང་བས་གྲོང་དམར་སྟེང་ཞེས་མིང་དེ་ནས་ཐོགས། ནམ་ཞིག་ཁོང་ཞི་དབྱིངས་སུ་གཞོལ་ནས་གདུང་ཞུགས་འབུལ་སྐབས་དབུ་ཐོད་ནམ་མཁར་ཡལ་ནས་སྔར་རིག་འཛིན་པ་ཆེན་པོས་ཆོས་གསུང་ཡུལ་ཆོས་ཁྲི་སྟེང་གི་སྤང་ཁར་བབས་པས་དེ་ཕྱིན་ཆད་དམ་པའི་སྐྱེས་ཆེན་དག་གི་སྐུ་གདུང་ཞུགས་འབུལ་བྱས་ཡུལ་དང་དུར་གླིང་བྱུང་། དབུ་ཐོད་དེ། སྒྲུབ་ཆེན་བྱིན་འབེབས་སྐབས་ཐོད་གཡབ་མཛད་དེ་ད་ལྟ་ཡང་བཞུགས། ཁོངགི་རྣམ་འཕྲུལ་བག་ཆགས་སད་པའི་ལས་ཅན་མ་ཞིག་ད་ལྟ་ཨ་རི་རྒྱལ་ཁབ་ཏུ་འཁྲུངས་ཡོད་པར་ཐོས་སོ།

ད་ནི་རིག་འཛིན་ཆེན་པོའི་རྒྱལ་ཚབ་གདན་རབས་རིམ་བྱོན་ཇི་ལྟར་བྱུང་བའི་ཚུལ་ལས། གདན་རབས་གཉིས་པ་མཁན་ཆེན་ལྷུན་གྲུབ་རྒྱ་མཚོ་ནི། བདུད་འདུལ་ཕུར་བའི་ལུང་གིས་ཟིན་པ་ལྟར་རྗེ་འབངས་ཉེར་ལྔེའི་ཡ་གྱལ་སོག་པོ་ལྷ་དཔལ་རྣམ་འཕྲུལ་ཏེ། དཔལ་ཡུལ་སེང་སྒང་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ལ་འཁྲུངས། རིག་འཛིན་མི་འགྱུར་རྡོ་རྗེ། རིག་འཛིན་ཀུན་བཟང་ཤེས་རབ་དཔལ་མོ་བ་ཤེས་རབ་རྒྱ་མཚོ་སོགས་བླ་མ་ཉེར་ལྔ་ཙམ་བརྟེན་ནས་མདོ་སྒྱུ་སེམས་གསུམ་བཅོས་མདོ་སྔགས་བཀའ་གཏེར་གྱི་སྨིན་གྲོལ་མང་དུ་གསན། ཤེས་བྱ་ཀུན་ལ་ཆགས་ཐོགས་མེད་པའི་མཁྱེན་པ་རྒྱས། རིག་འཛིན་ཆེན་པོས་འཕགས་པའི་གནས་བརྟན་ཞིག་གི་སྤྲུལ་པར་ལུང་བསྟན། མཁན་ཆེན་དུ་མངལ་གསོལ། རིག་[page 254] འཛིན་པོས། ཀཿཐོག་ངེས་དོན་བརྒྱུད་པའི་བསྟན་པ་འདི། གང་ལ་བབས་པ་དེ་ཡིས་འཛིན་དགོས་ཕྱིར། །གཞན་ངག་མ་ཉན་གནས་འདིར་ཁྱེད་བཞུགས་ལ། ཕྱག་རྫོགས་འོད་གསལ་ཁྲིད་དང་སྡོམ་རྒྱུན་སོགས། འཛིན་སྐྱོང་སྤེལ་བའི་ཐུགས་བསྐྱེད་མ་གཡེལ་དང་། ཚེ་སྒྲུབ་མཐར་ཕྱིན་བར་ཆད་མི་འབྱུང་ཞིང་། དོན་གཉིས་ལྷུན་གྲུབ་འབྱུང་བ་ཕྱི་མཐའ་གསལ། ཞེས་སོགས་ལུང་བསྟན་པ་ལྡར་གདན་ས་འདིར་འཁོར་ལོ་གསུམ་གྱིས་བསྐྱངས་བར་འཁོར་སློབ་སྟོང་ཕྲག་མང་འོ་བྱུང་། དགུང་ལོ་རེ་བརྒྱད་ཧོར་ཟླ་བཞི་པའི་ཚེས་བརྒྱད་ལ་གདེངས་ཚད་བཞི་ལྡན་གྱིས་གཟུགས་སྐུའི་བཀོད་པ་བསྡུས་སོ། དེ་དང་དུས་མཉམ་རིག་འཛིན་ཆེན་པོའི་དངོས་སློབ་དང་དབོང་པོ་བཅས་ཡིན་པའི་རྫོང་ནང་པདྨ་རིག་འཛིན་ཞེས་དངོས་སུ་རྫུ་འཕྲུལ་གྱིས་མཁའ་སྤྱོད་ཀྱི་གནས་ཡུལ་སྒྲོན་ནུས་པའི་གྲུབ་ཆེན་ཞིག་བྱོན། རྗེ་འདིས་རིག་འཛིན་ཆེན་པོའི་ཕྱག་བཞེས་བཞིན་ཆོ་གའི་ལག་ལེན་སོགས་ཕལ་ཆེར་ཟིན་བྲིས་ཁུངས་མ་གནང་བར་རྫོག་ནང་ལུགས་ཞེས་གྲགས་སོ།། དེ་ཡི་དབུ་ཐོད་ད་ལྟ་ཡང་མཇལ་དུ་ཡོད།

གདན་རབ་གསུམ་པ། གྲུབ་དབང་པདྨ་ནོར་བུ་ནི་རཏྣ་གླིང་པ། གནམ་ཆོས་གཏེར་ཁ། འཇའ་ཚོན་སྙིང་པོའི་གཏེར་ཆོས་རྣམས་ནས་ལུང་གིས་ཟིན་པ་ལྟར། དཔལ་ཡུལ་ཨ་མཆོག་གྲོང་ཆགས་རིལ་ཚང་སར་རབ་བྱུང་བཅུ་གཅིག་པའི་ས་ལུག་ལ་འཁྲུངས། གནམ་ཆོས་མི་འགྱུར་རྡོ་རྗེ། རིག་འཛིན་ཀུན་བཟང་ཤེས་རབ། པདྨ་ལྷུན་གྲུབ་རྒྱ་མཚོ་སོགས་དམ་པ་མང་དུ་བསྟེན། སི་ཏུ་ཆོས་འབྱུང་ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ་རྣམས་དང་ཕན་ཚུན་དབང་ལུང་གསན་རེས་བླ་སློབ་ཟུང་འབྲེལ། བཤད་སྒྲུབ་ཀྱིས་བསྟན་པ་སྔར་བཞིན་བསྐྱངས་ཐོག་དམིགས་སུ་བཀར་བའི་སྒྲུབ་སྡེ་གསར་འཛུགས་གནང་། ལོ་གསུམ་མཚམས་ཀྱི་བུག་རལ་སྲུང་ཞིང་། ཕྱི་ནང་རྒྱུ་འདྲུལ་སྤངས། སྒོ་འདག་སྦྱར་ཆུ་ཝ་བླུགས་ངག་སྨྲ་བཅད། ཉམས་ལེན་སྔོན་མའི་ཕྱག་ཞེས་ལྟར་མ་ཉམས་པྲ་སྐྱངས། སྡེ་དགོ་ཆོས་རྒྱལ་བསྟན་པ་ཚེ་རིང་དབུ་བླར་ཕེབས་སྐབས། ས་སྐྱའི་ཕུར་འཚམས་མཛད་དགོས་ཞེས་ཕེབས་པར་སྔོན་སྦྱང་བ་ཙམ་ཡང་མ་མཛད་པར་ཐོལ་བྱུང་དུ་ཞབས་ས་ལ་མ་རེག་པར་འཆམ་མཛད། ཉིན་དེར་ས་སྐྱ་གོང་མས་ཞལ་ཤར་ཕྱོགས་སུ་གཟིགས་ཏེ་རྡོ་རྗེ་ཕུར་བའི་གྲུབ་བརྙེས་ས་ལ་གནས་པ་ཞིག་གིས་ཕུར་འཆམ་གནང་འདུག་ཅེས་ཐོགས་མེད་མཁྱེན་པས་གཟིགས་ཅིང་བསྔགས་བརྗོད་མཛད། ཀརྨ་བཀྲི་ཤིས་སོགས་སློབ་ཚོགས་མང་དུ་བསྐྱངས། དགུང་གྲང་དོན་དགུར་ཞི་དབྱིངས་གཟིམས། བདུད་འདུལ་རྡོ་རྗེ་ཀརྨ་ཆོས་དཔལ་བཟང་པོའམ་ཀརྨ་བཀྲ་ཤིས་ནི། རྦ་བྱུང་བཅུ་གཉིས་ས་སྤྲེལ་སྤྱི་ལོ་༡༧༢༧ལོར་འཁྲུངས། དེ་ཡང་ཡབ་དཀར་ཕྱོགས་གི་གནས་བདག་ལྷ་བཙན་རྒྱལ་བ་དཀར་འཛང་། ཡུམ་བཀྲ་ཤིས་འཚོ་སྟེ་མ་གཉིད་དུ་ཡོལ་བའི་རྨི་ལམ་དུ་མི་དཀར་པོ་ཞིག་བྱུང་བར་རྨིས་པ་སད་ཙ་ན་ལྷ་གཡག་དཀར་པོ་ཞིག་དཀར་འཛོད་བྲག་ལ་ཐུར་པར་མཐོང་། རྗེས་སུ་སྦྲུར་མར་གྱུར་པས་ཕ་མེད་དུ་འདི་མི་མ་ཡིན་ཞིག་ཡིན་སྙམ་ཀྱི་སེམས་སྡུག་དང་ངོ་ཚབས་བྲག་ངོས་གཡང་ལས་ལྕེབས་པས་ལྡོ་ཞིག་གི་སྟེང་སྐྱོན་མེད་པར་ལྷུང་། མས་[page 255] བསམ་པར་ལྟོ་བའི་ཕྲུ་གུ་བླག་ཡོད་མེད་སྙམ་ཙ་ན། བུས་གསུང་འབྱོན་ཏེ། ཨ་མ་ང་སྐྱོན་མེད་ཨོ་མ་ཎི་པདྨེ་ཧཱུྃ་གསུང་མ་ཡུམ་གྱི་རྐང་རྗེས་རྡོ་ལ་དོད་པ་ད་ལྟ་ཡང་མཇལ་རྒྱུ་ཡོད་སྐད། ཆུང་དུས་ནས་གྲུབ་དབང་གཏེར་གོང་འོག་རཏྣ་གནམ་ཆོས་སོགས་གདན་རབས་འདི་ཡི་གསེར་ཆོས་དབང་ཁྲིད་སོགས་རྒྱུན་གང་བཞུགས་གསན། གྲུབ་དབང་དམ་པ་དེ་དང་། ཀརྨ་པ་བཅུ་གསུམ་བདུད་འདུལ་རྡོ་རྗེ། ཞྭ་དམར་བཅུང་པ་ཆོས་འགྲུབ་རྒྱ་མཚོ་རྣམས་ནས་དཔལ་ཡུལ་ཆོས་ཁྲིར་མངའ་གསོལ། སི་ཏུ་ཆོས་འབྱུང་ལས་བསྙེན་པར་བརྫོགས་ཏེ་མཚན་ཀརྨ་ཆོས་དཔལ་བཟང་པོ་གསོལ། དགོན་པའི་བཅའ་སྒྲིག་སོགས་ཞིག་འཇུག་གི་སྒོ་ནས་སྔར་ལས་ལྷག་པར་གནང་། གསང་ཆེན་གྱི་བསྟན་པ་འདི་སྒོ་ཀུན་ནས་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ། གཏེར་ལུང་ལས། རྒྱ་དང་རྒྱལ་རོང་མི་ལོ་བཅོ་བརྒྱད་འཁྲུགས་མཐར་ནི་སྔགས་པ་ཅན་གྱིས་བཏུལ ཞེས་ལྟར་རྒྱ་ནག་དང་། རིག་འཛིན་འཇིགས་མེད་གླིང་པའི་མདུན་ཆེད་མངག་གིས་བརྟག་པ་ཞུས་པས། ཕེབས་ན་ལེགད་ཚུལ་དང་མ་མགོན་གཡུལ་མདོས་སྐོར་གྱི་དཔེ་གནང་། དེ་བཞིན་ཕེབས་རབ་བརྟན་རྒྱལ་པོའི་མཆོད་ནས་བོན་པོ་ནུས་པ་ཅན་གྱིས་རྡོ་ཆར་ཕབ་པ་ལྟ་སྟངས་ཀྱིས་དེ་མ་ཐག་བཟློགརྒྱ་ནག་དམག་མི་རྣམས་ལ་མཚོན་སྲུང་ཕྱག་མདུད་བསྒྲུབས་པས་ཤིག་ཤིག་དངོས་སུ་འགུལ། དེ་རྣམས་རང་ཕྱོགས་ཀྱི་དམག་མི་རྣམས་ལ་བཏགས་པས་མཚོན་ཆའི་བནོད་པ་སྐྱོབ་ཅིང་དགྲ་ཡི་གཡུལ་ཉེས། རྒྱ་ནག་གོང་མའི་ལས་ཤུགས་ཀྱི་རུ་མཚོན་སྲིད་པའི་རྩེ་མེར་ཁྱབ་པ་བྱུང་། དེའི་གཟེངས་བསྟོད་འགའ་སྟོན་དུ། མདོ་སྨད་ཀུན་དུ་ཤེས་སུ་འཇུག་པའི་གསེར་ཡིག་དང་ཕེབས་བྱམ་ས། དེ་ལ་འདོགས་རྒྱུའི་གསེར་ཡིག་གི་སྤན་བཞི། གོ་གནས་ཀྱི་མཚན་དང་བཅས་པ། ཐམ་ཀའི་སྣོད་ཙནྡ་དང་། བ་སོ་ལས་འཕྲུལ་བཟོས་བྱས་པའི་སྒོམ་ཆུང་ནང་ཆོད་བརྒྱད་ཡོད་པའི་ནང་། གསེར་ཐམ་དངུལ་ཐམ་བ་སོའི་ཐམ་ཀ་གཡང་ཊིའི་ཐམ་ཀ་སོགས་ཡུལ་སེང་གེ་ཅན་རིན་ཆེན་སྣ་ཚོགས་ཀྱི་ཐམ་ཀ་བརྒྱད། བ་སོའི་ཐམ་ཆུང་ཡུ་བ་སེང་གེ་ཡོད་པ་བཅས་དང་། ཆོ་ལོ་གསེར་ཡིག་བཅས་པས་མངའ་གསོལ་བ་དང་། གོང་མ་ཆན་ལུང་གི་དབུ་ཏི་ཤྲི་བསྐུར། རྒྱ་ནག་འབྲས་ཞིང་ཕུལ་ནས་འབྲས་ཀྱི་དཔྱ་ཁྲལ་འབུལ་བའི་རྒྱུན་གསོལ་གནང་། གཞན་གསེར་དངུལ། ནང་མཛོད་བཟང་གོས་བཀྲས་ཐག་སོགས་མང་དུ་ཕུལ་བ་བརྗོད་མི་ཤེས། ཡར་ཕེབས་ལམ་དར་ཙེ་མདོར་ཡུལ་སྐྱོང་དགོན་གསར་དུ་བཏབ། རྡོ་ལ་ཞབས་རྗེས་གསན། དམ་པ་འདིས་ཀྱང་རང་དགོན་དུ་སྒྲུབ་ཁང་འོག་མར་གྲགས། རིག་འཛིན་འཇིགས་མེད་གླིང་པ་དངོས་སུ་མཇལ་ཞིང་སྔེན་རྗེས་སྙིང་ཐིག་ཆོས་སྐོར་མང་དུ་གནང་བ་ཉམས་ལེན་མཛད། རྡོ་གྲུབ་རིན་པོ་ཆེ་ཀུན་བཟང་ཕན་ཚུན་སྙིང་ཐིག་ཆོས་སྐོར་གསན། ཀློང་ཆེན་སྙིང་ཐིག་ཐོག་མར་དར། ཕར་མདོ་སྒྱུ་སེམས་གསུམ་དང་དཔལ་ཡུལ་ལུགས་ཆོར་སྐོར་མང་པོ་ཕུལ་བས་བླ་སློབ་ཟུང་[page 256] དུ་འབྲེལ། དེ་བཞིན་སྐབས་དེའི་བླ་ཆེན་ཕལ་ཆེར་སློབ་མར་གྱུར་པ་མེད། གདན་སར་གཙོ་བོ་ཀརྨ་ལྷ་དབང་དང་། ཀརྨ་དོན་དམ་གཉིས་ལ་གཏད། དགུང་གྲངས་དུག་ཅུ་རེ་གསུམ་ལྕགས་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།། གདན་རབས་ལྔ་པ་རྟོགས་ལྡན་ཀརྨ་ལྷ་དབང་ནི་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་དབོན་བརྒྱུད་འཁྲུངས། ཀརྨ་བཀྲ་ཤིས་མདུན་ཆོས་བཀའ་ཡོངས་རྫོགས་གསན། ཐོས་བསམ་བསྒོམ་པས་གྲུབ་པའི་མངོན་ཤེས་དང་རྫུ་འཕྲུལ་སོགས་ཐོགས་པ་མེད་ཀྱང་བསྟན་པའི་ཁུར་ཞེས་པ་སོགས་མི་མཛད་བར་ཐུགས་དམ་བཅད་རྒྱ་ཁོ་ན་མཛད། དེ་དང་དུས་མཉམ་པ་རྟོགས་ལྡན་ཀརྨ་དོན་དམ་ཡང་དཔེ་འབར་ཕྱོགས་སུ་འཁྲུངས། ཀརྨ་བཀྲ་ཤིས་ནི་དངོས་སློབ་སྟེ། ཆོས་བཀའ་ཡོངས་རྫོགས་གསན་བསམ་སྒོམ་པའི་ཉམས་རྟོགས་ཁྱད་འཕགས་ཅན་སྐུ་ཚེས་ཀུན་སྤང་བྱ་བྲལ་མཛད། གཟིམ་སྤྱིལ་ལ་ཤིང་ལོས་ཡོལ་བར་མཐོང་སྐབས། སྲ་བརྟན་ཞིག་ལས་ན་ཞུས་ཀྱང་དགོས་པ་མེད་གསུངས། ནིབ་མོ་མི་གསོ་བ་དང་། གསོལ་ཞབས་སྦུགས་ནས་བཞག་པ་སོགས་བཀའ་གདམ་པའི་རྣམ་ཐར་འཆང་། སློབ་ཚོགས་ཚོར་སྙིང་པོའི་སྒྲུབ་པ་ཉམས་ལེན་ཁོ་ནར་འབད་དུ་བཅུག། བཀའ་མ་སྒྱུ་འཕྲུལ་ཞི་ཁྲོ་སྨིན་གླིང་ཕྱག་བཞེས་ལྟར་གསར་འཛུགས་གནང་། དམ་པ་དེ་གཉིས་ནས་བསྟན་དགོན་ཀྱི་བྱ་བ་ལས་ཀྱི་འཁོར་ལོར་ཐུགས་འདུན་མི་གཏད་པས། ཀརྨ་བཀྲ་ཤིས་ཀྱི་དབོན་པོ་རྟོགས་གོམ་ལྡན་པ་ཨ་བསམ་དང་། དབོན་པོ་དབང་ཕྱུག་གཉིས་ནས་བསྟན་པའི་ཁུར་བཞེས། གདན་རབ་དྲུག་པ་རིག་འཛིན་ཤྲཱི་སེང་ཧ་དང་གོང་མ་ཀརྨ་བཀྲ་ཤིས་རྣམ་འཕྲུལ་ཀརྨ་འགྱུར་མེད་ནི། བདུད་འདུལ་གཏེར་ལུང་གིས་ཟིན། སྨན་ཤོད་སྨན་ཆུ་སྒང་ཁང་ལེབ་ཚང་སར། རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ལ་འཁྲུངས། རྫོང་ནང་ཀརྨ་ལྷ་དབང་། སིཏུ་པདྨ་ཉིན་བྱེད། ལྷ་རྩེ་པདྨ་སྦྱིན་པ། ཀཿཐོག་ཉིན་དགོན་སྤྲུལ་སྐུ། རྫ་ཁྲ་མ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུ་དང་རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ་སོགས་བླ་མ་མང་དུ་བསྟེན། ཁྱད་པར་ཕྱི་མ་རྣམ་གཉིས་མདུན་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་རྫོགས་པར་ཞུས་ཏེ་ཀློང་ཆེན་སྙིང་ཐིག་ཉམས་བཞེས་དར་རྒྱས་གནང་། སྔར་མེད་པའི་དབང་ཆེན་སྤྲེལ་ཟླའི་ཚེས་བཅུའི་དུས་དྲན་ཆེན་མོ་ཕོ་བྲང་སྣེའུ་གདོང་གི་ཕྱག་བཞེས་ཞྭ་ནགས་ལུགས་གསར་དུ་བཙུགས་ཏེ་གོང་མ་ཀརྨ་བཀྲ་ཤིས་སྐུ་དུས་ཀྱི་རྒྱ་ནག་ནང་མཛོད་ཀྱི་རིན་ཐང་བྲལ་བའི་སྤྲིན་ཐག་དང་རྒྱན་བཞི་སོགས་ཀྱིས་ཚམ་པའི་བེར་སོགས་རྒྱས་སྤྲོས་ཅན་གསར་བསྐྲུན་གནང་། དགུང་ཁྲག་ང་བརྒྱད་ལྕགས་ཕག་ཟླ་བ་ལྔ་པའི་ཚེས་བཅུ་གསུམ་ལ་གཟུགས་སྐུའི་བཀོད་པ་འཇའ་ལུས་ཆུང་ངུར་གཤེགས་སྟེ་གཞི་དབྱིངས་སུ་བསྡས་སོ།། གདན་རབ་བདུན་པ་པདྨ་མདོ་སྔགས་བསྟན་འཛིན་ནི་རྒྱལ་རོང་ཚ་ལོ་རྒྱལ་ཁ་བྷོ་ཏོ་སྟོད་ཕན་ཏག་ཞེས་པར་རབ་བྱུང་བཅུ་བཞི་པའི་ལྕག་སྟག་ལ་འཁྲུངས། ཆུང་དུས་ནས་སྐྱེས་ཐོབ་ཀྱིས་ཤེས་རབ་འབར་ཞིང་། གྲུབ་རྟགས་ཡ་མ་ཟུང་སྟོན་པ་དམ་པའི་རིགས་ཅན་བྱོན། ཁུ་བོ་བླ་མ་དམ་པ་སངས་རྒྱས་ཡེ་ཤེས་མདུན་སངས་རྒྱས་ལག་འཆང་སྔོན་འགྲོའི་ཁྲིད་གསན་པས་ངེས་འབྱུང་བཅོས་མིན་འཁྲུངས། ཐུགས་གཏེར་ནས་དམ་པའི་ཆོས་ཁོ་ནར་སྒྲུབ་འདོད་སྐྱེས།[page 257] ཁྱད་པར་དཔལ་འབྱོར་གྱི་བཀོད་པ་དང་། རིག་འཛིན་ཆེན་པོ་སོགས་སྐྱེ་བོ་བཞེས་ཚུལ་གསལ་བར་དྲན། དེ་བཞིན་ཀརྨ་འགྱུར་མེད། སིཏུ་པདྨ་ཉིན་བྱེད།

རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེ་སོགས་མཐུན་པར་རིག་འཛིན་ཆེན་པོའི་སྤྲུལ་བ་ཡིན་པར་ཐག་བཅད་དེ་ཆོས་ཁྲིར་མངའ་གསོལ། རྗེ་ཀརྨ་འགྱུར་མེད། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། མཆོག་གྱུར་བདེ་ཆེན་གླིང་པ། དཔལ་ཡུལ་རིག་རྒག་བླ་མ་པདྨ་བཟོད་པ་སོགས་དམ་པའི་སྐྱེས་ཆེན་དུ་མའི་མདུན་སྔར་རྒྱུན་བཀའ་བརྟེན་དག་སྣང་གི་ཟབ་ཆོས་ཐ་དག་རྫོགས་པར་གསན། གཞན་གསར་སྙིང་གི་གདམས་པཅུད་རིགས་དང་། གནས་ལྔ་རིག་པའི་ཤེས་བྱ་ཀུན་མ་གསན་པ་དང་མི་མཁྱེན་པ་མེད་པར་མཛད། ཁྱད་པར་ཀློང་ཆེན་སྙིང་ཐིག་གདམས་བཅུད་རྫོགས་པར་འཇམ་དབྱངས་མཁྱེན་བརྩེའི་མདུན་ནས་ནོད་རིན་ཆེན་གཏེར་མརྫོད་ཆེན་པོ་གསར་བསྒྲིགས་ཀྱི་སྨིན་གྲོལ་རྒྱབ་རྟེན་བཅས་འཇམ་མགོན་རིན་པོ་ཆེའི་མདུན་ནས་གསན། གཏེར་མརྫོད་གསན་སྐབས་འཇམ་མགོན་རིན་པོ་ཆེའི་གཟིམ་ལམ་དུ། དཔལ་ཡུལ་རྒྱ་སྤྲུལ་ནས་གསེར་གྱི་ཉག་ཐག་འདྲ་བ་ཞིག་ཁོང་ལ་ཕུལ་བ་སླར་མགུལ་པར་བཀོད་ནས་གཏེར་མརྫོད་ཀྱི་བཀའ་གཏད་མཛད་བའི་གཟིམས་ལམ་བྱང་བས་རྒྱ་སྤྲུལ་ནས་དེ་སྔོན་གཏེར་མཛོད་ཚར་གསུམ་གྲུབ་འདུག་ཞེས་འཇམ་མགོན་རིན་པོ་ཆེས་གསུང་ཕེབས། སླར་མཁྱེན་ཀོང་རྣམ་གཉིས་ལ་གནམ་ཆོས་ཡོངས་རྫོགས་སྨིན་གྲོལ་ཆ་ཚང་དང་རཏྣའི་སྐོར་ཁ་ཤས་ཕུལ། གཞནན་ཡང་རྒྱུན་འཛིན་སློབ་མ་ཀརྨ་སྐུ་ཆེན་མདོ་སྔགས་ཆོས་ཀྱི་ཉི་མ། གྱང་ཁང་སྤྲུལ་སྐུ་པདྨ་ཐེག་མཆོག་བསྟན་འཛིན། གཟི་སྤྲུལ་འཇམ་དབྱངས་ཤེས་རབ་ཆོས་ཀྱི་སྣང་བ། ལྷ་སྤྲུལ་པདྨ་གར་དབང་བསྟན་འཛིན་གསེར་ལོའི་རྣམ་འཕྲུལ་བླ་རྫོང་སྤྲུལ་སྐུ་སོགས་མང་དུ་བྱོན། སློབ་ཚོགས་རྣམས་ལ་སྔོན་འགྲོ་བ་དང་། བསྐྱེད་རྫོགས། རྫོགསཆེན་ཁྲིད་བཏབ། རབ་བྱུང་དགེ་ཚུལ་སློབ་གནང་ཡུལ་སྟོང་ལྷག་དང་། སྔ་ཕྱིར་བཀར་མའི་ཆོས་སྐོར་དབང་ལུང་ཚར་བརྒྱད། རིན་ཆེན་གཏེར་མཛོད་ཆེན་མོ་ཚར་གསུམ། གཞན་གནམ་ཆོས་ཐེང་བཅུ་གཉིས་རཏྣའི་ཆོས་སྐོར་ཐེངས་བཅོ་ལྔ། བཀའ་བརྒྱད་བདེ་འདུས་པོད་དགུ། གསང་རྫོགས་པོད་བཞི་བཅས་ཐེངས་དྲུག་རེ། ཞི་ཁྲོའི་བསྐྱེད་རྫོགས་དབང་ལུང་ཚར་བཅུ་གསུམ། དགོངས་པ་ཟང་ཐལ་དང་། བླ་མ་དགོངས་འདུས། ཀློང་ཆེན་མཛོད་བདུན་སོགས་ཕལ་ཆེར་ཚར་གསུམ་གསུམ་རེ་གསུངས། གསང་སྙིང་བཤད་པ་ཡང་ཐེང་གྲངས་གནང་བ་སོགས་མདོར་ན་བཀའ་གཏེར་གསར་རྙིང་ཆོས་སྐོར་ནང་བཀའ་འགྱུར་དང་གདམས་ངག་མཛོད་གཉིས་ཕུད་འཕྲོས་དེ་མིན་རྣམས་ཚར་ཁ་ཤས་རེ་མ་གསུངས་པ་མེད། ཕྱོགས་འདུས་ཀྱི་སློབ་མ་དག་ལ་རིགས་པའི་གནས་ཆེན་དང་རྩིས་དཀར་ང་དབྱངས་འཆར་དག་སྡེབ་སྙན་ངག་མངོན་བརྗོད་སོགས་མོས་པ་ལྟར་བསླབ་མཛད་པས་མཁས་པ་མང་དུ་བྱོན། བསྟན་བཅོས་དགོངས་འགྲེལ་རིགས་གནས་སྐོར་དང་མན་ངག་ཟིན་བྲིས་སོགས་པོད་འགའ་ཡོད་པ་ལས་ད་ལྟ་གནམ་ཆོས་དབང་ཟིན་དང་ཀུན་བཟང་ཤེས་རབ་སྐུ་བསྟོད་ཀུན་བཟང་འཁོར་ལོ་དབུངས་ཨ་ངེས་པས་དྲངས་བ་ཙམ་ལས་གཞན་དག་མཇལ་བའི་སྐལ་བ་དབེན། དམ་པ་འདིས་གདན་ས་[page 258] འདིར་སྔ་འགྱུར་བཀའ་མ་ཡོངས་རྫོགས་ཡོད་དོ་ཅོག་བཀའ་ཡི་བསྡུ་བ་མཛད་ནས་ཤིང་སྤར་རྐོ་འགོ་ཚུགས། ཁྱད་པར་དུ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་བཞིན་སྔ་འགྱུར་བཀའ་མའི་སྒྲུབ་ཕྲན་ཆོས་སྡེ་སུམ་ཅུ་ཙམ་གྱི་སྒྲུབ་ཆོད་དང་། སྒྱུ་འཕྲུལ་རྩ་འཆམས་དང་ཁྲག་འཐུང་ཁྲོ་བོའི་བྲུབ་འཆམ་སུར་ཏོ་བཅུ་དྲུག་གི་མཆོད་གར་འཆམ་སྤྲོས་བཅས་དབང་དང་སྦྱིན་སྲེག་སོགས་ཁག་བགོས་ཏེ་ས་ག་ཟླ་པའི་དབྱར་མཆོད་དང་། ཆོ་འཕྲུལ་ཟླ་བའི་དགུན་མཆོད་དུས་གཉིས་ས་ལ་བཙུགས། དེ་རྣམས་རྡུར་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ཏེ་སོ་སོར་མཁོ་གཞི་ཡོ་བྱད་དཀྱིལ་ཆས་མཆོད་ཆས་རོལ་ཆས་འཆམ་དང་སྦྱིན་སྲེག་སོགས་ཀྱི་ཡོ་བྱད་ཆ་ཚང་ཞིང་གྱ་ནོམ་པ་ཤ་སྟག་བསྐྲུན། སྐུ་གདུང་ལྷ་ཁང་ཀ་བ་ཉི་ཤུ་བ་གཉྫིར་བཅས་པའི་ནང་རྟེན་ཀརྨ་འགྱུར་མེད་སྐུ་དམར་གདུང་བཞུགས་པའི་ཟངས་གསེར་ཅན་མཆོད་སྡོང་མཐོ་སོ་ལྔ་པ། གཡས་སུ་ཟངས་གསེར་གྱི་ཚེ་དཔག་མེད་སྐུ་མཐོ་བཅོ་བརྒྱད་ཙམ་ཡོད་པ། གཡོན་དུ་དངུལ་གྱི་བཟོས་པའི་ཆོད་སྡོང་ཐོག་ཚད་གཉིས་པ། གཞན་ལི་མ་དང་གསེར་ཟངས་ཀྱི་སྐུ་བརྙན་སྟོང་ཕྲགབླ་བྲེ་འཕན་གདུགས་རྒྱལ་མཚན་གྱ་ནོམ་པ། དངུལ་སྲང་བརྒྱ་དང་ལྔ་བཅུའི་མཆོད་ཏིང་། མཎྜལ་རྒྱ་ནག་གི་རོལ་ཆ་རིགས་དང་དཀར་ཡོལ་གྱི་མཆོད་རྫས་རིགས་གནའ་རབས་ཀྱི་ཡོ་བྱད་གྱ་ནོམ་པས་བཀང་བ། དེའི་ཉེ་ངོས་སུ་རྡོར་སེམས་སྤྲུལ་པའི་ལྷ་ཁང་ཞེས་བཟོ་བཀོད་རྒྱ་བཟོས་ཅན་ཤེང་རྐོས་སོགས་ངོ་མཚར་ཅན་གྱི་ཐོག་གཉྫི་ར་ཡོད་པ་རི་དྭགས་ཆོས་འཁོར་བཅས་པའི་ནང་དུ་རྟེན་གཙོ་རྡོ་རྗེ་སེངས་དཔའི་སྐུ་ཞལ་མཐོ་ལྔ་པ་སེང་ཁྲི་རྒྱབ་ཡོལ་རྒྱན་དྲུག་བཅས་རྒྱབ་མཐོ་ལྔ་བཅུ་ཅན། འཁོར་སངས་རྒྱས་སྟོང་སྐུ་ཟངས་གསེར་མཐོ་ཚད་ཅན་ཤེལ་གྱི་སྐུ་ཁང་ནང་བཞུགས་པ་མཆོད་རྫས་ཡོ་བྱད་སོགས་སྐུ་གདུང་ལྷ་ཁང་དང་མཚུངས་པ་བཞེངས། ལྕགས་དྭ་ལྷ་ཁང་ནང་དུ་སྒོ་མང་མཆོད་རྟེན་གསེར་ཟངས་ཅན་གསུམ་པ་རིན་ཆེན་སྣ་ཚོགས་ཀྱི་ཕྲ་རྒྱན་རྒྱ་ནག་ལི་མ་བརྒྱ་ཕྲག་སྒོ་མང་དུ་བཞུགས། གོས་སྐུ་གྱ་ནོམ་པ་སྟོན་པའི་ཐོག་ཚད་དྲུག་པ་བཞེངས། ཉིད་ཀྱི་གཟིང་སྤྱིལ་གསེར་ཁང་། བརྡ་གོར་སྐུ་གསུང་ཐུགས་རྟེན་གྲངས་མང་། གསུང་རྟེན་བཀའ་འགྱུར་གཙོས་རྙིང་རྒྱུད་སོགས་ཆོས་ཚན་དཔེ་རྙིང་པོད་བཞི་བརྒྱ་ཙམ་གསར་བྲིས། འབུམ་ཆ་ཚང་བརྒྱད་སྟོང་པ་བཀའ་མ་སོགས་དཔར་ཤིང་མང་དུ་བརྐོས། རབ་བྱུང་བཅོ་ལྔ་པའི་ཆུ་རྟ་ལ་མགོ་ལོག་ཁང་རྒན་དཔོན་གྱི་མང་ཞབས་དཔལ་ཡུལ་དམར་ཐང་མདོ་སྔགས་བཤད་སྒྲུབ་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་ཏུ་བཏབ་ནས་གདན་ས་འདི་གའི་ཕྱག་བཞེས་ཅི་བཞིན་བཙུགས་ནས་རྒྱུན་པར་དགེ་འདུན་སྟོང་གྲྭ་རེ་འདུས། དེ་བཞིན་ཕྱོགས་ཀྱི་དགོན་སྡེ་ཆེ་ཕྲ་ཕལ་ཆེ་ལ། བཤད་གྲྭ། སྒྲུབ་གྲྭ། སྒྲུབ་མཆོད། ཚེས་བཅུ། སྨན་སྒྲུབ། སྐྱེ་བདུན་བུམ་སྒྲུབ་སོགས་ཀྱི་རྟེན་བཞག་གང་ཆེ་དང་། ཕྱག་འགྱེད། རྙིང་རལ་ཉམས་གསོ། གསར་བཞེངས་རྟེན་རྩ་མཆོད་ཐེབ་ཚུན་བསམ་གྱིས་མི་ཁྱབ། སླར་གདན་ས་འདི་ཉིད་དུ་གསེར་གདུང་ཐོག་ཚད་གཉིས་པ་ཞིག་བཞེངས་མགོ་ཚུགས་ནས་གདན་གྱི་པ་ཏྲ་ཡན་གྲུབ་མཚམས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དགོངས་པ་རྫོགས་ཚུལ་གསན་པས་ཐུགས་སྐྱོ་ཉམས་དང་། གཟིམ་ལམ་དུ་གནམ་མཐོང་སྐས་རིང་ཞིག་ལ་[page 259] མཁྱེན་བརྩེ་རིན་པོ་ཆེ་ཕེབས་པའི་ཕྱི་བཞིན་སོང་བར་རྨིས་གསུང་དགུང་གྲངས་རེ་གཉིས་ལོ་སྣྲོན་ཟླ་ལྔ་པའི་ཚེས་ཉེར་གཉིས་ལ་འཕགས་པ་གནས་བརྟན་བཅུ་དྲུག་གི་ཞལ་གཟིགས་བྱུང་གསུངས་ནས་ངོ་མཚར་བའི་རྟགས་བཅས་གཤེགས། དམ་པ་དེ་དང་དུས་མཉམ་པར་ ཀརྨ་བཀྲ་ཤིས་ཀྱི་དབོན་པོ་དབང་ཕྱུག་གི་སྤྲུལ་སྐུ་རིག་འཛིན་འཇིགས་མེད་རང་གྲོལ་གདན་ས་འདི་དང་རྨུགས་སངས་དགོན་སྐྱོང་ཞིང་བསྟན་འགྲོའི་དཔལ་མགོན་དམ་པའོ། ཡང་རྒ་རྗེ་ཁང་ནས་བླ་མ་བཀྲ་ཤིས་ཕུན་ཚོགས་ཞེས་མཁས་གྲུབ་རྟོགས་ལྡན་པ་ཞིག་བྱོན་པ་དེས་ཆོ་ག་སྒྲུབ་ཕྲིན་སྐོར་ཟིན་བྲིས་པོད་གཅིག་ལོང་པ་མཛད་པ་མངྒ་ལཀྵིའི་ཕྱག་བཞེས་ཞེས་དར་ཁྱབ་ཆེ། དེའི་ཡང་སྲིད་དཔེ་ཡག་སྡེས་བ་གྲོང་དུ་འཁྲུངས་ཤིང་ཆུང་དུས་ནས་གྲུབ་པའི་མཛད་སྤྱོད་རྫུ་འཕྲུལ་སྣ་ཚོགས་སྟོན་པ་གདན་ས་འདི་དང་སྦ་ནག་དགོན་ལ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། མཐར་སྐུ་ལ་སྙུན་མེད་པར་ཞལ་འདོན་ཕྱག་ཕྲེང་སོགས་བཞག་ཏེ་ཐ་མའོ་ཞེས་སྒོ་རྒྱོབ་ཤོག་གསུང་མཉམ་པར་བཞག་བཞིན་གཤེགས། སྐུ་གདུང་ལས་བདུད་རྩིའི་རྒྱུན་ཟངས་དཀར་ཆེན་པོ་གང་བ་བྱུང་ངོ་། དེའི་ཡང་སྲིད་རབ་བྱུང་བཅུ་དྲུག་ཤིང་སྟག་ལོར་དཔལ་ཡུལ་རུ་འཛངས་དཔལ་སྤུག་ཚང་སར་འཁྲུངས་པ་སྐལ་བཟང་རིན་ཆེན་ད་ལྟ་སྐུ་འཚོ་ཞིང་བསྟན་དགོན་གྱི་ཁུར་བཞེས་བཞིན་པའོ།།

གདན་རབ་བརྒྱད་པ་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་ནི། གོང་མ་ཀརྨ་འགྱུར་མེད་གཤེགས་ཁར། ང་ཡི་སྤྲུལ་པ་ཁ་ཡི་སྟེང་ནས་འབྱུང་། །ཞེས་པའི་ལུང་བསྟན་ལྟར། སྡེ་དགེ་ཨ་ལོ་ཁ་སྟེང་། ས་མགོ་ཚང་སར་རབ་བྱུང་བཅུ་བཞི་པའི་ཤིང་སྟག་ལ་འཁྲུངས། རྒྱ་སྤྲུལ་རིན་པོ་ཆེ་དང་ལྷ་སྤྲུལ་རིན་པོ་ཆེ་རྣམ་གཉིས་འཇམ་མགོན་མཁྱེན་ཀོང་མཆོག་གསུམ་དང་། ཆོས་རྗེ་དཔལ་སྤྲུལ་དང་། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་ཀྱི་མདུན་ནས། གསར་རྙིང་མདོ་སྔགས་སྤྱི་དང་། ཁྱད་པར་སྔ་འགྱུར་བཀའ་གཏེར་སྐོར་དང་། མན་ངག་སྙིང་ཐིག་སོགས་སྨིན་གྲོལ་ཉམས་ཁྲིད་གསན་བསམ་བསྒོམས་པས་བསྟེན་པ་འཛིན་སྐྱོང་སྤེལ་ཞིང་ཁྱབ་པར་དུ། སྔ་འགྱུར་བཀའ་མ་རིན་པོ་ཆེའི་འཆད་ཉན་གྱི་རྒྱུན་ཁྱབ་པར་སྤེལ་ཞིང་པོད་ཉི་ཤུར་ལོང་པ་པར་ཤིང་གསར་བ་རྐོས་མཛད་ནས་དེང་སང་འཛམ་བུའི་གླིང་འདིར་སྔ་འགྱུར་བཀའ་མའི་བསྟན་པ་མི་ནུབ་པའི་བཙས་སུ་གྱུར་པ་འདི་ཁོ་ན་བཀའ་དྲིན་གྱི་ཕུང་པོ་ནམ་ཡང་གཞལ་བའི་ཡུལ་ལས་འདས་ཞེས་བདུད་འཇོམས་རིན་པོ་ཆེ་བསྔགས་བརྗོད་མཛད་པ་དོན་ལ་གནས་ཤིང་མཐོང་ཆོས་སུ་གྱུར། སྤྱིར་ཡང་དང་པ་འདི་གྲུབ་པའི་ས་མཐོར་གཤེགས་ཤིང་མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མེད། དམ་པ་དེ་དང་དུས་མཉམ་དུ་ཀརྨ་འགྱུར་མེད་ཀྱི་སྐུ་གསུང་ཐུགས་སྤྲུལ་སུ་ངོས་བཟུང་བ་ཁྱད་པར་རྗེ་དབོན་དམ་པ་ཨ་བསམ་ཀྱི་སྤྲུལ་པ་དབོན་སྟོན་ལྷ་འབྲངས་སུ་འཁྲུངས་པས་ལྷ་སྤྲུལ་ཞེས་པདྨ་གར་དབང་བསྟན་འཛིན་ནི། གསན་བསམ་ཐོས་བསྒོམ་པའི་ཡོན་ཏན་མཆོག་ཏུ་གྱུར། དཔལ་ཡུལ་སྒྲུབ་ཁང་གོང་འོག་གཅིག་ཏུ་ཐོས་བསམ་བསྒོམ་པའི་ཡོན་ཏན་མཆོག་ཏུ་གྱུར། དཔལ་ཡུལ་སྒྲུབ་ཁང་གོང་འོག་གཅིག་ཏུ་བསྡོམས་པའི་ཁང་པ་གསར་གསོ་དང་ཉེར་འཁོའི་ཡོ་བྱད་འཚོ་བའི་མཐུན་རྐྱེན་སྦྱོར་འཇག་གིས་སྒྲུབ་གྲྭ་ཉེར་ལྔ་བཅའ་སྒྲིག་མ་[page 260] ཉམས་གོང་འཕེལ་ཉམས་པ་སོར་ཆུད་མཛད་བརྡ་གོར་ལྷ་ཁང་གསེར་བཞེངས་དང་ལོག་བྲིས་སྟོང་སྐུ་གསེར་བྲིས། རྟེན་གཙོ་ཐུབ་དབང་ཐོག་ཚད་གསེར་ཟང་ཅན། སྒོ་ཤུབ་དུང་འཁོར་སོགས་གསར་བཞེངས་མཛད། དཔལ་ཡུལ་དར་ཐར་དགོན་གསར་འདེབས་དང་སྒྲུབ་ཁང་གསར་འཛུགས་གནང་། འགོ་ལོག་སྨད་རོང་དགོན་ཆོས་གླིང་གསར་དུ་བཏབ། མཐར་དགུང་གྲངས་གྱ་བཞིར་གཤེགས། དེའི་ཡང་སྲིད་གར་དབང་ཉི་མ་ནི། མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་ཟླ་བས་ངོས་འཛིན་གནང་ཞིང་བལ་ཡུལ་དར་ཐང་དགོན་དུ་གསེར་ཁྲིར་མངའ་གསོལ་ཞིང་ད་ལྟ་འཁོར་ལོ་གསུམ་གྱི་མཛད་ཕྲིན་རྒྱས་བཞིན་འཚོ་ཞིང་བཞུགས་པའོ།། ཡང་ཀརྨ་ལྷ་དབང་གི་ཡང་སྲིད་རྒྱ་རོང་གཟི་འགག་སུ་གཟི་སྤྲུལ་འཇམ་དབྱངས་ཆོས་ཀྱི་སྣང་བ། རིགས་པའི་གནས་ལྔ་ལ་འཆད་རྩོད་རྩོམ་པའི་སྤོམས་པ་ལྡན་ཞིང་མཁས་གྲུབ་གཉིས་ལྡན་ཞིག་བྱོན་ཡང་། བསྟན་འགྲོའི་སྐལ་བས་མ་ཐེག་ཏེ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་མདུན་དུ། དགུང་གྲངས་བཞི་བཅུའི་ཐོག་གཤེགས། དེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆོས་ཀྱི་ཟླ་བ་ནི་རབ་བཅོ་ལྔ་པའི་ཤིང་ཕོ་རྟ་ལ་རྒྱལ་རོང་རྒྱལ་ཕྱོགས་སུ་འཁྲུངས། རྨ་ཐོག་རིན་ཆེན་དང་གནུབ་ཆེན་པོའི་གཅིག་དང་དུ་མའི་རྣམ་འཕྲུལ་དང་། རྗེ་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ། རྒྱ་སྤྲུལ་མ་ཡཱ་པནྜི་ཏ་བཅས་ཀྱི་སྐྱེ་སྲིད་དུ་རྗེ་ཉིད་དང་། གཙང་སྐོར་གྲུབ་ཆེན། རིག་འཛིན་དཔལ་ཆེན་འདུས་པ་བཅས་ནས་ངོས་འཛིན་གནང་། དཔལ་ཡུལ་གདན་ས་འདི་ཉིད་དུ་གསེར་ཁྲིད་མངའ་གསོལ། རྗེ་ཆོས་ཀྱི་ཉི་མ་རིག་འཛིན་དཔལ་ཆེན་འདུས་པ། ལྷ་སྤྲུལ་པདྨ་དར་དབང་བསྟན་འཛིན་སོགས་དམ་པ་མང་དུ་བསྟེན་ཅིང་། ཐུན་མིན་མན་ངག་གི་ཁྲིད་དང་ཟབ་ཆོས་གཏད་རྒྱ་དང་བཅས་པ་གྲུབ་དབང་དཔལ་ཆེན་འདུས་པར་གསན་ཏེ་རིགས་ཀྱི་བདག་པོར་བཟུང་། ཆུང་ངུས་འཇམ་དཔལ་དཀར་པོ་མི་དཀར་རལ་གྲི་ཐོགས་བ་ཞིག་མཇལ་མ་ཐག་རལ་གྲི་སྐུ་ལུས་ཕྱེད་ཚལ་གཏོང་བའི་སྣང་ངོར་དར་ཅིག་རྟོག་མེད་བློ་བྲལ་སུ་འབྱམས་ཀླས་རྗེས་སྣང་བ་ཐམས་ཅད་བན་མ་བུན་སྐྱོ་ཆད་དེ་གང་ལ་དམིགས་པ་དེ་དཀའ་བ་མེད་པར་མཁྱེན་པའི་རྩ་ལ་འཕང་མཐོན་པོ་གྱུར། མཚན་གཞན་འཇམ་དཔལ་དགྱེས་པའི་རྡོ་རྗེ་གསོལ། ཀཿཐོག་མཁན་ཆེན་ལེགས་བཤད་འབྱོར་ཞལ་ནས། གངས་ཅན་ལྗོངས་སུ་འདུལ་བ་འཛིན་པ་འདི་ལྟ་བུ་དཀོན་འཕགས་པའི་གནས་བརྟན་ཞིག་དང་ཁྱད་མེད་གསུངས།

དེ་ལྟར་བཙུན་པའི་མཆོག་དང་། རྒྱུན་པར་ཐུན་བཞི་བཅད་ཉམས་ལེན་ཁོ་ནར་གནང་ཞིང་གྲུབ་པའི་གཆོག་ཏུ་གྱུར། དར་ཐར་དགོན་དང་དཔལ་ཡུལ་གཙོས་དགོན་སྡེ་བརྒྱ་ལྷག་ཙམ་དུ་ཕེབས་ནས་ཉམས་གསོ་དང་ཕྱག་འགྱེད་གནང་། དཔལ་ཡུལ་དུ་ཕེབས་གྲུབ་དབང་ཡང་སྲིད་རིན་པོ་གཙོས་བདག་སོགས་འདུས་པའི་འཁོར་ལ་རིན་ཆེན་གཏེར་མཛོད་སྨིན་གྲོལ་བསྩལ། ཡུལ་དབུས་ཕེབས་ཆོས་འཁོར་གསུམ་དང་། སེ་འབྲས་དགའ་གསུམ་རྒྱུད་སྟོད་སྨད་འབྲས་ལྷུན། མཚུར་ཕུ་སོགས་ལ་མང་ཇ་སྐུ་འབྱེད། རྡོར་སྨིན་[page 261] དཔལ་གསུམ་སོགས་རྙིང་དགོན་ཁག་ལ་བསྙེན་བཀུར་གནང་། སློབ་མའི་གཙོ་བོ་གྲུབ་དབང་རིན་པོ་ཆེ་ད་ལྟ་འཚོ་ཞིང་བཞུགས་པ་ཡན་གྲངས་ཀྱིས་མི་ཆོད། དུས་འགྱུར་སྐབས་ཉིན་ཞིག་ལ་བླ་སྤྲུལ་བརྒྱ་ཕྲག་ཙམ་ཁྲི་མུན་ཆུད་པ་ཚོར་གསུང་ཕེབས་པར་འགའ་ཤས་ཞིག་ཁམས་དུ་ཐུགས་གཏད་ན་ལེགས་གསུངས། སྤྲུལ་ལྷང་པོ་སོགས་མང་པོ་ཞིག་ལ་ཞིང་གཞན་དུ་མ་ཕེབས་པར་བཞུགས་དགོས་ཚུལ་ཕེབས། བཟང་སྤྱོད་སྨོན་ལམ་དབུ་མས་གསུང་དེ། བདག་གིས་སྨོན་ལམ་མཐའ་ཡང་དེ་ཙམ་མོ། ཞེས་པའི་མཚམས་དེ་ཉིད་དུ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།། དེ་རྗེས་ཉི་ཤས་རིང་ལ་བླ་སྤྲུལ་མཁན་གསུམ་བརྒྱད་ཅུ་ཙམ་ཡང་ཞིང་གཞན་དུ་གཤེགས་པར་གྲགས་སོ། རྒྱ་སྤྲུལ་རིན་པོ་ཆེའི་ཁུ་བོ་རྡོ་རྗེ་ཕུར་པའི་གྲུབ་བརྙེས། ས་སྐྱ་ཀུན་བློའི་རྣམ་འཕྲུལ་རྐྱ་ཁ་བ་གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་སྐུ་རྔད་ལ་གྱང་ཁང་ཚང་སར་འཁྲུངས་པ་གྱང་སྦྲུལ་པདྨ་ཐེག་མཆོག་བསྟན་འཛིན། དེའི་ཡང་སྲིད་ལུང་རྟོགས་བསྟན་པའི་ཉི་མའི་དཔོན་རིགས་སུ་འཁྲུངས་པ་དཀོན་མཆོག་བསྟན་པའི་རྒྱལ་མཚན། བདག་ལ་དེའི་མཚན་གྱི་ཅོད་པན་སྲིད་པ་ཉེར་ལེན་པ་ཐུབ་བསྟན་དཔལ་བཟང་ཞེས་བཏགས་པ་ལགས། བར་ཁྱིམ་ཤེས་རབ་རྒྱ་མཚོའི་རྣམ་འཕྲུལ་གནས་བརྟན་བྱམས་པ་མཐའ་ཡས་བསམ་ཀ་ཤེས་རབ་བླ་མ་ཞེས་དཔལ་ཡུལ་སྒྲུབ་གྲྭ་ནས་ཐོན་ཅིང་ཕྱིས་སྒྲུབ་པ་མཛད་དེ་མཐར་འཇའ་ལུས་ཆུང་ངུར་གཤེགས་པ་སོགས་བྱོན།

གདན་རབས་དགུ་པ་རིག་འཛིན་དཔལ་ཆེན་འདུས་པ་ནི། མངའ་རིས་པན་ཆེན་གྱི་བཀའ་བརྒྱད་རིན་འཛིན་ཡོངས་འདུས་དང་། གནམ་ཆོས་གཏེར་ལུང་བཅས་ནས་ལུང་གིས་ཟིན་ཅིང་། སྤྲུལ་གཞི་གསང་བའི་བདག་པོ། ཆོས་བློན་མགར། ལྷ་སྲས་དམ་འཛིན། པདྨ་ནོར་བུ་སོགས་ཀྱི་སྐྱེ་བར་རབ་བྱུང་བཅོ་ལྔའི་མི་ཕག་ལོར་དཔེ་ཡག་དམར་ལྷ་ཚང་སར་འཁྲུངས། རྗེ་ཆོས་ཀྱི་ཉི་མ། ཀུན་མཁྱེན་ངག་གི་དབང་པོ། རྗེ་རྒྱལ་མཚན་འོད་ཟེར། མཁན་ཆེན་ཀུན་བཟང་དཔལ་ལྡན། དེ་རྣམས་བླ་མར་བསྟེན་ཅིང་བཀའ་གཏེར་མདོ་སྔགས་སྨིན་གྲོལ་གདམས་ངག་གི་གནད་དང་བཅས་བརྒྱུད་པ་ཟིན་ངེས་གསན་ཅིང་། མདོ་སྔགས་ཀྱི་གཞུང་དང་རིགས་པའི་གནས་ཐམས་ཅད་མ་གསན་དང་མ་མཁྱེན་པ་མེད་པ་ལྟ་བུར་མཛད། གཞན་ཡང་འཇམ་མགོོན་ཀོང་སྤྲུལ་རིན་པོ་ཆེ་འཇམ་མགོན་མི་ཕམ། ཞེ་ཆེན་རྒྱལ་ཚབ། སི་ཏུ་ཆོས་ཀྱི་རྒྱ་མཚོ། ཀཿཐོག་དབོན་རིན་པོ་ཆེ། སོགས་བླ་མ་བརྒྱ་ཕྲག་བརྟེན་ཐོས་བསམ་ཕྱོགས་མེད་མཛད་གང་ལ་ཡོན་ཏན་གྱི་ཆ་ཕྲ་བ་ཞིག་མཆིས་པ་དེ་བླ་མར་བཀུར། གཞན་ཡང་མདོ་སྔགས་རིགས་གནས་དང་བཅས་པའི་སློབ་ཁྲིད་ཉིན་མཚན་གོ་སྤྲེལ་གང་འདོད་རེ་སྐོང་གནང་། ཐ་ན་དཔལ་ཡུལ་རང་ལུགས་ཀྱི་ཆོ་གའི་ལག་ལེན་ཐིག་རྡུལ་ཚོན་གདངས་དབྱངས་རོལ་གསུམ། འཆམ་གར་སྟབས་སོགས་སྔར་ལུགས་ཇི་བཞིན་དང་ཁུངས་བཙུན་པར་བསླབས། རིག་འཛིན་ཆེན་པོ་ལྷུན་གྲུབ་རྒྱ་མཚོ། པདྨ་རིག་འཛིནརྣམས་ཀྱི་ཕྱག་བཞེས་གཙོར་བཟུང་དང་ཡིག་རྙིང་དག་ལ་ཁུངས་བཅོལ་དགོས། ཞེས་ཕེབས་ཤིང་ཟིན་བྲིས་ཕྱག་མཚན་སོགས་གནང་ནས་མ་ཉམས་གོང་འཕེལ་ཉམས་པ་སོར་ཆུད་གནང་། ཁྱད་པར་དུ། གསང་སྔགས་[page 262] གླིང་པའི་ལུང་བསྟན་ལས། དཔལ་ཡུལ་སྒྲུབ་པའི་གྲལ་དུ་བཤད་གྲྭ་རྒྱས། སྔར་མེད་མདོ་ཆོས་མངཔོ་དར་ནས་འོང་། ཅེས་པ་ལྟར་རྒྱུད་སྡེ་བཤད་གྲྭའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་གསར་བཞེངས་དང་། ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་འཇམ་མགོན་མི་ཕམ་དགོངས་པ་གཙོར་བཟུང་གི་བཤད་ཁྲིད་བཙུགས། བཤད་གྲྭའི་ལོ་རྒྱུས་ཙམ་འོག་ནས་འབྱུང་། དམ་པ་འདི་ཉིད་ཀྱི་གསུང་འབུམ་མདོ་སྔགས་གཞུང་འགྲེལ། ཕྱག་བཞེས་ཟིན་བྲིས། ཆོ་གའི་ཆོག་སྒྲིག་སྙན་བརྒྱུད་གདམ་ངག་ལྟ་བུའི་ཉམས་མགུར། རིག་པའི་བརྒལ་བརྟགས་སོགས་པོད་བཅུ་བཀའ་བསྡུ་རྒྱུར་ཡོད་ཀྱང་ད་ལྟ་པོ་ཏི་དྲུག་ཙམ་བཞུགས། རྒྱུན་པར་དབེན་གནས་བརྡ་གོ་སོགས་སུ་ཐུན་བཞིའི་ཉམས་ལེན་མཛད་དེ། ཡིག་དྲུག་དུང་། དཔལ་ཆེན་འདུས་པའི་བསྙེན་དུང་རི་སོན། ཨོ་རྒྱན་རིན་པོའི་ཞལ་ཡང་མཇལ་བ་སོགས་ལམ་རྟགས་མངོན་སུམ་སྣང་། མཐར་སྙན་ཤུལ་ལྗོན་པ་ལུང་ཀུན་མཁྱེན་ངག་གི་དབང་པའི་མདུན་ཕེབས་ཏེ་ཟླ་ཤེས་མཚམས་དགུང་གྲངས་ཞེ་དྲུག་ཆུ་སྤྲེལ་ཟླ་བ་གསུམ་པའི་ཚེས་གསུམ་ཉི་ཤར་ལ་དགོངས་པ་ཆོས་དབྱིངས་སུ་བསྡུས། གཞན་ཡང་དཔལ་ཡུལ་མཁན་རྒན་འཇམ་དཔལ་རྡོ་རྗེ་ནི། ཀུན་བཟང་ཤེས་རབ་ཀྱི་དབོན་རིགས་སུ་འཁྲུངས་ཤིང་། མདོ་སྔགས་ཆོས་ཀྱི་ཉི་མ། གྲུབ་དབང་དཔལ་ཆེན་འདུས་པ། འཇམ་དགོན་མི་ཕམ། གཞན་དགའ་རིན་པོ་ཆེ། རྫོགས་ཆེན་མཁན་པོ་བསོད་ནམས་ཆོ་སོགས་དམ་པ་དུ་མ་བསྟེན་ཏེ་མཁས་ཤིང་གྲུབ་པ་བྱོན། བཤད་གྲྭའི་མཁན་རབ་ལྔ་བ་དང་། སྒྲུབ་གྲྭའི་སྒྲུབ་དཔོན་ཡུན་རིང་གནང་། དབྱར་གནས་ཀྱི་མཐུན་རྐྱེན་སྦྱོར་འཇག་དང་། དཔལ་དགོན་གྱི་འགན་བཞེས་ཀྱང་གནང་། དེའི་ཡང་སྲིད་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། ཨ་འཛོམས་རྒྱལ་སྲས་ལྷན་ནས་ངོས་འཛིན་གནང་བའི་སྤྲུ་སྐུ་འཆི་མེད་རྡོ་རྗེ་མཆོག་ཉིད་ད་ལྟ་འཚོ་ཞིང་གཞེས་པའོ།

གདན་རབས་བཅུ་པ་ཀརྨ་བཀྲ་ཤིས་ཀྱི་སྐུ་ཕྲེང་བཞི་པ་ཀརྨ་ཐེག་མཆོག་སྙིང་པོ་ནི། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ངོས་འཛིན་གནང་། རབ་བྱུང་བཅོ་ལྔ་པའི་སྤྲེལ་ལོར་ཡབ་གཏེར་སྟོན་རིན་ཆེན་གླིང་པ་ཡུམ་འགྲོ་འདུལ་དཔལ་བོ་རྡོ་རྗེའི་སྲས་མོ་ཨ་དཔལ་གཉིས་ཀྱི་སྲས་སུ་བལྟམས། རིག་འཛིན་དཔལ་ཆེན་འདུས་པ། འགྲོ་འདུལ་དཔའ་བོ་རྡོ་རྗེ། སི་ཏུ་པདྨ་དབང་རྒྱལ། ཨ་འཛོམས་རྒྱལ་སྲས་སོགས་བླ་མ་དུ་མ་བསྟེན། སྨིན་གྲོལ་རྒྱབ་བརྟེན་གཞུང་བཤད་མང་པོ་གསན་བསམ་བསྒོམ་པ་དང་འཆད་སྤེལ་གྱི་ཆོས་རྒྱུད་ཟིན་པར་མཛད། འཁོར་ལོ་གསུམ་གྱིས་འཛིན་སྐྱོང་སྤེལ་གསུམ་དང་། ཁྱད་པར་སྔ་འགྱུར་བཀའ་མ་རིན་པོ་ཆེ་བོད་བཅུ་ཙམ་གསར་དུ་བརྐོས་ཤིང་སྔ་མ་རྣམས་ཞུ་བཅོས་གནང་། བཀའ་མའི་མཆོད་ཁག་རེ་རེ་བཞིན་གྱི་ཞལ་ཐང་གསར་བྲིས་གནང་། གཙུག་ལག་ཁང་དང་རྟེན་གསུམ་གསར་བཞེངས་དང་ཉམས་གསོ་སོགས་མཛད་རྗེས་ཆེ། གསར་བརྗེའི་སྐབས། བརྩི་སྲུང་དང་ལེན་དང་པེ་ཅིང་དུ་ནང་བསྟན་འཐུས་ཚོགས་ཕེབས་ཤིང་ཡུལ་ཆེན་མང་པོར་གཟིགས་སྐོར་གྱི་ཕྱིར་གདན་སར་འཁོད། སྤྱོ་ལོ་༡༩༦༠ལོའི་ལྕགས་བྱི་[page 263] ཟླ་བ་བཞི་པའི་ཚེས་བཅུ་ལ་གཤེགས་སོ། དམ་པ་དེའི་གཅུང་ཟླ་བ་འོད་ཟེར་ནི། ཆབ་མདོ་ལྕགས་ར་སྤྲུལ་སྐུའི་ཡང་སྲིད་དུ་ཨ་འཛོམས་འགྲོ་འདུལ་བླ་མས་ངོས་ཟུང་། གྲུབ་དབང་གོང་མ། མཁན་ངག་གི་དབང་པོ། རྒྱལ་སྲས་འགྱུར་མེད་རྡོ་རྗེ། མཁྱེན་བརྩེ་ཆོས་ཀྱི་བླ་གྲོས་སོགས་བསྟེན་ཅིང་དཔལ་ཡུལ་དགོན་དང་། རག་ཆབ་དགོན། བརྡ་གོ་དགོན་སོགས་སུ་བཞུགས་ཤིང་སྐྱོང་བར་མཛད་དོ། ཡང་ཀུན་བཟང་ཤེས་རབ་དཔོན་རིགས་སུ་རྫོངས་ནང་བླ་མ་ཀུན་བཟང་འགྱུར་མེད་ནི། མདོ་སྔགས་ཆོས་ཀྱི་ཉི་མའི་སློབ་མ། གདན་ས་འདིའི་བསྟན་དོན་ལ་བཀའ་དྲིན་ཆེ་བ་དང་། དེའི་ཡང་སྲིད་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ལོར་ཉི་མོ་ཆང་སར་འཁྲུངས། གྲུབ་དབང་དཔལ་ཆེན་འདུས་པས་ངོས་འཛིན་གནང་། ཀརྨ་སྐུ་ཆེན། མཆོག་སྤྲུལ་རིན་པོ་ཆེ། མཁན་ལེགས་བཤད་འབྱོར་ལྡན། མཁན་རིན་པོ་ཆེ་ནུས་ལྡན། སོགས་མཁས་གྲྱབ་མང་པོ་བླ་མར་བསྟེན་ནས་གཞུང་དོན་རིགས་པའི་གནས་ལ་སྐྱེས་སྦྱོང་གི་ཤེས་བ་མཆོག་ཏུ་གྱུར། དཔལ་ཡུལ་དར་ཐང་དགོན་དུ་ལོ་གསུམ་རིང་བསྟན་པའི་འགན་བཞེས། དུས་འགྱུར་སྐབས་རྒྱ་གར་ཀ་ལ་མེ་ཏྲིར་ངེས་དོན་དགའ་ཚལ་གླིང་རྟེན་བརྟེན་པར་བཅས་པ་བཞེངས་གྲུབ་ནས་སྨིན་གླིང་ཁྲི་རིན་པོ་ཆེ་སོགས་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་གཞིར་ཕུལ་མཛད། གཞུང་སའི་ཆོས་དོན་འགན་བཞེས་ལོ་ཤེས་གནང་། དེ་ནས་བལ་ཡུལ་དང་། ཐེ་ཝན་སོགས་སུ་ཆོས་ཚོགས་ཁ་ཤས་བཙུགས། གདན་ས་འདིར་ཡང་ཞབས་འདེགས་རོགས་སྐྱོང་གནང་རྒྱུའི་ཐུགས་སྨོན་ཆེ་ཡང་སྐུ་ཚེ་མཐར་མ་ཕྱིན་པར་རབ་བྱུང་བཅུ་བདུན་མེ་ཡོས་ལོར་དགོངས་པ་ཆོས་སྐུར་བསྡུས་ཡང་། ཀུན་བཟང་ཤེས་རབ་དབོན་པོ་རྫོང་ནང་བླ་མ་བཀྲ་ཤིས་ཀྱི་ཡང་སྲིད་དུ། མཁན་ཆེན་ངག་གི་དབང་པོ་དང་གྲུབ་དབང་དཔལ་ཆེན་འདུས་པས་ངོས་འཛིན་གནང་བའི་སྦྱེ་སྐྱེ་སྤྲུལ་སྐུ་དང་། ཡང་། ཀུན་བཟང་ཤེས་རབ་ཀྱི་རྩ་བའི་བླ་མ་གསེར་ལོ་སྟོན་པ་རྒྱལ་མཚན་གྱི་སྤྲུལ་སྐུ་བླ་རྫོང་སྤྲུལ་སྐུ་དང་། ཡང་། ལྷུན་གྲུབ་རྒྱ་མཚོའི་ཡང་སྲིད་སྦྱར་སྤྲུལ་སྐུ་བློ་གྲོས་སོགས་རྟོགས་ལྡན་ཤ་སྟག་བྱོན། གདན་རབས་བཅུ་གཅིག་པ་པདྨ་ནོར་བུའི་སྐུ་ཕྲེང་གསུམ་པ། ད་ལྟར་བཞུགས་པའི་པདྨ་ནོར་བུའམ་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་ནི། རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གསལ་བར་ལུང་བསྟན་པ་ལྟར། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་གི་དབང་པོས་ཀྱང་འཁྲུལ་བ་བྲལ་བར་གསུང་བཞིན། སྤུ་བོ་སྟོད་དུ་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་སྤྱི་ལོ་༡༩༣༢ལོར་འཁྲུངས། ངག་གི་དབང་པོའི་མདུན་གཙུག་ཕུད་ཕུལ་ཞིང་རྒྱུད་ལུགས་འཇམ་དཔལ་གྱི་དབང་གསན། མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་ཟླ་བའི་མདུན་སྔ་ཕྱིར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་ཁྲིམས་གནང་བཀག་གཙང་མས་འཕགས་པའི་གནས་བརྟན་གྱི་རྣམ་ཐར་ཉེ་བར་ལྷུང་བླང་སྟེ་བསྟན་པའི་རྒྱལ་མཚན་བསྒྲེངས། དམ་པ་དེ་གཉིས་གཙོས་ཀརྨ་ཐེག་མཆོག་སྙིང་པོ། མཁན་ཆེན་ལེགས་བཤད་འབྱོར་ལྡན། མཁན་ཆེན་ནུས་ལྡན། ལུང་རྟོགས་རིན་པོ་ཆེ་ཨ་རྡོར། མཁན་རྡོ་རྗེ་འཆང་འཇིགས་མེད་ཕུན་ཚོགས། གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་དུས་མགོ་མཁྱེན་བརྩེ་རིན་པོ་ཆེ། སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེ་སོགས་དམ་[page 264] པ་མང་པོའི་མདུན། གསར་རྙེང་བཀར་གཏེར་སོགས་ཀྱི་ཟབ་ཆོས་རྒྱ་ཆོར་བསན། ཁྱད་པར་དཔལ་ཡུལ་དར་ཐང་དགོན་དུ་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་ཟླ་བའི་མདུན་ལོ་གསུམ་རིང་བཞུགས་ཏེ་སྔོན་འགྲོའི་བློ་སྦྱོང་འབུམ་ལྔ་ནས་ཐུན་མོང་བསྐྱེད་རྫོགས་ཐུན་མིན་རྫོགས་པ་ཆེན་པོའི་བར་གྱི་གྲུབ་དབང་གོང་མ་ནས་བརྒྱུད་པའི་སྙན་བརྒྱུད་རྫོགས་པར་གསན། ཉམས་ལེན་ཁྲིགས་སུ་ཚུད། ཉིན་མཚན་འཁོར་ཡུག་འདའ་བའི་མངོན་རྟགས་ཤར། སྐབས་མཚམས་བསྙེན་སྒྲུབ་དང་སྨིན་གྲོལ་གྲངས་མང་ནོད། སླར་གདན་སར་ཕེབས་ནས་བཅད་རྒྱ་འབྲེལ་ལོ་གཅིག་རིང་བསྙེན་མཚམས་ཉམས་ལེན་ཁོ་ནར་གནང་། གྲུབ་པའི་མཚན་མ་ཞལ་མཇལ་བ་སྒྲ་དང་འོད་འཁྱུག་པ་སྐྱེས་རབས་དྲན་པ་སོགས་ཡོད་ངེས་ཏེ་ཁ་ཤས་ཞལ་འཕྲོས་སུ་བཟང་ངན་ཅི་ཡིན་མི་ཤེས་སུ་ལའང་མི་ཆོག་གསུངས། དེ་རྣམས་མཆོག་སྤྲུལ་རིན་པོ་ཆེའི་མདུན་ཞུ་ཡིག་བྲིས་གསུང་ནས་རང་ལ་བྲིས་སུ་བཅུག། དེ་མིན་རྒྱུན་པར་ནང་དོན་རིགས་པས་གཙོས་རིགས་གནས་ཆེ་ཕྲར་གསན་སྦྱོང་གནང་། ལྷག་པར་གསང་སྔགས་གླིང་པའི་ལུང་ལས། སྔར་མེད་མདོ་ཆོས་མང་པོ་དར་ནས་འོང་། ཞེས་བྱུང་བ་ལྟར་གོང་མ་དཔལ་ཆེན་འདུས་པའི་སྐུ་རིང་ལ། ལུང་ཆེན་ཨ་ནུ་ཡོ་ག་སྤྱི་མདོ་དགོངས་པ་འདུས་པའི་སྦྱི་དོན་དང་འོག་མིན་ཚོགས་ཆེན་འདུས་པའི་བསྙེན་ཡིག་ཕྱོགས་འདུས་ལེགས་བཤད་སྐྱ་རིང་དང་པོ་དར་བར་སྣང་ཞིང་། རྗེ་འདིའི་རིང་ལ་དཔལ་ཡུལ་དགོན་ལག་ཧོར་ཤུལ་གྱི་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་སམ་ནུས་ལྡན་རིན་པོ་ཆེ་ནས་སྤྱི་མདོ་འགྲེལ་རྣལ་འབྱོར་ཉི་མའི་འོད་ཟེར་གསར་བརྩམས་གནང་འཕྲོ་དཔལ་ཡུལ་བརྡ་གོ་དང་། རབ་རྗེའི་སྒྲུབ་ཕུག་མཚོ་གོང་དགེ་འཕེལ་ཆོས་སྒང་གླིང་བཅས་སུ་བརྩམ་འཇུག་གྲུབ་པ་དང་འཕྲལ་དུ། གྲུབ་དབང་ཡང་སྲིད་རིན་པོ་ཆེ་འདིའི་གཙོས་བདག་སོགས་འདུས་པ་དང་པོ། ཕྱི་ལྟར་ལྔ་སྟེ་བཟང་པོ། ནང་ལྟར་དམ་པི་རིགས་ཅན་དྲ་མ་ལྦ། གསང་བའི་རིགས་ལྔའི་འཁོར་གྲངས་མཚོན་ལས་བརྒལ་དུ་མེད་པའི་འཁོར་ལ། ཞག་ལྔ་བཅུའི་ཚོགས་ཆེན་འདུས་པ་ཚོགས་སྒྲུབ་འབྲེལ། ཉིན་ལྟར་འཆད་ཐབས་ལྟར་གྱི་གནུབ་འགྲེལ་མུན་པི་བོ་ཆ། ཀཿདམ་པའི་ས་བཅད་དཀའ་འགྲེལ་སྐོར། དམ་པའི་རྩ་མཆན། གཙང་སྟོན་པའི་རྩ་མཆན། མཁན་ཉིད་ཀྱི་གསར་བརྩམ་རྣལ་འབྱོར་ཉི་མའི་འོད་ཟེར་བོད་བཞི་བཅས་སྦྲགས་ནས་བཤག་ཁྲིད་བརྩལ་བ་ལེགས་པར་གསན། ཕྱིས་རྗེ་ཉིད་རྒྱ་གར་འཕེབས། མདོ་འགྲེལ་གྱི་དཔེ་རྒྱུན་སྤེལ། སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེ་དང་དུས་མཁྱེན་རིན་པོ་ཆེ་སོགས་ལ་བཤད་ཁྲིད་གྱི་རྒྱུན་ཕུལ། རྣམ་གྲོལ་དགོན་བཤད་གྲྭ་བ་ཡོངས་ལ་བཤད་ཁྲིད་བནང་བར་བརྟེན་བསྟན་པ་མི་ནུབ་པའི་བཙས་སུ་སྔ་འགྱུར་བཀའ་མའི་པོད་གྲལ་དུ་འཁོད་ཅིང་དར་རབ་མཛད། སྔ་འགྱུར་བཀའ་མ་ཡོངས་རྫོགས་དཔལ་ཡུལ་དུ་རྣམ་གྲོལ་གླིང་དགོན་པར་ཚར་གཅིག་ཨ་རའི་རྒྱལ་ཁབ་ཏུ་ཐེངས་གཅིག་དང་། དེ་བཞིན་རིན་ཆེན་བཏེར་མཛོད་དབང་ཐེངས་ལྔ་ད་སྔོན་གནང་མཛད། རབ་བྱུང་དང་བསྙེན་རྫོགས་གནང་བའི་གྲངས་རྒྱ་གར་དང་། བོད་དུ་ཐེངས་བཞི་བྱོན་སྐབས་བཅས་བསྡོམས་ན་སུ་སྟོང་དགུ་ཙམ་བནང་བ་ལགས་ན་བོད་ཆེན་པའི་[page 265] ལྗོངས་ཙམ་མ་ཟད་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་མཁན་སློབ་ཆོས་གསུམ་རིང་ལུགས་ཀྱི་ཕྲིན་ལས་རྒྱུན་ཆད་པ་མེད་པར་སྤེལ་བའི་བྱེད་པོ་དམ་པ་འདི་ཉིད་ཏེ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ནས་སྔ་འགྱུར་མཁན་བརྒྱུད་རྣམ་ཐར་དུ་བཀོད་པ་ལྟར་དོན་ལ་གནས་པ་འདིའོ། གཞན་ཡང་གནམ་ཆོས་ཚར་བརྒྱད། རཏྣའི་ཆོས་ཚན་ཚར་བཞི། བཀའ་དགོངས་རྣམས་ཚར་གཉིས་སོགས་གསུངས། བྱ་བ་ལས་ཀྱི་འཁོར་ལོ་ཡང་། འཆམས་ཆས་རྒྱན་ཡོ་བྱད། བཤད་སྒྲུབ་ཀྱི་རྟེན་ཐེབ་སྒྲུབ་ཆེན་དུས་མཆོད་སོགས་རྟེན་རྩར་སྔེས་རྗེས་དངུལ་དཀར་དྭ་ཡན་ཆིག་འབུམ་ལྔ་ཁྲི། འབྲི་མ་ནུམ་བརྒྱ་མ་བཅས་བསྩལ་གནང་། དེ་མིན་དགོན་ཆེ་ཕྲ་དག་ལ་ཡང་གྲངས་མང་གནང་། ལྷ་ས་སོགས་སྟོད་གནས་འཇལ་བར་ཕེབས་དགེ་འདུན་པ་འབུམ་ལ་སྐུ་འགྱེད་དང་། གནས་འབྲེལ་ཚོགས་འབུམ་གྱི་གྲ་སྒྲིགས་གནང་། དེ་བཞིན་རིས་མེད་དགོན་གནས་བརྒྱ་ཕྲག་ལྷག་ལ། ཚོགས་གསོགས་མཆོད་འབུལ་གནང་། སླར་གདན་སར་ཕེབས་གྲྭ་ཚང་ཡོངས་རྫོགས་བསྡུ་རུག་གིས་བསྟན་འགྲོ་སྨན་པའི་ཞབས་རིམས་བསྒྲུབས།༡༩༥༡ལོར་སྟོད་ཕྱོགས་བརྒྱུད་རིམ་གྱིས་པདྨ་བཀོད་དང་རྒྱ་གར་མེའི་སོར་ཏུ་རེ་གཅིག་ལོར་འབྱོར་ནས་ཐེག་མཆོད་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་རྟེན་བརྟེན་པར་བཅས་པ་གསར་བཞེངས་དང་། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་ནས་གླིང་བཤད་གྲྭ་ཚུགས། ད་དུང་སྒྲུབ་གྲྭ་དང་། གཞན་ཡང་ཚེས་བཅུའི་དུས་མཆོད་འཆམ་བཅས། སྒྲུབ་ཆེན་དང་སྒྲུབ་མཆོད་ཁག་མང་པོ། དགུ་ཆེན་སོགས་གནའ་རབས་ཅི་ཡི་ཐམས་ཅད་གསར་འཛུགས་གནང་། ད་དུང་དམངས་བསྐྱོད་བཀྲ་ཤིས་ཟམ་ཆེན་བཙུགས་པ་སྤྱི་ཕན་གྱི་སྨན་ཁང་འཛུགས་པ། དྲུམ་ཐག་དང་རྩམ་ཐག་བཟོ་གྲྭ་བཙུགས་པ། སློབ་ཕྲུག་བརྒྱ་ཕྲག་ལྔ་ལ་ཉེ་བ་ལ་བོད་ཡིག་དབྱིན་ཡིག་བྲི་འདོན་ནས་བཟུང་མཐོ་རིམ་བར་གྱི་འཛིན་གྲྭ་ཁག་བརྒྱད་འཛུགས་པ། རྒས་པོ་གསོ་སྐྱོང་ཁང་འཛུགས་པ། དེ་དག་ཐམས་ཅད་ཀྱི་འཚོ་བར་རྒྱུན་ལྡན་གྱི་འགན་བཞེས་གནང་། བོད་དུ་ཏང་གི་སྲིད་ཇུས་གུ་ཡངས་བྱུང་བ་དང་བོད་རིགས་སྤུན་ཟླ་ཕན་ཚུན་གཉེན་ཉེ་ཐུག་འཕྲད་ཆོག་པ། རྩ་མེད་དམ་ཉམས་རྒུད་དུ་སོང་བའི་དགོན་པ་དག་བསྐྱར་གསོ་ཆོག་པ་བཅས་ལ་བརྟེན་༡༩༨༡ལོ་ནས་༡༩༩༤ལོ་བར་སྔ་ཕྱི་ཐེངས་བཞི་ཕེབས། ཉམས་རྒུད་དམ་རྩ་མེད་དུ་སོང་བའི་དགོན་པ། ཀཿཐོག་དགོན་དཔལ་ཡུལ་དགོན། རྫོགས་ཆེན། ཞེ་ཆེན། སྨྱོ་ཤུལ། ཡ་ཆེན། ཁམས་གཞུང་། རག་ཆབ། བརྡ་གོ། བར་ཁྱིམ། ཨེ་ལྦཾ། གནམ་བྲག། རྨུགས་སངས། འོ་ཐང་། རི་མགོ། རྫོང་དམར་ལྦ་དགོང་། སྦ་ནག་དགོན་རྣམས་དང་། དེ་བཞིན་གོ་ཇོའི་ཕྱོགས་དགོན་པ་བཅུ་དྲུག་ཙམ། གསེར་རྟའི་ཕྱོགས་མཁན་རིན་པོ་ཆེའི་བླ་རུང་ཆོས་སྒར་སོགས་དགོན་པ་བཅུ་དགུ་ཙམ། མགོ་ལོག་དཔལ་ཡུལ་དར་ཐང་དགོན་གཙོས་པའི་དགོན་གཙོས་པའི་དགོན་བཅུ་སྐོར་ཏེ། དགོན་པ་དེ་རྣམས་ནང་དུ་ཕེབས་ཐེངས་བཞི་རེའམ་ཐེངས་རེ་ལས་མི་ཉུང་བར་ཕེབས། ད་དུང་དར་མདོ་རྡོར་བྲག་དགོན། དགོན་ཆེན་དགོན་དང་། ལྕག་ར་དགོན། སྟོད་ཕྱོགས། བསམ་ཡས། རྡོར་སྨིན་གཉིས། སེ་འབྲས་གཉིས། ལྷ་སའི་གླིང་བར་དགོན་རེ་གཉིས། བཀྲ་ཤིས་ལྷུན་པོ། ས་སྐྱ་གོང་སོགས་དགོན་སྡེ་ཁག་ཏུ་ཡང་ཕེབས། དེ་རྣམས་[page 266] ཕལ་ཆེར་ལ་རྟེན་གསུམ་རོལ་ཆ་དུང་གླིང་དངུལ་སོགས་ཅི་རིགས་པའི་དངོས་རྫས་འབོར་ཆེན་གནང་། འབུལ་བའི་དངོས་རྫས་རྣམས་ཀྱང་དེ་གའི་དགོན་སྡེར་སླར་གནང་། ཕེབས་མི་ཐུབ་པའི་སྟོད་སྨད་དགོན་པ་ལྔ་བཅུ་ཙམ་ལ་ཡང་ཉམས་གསོའི་དངོས་རྫས་འདྲ་མཚུངས་གནང་། གདན་ས་དཔལ་ཡུལ་དགོན་དུ་སྐུ་རྟེན་རིགས། མང་ཚོགས་ཚོས་ཕུལ་བའི་ལི་མ་གཏེར་མ་སྐུ་རྙིང་རིགས་བརྒྱ་དང་ཉི་ཤུ་ཙམ། རྒྱ་གར་ནས་བསྣས་པའི་སྐུ་གསར་བརྒྱ་དང་ལྔ་བཅུ་ཙམ། གསུང་རྟེན་པོ་ཏི་བསྡོམས་གྲངས་བཞི་བརྒྱ་ཙམ། དེ་མིན་རོལ་སིལ་ཆ་བརྒྱད་ཅུ་ལྷག་ཙམ་འཆམ་གོས་ཉི་ཤུ། དཀྱིལ་འཁོར་ཆས་བཞི། གཞན་དངོས་རྫས་འབོར་ཆེན་དང་རྟ་དྲེལ་འཛོ་ཁལ་འབྲི་མ་སོགས་འབོར་ཆེན་གནང་བས་དགོན་པའི་དུས་མཆོད་སོགས་ཚུགས་ཐུབ་པས་བཀའ་དྲིན་ཆེ། རྫོང་རྩེར་དཔལ་རིའི་གླེང་བསླང་ངར་ལྕགས་དང་སྦིས་བཟོས་ཐོག་བརྩེགས་གསུམ་དང་འཁོར་ས་སྟེང་འོག་ལྷ་ཁང་ཁ་ཤས་བཅས་ནང་གི་རྟེན་གཙོ་ཆོས་ལོངས་སྤྲུལ་གསུམ། ལོག་བྲིས་སོགས་ལེགས་འགྲུབ་དང་། རྡིར་སེམས་ལྷ་ཁང་། ཐུབ་ཆེན་ཁང་བཅས་གསུམ་གྲུབ་ཉེར་ཡོད་རྟེན་གཙོ་རྡོར་སེམས་ཞལ་མཐོ་དྲུག་དང་ཕྱེད་ཅན་བཞེངས་གྲུབ། ད་དུང་བཤད་གྲྭ་སྔ་འགྱུར་མཐོ་སློབ་གི་གཙུག་ལག་ཁང་། མཁན་པོ་བཞི་ཡི་གཟིམ་ཤག་ཁྲུས་ཁང་གླིང་ཁའི་ཀུན་དགའ་ར་བ་ཤགས་བརྒྱ་དང་ལྔ་བཅུ། བཅས་ལེགས་འགྲུབ་ཀྱིས་སློབ་མགོ་ཚུགས་ནས་འཚོ་གནས་འགན་ལེན་གནང་བ་རེད། གཞན་དཔལ་དགོན་གྱི་དུས་མཆོད་རྟེན་རྩར་ཐོག་བརྩེག་བཞི་ལྔ་ཡོད་པའི་ཚོང་མགྲོན་ཁང་ངར་ལྕགས་སྦིས་བཟོས་ཅན་ལེགས་འགྲུབ་བྱུང་། གོང་སྨོས་ལྟར་ཕྱིའི་གནས་དགོན་གཙུག་ལག་ཁང་བཅས་ཉམས་གསོས་མ་ཚད། ནང་དགེ་འདུན་པའི་སོ་བྱང་སྔགས་ཀྱི་སྡོམ་པ་དམ་ཚིག་ཉམས་པ་གསོ་ཞིང་མ་ཉམས་གོང་འཕེལ་ཆེད། སྔ་འགྱུར་བཀས་མའི་དབང་ལུང་། རིན་ཆེན་གཏེར་མཛོད་དབང་ལུང་། བཀའ་བརྒྱད་བདེར་འདུས། གསང་རྫོགས། བླ་མ་དགོངས་འདུས། སྙིང་ཐིག་གཏེར་པོད། ཀར་གླིང་ཞི་ཁྲོ། འཇམ་ཚོན་ཆོས་སྐོར་བཅས་དཔལ་ཡུལ་དུ་གསུངས། དེ་བཞིན་གོ་འཇོའི་ཕྱོགས། གསེར་རྟ་མགོ་ལོག་བོད་ལྗོངས་སོགས་དང་། རྒྱ་གར་དུ་རྣམ་གྲོལ་གླིང་། སྦི་རི་དཔལ་ཡུལ་ཆོས་འཁོར་གླིང་། ངེས་དོན་དགའ་ཚལ་གླིང་། རྡོ་རྗེ་གླིང་། བལ་ཡུལ་ཞེ་ཆེན་གླིང་། འབྲུག་ཡུལ་དགོན་པ་འགའ། ཨ་མི་རི་ཀ། ཁེ་ན་ཊ། དབྱིན་ཇི། སུད་སི་ལིང་སོགས་གནས་ཁག་ལ་གཏེར་མཛོད། བཀའ་མ། སྙིང་ཐིག། གནམ་ཆོས། རརྣ། འདུས་མདོ། ཀར་གླིང་ཞི་ཁྲོ། བཀའ་བརྒྱད་སོགས་ཀྱི་དབང་ལུང་རྒྱ་ཆེར་བསྩལ་པ་སྟེ། འཁོར་ལོ་གསུམ་གྱི་བྱ་བས་རྒྱལ་བསྟན་གཞིར་བཞེངས་སུ་བསླང་བར་མཛད་པའི་སྔ་འགྱུར་བསྟན་འགྲོ་ཡོངས་ཀྱི་དཔལ་མགོན་བླ་ན་མེད་པ་སྟེ། སླད་ཀྱང་གསང་གསུམ་རྡོ་རྗེའི་ཁམས་ལྟར་རྟག་ཅིང་བརྟན་ལ། རིས་མེད་གདུལ་བྱར་ཆོས་ཆར་རྟག་པར་འཇོ་ཞིང་། གང་གི་ཐུགས་བཞེད་མཛད་འཕྲིན་གེགས་མེད་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བར་གསོལ་བ་འདེབས་པ་ལགས།

དེ་ལྟར་གདན་རབས་ནོར་བུའི་ཕྲེང་བ་ཅུང་ཞིག་གླེང་ནས། བསྟན་པའི་སྙིང་པོ་སྤོང་བ་བསམ་གཏན་[page 267] པ་དང་། ཀློག་པ་ཐོས་བསམ་པའི་སྡེ་ཞར་བྱུང་རིགས་པའི་གནས་བཅས་ཇི་ལྟར་བྱུང་ཚུལ་ནི། ཐོག་མར་དཔལ་ཡུལ་བསམ་གཏན་ཆོས་གླིང་། སྒྲུབ་སྡེ་ནི། མཚན་སྙན་དོན་ལ་གནས་པའི་ལོ་རྒྱུས་ཅན་ཏེ། ལོ་གསུམ་ཕྱི་ནང་རྒྱུ་འགྲུལ་བཅད། མཚམས་ཀྱི་བུག་རལ་སྲུངས། ཟས་ཚད་ལ་ཕབ། གཉིད་སྲང་ལ་བཅུར། རིག་པ་གཞུར་ལ་དྲངས། ངག་འཁོར་ཡུག་བཅད། ཐུན་བཞིའི་ཉམས་ལེན་འབད། སྒོ་ནི་འདག་སྦྱར། ཆུ་ནི་ཝ་བླུགས་བཅས་ཡིན་པའི་སྔར་གོང་སྨོས་ལྟར་སྒྲུབ་སྡེ་གོང་འོག་གཉིས་ཡོད་པ། ཕྱིས་ལྷ་སྤྲུལ་རིན་པོ་ཆེ་པདྨ་གར་དབང་བསྟན་འཛིན་གྱིས། རབ་བྱུང་བཅོ་ལྔ་པའི་ཤིང་གླང་ལོར་གཅིག་ཏུ་བསྡོམས་ཏེ་སྒྲུབ་གྲྭ་ཉེར་ལྔའི་གྲངས་ཀྱི་བཞུགས་ཁང་གླིང་ཤོག་གསུམ་གྱི་བཞུགས་ཁང་རེ་རེ་བཞིན་ཉེར་སྤྱོད་མཁོ་ཆས་ཆ་འབྱོར་དང་། ཟླ་རེར་གསོལ་ཕོག་ནས་ཁལ་རེ་དང་མར་རྒྱ་རེ་ཇ་ཚ་བསང་གསུར་གྱི་རྫས་ཤིང་དང་ཤུགས་པ་སོལ་བ་བཅས་གནང་། གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ། རྟེན་གསུམ་ཡོ་བྱད་སྤྱི་དང་། སྐུ་གསུམ་སྒྲུབ་པའི་ཡོ་བྱད། དེ་དག་གི་ཐེབ་རྩའི་དངོས་རྫས་བཅས་གཏན་འཇགས་གནང་། རྗེ་ཉིད་ཀྱང་གྲྱབ་ཁང་དུ་བཞུགས་ཏེ་སྒྲུབ་དཔོན་རྡོ་རྗེ་སློབ་དཔོན་གནང་། སྔ་སྲོལ་ལྟར་བཅའ་སྒྲིགས་མ་ཉམས་པར་མཛད་དེ་༡༩༥༨ལོ་བར་གནས་སོ། སྒྲུབ་པ་པོ་རྣམས་ཀྱང་དབང་པའི་རིམ་པ་ལྟར་གྲུབ་པའི་མངོན་རྟགས་རབ་འབྲིང་ཐ་མའི་བར་བྱུང་དང་འབྱུང་བཞིན་པ་འཇའ་ལུས་གྲྱབ་པ་ཡང་བྱོན་པའི་ཚུལ་གདན་རབ་ལས་གསལ་བ་ལྟར་ཏེ། ལོ་རྒྱུས་ཀྱི་སྙན་པས་ས་ཡི་སྟེང་ན་གྲགས་པ་སྟེ། གྲྱབ་དབང་དཔལ་ཆེན་འདུས་པས། དེ་ལྟར་སྔ་འགྱུར་ཆོས་སྡེ་རྒྱ་མཚོའི་ཕུལ། རྒྱལ་དབང་དཔལ་བ་ཞེས་མངོན་པར་མཛེས། ཞེས་དང་རྡོ་གྲུབ་ཀུན་བཟང་གཞན་ཕན་ཞལ་ནས་ཀྱང་། ཉམས་ལེན་རྒྱུན་ལ་དཔལ་ཡུལ་བ་འདྲ་མེད། ཀུན་མཁྱེན་སི་ཏུ་ངྷརྨ་ཀ་རས་ཀྱང་། རྗེ་ཉེད་དཔལ་ཡུལ་དགོན་དུ་ཕེབས་པའི་ཚེ། རྟོགས་ལྡན་དེ་རྣམས་ཤ་ཁྱུ་འགྲོགས་པ་བཞིན། བསུ་བར་ཕེབ་བྱུང་ཞེས་ནི་ཡང་ཡང་བསྔགས། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཉིད། མདོ་སྨ། ཀྲམ་ཁོག་གནས་སུ་བྱོན་པའི་ཚེ། ཆུ་ནི་ཝང་བླུགས་སྒོ་ནི་འདག་སྦྱར་ཅན། དཔལ་ཡུལ་སྒྲུབ་ཁང་འདྲ་བ་གང་ནའང་མེད། འཇམ་མགོན་པཎ་ཆེན་མི་ཕམ་རྒྱ་མཚོས་ཀྱང་། སྔ་འགྱུར་བཀའ་གཏེར་རྒྱུནབཟང་འཁྱུག་མེད་དུ། འཛིན་པ་དཔལ་ཡུལ་བ་འདྲ་དཀའ་ཞེས་པར། དམ་པའི་མཁས་གྲུབ་རྣམས་ཀྱིས་ཡང་ཡང་བསྔགས། བསྔགས་དེ་གཟུར་གནས་རྣམས་ཀྱི་དྲང་པོའི་གསུངས། དྲང་སྲོང་བདེན་ཚིག་དངོས་ཡིན་ཕྱོགས་ཞེན་གྱིས། སྨྲ་བའི་རྒྱུ་མཚན་བརྩལ་ཀྱང་རྙེད་མི་སྲིད། དེ་ཕྱིར་བསྔགས་འོས་ཡོན་ཏན་རྒྱ་མཚོས་གཞི། ཞེས་སོགས་གསུངས་པ་ལྟར་ལགས།

དཔལ་ཡུལ་བཤད་གྲྭ་ཐོས་བསམ་ནོར་བུའི་ལྷུན་པོ་ནི། གོང་སྨོས་ལྟར་གདན་ས་འཛིན་པ་དང་པོ་ཀྱེ་རེ་མཆོག་སྐྱོངས་དབང་པོའི་སྐུ་དུས་སུ་སྒྱུ་འཕྲུལ་གྱི་བཤད་པ་དམིགས་སུ་བཀར་ཏེ་མདོ་སྒྱུ་སེམས་གསུམ་གྱི་བཤད་པ་དར་བ་དང་། གདན་ས་བ་ཕྱི་མ་རིག་འཛིན་ཀུན་བཟང་ཤེས་རབ་སྐུ་དུས་སུ་སྒྲུབ་པ་ཉམས་ལེན་གཙོར་བཟུང་གིས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་བཤད་སྒྲུབ་ཀྱི་སྡེ་ཆེན་ཚུགས།༡༩༢༡ལོར་གྲུབ་[page 268] དཔལ་ཆེན་འདུས་པས་དཔལ་ཡུལ་རྒྱུད་སྡེ་བཤད་གྲྭའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་དགེ་འདུན་པ་ལྔ་བཅུའི་བཞུགས་ཤགས་གསོལ་ཕོགས་སོགས་གནང་། མཚན་ཐོས་བསམ་ནོར་བུའི་ལྷུན་པོར་གསོལ། འདུས་པ་མདོ་དང་སྒྱུ་འཕྲུལ་གྱི་བཤད་པ་གཙོ་བོར་གྱུར་བའི་མདོ་སྔགས་གཞུང་བརྒྱའི་བཤད་སྲོལ་དར་རྒྱས་མཛད། མཁན་རབས་དང་པོ་ལྔ་བརྒྱའི་གཙུག་རྒྱན་པཎ་ཆེན་བཱི་མ་དངོས་བྱོན་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་གི་དབང་པོས་མཛད། སྐྱོར་དཔོན་གྲུབ་དབང་བླ་མ་ཉིད་ནས་མཛད། ལོ་ལྟར་དུ་རྒྱུད་ལུགས་འཇམ་དཔལ་བདུན་སྒྲུབ། ཡང་དག་སྒྱུབ་མཆོད། ལེགས་ལྡན། ལུང་ལུགས་ཚེ་སྒྲུབ། ཡར་མར་ངོའི་ཚེས་བཅུ། ཉ་སྟོང་གསོ་སྦྱོང་། གཞི་གསུམ་ལག་ལེན། ལོ་འཇུག་ལོ་ཏྲི་པ་ལའི་དགུ་གཏོར་བཅས་དུས་མཆོད་སྦྱོར་འཇགས་གནང་། དེ་རྗེས་མཁན་རབས་གཉིས་པ་གྲུབ་དབང་བླ་མ་དཔལ་ཆེན་འདུས་པ་ཉིད་ནས་མཛདདེ་ནས་རིམ་བཞིན་གསུམ་པ་རྫོགས་ཆེན་མཁན་པོ་རིག་འཛིན་འོད་ཟེར་བཞི་པ་ཁྲོ་སྐྱབས་དགེ་བཤེས། ལྔ་པ་མཁན་ཆེན་འཇམ་དཔལ་རྡོ་རྗེ། དྲུག་པ་མཁན་རིན་པོ་བསོད་ནམ་དོན་འགྲུབ། བདུན་པ་མཁན་དམ་པ་པདྨ། བརྒྱད་པ་མཁན་པོ་བློ་གྲོས། དགུ་པ་མཁན་པདྨ་བསྨ་འགྲུབ། བཅུ་པ་ཡང་མཁན་པོ་བློ་གྲོས། བཅུ་གཅིག་པ་སྡེ་རུ་མཁན་པོ་རྡོ་རྗེ། བཅུ་གཉིས་པ་མཁན་པོ་མགོན་འགྲུབ། བཅུ་གསུམ་པ་མཁན་རིན་པོ་ཆེ་དཀོན་མཆོག་བཅས་རིམ་པར་བྱོན་ཏེ་སྤྱི་ལོ་༡༩༥༨ལོར་བར་འཆད་ཉན་བར་མ་ཆད། བསླབ་པ་རྩེར་ཐོན་གྱི་མཁན་པོའི་གོ་གནས་ཐོབ་པ་ཡང་། མཁན་པོ་པདྨ་མཁན་བློ་གྲོས། མཁན་པད་བསམ། མཁན་ཀར་བཀྲ། མཁན་དགོན་པོ། མཁན་དགོན་འགྲུབ། སྤྲུལ་སྐུ་ཉི་མའི་སྲས། སྤྲུལ་དགོན་སྲུང་། མཁན་སྤོ་ལུ་རྡོ་རྗེ། མཁན་སྡེར་རྡོ་རྗེ། མཁན་པོ་བཀྲ་ཚོགས། མཁན་པོ་ཀུན་བཟང་སོགས་བྱུང་། མཁན་པོ་དཀོན་མཆོག་ཀྱང་ཐོག་མར་འདིར་ལོ་ཤས་བཞུགས། རྫ་ཆུ་ཁ་སོགས་ངེས་མེད་ཕྱོགས་མཐར་དགེ་བའི་གཤེས་གཉེན་སྤྱི་དང་པོ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་བསྟེན་ནས་སྐྱེས་སྦྱོང་རིག་པའི་བརྩལ་ཆེན་རྫོགས་ནས་གྲུབ་པའི་ས་མཐོར་གཤེགས། གདན་ས་འདི་ཉིད་དུ་མཁན་ཁྲིར་མངའ་གསོལ། འོན་ཀྱང་གནས་དུས་དང་གདུལ་བྱའི་སྐལ་བས་སྤྱི་ལོ་༡༩༦༠ལོར། ཁྲི་མུན་དུ་ཆུད་པའི་ཉིན་ཞིག་གི་ཉི་ཤར་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་གཟིགས་བྱུང་གསུངས་ནས་ཆོས་དབྱིངས་མཛོད་ལེའུ་ཁ་ཤས་གསུང་མུས་སུ་གཟུགས་སྐུའི་བཀོད་པ་བསྡུས་སོང་། ཞར་བྱུང་། ཐུན་མོང་རིག་གནས་བཟོ་གསོ་སྒྲ་ཚད་དཀར་ནག་རྩིས་དང་དབྱངས་འཚར་སྙན་ངག་དག་སྡེབ་སོགས། རྗེ་རིག་འཛིན་ཆེན་པོའི་སྐུ་དུས་སུ་ཉམས་ལེན་གྱི་ཆ་ལག་ཙམ་ལས་གཙོ་བོར་སྒྲུབ་པ་ཉམས་ལེན་མཛད། རྒྱ་སྤྲུལ་མ་ཧཱ་པཎ་ཌི་ཏས་དམིགས་བསལ་ཁྱབ་སྤེལ་གནང་ནས་གོང་གསལ་ལྟར་གཟི་སྤྲུལ་རིན་པོ་ཆེ་ཉིན་བྱེད་སྣང་བ། ལྷ་སྤྲུལ་པདྨ་གར་དབང་བསྟན་འཛིན། སྐུ་ཆེན་རིན་པོ་ཆེ་མདོ་སྔགས་ཆོས་ཀྱི་ཉི་མ། གསེར་ལོའི་ཡང་སྲིད་བླ་རྫོང་སྐུ་སོས་སློབ་མ་མཁས་པ་མང་དུ་བྱོན། དེ་རྗེས་གྲུབ་དབང་དཔལ་ཆེན་འདུས་པས། སྤོམ་མདའ་རིན་པོ་ཆེ་མཁན་རྡོ་རྗེ། མི་ཉག་ཉི་མའི་སྲས། དཔལ་ཡུལ་མཁན་པོ་པདྨ། མཁན་པོ་པདྨ་[page 269] བསམ་གྲུབ། སྐྱ་ཚེ་དབང་བླ་མ། གོ་འཇོ་མཁན་པོ་ཀར་བཀྲ། མཁན་དགོན་པོ། སྤྲུལ་མགོན་བསམ། གནམ་བྲག་མཁན་པོ་ཀརྨ་བསམ་གཏན་སོགས་ལ་ཕྱི་ནང་རིགས་པའི་གནས་གནས་མདོ་སྔགས་ཐོས་པ་རྒྱ་མཚོ་སློབ་པར་མཛད་དོ།

བྱ་བ་ལས་ཀྱི་འཁོར་ལོ་ལས་གྲུབ་པའི་ཕྱི་ཡི་གཙུག་ལག་ཁང་། ནང་གི་རྟེན་བསུམ་ཡོ་བྱད་ཇི་ཙམ་ཡོད་པ། ལྷ་ཁང་འདུ་ཁང་ཆེ་ཆུང་བཅོ་བརྒྱད། གསེར་ཁང་གཟིམ་ཤགས་བཅོ་ལྔ། མགོན་ཁང་བཞི། བཤད་གྲྭའི་གྲྭ་ཤག་ལྔ་བཅུ། སྒྲུབ་གྲྭའི་གྲྭ་ཤགས་ཉེར་ལྔ། དགོན་གྲྭའི་གྲྭ་ཤགས་ལྔ་བརྒྱ་ལྷགབཀའ་མའི་སྤར་ཁང་བསུམ་བཅས་ཡོད། དེ་དག་གི་ནང་རྟེན་བསུམ་སྤྱི་དང་རིན་ཐང་ཆེ་བའི་ནང་རྟེན་སྐོར་ལ། སྔོན་རྩ་སྡེ་ཇོ་བོ་སྟོན་པའི་སྐུ་ལི་མ་མདའ་ཚད་ཙམ། སྔོན་རྩ་སྡེ་དགོན་མེ་ཡིས་འཇིག་སྐབས་ནམ་མཁར་འཕུར་ནས་སྤང་ཀར་ཆོས་གླིང་དགོན་དུ་བབ་པ་དེ་ནས་གདན་ས་འདིར་གདན་དྲངས་པ་ཡིན། ཡང་སྟོན་པའི་བྱིས་དྲོད་མ་ཞེས་ལི་མ་གོང་དང་འདྲ་བ། ཐུགས་དཀར་མར་རྒྱན་གླན་པ་དྲོད་ཀྱིས་རང་ཞུར་འོང་བ་ཞིག། ཡང་སྟོན་པའི་སྐུ་ལི་མ་དེ་མཚུངས་ཞལ་ནས་ཚེམ་རང་འཁྲུངས་དཀར་ཅིག་གི་ཡོད་པ་ཞིག་དང་། ཡང་དེ་ལས་ཅུང་ཆུང་བའི་སྟོན་པ་ཐུབ་པ་བདུད་འདུལ་མ་ཞེས་ནག་ཁྲོག་གེ་བ་ཁྱུང་གྲགས་རྡོ་རྗེའི་གཏེར་བྱོན་དང་། གུ་རུའི་སྐུ་ཚབ་ཆོས་དབང་གཏེར་མ་དང་། གུ་རུ་ཇོ་རྩེའི་གཏེར་མ། མངའ་བདག་ཉང་གི་གཏེར་མ། ཀློང་གསལ་གཏེར་བྱོན་སོགས་རྩ་ཆེའི་གྲས་དང་ལི་མ་རྒྱ་གར་བལ་ལི་རྒྱ་ནག་ལི་མ་ཆོས་རྒྱལ་ལི་མ་སོགས་སྟོང་ཕྲག་གཉིས་ཡོད་པར་གྲགས། དེ་མིན་གསེར་སྐུ་སྣ་ཚོགས་ཆེ་བ་མཐོ་ལྔ་བཅུ་ནས་ཐོག་ཚད་གཅིག་ཡན་བསྡོམས་པས་གྲངས་བཅོ་ལྔ། དེ་མིན་གསེར་སྐུའི་རིགས་ལུགས་སུ་བླུགས་པ་སྟོང་ཕྲག་དགུ་ཙམ་དང་། བཟང་གོས་སྣ་ཚོགས་ཚེམ་དྲུབ་ཀྱི་མདོ་སྔགས་གཉིས་ཀྱི་གོས་ཐང་ཐོག་ཚད་ལྔ་པ་ཅན་གཉིས། དེ་མིན་ཞལ་ཐང་སྣ་ཚོགས་སྟོང་ཕྲག་ལྷག་བཅས་བཞུགས། གསུང་རྟེན་གཙོ་བོ་རིན་ཐང་ཆེ་བ་རྟེན་སྒམ་བཀའ་རྒྱ་མའི་ནང་། སྔོན་གྱི་ལོ་པཎ་དག་གི་རྒྱ་དཔེ་ཁ་ཤས་དང་། གཏེར་མ་ཤོག་སེར་རིགས་དང་གཏེར་སྒྲོམ་འགའ་དང་རིག་འཛིན་ཆེན་པོའི་ཕྱག་བྲིས་པོད་ཁ་ཤས་བཅས། དེ་མིན་བཀའ་འགྱུར་གསེར་བྲིས་སོགས་བཀའ་བསྟན་འགྱུར་ཆ་གྲངས་མང་ཆོས་ཚན་གཏེར་ཆོས། བཀའ་འབུམ་རིགས་སོགས་བྲིས་མ་དང་དཔར་མ་པོད་ཁྲི་གཅིག་ཙམ་ཡོད། དཔར་ཤིང་བཀའ་མ་སྐོར་སྔོན་རྗེས་བསྡོམས་པའི་པོད་སུམ་ཅུ་ཙམ། དེ་མིན་པར་པོད་སྣ་ཚོགས་ཉི་ཤུ་ཙམ་ཏེ་ལྡེབ་ཁྲི་གཅིག་སྟོང་ཕྲག་བདུན་ལྷག་ཙམ་བཞུགས། དུང་འཁོར་དྲུག་ཐུགས་རྟེན་གཙོ་བོའི་གྲངས། བཀའ་གདམས་མཆོད་རྟེན་ཆེ་ཆུང་བརྒྱ། རྒྱ་ནག་ལི་མའི་མཆོད་རྟེན་ཐོག་རྩེག་ཉིས་པ། སྐུ་གདུང་འཛམ་གླིང་རྒྱན་གཅིག་མཐོ་སུམ་ཅུ་སོ་ལྔ་པ། ལྕག་དྲའི་ལྷ་ཁང་ནང་སྒོ་མང་གསེར་གདུང་མཐོ་སུམ་ཅུ་པ། དངུལ་གྱི་མཆོད་རྟེན་བརྒྱ་ཕྲག་བཅས། དགེ་འདུན་པའི་གྲངས་ལྔ་བརྒྱ་ཞེས་འཁོད་ཀྱང་མང་དུས་སུ་སྟོང་ཙམ་བཞུགས། གཞན་ཡང་གནའ་རྫས་ནང་རྟེན་སྐོར་ལས། ཤེས་ཆོད་ཙམ་ཕྲན་ཀློང་ཆེན་པའི་ཕྱག་དྲིལ་མ་གཅིག་ལབ་སྒྲོན་ཕྱག་དྲིལ་དཔལ་མོ་[page 270] ཤེས་རབ་རྒྱ་མཚོའི་ཕྱག་དྲིལ། ཁྱུང་གྲགས་རྡོ་རྗིའི་གཏེར་དྲིལ། ཁྱུང་གྲགས་གཏེར་མའི་ཀོང་ཕོར། མངའ་བདག་ཉང་གི་ཕྱག་ཌཱལ། ཀརྨ་གླིང་པའི་དབུ་ཐོད། འཇམ་མགོན་རིན་པོ་ཆེའི་དབུ་ཐོད། མཁའ་འགྲོ་ཙམ་མུནྟྲའི་དབུ་ཐོད་སོགས་དང་། དུང་དཀར་ལབ་སྟོན་ནམ་མཁའ་རིན་ཆེན་གཏེར་མ། རོལ་མོ་ཁེ་ཆོས་ཉིད་རྒྱ་མཚོའི་ཕྱག་རོལ། སྤྲེལ་ཐོད་དང་སེང་ཐོད་སིལ་སྙན་པ་ཐག་ཞེས་པ། འཇའ་ཚོན་གཏེར་སིལ། འདི་རྣམས་རིག་འཛིན་ཆེན་པོའི་ཕྱག་རོལ་ཡིན། དེ་མིན་སྤུས་དག་པའི་གནའ་རབས་ཀྱི་རོལ་སིལ་ཤུབ་སེར་ལྕགས་འདུད་སོགས་རོལ་སེར་བརྒྱ་ཕྲག་ཁ་ཤས། མཁར་རྔ་ཉི་སེར་འབྲུག་སྒྲ་ཁྱུང་གྲགས་གཏེར་མ་གཙོས་མཁར་རྔ་ཉི་ཤུ་ཡས་མས། རྒྱ་གླིང་ཟངས་ཐོ་ཞེས་རིག་འཛིན་ཆེན་པོ་སྐུ་དུས་ཀྱི་གླིང་བུ། ཀརྨ་བཀྲ་ཤིས་རྒྱ་ནག་དབུ་བླར་ཕེབས་དུས་ཀྱི་རྒྱ་གླིང་གསེར་རྒན། དེ་དུས་ཀ་འཕན་བཟང་གོས་སངས་རྒྱས་སྟོང་སྐུ་ཚེམ་ཐགས་ཅན་བཅུ། རྒྱ་ནག་གོང་མའི་བཀའ་དམ་སྒམ་དང་གོ་གནས་གནང་བའི་ཐམ་ཀ་བརྒྱད་ཀྱི་སྒམ་ཆུང་སོགས་མང་། དུང་མར་ཨ་ཡུ་དང་རྐང་དུང་ཕྱི་བ་ཞེས་པ་དེ་རྣམས་ལ་དམ་ཅན་ཆོས་སྲུང་འཁོར་བས་བཟང་ངན་རྟགས་མཚན་སྣ་ཚོགས་སྟོན་པ། འཆམ་གོས་སྤྲིན་ཐག་རྒྱན་དྲུག་གསེར་དངུལ་སྐུད་ཐགས་སོགས་མི་ཉུང་བ། སྤྲིན་བརྒྱ་འབྲུག་སྟོང་གི་འཆམ་གོས་གྲྭ་འཆམ་གོས་གྲྭ་དཀྱུས་མས་གྱོན་ཕོད་མིན་དགེ་མི་དགེའི་རྟགས་མཚན་ཡོད་སྲོལ་ཅན་སོགས་འཆམ་གོས་མང་། ཞལ་འབག་མ་ཧེའི་ཞལ་རྒྱ་ནག་ལི་མ་ངོ་མཚར་ཅན་སོགས་འཆམ་གོང་མང་། ཞལ་འབག་མ་ཧེའི་ཞལ་རྒྱ་ནག་ལི་མ་ངོ་མཚར་ཅན་གྱི་གཙོས་གསེར་འབག་བཅུ་ཕྲག་ཁ་ཤས། དེ་མིན་འཆམ་ཆེན་བརྒྱད་ཅུ་ཁྲོ་འཆམ་བཞི་བཅུ། རྩ་འཆམ་ཉེར་དགུ། དགུ་འཆམ་སུམ་ཅུ་བཅས་འདང་ངེས། བཀའ་མའི་དཀྱིལ་ཆས་ཉེར་ལྔ། གསེར་འབུམ་ཉེར་ལྔ། རོལ་སིལ་འབུད་བརྡུང་མཆོད་ཆས་གྲ་འགྲིགས་ཆ་ཉེར་ལྔ། གསེར་དངུལ་བཀྲ་མའི་སྟོང་མཆོད་དེ་སོགས་བརྗོད་ལས་འདས་སོ། དེ་ལྟར་འཁོར་ལོ་གསུམ་གྱི་བསྟན་པ་དེ་ཉིད་མུ་ནུབ་ཅིང་རྒྱས་པའི་གསོས་དང་། རང་གཞན་གྱི་ཚོགས་བསགས་སྒྲིབ་སྦྱང་གི་སྒོ། བསྟན་པ་མཛེས་པའི་རྒྱན། དུས་ཀྱི་མཆོད་པ་དང་། བསྐྱེད་རྫོགས་ཀྱི་བོགས་འདོན་ཚོམ་བུ་ཚོགས་སྒྲུབ་པའི་རྒྱུན་སྲོལ་སྨོས་ན། ཧོར་ཟླ་དང་པོའི་ཆོ་འཕྲུལ་ཟླ་བའི་ཚེས་ལྔར། རྗེ་རིན་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་འདས་མཆོད་ཡིན་པས། ཀར་གླིང་ཐོས་གྲོལ་སྒྲིགས་ཚོགས་དང་། ཞི་ཁྲོ་སྐོང་ཆོག་གྲངས་གསོག་མགོན་ཁང་ཁག་གསུམ་བཅས་ཚེས་གཅིག་སྔ་དྲོ་ལོ་གསར་མཛད་སྒོ་ཕྱི་དྲོ་གྲལ་བཀོད་སྒྲིག་ཡིག་སྒྲོགས། ཚེས་གཉིས་ནས་ཚེས་བརྒྱད་བར་ཉིན་བདུན་ཚོགས་མཐའ་རྟེན་དབང་ཆེན་བཅས། ཚེས་དགུ་ནས་དགེ་ཚུལ་སློང་སོགས་མཆོད་གྲལ་པ་(མཆོད་ཁོག་པ་ཡང་ཟེར་འདོན་ཀློག་ཤེས་ནས་སྔོན་འགྲོ་དང་རྩ་རླུང་འདུག་མྱོང་མཁན་དབང་ལུང་ཡོད་པ་ལ་ཟེར་)ཁོ་ནས་ཚེས་བཅོ་ལྔ་བར་ཉིན་བདུན་ལ་འཚོགས། བཀའ་མ་འདུས་མདོའི་ཡན་ལག་དཀྱིལ་འཁོར་ཆ་གསུམ། ཕྱག་རྡོར། ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས། ཀྲི་ཡ། ཨུ་པ། ཡོ་ག། ཞི་འཚོ་སྨན་ཆོག །འོད་ཟེར་དྲི་མེད། གཙུག་ཏོར་དྲི་མེད། རྣམ་འཇོམ་ཁྲོ་དཀར། རྣམ་འཇོམས་ཁྲོ་ནག། སྒྲོལ་ཆོག། གཟའ་ཡུམ། འོ་བྲན་[page 271] ལུགས་གུ་རུ་དྲག་དམར། བཅས་མཆོད་ཁག་བཅུ་བདུན། ཚེས་བཅུ་དྲུག་ནས་བོད་ཟླ་གསུམ་པའི་ཚེས་ཉེར་བཞི་པར་རྒྱུན་གྲྭ་སྟེ། གྲྭ་པ་ལྔ་བརྒྱ་མཚོ་ལྔ་བགོས་པ་བརྒྱ་ཤོག་ལྔ་བརྒྱ་ཤོག་རེ་ཟླ་བ་རེའི་འགྲིགས་དགོས་པ་འདོན་རྒྱུ། བསང་ཆེན་ཉིན་གཅིག་རྡོར་སེམས་སྒྲུབ་མཆོད་ཉིན་སྟ་གོན་བཅས་ཉིན་བརྒྱད། འདས་མཆོད་(གདན་རབ་རྣམས་ཀྱི་འདས་མཆོད་)ཉིན་གསུམ། གནས་སྟོང་རེ། གཏོར་བཟློག་ཉིན་གསུམ། ཚེ་ཆོག་ཚོགས་བརྒྱ་ཉིན་གཅིག་བཅས། དེ་མིན་ཉིན་དགུང་གུང་གསོལ་ཇ་གཉིས་རིང་ཆོས་སྤྱོད་གསོལ་ཁ་ཡོན་ཁ་རིགས་བསྔོ་སྨོན་བཅས། བོད་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་བླ་སེར་ཡོངས་རྫོགས་ལྷན་འཛོམ་ཚོགས་ངོས་བླང་ནས་སྒྲུབ་མཆོད་རྩ་ཁྲོ་གར་གསུམ་འཆམ་སྤྱོང་། ས་ག་ཟླ་བའི་བཞི་པའི་ཚེས་ལྔ་ཉིན་ས་ཆོག་དང་འབྲེལ་བའི་སྒྱུ་འཕྲུལ་རྩ་འཆམ། དེ་ཡང་སྒྱུ་འཕྲུལ་རྩ་འཆམདང་ཁྲག་འཐུང་ཁྲོ་བའི་བྲུབ་འཆམ་ཞེས་པ་འདི་གཉིས་ཀྱི་ཁུངས་ནི། སྔ་འགྱུར་བཀའ་མ་སྒྱུ་འཕྲུལ་དྲ་བ་རྩ་བཤད་ཀྱི་རྒྱུད་དང་། འཇིག་རྟེན་འདས་མདོ། ཧེ་རུ་ཀཿགལ་པོ་སོགས་ཀྱི་རྒྱུད་དོན། རྒྱ་བོད་ཀྱི་གྲུབ་རིག་འཛིན་པ་རྣམས་ཀྱི་རིམ་པར་བཀྲལ་བར་སྟེ། རྒྱལ་པོ་རྫཿནས་མཁས་པ་མི་གསུམ་ལ་བརྒྱུད་དེ་བོད་ཀྱི་ལོ་ཙཱ་བ་རྨ་གཉགས་ལ་བརྒྱུད། གནུབས་ཆེན་ཡབ་སྲས་ཟུར་ཆུང་པ་སོགས་རིམ་པར་བརྒྱུད། སྨིན་གླིང་གཏེར་ཆེན་སྐུ་མཆེད་ལ་བཀའ་བབ་ནས་རིམ་པར་བརྒྱུད་པའི་ཕྱག་ཞེས་མི་ཉམས་པའོ། ཚེས་དྲུག་ཉིན་ཐིག་ཚོད་སྟ་གོན་རྣམས་གྲུབ་ནས་རྡུལ་ཚོན་བླུགས། ཚེས་བརྒྱད་ཕྱི་དྲོ་རྡུལ་ཚོན་རབ་གནས་གནས་དང་རྒྱན་འགོད། ཚེས་དགུ་ནས་ཚེས་བཅོ་ལྔ་བར་སྟེ། ཉིན་བདུན་གྱི་ཚེས་བཅུ་གསུམ་ཉིན་ཤར་སྟོན་པའི་སྐུ་གོས་ཐང་ཆེན་མོ་ཕྱི་རོལ་གྱི་ཐོག་ཁ་ཤས་བཤམས་པའི་མདུན་གནམ་ཆོས་གནས་བརྟན་ཆོ་གས་མཆོད་འབུལ་རྒྱས་སྤྲོས་དང་། ཉིན་དགུང་ཚོགས་ཀྱི་མཆོད་པའི་མཚམས་སུ་ར་ཏོ་བཅུ་དྲུག་གི་མཆོད་གར་འཆམ། མཆོད་གར་གྱི་ཁུངས་ནི། སྔ་འགྱུར་བཀའ་མ་སངས་རྒྱས་མཉམ་སྦྱོར་རྒྱུད་དང་། ཟླ་གསང་ཐིག་ལེའི་རྒྱུད་སོགས་ནས་གསུང་བའི་དོན་ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་ཕྱག་བཞེས་ལྟར་སྨིན་གླིང་ལོ་ཆེན་ཆོས་དཔལ་བཟང་པོས་བཀྲལ་བའི་ཕྱག་བཞེས་ཀྱི་རྒྱུན་ཡིན་ནོ།། ཚེས་བཅུ་བཞི་ཚོགས་བསྒྲལ་འབྲེལ་སྒྱུ་འཕྲུལ་ཁྲག་འཐུང་ཁྲོ་པོའི་བྲུབ་འཆམ། ཚེས་བཅོ་ལྔ་སྔ་གྲོ་སྦྱིན་སྲེག་ཕྱི་དྲོ་བདག་འཇུག་དང་འབྲེལ་བའི་དབང་བཅས་འདོན་རྒྱུ་ནི། འོག་མིན་ཚོགས་ཆེན་འདུས་པ། རྒྱུད་སྡེ་སྒྱུ་འཕྲུལ་ཞི་བ་དང་། ཁྲོ་བོ་གཉིས། སྒྲུབ་སྡེ་བཀའ་བརྒྱད་རྫོང་འཕྲང་། དོང་སྤྲུག་པདྨ་བརྒྱ་ལྡན། སངས་རྒྱས་མཉམ་སྦྱོར། གཤིན་རྗེ་གདོང་དྲུག་ཡང་དག་ཟླ་གམ་དགུ་པ། ཕུར་པ་རོང་ཟོམ་ལུགས། ལུང་ལུགས་ཚེ་དཔག་མེད། རྒྱུད་མགོན་ལེགས་ལྡན་ནག་པོ་བཅས་དང་། བར་ཁང་ནང་སངས་གླིང་བླ་མ་དགོངས་འདུས་སྐོང་ཆོགལྕག་དྲྭ་ལྷ་ཁང་བར་ཐོག་ཏུ། ས་སྙིང་གི་སྐུ་མདུན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟེན་པའི་ས་བདག་དབང་ཆེན། གཡང་ཁང་དུ་གཡང་སྒྲུབ་གྲུབ་དབང་དཔལ་ཆེན་འདུས་པའི་སྒྲིག་མ་ལྟར། མགོན་ཁང་ཁག་གསུམ་དུ་རང་རང་སྐོང་གསོལ་གཏོང་། ཚེས་བཅུ་དྲུག་རྡུལ་ཚོན་ཆུ་གཤེགས་འཇའ་ཚོན་དཀོན་སྤྱི་ཚོགས་སྐོང་གསུང་། ཚེས་བཅུ་བདུན་ནས་རྒྱུན་གྲྭ་རྒྱུན་ལྡན། ཚེས་ཉེར་གཉིས་ནས་[page 272] ཚེས་ཉེར་བརྒྱད་བར་ཚེས་བཅུའི་འཆམ་སྦྱོང་རྒྱུ་དང་། ཚེས་བཅུའི་སྒྲུབ་ཆེན་གང་ཁེལ་དེའི་ལག་ལེན་སྦྱོང་སྒྲིག་བྱེད་རྒྱུ། ཚེས་ཉེར་དགུ་ནས་གཏོར་མ་བཅའ་བ། ཚེས་སུམ་ཅུ་ལ་སྣ་སེལ་བསྔ་ཆེན། མདོ་བཞི་དང་། མདོས་བཞི། ཕུར་པ་ལྟ་བུའི་གཏོར་བཟློག་འབྲེལ་མས། དམ་སྲི་དང་ཉུལླེའི་ལིང་ཁྲུས་ལིང་སྒྲུབ་བྱ། བོད་ཟླ་ལྔ་པའི་ཚེས་གཅིག་ནས་སྒྲུབ་ཆེན་དངོས་གཞི་སྟེ། རཏྣའི་ཐུགས་ཆེན་གསང་འདུས་བུམ་སྒྲུབ་དང་། བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་བུམ་སྒྲུབ་འབྲེལ་མ་དང་། ཉང་གཏེར་བཀའ་བརྒྱད་བདེར་འདུས་སྒྲུབ་ཆེན་དང་། སངས་གླིང་བླ་མ་དགོངས་འདུས་སྒྲུབ་ཆེན་ཏེ་(སྨན་སྒྲུབ་ཡང་སྦྲེལ་སྲོལ་ཡོད་)བཞི་པོ་དེ་རེས་བསྐོར་ཏེ་ལོ་ལྟར་འཛུགས། བུམ་སྒྲུབ་ནི་རྗེ་རིག་འཛིན་ཆེན་པོ་ནས་ད་བར་སྒྲུབ་རྒྱུན་མ་ཆད་པས་རརྣའི་ཐུགས་ཆེན་གསང་འདུས་དང་ཆོས་དབང་ཐུགས་ཡང་སྙིང་འདུས་པ་རེས་བསྐོར་ལོ་ལྟར་འཛུགས། སྒྲུབ་པའི་ཡན་ལག་ཏུ། རརྣའི་ཕུར་པའི་སྒྲུབ་ཁག་གཅིག་དེའི་ནང་རྡོ་རྗེ་མཚམས་པ་དང་གིང་པ་གཉིས་བཞུགས་པའི་ཉིན་མཚན་དུས་དྲུག་ཉུ་ལླེ་བསྐྲད། རཏྣའི་གསང་ལ་ཀརྨ་འགྱུར་མེད་སྒྲུབ་ཁོག་འབྲེལ་མའི་སྒྲུབ་ཆེན་ཁག་གཅིག། སྒྲུབ་ཆེན་གང་ཡིན་དེའི་སྐོར་ཆོག་བཤགས་རྒྱུད་འབྲེལ་མ་ཁག་ཅིག་སྐོང་གསོ་ཁང་དུ་རྩ་གསུམ་ཆོས་སྐྱོང་བཅས་པའི་སྐོང་གསོ་ཁག་གཅིག གུ་རུ་ཆོས་དབང་བླ་མ་གསང་འདུས་དཔལ་སྤུངས་ལུགས་ལྟར་ཁག་གཅིག། གཡང་ཁང་དུ་གཡང་སྒྲུབ། ཚོགས་བདག་ཁང་དུ་མགོན་གསོལ་བཅས་མཆོད་ཁག་དགུ། ཚེས་བརྒྱད་ཞོག་པར་དངོས་གྲུབ་ཁང་དུ་དབང་ཆེན་ཕྱི་རོལ་དུ་དབང་ཉུང་བསྡུས་ཁྲོམ་དབང་བཅས་ཚེས་དགུ་ཉིན་བླ་མ་གསང་འདུས་སྨིན་གླིང་ཡིག་ཆ་འགྲེལ་བ་དཀྱ་འཆམ་ཞེས་གྲྭ་རང་རང་གི་ན་བཟའ་གཟབ་མཆོར་རྒྱན་སྤྲོས་བཅས་སྒྲིག་འཆམ་དང་། ཚེས་བཅུ་ཉིན་དངོས་གཞི་ཞལ་འབག་ཞྭ་སེར་གྱིས་འཆམ་དེའང་གཏེར་སྟོན་གྲུབ་པའི་དབང་ཕྱུག་གུ་རུ་ཆོས་དབང་གི་དག་སྣང་རྟ་དཀར་དང་ཞྭ་ནག་ལུགས་གཉིས་སུ་མཆིས་པ་ལས་རྒྱས་པ་ཞྭ་ནག་ལུགས་ཏེ་ཕོ་བྲང་སྣེའུ་གདོང་གི་ཕྱག་བཞེས་ལྟར་ཡིན། ཚེས་བཅུ་གཅིག་སྒྲུབ་པའི་མཐའ་རྟེན་ཚེ་དབང་དང་། གུ་རུ་རིན་པོ་ཆེ་སྐུ་འཚེམ་དྲུབ་གོས་ཐང་བཤམ་པའི་མདུན་དཀོན་མཆོག་སྤྱི་འདུས་སྒོ་ནས་མཆོད་འབུལ་བྱ། རྡོ་རའི་སྟེང་ཚོགས་སྐོར་དབང་སྒྲུབ་འབྲེལ་གནམ་ཆོས་འཆམ་ལྷག་མ་རྔ་འཆམ་སོགས་དང་ཁྲོམ་དབང་རིལ་བུ་ཆུར་གཤེགས་དང་ཆུ་བོ་མཐོང་གྲོལ་དུ་བ་མཐོང་གྲོལ་སྒྲུབ་པའི་མཐའ་སྡུད་བཅས་ཀྱིས་གྲུབ། ཚེས་བཅུ་གཉིས་ནས་རྒྱུན་གྲྭ་རྒྱུན་ལྡན། ཚེས་བཅོ་ལྔར་བླ་བྲང་ཁག་གི་བླ་སྤྲུལ་གཙོས་བླ་སློབ་བཅུ་ཕྲག་ལྷག་སྒ་བཀྲ་ཤིས་ལྷ་རྩེའི་རི་བོའི་སྟེང་འཛམ་གླིང་སྤྱི་བསང་དབྱར་མཐོང་ཟུང་འབྲེལ། ཀླུ་མཆོད་དང་བླ་མཚོ་གསོལ་མཆོད་ཕེབས་སྲོལ། བརྡ་གོ་བརྒྱ་ཤོག་ནས་དམིགས་བསལ་ཚེས་བཅུ་གསུམ་ནས་བརྡ་གོར་འདུས་ཚོགས་གིས་ཀུན་མཁྱེན་ཀློང་ཆེན་པོའི་རྒྱགས་བརྔན་དང་ཞྭ་པདྨ་དབང་ཆེན་གྱི་གསོལ་མཆོད་ཚོགས་སྐོང་འབྲེལ་བསང་ཆེན་ཉིན་གཅིགཀློང་སྙིང་གི་སྡུག་བསྔལ་རང་གྲོལ་སྒྲུབ་པ། འཇིགས་མེད་གླིང་པའི་གསུང་སྒྱུ་འཕྲུལ་ཞི་ཁྲོ་གཉིས། བཀའ་མ་དོང་སྤྲུག་འཁོར་བ་ཀུན་སྒྲོལ། རྡོར་སེམས་ཐུགས་ཀྱི་སྒྲུབ་པ།[page 273] ཕུར་པ་རོག་གི་ལུགས། གཤིན་རྗེ་ཁ་ཐུན་ནག་པོ་བཅས་དང་། དཔལ་ཡུལ་རང་ལུགས་བསང་ཆེན་ཉིན་གཅིགཐུབས་སྒྲུབ་དཔལ་ཆེན་འདུས་པའི་སྒྲུབ་ཆེན་ཉིན་བདུན། དེ་དང་མཉམ་ཀློང་སྙིང་གི་གཤིན་རྗེ། རྟ་མགྲིན། ཡང་དག་ཕུར་པ། མ་མགོན་ལྕམ་དྲལ་བཅས་སྒྲུབ་ཆེན་གསང་བ་སྡེ་དྲུག། བཀའ་འགྱུར་དག་ཚར། བླ་མཆོད་དངོས་གྲུབ་རྒྱ་མཚོ། སེམས་ཉིད་ངལ་གསོའི་བླ་མཆོད་ཚོགས་གཉིས་ཤིང་རྟ། རྡོར་སེམས་མངོན་དགའི་ཞིང་སྦྱོང་།། ཞི་ཁྲོ་ངན་སོང་སྦྱོང་བ། མཁའ་འགྲོ་ཡང་ཏིག་གི་ཞི་ཁྲོ་གཞན་ཕན་འོད་ཀྱི་འཁོར་ལོ་ཀར་གླིང་ཞི་ཁྲོའི་གནས་བརྒྱ་སངས་གླིང་བླ་མ་དགོངས་འདུས། འོད་དཔག་མེད་ཆོ་ག་དཔག་མེད་མྱུར་ལམ། སྒྲོལ་ཆོག་ཀླུ་དབང་དགོངས་རྒྱན། བཀའ་བརྒྱད་བདེར་འདུས་གཏོར་བཟློག་ཉི་བདུན་ཚེ་སྒྲུབ་གསང་འདུས་ཚོགས་བརྒྱ་བཅས་ཧོར་ཟླ་དྲུག་པའི་ཚེས་བཅུ་གསུམ་ནས་བཤད་གྲྭ་གཙོས་དགོན་བཞུགས་དགེ་ཚུལ་སློང་རྣམས་དབྱར་གནས་ཟླ་བ་ཕྱེད་གཉིས། ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་བླ་སེར་ཡོངས་རྫོངས་དགུན་བཅའ་ཕེབས་ཉིན་དེར་གླིང་བཞིར་ཐོ་འཛུགས། ཚེས་བཅོ་ལྔ་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་བར་གྲྭ་གསར་རིགས་རི་སྦྱོང་བཞུགས། དེ་མིན་བྱིང་ཐུན་བཞི་བཅད་དཀྲོལ་སྒྲུབ་ཁང་ལྟར་བྱ་བས། ཉིན་གུང་མཁར་རྔའི་ཚོགས་བརྡ་ཚོགས་དུང་གིས་འདུ་ཁང་དུ་ལྷན་ཚོགས་ཀྱིས་གསོལ་ཇ་ཐེངས་གཅིག་ཆོས་སྤྱོད་དང་ཡོན་ཁ་གསུངས་ནས་གྲོལ་ཏེ་ཕྱི་ཐུན་བསྡམ་པ་སོགས། ཧོར་ཟླ་བཅུ་གཅིག་ཚེས་ཉེར་བདུན་ནས་ཉིན་གསུམ་རིང་ཉི་ལྡོག་བསྟུན། བཀའ་བརྒྱད་བདེ་འདུས། རཏྣ་དང་གནམ་ཆོས་འཇིགས་མེད། ཞང་ཁྲོམ་ཁྲོ་ཆུ་དུག་གདོང་། ཉང་གཏེར་རྟ་ནག་ལྕགས་རལ། ཆགས་མེད་མགོ་གསུམ། ཚེས་སུམ་ཅུ་ཉིན་ཨ་ཀྱང་བརྒྱ་ཚོ་དང་། རྡོ་རེག། དཔལ་རྡུལ། རུ་ཤེས་བརྒྱ་ཤོག་བཅས་བཞིས་ཁག་བགོས་ཏེ། སྡེ་བརྒྱད་ཁེང་མདོས། མ་མོའི་ཁྲག་མདོས། ཤེར་སྙིང་བཟློག་མདོས། སྡོང་པོ་རྒྱན་མདོས་བཅས་གཏོང་། ཕྱི་དྲོ་བླ་མ་རྡོར་སློབ་རྣམས་དང་གཞུང་ཆེན་དབུ་མཛད་སོགས་ལས་ཚན་རྣམས་གཙོས་འདུས་པ་སུམཅུ་སྐོར་གྱིས་སྔ་ལོ་ཉི་མ་མཐོང་གྲོལ་བྱས་པ་དེ་ཉི་ཐལ་དང་ཐུག་པར་ཐུགས་ཆེན་གསང་འདུས་ལས་མཐའ་ལྟར་བསྡུ། ཕྱི་ཉིན་ཚེས་གཅིག་གི་ཐོ་རང་ཆུ་ཚོད་བཞི་ཙམ་ནས་སྔ་ལངས་ཀྱིས། ཐུགས་ཆེན་གསང་འདུས་ཉི་མ་མཁའ་ཁྱབ་ལྟར་གསུངས་ནས་སྤྱན་འདྲེན་ཉི་མ་འཆར་བ་དང་ཐུག་དགོས། དེ་བཞིན་བརྡ་གོབརྒྱ་ཤོག་ནས། ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ནས་བརྡ་གོར་ཚོགས་ཕེབས་ཏེ། སྙིང་ཐིག་བསང་བརྔན། ཚོགས་སྐོང་འབྲེལ་མ། ཞི་ཁྲོ་གནས་སྟོང་། བཀའ་བརྒྱད་རོལ་པ་ཆེན་པོའི་གཏོར་བཟློགརཏྣའི་གུར་དྲགབྱང་ལུགས་གཤིན་རྗེ་ཚེ་བདགགཤིན་རྗེ་འཆར་ཁ་རྟ་ནག་ལྕགས་རལ། པད་གླིང་གསང་བདག་གཏུམ་པོ། རཏྣའི་ཕུར་པ། མ་ཏིའི་སེང་གདོང་། ཡུམ་ཀའི་སེང་གདོང་། དེ་རྣམས་གཏོར་བཟློགམགོ་གསུམ་དང་མདོས་ཁ་ཤས་བཅས། རྒྱུན་པར་མགོན་ཁང་དུ་དཔལ་ཡུལ་ལུགས་སྐོང་གསོ་ནར་མ་རྒྱུན་ཆགས། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔར་གཏང་རག་ཚོགས་བརྒྱ་གྲུབ་ནས་དཔལ་ཡུལ་དགོན་དུ་མར་ཕེབས་ནས་དགུ་ཆེན་མཉམ་འཚོགས་དགོས། ཧོ་ཟླ་བཅུ་[page 274] གཉིས་པའི་ཚེས་བཅུ་དྲུག་ལ་བཅའ་ཐོ་དཀྲོལ་ཏེ་དགུ་གཏོར་གྱི་འཆམ་དང་ལག་ལེན་སྐྱོར་སྦྱོང་གྲ་སྒྲིག་བྱ། ཚེས་ཉེར་གསུམ་ནས་ཚེས་དགུ་བར་བཀའ་བརྒྱད་ཁྲོ་གསང་། གཤི་རྗེ་ཀིང་ཀང་། གུར་དྲག་མེད་འཁྱིལ། རཏྣའི་ཕུར་པ། མ་ཏིའི་སེང་གདོང་། མ་ནིང་བཟློག་མདོས། མགོན་པོའི་སྟོད་སྨད་ཆ་ཟོར་ལས་བཅས། བཤད་གྲྭ་ཡོངས་རྫོགས་ཀྱིས་ལོ་ཏྲི་པ་ལའི་གཏོར་བཟློག་ཚེས་ཉེར་དགུར་དྲག་པོའི་དཔུང་དང་བཅས་ཟོར་འཕངས་ཤིང་འཆམ་དང་འབྲེལ། དེར་གནམ་ཆོས་དག་སྣང་ལས་བྱུང་བའི་འཆམ་སྣེ་བཅོ་ལྔ་ཙམ་ཡོད། ཚེས་སུམ་ཅུ་ཉིན་དགུ་ཆུང་ཞེས་འདུ་ཁང་དུ་བྱིངས་ཚོགས་ཀྱིས་རྒྱལ་བཀའ་ཞལ་ཕྱེ་གསོལ་ཇ་བཞེས་རྗེས། དགོན་པའི་མཐའ་བསྐོར་ཕེབ་(དགྲ་བཅོམ་འབུམ་སྐོར་གྲགས)ཕྱོགས་བཞིར་མདོ་གདུགས་སེང་གསུམ་དགུ་བཟློག་རེ་བྱ། དེས་རྒྱུན་ལྡན་གྱི་ཚོགས་སྒོ་དུས་མཆོད་རིགས་གྲུབ། གཞན་ཁ་འཕར་གྱི་བཙུག་སྒོ་ཞབས་རིམ་རིགས་བརྗོད་མི་ལང་། དཔེར་ན་ལོ་འགྲིགས་འགའ་མཚམས་སུ་ཕུར་སྒྲུབ་དང་བཀའ་བརྒྱད་ཁྲམ་ཕྱིས། མགོན་པོའི་དམག་མདོས། མ་མགོན་གྱུལ་མདོས་ལྟ་བུ་གསུང་སྲོལ་ཡོད།

དགོན་པའི་རྩ་འཛུགས་ཀྱི་སྒྲིག་གཞི་ནི། གཙོ་བོ་བསྟན་པའི་བདག་པོ་རྒན་གཞོན་རྣམ་པ་དེ་ནས་སྤྲུལ་པའི་སྐུ་རྣམས་དང་། མཁན་ཆེན་དང་མཁན་པོ། དེ་ནས་བླ་མ་རྡོ་རྗེ་སློབ་དཔོན་དང་དབུ་མཛད་ཆོས་ཁྲིམས་གསར་རྙིང་དང་། དེ་ནས་གཉེར་ཕྱག་དང་མི་ཆེན་དགེ་བསྐོས་ཚོགས་བན་བཅས། དེ་རྣམས་རང་རང་འགན་འཁྲི་འཕྲལ་སྒྲུབ་དང་དོན་གནང་ཕྲན་ཚེགས་བྱུང་ཚེ་རང་ཐག་བཅོད་ཀྱིས་སྙན་གསེང་དང་། མ་ཆོད་ཚེ་བསྟན་པའི་བདག་པོར་སྙན་གསེང་བཀའ་བསྐོར་རམ་རྒྱས་འཛོམ་བཀའ་ཤག་གོང་གསལ་མི་སྣ་རྣམས་བསྡུས་ནས་གྲོས་མོལ་ཐོག་ཐག་བཅད་རྒྱུ། དགོས་གལ་བྱུང་ཚེ་སྡེ་དགེའི་མཐོ་རིམ་མི་སྣར་ཞུ་གཏུག་གིས་ཐག་བཅད་རྒྱུ་བཅས། དགོན་པ་ནང་གི་དབང་འཛིན་པའི་གོ་གནས་ཡང་། དང་ཐོག་བསྟན་པའི་བདག་པོ་གདན་རབས་འཛིན་པ་ཁྲི་རིན་པོ་ཆེ། ཐོག་མར་བསྟན་པའི་བདག་པོ་ནི། རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་ནས་ད་ལྟའི་བར་སྨོས་ན། རྗེ་རིགས་འཛིན་ཆེན་པོ་ནི། མཚན་དུ་སྤྲུལ་པའི་སྐུ་ཞེས་པའི་དམིགས་སུ་མི་གསལ་ཡང་། དོན་དུ་སྐྱེས་རབ་སྟོང་ཕྲག་མཁྱེན་པའི་སྤྲུལ་པའི་སྐུ་ཆེན་པོ་སྟེ། རང་ངོས་སྤང་རྟོགས་ཀྱི་ཡོན་ཏན་རྩལ་རྫོགས་པས་དོན་གཉིས་འབད་མེད་ལྷུན་སྒྲུབ་ཀྱི་མཐུ་མངའ་ཞིང་ས་ཡི་སྟེང་ན་སྙན་པས་ཁྱབ་པ་དང་། དམ་པའི་སྐྱེས་ཆེན་གོང་མ་དག་གིས་ཀྱང་མངའ་གསོལ་གཟེང་བསྟོད་གནང་བ་དང་། ཆོས་རྒྱལ་སྡེ་དགེ་དབུ་ཡི་མཆོད་གནས་སུ་བསྐུར་ཞིང་བསྟན་པའི་བདག་པོར་བསྐོ་བཞག་བྱས་པ་བཅས་ཀྱིས་བསྟན་པའི་བདག་པོར་གྱུར། དེ་ནས་རིམ་པར་ཐུགས་སྲས་སློབ་མའི་གཙོ་བོ་དག་ལ་བསྟན་པ་གཏད་དེ་གདན་རབས་ལྔ་བ་པར་སྤྲུལ་སྐུའི་མཚན་འཛིན་པ་མ་བྱུང་། གདན་རབས་དྲུག་པ་ཀརྨ་འགྱུར་མེད་ནི། ཀརྨ་བཀྲ་ཤིས་ཀྱི་སྤྲུལ་པའི་སྐུར་རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེས་ངོས་འཛིན་གནང་བ་ནས་བཟུང་སྤྲུལ་སྐུའི་མཚན་འཛིན་པའི་ཀརྨ་བཀྲ་ཤིས་སྐུ་ཕྲེང་རྣམས་བསྟན་པའི་བདག་པོར་གྱུར། གདན་རབས་དགུ་པ་རིག་འཛིན་དཔལ་ཆེན་འདུས་པ་ནི། གདན་རབས་གསུམ་[page 275] པ་པདྨ་ནོར་བུའི་སྤྲུལ་སྐུར་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་དང་འཇམ་མགོན་ཀོང་སྦྲུལ་རིན་པོ་ཆེ་རྣམ་གཉིས་ནས་ངོས་འཛིན་གནང་ཞིང་མཁས་དང་གྲུབ་པའི་དབང་པོར་གྱུར་པས་མདོ་སྔགས་ཆོས་ཀྱི་ཉི་མ་གཤེགས་རྗེས་སུ་གདན་རབས་དགུ་པ་འཛིན་ཅིང་དེ་ནས་བཟུང་པདྨ་ནོར་བུའི་སྐུ་ཕྲེང་སྤྲུལ་པའི་སྐུ་རིམ་བྱོན་བསྟན་པའི་བདག་པོར་གྱུར། སྤྲུལ་པའི་སྐུ་རྣམས་ཀྱི་གོ་ནས་ཁྲི་ཐོབ་ཡང་། གདན་ཚབ་ནུས་པ་ཡང་འགའ་བྱུང་ཞིང་། གོང་མའི་སྐུ་རབས་མང་ཉུང་། སྤྲུལ་པའི་སྐུ་རང་ཉིད་མཁས་གྲུབ་ཀྱི་ཚད་གཞི་ལྟར་མང་མས་བསྐུར་ཞིང་གོང་མས་གནང་བའི་ཁྲི་ཐོབ་མཐོ་དམན་བྱུང་། དེ་རྣམས་ལ་ཁྲི་པ་ཞེས་གྲགས། དེ་འོག་ཁྲི་ཟུར་སྤྲུལ་པའི་སྐུ་རྣམས་དང་། མཁན་ཆེན་དང་དེ་འོག་མཁན་པོ་རྣམས་དང་བླ་མ་རྡོ་རྗེ་སློབ་དཔོན། དེ་འོག་དབུ་མཛད་ཆེན་མོ་དང་ཆོས་ཁྲིམས་པ་ཚོགས་ཆེན་ཞལ་ངོ་། དེ་འོག་ཕྱག་མཛོད་དང་གཉེར་པ་སྤྱི་པའི་མི་ཆེན། དེ་འོག་དགེ་བསྐོས་ཚོགས་བན་རྣམས་བཅས་དེ་རྣམས་དབང་འཛིན་གྱི་གོ་གནས་ལུགས་སྲོལ་ཏེ། རང་ལ་དམིགས་གསལ་གྱི་གནས་བབ་ཡོད་ལ་འོག་མས་བཀུར་ཞིང་། གོང་མས་མངའ་གསོལ་བའམ་མིང་འདོགས་གནང་བ་བཅས་དགོས། དེ་ཡང་གཞི་རིམ་ནས་ཡར་ལ་རིམ་གྱིས་ཐོན་པ་སྟེ། གྲྭ་གསར་ཀློག་བསླབ་པ་ནས་བྲི་འདོན་ལེགས་པར་བསླབ་ནས་ལོ་དང་པོར་རབ་ཏུ་བྱུང་ཞིང་དབང་ལུང་ཅི་རིགས་ཐོབ། སྔོན་འགྲོ་ཁྲིད་སྦྱོང་ཟླ་གཅིག་དང་འབུམ་ལྔ་གྲུབ་ནས། ལོ་གཉིས་པར་རྩ་རླུང་ཞག་བཞི་བཅུ་དང་རྗེ་ནས་འཕྲུལ་འཁོར་ཆགས་མེད་རྒྱས་བསྡུས་ཅི་རིགས། ཞི་གནས་གཙོ་བོར་བྱས་པའི་ཕྱག་རྫོགས་ཀྱི་ཁྲིད། ལོ་གསུམ་པར་འོད་གསལ་རི་སྦྱོང་ཞག་བརྒྱད་བཅུའམ་འབྲིང་ཞེ་དགུ་ཐ་ན་ཟླ་གཅིག་རྫོགས་པ་སྟེ་དེ་ལ་མཆོད་གྲལ་པ་གྲགས་མཆོར་ཁོག་པ་ཡང་ཟེར། རང་གཞན་ཤི་གསོན་གྲོང་ཆོག་སྒྲུབ་ཞུགས་སོགས་ཆོག་པར་སྣང་དེའི་སྟེང་བཤད་གྲྭར་ཞུགས་ནས་སྦྱོང་བརྩོན་མཐར་ཕྱིན་པས་སྐྱོར་དཔོན་དང་འཆད་ཉན་ནུས་པར་མཁན་པོའི་མཚན་གསོལ་ཏེ་མཁན་ཞྭ་འབུལ་རྒྱུ། དེའི་སྟེང་བཤད་གྲྭའི་འགན་འཛིན་གྱིས་འཆད་རྩོམ་པར་རང་དབང་འབྱོར་བར་མཁན་ཆེན་གྱི་ཁྲིར་མངའ་གསོལ་བཅས་སྡེ་སྣོད་གསུམ་ཞུ་གསོལ། ཡང་མཆོད་གྲལ་བའི་སྟེང་སྒྲུབ་གྲྭ་ལོ་གསུམ་ལེགས་ལམ་དུ་བཞུགས་པ་ལ་བླ་ཕྲན་མཚན་བཏགས་ཅིང་དགོངས་འདུས་དཀྱུས་ཞྭ་གནང་། ལོ་ཤས་ཁྲུས་དང་དབུས་བུམ་གྱི་བུམ་ཁང་འཛིན་རྒྱུ་ལས་བཞི་སྦྱིན་སྲེག་སོགས་འགན་འཛིན་དང་གནས་ཁག་ལ་བླ་བསྐོས་གཏོང་རྒྱུ། དེའི་སྟེང་དུ་ཉམས་སད་ཐེབ་ཅིང་ཡར་ཐེར་དང་མང་ཚོགས་ཀྱིས་གུས་བཀུར་ཐོབ་ཚེ། བླ་མར་མངའ་གསོལ་ནས་བདུད་འདུལ་མཐོང་གྲོལ་དབུ་ཞྭ་འབུལ། དེའི་སྟེང་དཀྱིལ་འཁོར་རབ་འབྱམས་ལ་དབང་འབྱོར་ཞིང་བསྐྱེད་རྫོགས་ལ་རྣལ་དུ་འབྱོར་ཆེ་བླ་མ་རྡོ་རྗེ་རྒྱལ་པོ་སྟེ་རྒྱལ་ཚབ་བུམ་འཛིན་དུ་མངའ་གསོལ་ཞིང་སྔར་གྱི་དབུ་ཞྭའི་སྟེང་རྡོ་རྗེའི་ཏོག་གིས་བརྒྱན་ཏོ།། དབུ་མཛད་ཆེན་མོའམ་བྱང་འདྲེན་པ་ནི། རབ་བླ་མ་ཡིན་པ་འབྲིང་བླ་བྲན། ཡོན་ཏན་དང་སྐད་གཤིས་ཀུན་སྤྱོད་བཅས་ཚད་བཞིའི་འདང་ན་མཆོད་གྲལ་པ་ཞིག་གིས་ཀྱང་ཆོག། དེ་ལ་དབུ་ཞྭ་ལྷག་པོ་མེད། དེ་མིན་གི་དབུ་ཆུང་སྐད་ལེན་པ། མཆོད་དཔོན། འཆམ་དཔོན་སོགས་གྲངས་མ་[page 276] ངེས་པ་སྟེ། དབུ་མཛད་ལ་བཀའ་གཏེར་གྱི་ཆོ་ག་སོགས་རང་རང་གི་ལུགས་མ་འདྲེས་པར་ཁོང་དུ་ཆུབ་ཅིང་། ལག་ལེན་ནོར་འཁྲུལ་དང་རང་བཟོས་མ་སོང་བ། མི་གཞི་སྐད་གཤིས་ལུས་ཚུགས་བཅས་ལེགས་པ་དགོས། མཆོད་དཔོན་ཡང་མཆོད་གྲལ་པ་ཡིན་པས་མ་ཚད་བླ་ཕྲན་སོགས་ཀྱང་བཞག་སྲོལ་ཡོད། དམིགས་གསལ་གཙང་སྦྲ་ཆེ་ལ་འགུལ་ཡངས་བ་གཏོར་གཟོ་དཀར་རྒྱན་ཐིག་རྔུལ་ཚོན་མཆོད་སྟོབས་ཕྱག་ལེན་བྱང་བ་ཞིག་དགོས་དེ་ལ་ལས་རྡོར་པ་ཡང་གྲགས།

འཆམ་དཔོན་ལ་རིགས་གཉིས་དགོས་པའི་གཅིག་ནི་རྩ་འཆམ་འཆམ་དཔོན་སྟེ། རབ་སྤྲུལ་པའི་སྐུའམ་བླ་མ་རྡོ་རྗེ་རྒྱལ་པོ། མིན་ཡང་བླ་མ་བླ་ཕྲན་ཞིག་མདོར་ན་དབང་ཐོབ་ཅིང་སྒྱུ་འཕྲུལ་ཁྲོ་བོའི་བསྙེན་པ་ཚད་དུ་འཁྱོལ་བ་ཞིག་གོདེ་མིན་རྣམས་མཆོད་གྲལ་པ་ཡན་ཅི་རིགས་ཀྱིས་ཆོག་ཅིང་ལྷ་སྣང་ང་རྒྱལ་བསྟན་པ་སྐབས་དོན་འཆམ་རྒྱུའི་དགོངས་པ་ལས་མི་གཡེལ་བ་ལུས་ལ་ཉམས་འགྱུར་ཐོན་ཅིང་ནོར་འཁྲུལ་མེད་ལ་བྱང་ཆ་ཐོན་པ་དགོས། དེ་མིན་ལས་ཚན་ཉག་ཚང་མས་རང་རང་ངོ་སྐལ་གྱི་ལས་རིགས་ཀུན་བྱང་ལ་ནོར་འཁྲུལ་མེད་པ་འགན་ཧྲིལ་འཛིན་ནུས་པ་དགོས། འགན་སྲུང་བཅའ་ཁྲིམས་སྐོར་ལ། དང་པོ་གྲྭ་གསར་བསྡུ་རྒྱུ་དང་། གྲྭ་ཁང་གསར་རྒྱག་གམ་ཆག་ཉམས་བྱུང་མིན་བཅའ་ཁྲིམས་ནི། སྡེ་དགེའི་མཐོ་རིམ་མི་སྣ་ཆེད་མངག་གིས་ཞིབ་རྟོགས་དགོས་པ་སྟེ། དགོན་པའི་གྲྭ་གྲངས་ལྔ་བརྒྱ་ལས་ཉུང་མི་ཆོག་པའི་སྔ་སྲོལ་ཚད་གཞི་དེ་རང་མོས་ཀྱིས་གྲྭ་གསར་ཞུགས་ན་སྨོས་མེད་ལ། གལ་ཏེ་ཁྱིམ་ཚང་གི་གྲངས་རེ་རེ་བཞིན་ཕྲུ་གུའི་གྲངས་ཀ་ཟིན་བཞིན་གྲྭ་གསར་མ་བཞག་ན་མི་ཆོག་པ་དང་། གྲྭ་ཤགས་ཀྱང་དུད་ཆེ་བས་བང་ཁང་རེ་དང་བང་འདྲ་རེ། འབྲིང་བས་བང་འདྲ་རེ། ཆུང་བས་ཚར་བས་ཚར་འཇིམ་ཁང་པ་རེ་མེད་ན་མི་ཆོག་པ་སོགས་སྲོལ་ཡོད། དེ་མིན་དགོན་པའི་ནང་གི་བཅའ་ཁྲིམས། ཚད་གཞི་སོ་བྱང་སྔགས་གྱི་གནང་བཀག་དང་མི་འགལ་ཞིང་ཡུལ་དང་ཆོས་ལུགས་མི་འགལ་བའི་རྨང་ག༹ཞིའི་ཐོག་བཞག་པའི་དཔེར་ན་འདས་མཆོད་སྒྲིག་ཡིག་ལྟ་བུ། དེ་བཞིན་དབྱར་བཅའ་དང་དབྱར་གནས་སྒྲིགས་ཁྲིམས། ཚེས་བཅུ་དང་སྒྲུབ་ཆོད། དགུན་བཅའ་དང་སྒྲིག་ཁྲིམས། རྒྱུད་ལྡན་མི་ཆོག་བརྒྱད་ཅུའི་སྒྲིག་ཡིག་སོགས་ཡོད་དོ།། ད་ནི་འཚོ་རྟེན་དཔལ་འབྱོར་ཡོང་སྒོ་ནི། ལོ་རྒྱུས་ཐོག་རྒྱ་ནག་གོང་མ་ཆན་ལུང་སྐབས་འབྲས་དང་ཇ་སོགས་རྒྱ་ནག་ནས་འབུལ་རྒྱུ་ཡོད་སྐད་ཐོས་ལ། སྡེ་དགེ་ཚང་ནས་ཚོགས་སྒོ་འདི་ལ་འདི་ཞེས་པའི་མར་དང་འབྲུ་སོགས་མདོར་ན་འཁོར་དུད་བརྒྱ་དང་བརྒྱད་ཅུ། འབྲོག་སྡེ་སེ་སོག་སྦ་གསུམ་སོགས་ཡོད། གྲུབ་དབང་རིན་པོ་འདི་ཉིད་ནས་ཕྱི་ལོའི་༡༩༥༥ལོར་སྔར་སྨོས་ནོར་ཆིག་འབུམ་ལྔ་ཁྲིས་མི་ཆེན་གསུམ་བསྐོས་བཞག་དང་འབྲི་མ་སུམ་བརྒྱ་གནང་སྟེ་འཛུགས་སྒོ་དུས་མཆོད་རྣམས་ཉམས་གསོ་གནང་བ་རེད།

དུས་རབས་གསར་བའི་༡༩༨༡ལོ་ཕྱིན་གྱི་དཔལ་ཡུལ་དགོན་ཉམས་གསོ་ཇི་ལྟར་བྱུང་ཚུལ་ནི། བར་སྐབས་ཞིག་ལ་དུས་འགྱུར་རྐྱེན་དབང་གིས་དགོན་པ་ཕལ་ཆེར་དང་འདྲ་བར་དཔལ་ཡུ་དགོན་པའི་རྨང་ཙམ་ཡང་མེད་པར་བརླགས་ཀྱང་། སྲས་བཅས་རྒྱལ་བའི་ཕྲིན་ལས་འགོག་ཏུ་མེད་པ་དང་། ཆོས་དད་[page 277] མང་ཚོགས་ཀྱི་རེ་འདོད་ཀྱི་བཅས་ལ་རྟེན། ང་ཚོས་རང་སྐྱོང་ཁུལ་དང་དཔལ་ཡུལ་རྫོང་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་ལ་དཔལ་ཡུལ་དགོན་སྐྱར་གསོའི་ཆོག་མཆན་ཞུས་པར་ལྟར་ཐོབ། དེའི་སྔར་ལོའི་ལྕགས་སྤྲེལ་ལོར། ངོ་མཚར་བའི་ལྟས་འགའ་བྱུང་བ། མང་པོ་ཞིག་གིས་མཚན་མོར་རྒྱང་ནས་བལྟས་པས་དགོན་པ་ཞིག་ཤུལ་དེར་སྣང་གསལ་གྱི་ཕྲེང་བ་མང་པོ་མཐོང་བ་དང་། ཉིན་པར་ཁ་ཤས་ཀྱིས་གཅན་གཟན་སྟག་རྒྱུ་བར་མཐོང་བ་དང་། དགོན་པ་དང་ཉེ་བའི་གནས་བྲག་མཁར་ཆུར་རྒྱ་གླིང་དང་དཀར་གྱི་སྒྲ་དང་། འཇའ་ཚོན་གྱི་སྐུ་ཤར་བ་དགེ་མཚན་བྱུང་། ཕྱིར་ལོ་ལྕགས་བྱ་ཟླ་བ་ལྔ་པའི་ཚེས་བཅུ་ཉིན་བདག་གཉེར་ཚོ་ཆུང་རྩ་འཛུགས་གིས་དགོན་པ་ནང་བལྟ་བསྐོར་ཕེབས་སྐབས། ནམ་མཁའ་དྭངས་པའི་དཀྱིལ་ནས་འཇའ་སྤྲིན་འཁྲིགས་པའི་ནང་འབྲུག་གི་སྒྲ་ཐེང་གསུམ་གྲགས་ཤིང་ཆར་ཟིམ་མ་ས་གཞི་རློན་ངེས་བབ་ཅིང་འཇའ་ཚོན་ཤར་བཀྲ་ཤིས་པའི་རྫས་མཆོག་ཞོ་ཡི་བཏུང་བ་ཡང་ངང་གིས་འདུས།

དེ་ནས་ས་བསླབ་དང་སྦྱངས་བ་སོགས་ཚུལ་བཞིན་གྲུབ་ནས། འདུ་ཁང་ཀ་བ་སུམ་བཅུ་ཡོད་པ་ཐོག་བརྩེགས་གཉིས་པའི་རྟེན་གཙོ་རྡོ་རྗེ་སེམས་དཔའ་མཐོ་ཚད་མཐོ་བཅུ་གསུམ་པ་དང་། གུ་རུའི་སྐུ་དེ་མཚུངས་བཅས་ཟངས་ཀྱིས་གསར་བཞེངས་དང་། དཀར་འདམ་གྱི་གུ་རུ་སྐུ་བླུགས་མ་སྟོང་ཕྲག་ཤེལ་གྱི་སྐུ་ཁང་ཅན་དང་། རྒྱ་མཐོང་ལོག་བྲིས་སུ་རྫོགས་ཆེན་བརྒྱུད་རིམ་ལྟར་སྐུ་གསུམ་སྟོན་པ་བརྒྱུད་གསུམ་རིག་འཛིན་བླ་མ། དམ་པའི་རིགས་ཅན་དྭ་མ་ལྡ། རིག་འཛིན་བརྒྱད། རྗེ་འབངས་ཉེར་ལྔ། བཀའ་གཏེར་གཙོ་བོའི་བླ་མ་བརྒྱུད་པ་རྣམས་དང་། སྒྲུབ་རྒྱུད་ཤིང་རྟ་བརྒྱད། བཀའ་བརྒྱུད་གསེར་ཕྲེང་བཅས་བྲིས། ཐོག་ཁང་གསེང་ཁང་གཉིས་དང་རྒྱན་ཁང་སོགས་གྲུབ། དུང་འཁོར་ཆེ་ཆུང་བཅུ་ནང་གཟུངས་སྣ་ཚོགས་དུང་བརྒྱ་ལྷག་ཡོད་པ་དད་ལྡན་མང་ཚོགས་ཚོས་ཕུལ་བ་ཤས་ཆེ། དུང་འཁོར་ལྷ་ཁང་གི་ལོགས་ལ་དཀར་འདམ་གྱི་རྡོར་སེམས་སྐུ་བླུགས་མ་སྟོང་སྐུ་ཤེས་ཁང་བཅས་དང་རྡོར་སེམས་སྟོང་སྐུ་ལོག་བྲིས་ཅན། དེའི་ཐོག་ཁར་གནམ་ཆོས་ལྷ་ཁང་དུ། མི་འགྱུར་རྡོ་རྗེའི་གདུང་རྟེན་མཆོད་སྡོང་བཞུགས། གཞན་དཔེ་མཛོད་ཁང་། བཀའ་མའི་སྤར་ཁང་བཅས་གྲུབ། རྣམ་རྒྱལ་རྩེར་གཟིམ་ཤག་གསེར་ཁང་དང་། དཔེ་མཛོད་ཁང་། ལྷ་ཁང་བཅས། དེ་མིན་ཚོགས་ཆེན་ཇ་ཐབཁང་དང་། དེའི་ཐོག་ཁར་བླ་བྲང་གཉེར་ཚང་མགྲོན་ཁང་བཅས་གྲུབ། མཁོ་ཆས་སྐོར་དཔེ་ཆའི་རིགས། མཆོད་ཆའི་རིགས། འཆམ་ཆས་རྒྱན་ཆས། ཐ་ན་ཐབ་ཆས་ཡན་གསར་ཉོ་གསར་བཟོས་ཀྱིས་སྡོད་ལོ་ཙམ་བྱུང་། གྲྭ་ཚང་ཡང་། དུས་དབང་གིས་རྐྱེན་དང་། འདས་གྲོང་སོང་ཤུལ་བླ་གྲྭ་ལྔ་བཅུ་ལྷག་ཡོད་པ་བསྡུ་རུབ་ཀྱིས་སྔར་རྒྱུན་བཀའ་གཏེར་སྤྱི་དང་བཀའ་དགོངས་ཕུར་གསུམ་སོགས་ཀྱི་ཆོ་གའི་ཕྱག་ལེན་གདངས་དབྱངས་འཆམ་སྟབས་ཐིག་རྔུལ་ཚོན་སོགས་བསྐྱར་གསོ་བྱས། ལྷག་པར་སེལ་མེད་དབང་ལུང་གི་རྒྱུན་རཏྣའི་ཆོས་སྐོར་དང་། གནམ་ཆོས་སོགས་ཅི་རིགས་སྤེལ། ཁྱད་པར་དུ། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་༡༩༨༣ལོ་དང་།༡༩༨༧ལོ་༩༢ལོ་༩༤ལོ་བཅས་ཐེངས་བཞིར་ཕེབས་སྐབས། གཞི་བྱས་སེར་མོ་སྟོང་ཕྲག་བརྒལ་བར་དགེ་ཚུལ་སློང་གི་སྡོམ་པ་གནང་བ་དང་། སྔ་[page 278] འགྱུར་བཀའ་མ་ཡོངས་རྫོགས། རིན་ཆེན་གཏེར་མཛོད་བཅས་དབང་ལུང་། བཀའ་བརྒྱད་བདེར་འདུས་དང་། བཀའ་བརྒྱད་གསང་རྫོགས་བཅས་ཀྱི་དབང་ལུང་། བླ་མ་དགོངས་འདུས་སྒྲུབ་ཆེན་དང་འབྲེལ་བའི་དབང་ལུང་། ཀར་གླིང་ཞི་ཁྲོའི་དབང་རྒྱས་པ། སྙིང་ཐིག་གཏེར་པོད་དབང་ལུང་། འཇའ་ཚོན་དབང་། གནམ་ཆོས་དབང་བསྒྲིགས། སོགས་སྨིན་གྲོལ་གྱི་བདུད་རྩིས་སྡོམ་དང་དམ་ཚིག་ལས་ཉམས་པ་གསོ་ཞིང་། བསྟན་པའི་མེ་རོ་སླར་གསོ་བའི་བཀའ་དྲིན་གྱི་ཕུང་པོ་གཞལ་ལས་འདས།༡༩༨༥ལོར་ཚེས་བཅུའི་དུས་མཆོད་འཆམས་བཅས་གསར་འཛུགས་བྱས། དེའི་ཕྱི་ལོ་བོད་ཟླ་དགུ་པའི་ཚེས་བཅུའི་འཆམས་སྐབས། སྐྱབས་རྗེས་གྲུབ་དབང་རིན་པོ་ཆེ་དབུར་བཞུགས་འཆམས་རེའི་སྟེང་། མཚན་བརྒྱད་སེར་སྦྲེང་སྐབས་ཁ་བ་མེ་ཏོག་འདབས་མའི་དབྱིབས་ཅན་འཁྱུག་ཙམ་འབབ་ནས་ནམ་མཁའ་དྭངས་པའི་དཀྱིལ་དུ་འཇའ་ཚོན་སྣ་ཚོགས་ཤར་བར་ཀུན་གྱིས་ངོ་མཚར་དུ་བརྩིས།༡༩༨༦ལོར་སྔ་འགྱུར་བཀའ་མ་ཚོགས་ཆེན་འདུས་པ། སྒྱུ་འཕྲུལ་ཞི་ཁྲོ་གཉིས། ཡང་དག་ཟླ་གམ་དགུ་པ་བཅས་སྒྲུབ་མཆོད་འབྲེལ་བའི་རྩ་ཁྲོ་གར་གསུམ་གྱི་འཆམ་བཙུགས། ས་སྦྲུལ་བོད་ཟླ་ལྔ་པའི་ཚེས་བཅུ་ཐུགས་སྒྲུབ་སྨན་འབྲེལ་མའི་སྒྲུབ་ཆེན་ཚེས་བརྒྱད་ཀྱི་ཞོགས་པའི་ཆུ་ཚོད་བཞི་པ་ཙམ་དངོས་གྲུབ་བླང་ཉེའི་དུས། སྒྲུབ་ཁང་གི་མཐོང་ཀའི་ཤར་ནུབ་ངོས་གཉིས་སུ་འཇའ་དཀར་པོ་ལྭ་ཤར་བ་རྐྱང་བ་ལྟ་བུ་དང་། དབུས་དེར་ཚོན་སྣེ་འདྲེས་པ་ལྟ་བུའི་འཇའ་ཚོན་སྣ་ཚོགས་སྣ་ཚོགས་འཁྱུག་འཁྲུག་གྱོ་བ་ཅན་ཤར་བ་དང་། སྨན་ལྡབ་ལོག་འཕེལ་བ་དང་། ཐག་རིང་པོར་སྨན་དྲིས་ཁྱབ་སོགས་བྱུང་། བསྟན་པའི་སྙིང་པོ་བཤད་སྒྲུབ་ཀྱི་སྡེ་གཉིས་ལས་ཀློག་པ་ཐོས་བསམ་པའི་སྡེ་ནི།༡༩༨༧ལོར་བཤད་གྲྭའི་གཙུག་ལག་ཁང་དང་། གྲྭ་ཤགས་ལྔ་བཅུ། ཐབ་ཚང་བཅས་གསར་གསོ་དང་།༡༩༨༨ལོར་དབུ་བཙུགས་ཏེ། དཔལ་ཡུལ་མཁན་རིན་པོ་ཆེ་བཀྲ་ཤིས་ཕུན་ཚོགས་དང་མཁན་ཀུན་བཟང་རྣམ་གཉིས་ཀྱིས་གྲྭ་གསར་གསུམ་ཅུ་ཙམ་སྔོན་འགྲོ་དང་སྡོམ་གསུམ་སོགས་ཀྱི་དཔེ་ཁྲིད་གནང་། འདུལ་བ་གཞི་གསུམ་གྱི་ལག་ལེན་ཉམས་གསོ་མཛད། དེ་རྗེས་གསེར་ཐར་གནུབ་ཟུར་མཁན་རིན་པོ་ཆེ་བསྟན་འཛིན་ནོར་བུ། དེ་རྗེས་མཆོག་ཚང་སྟག་ལུང་དགོན་གྱི་མཁན་རིན་པོ་ཆེ་ལེགས་བཤད་བཅས་ནས་དཔེ་ཁྲིད་གནང་། ལོ་དྲུག་གི་རིང་འདུལ་བ་གཞི་གསུམ་ཕྱག་བཞེས་ཉམས་མེད་དང་། གཞོན་ནུ་གྲྭ་གསར་མང་པོ་ཀུན་སྤྱོད་ཤེས་ཡོན་གང་ཐད་ཡར་ཐོན་དང་། རྟེན་གསུམ་ཡོ་གྱད་གསར་བསྐྲུན་སོགས་རྨང་གཞི་ཙམ་བྱུང་། འོན་ཀྱང་རིས་མེད་བློ་གསལ་གཞོན་ནུ་གཏོས་ཆེ་བས་དེ་དག་ལ་བཞུགས་ཁང་། འཚོ་རྐྱེན་སློབ་ཁྲིད་སོགས་མ་འདང་བར། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཚོག་གིས་དཀའ་ངལ་དེ་རིགས་སེལ་ཐབས་གནང་བར་མ་ཚད་སྔ་འགྱུར་མཐོ་སློབ་ཁང་སྒྲིག་འཛུག་གནང་རྒྱུའི་ཐུགས་བསྐྱེད་ཀྱིས་༡༩༩༢ལོར་དཔལ་འབྱོར་གྱི་རིགས་དངུལ་གནང་བས། གཙུག་ལག་ཁང་གཙང་ཁང་བཅས་པ། ཐོག་ཁང་སློབ་ཁང་བཞི། དཔེ་མཛཔད་ཁང་། བཞུགས་ཤགས་བརྒྱ་དང་ལྔ་བཅུ། གཉེར་ཁང་ཐབ་ཚང་ཡན་ལེགས་གྲུབ་བྱུང་།༡༩༩༤ལོར་མཁན་རིན་པོ་ཆེ་པདྨ་ཤེས་རབ་དང་། མཁན་པོ་བརྩོན་[page 279] འགྲུས་རྣམ་གཉིས་ང་ཚོའི་རེ་འདུན་ལྟར་འཕགས་ཡུལ་ནས་ཕེབས་གྲུབ། ཁོང་རྣམ་གཉིས་ནི་བོད་ནས་ཕེབས་ཏེ་འཕགས་ཡུལ་རྣམ་གྲོལ་དགོན་སྔ་འགྱུར་མཐོ་སློབ་དུ་མཁན་པོ་པདྨ་ཤེས་རབ་ནས་ཆེས་མཐོའི་དགེ་རྒན་འགན་འཛིན་དང་། མཁན་བརྩོན་འགྲུས་ཀྱང་སློབ་གྲྭ་དེར་མཐར་ཕྱིན་ཏེ་མཁན་པོའི་གོ་གནས་ཐོབ་པ་རེད། གྲ་སྒྲིག་གི་མཐུན་རྐྱེན་ལེགས་གྲུབ་འོགརབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ཟླ་བ་ལྔ་པའི་ཚེས་གཅིག་སྤྱི་ལོ་གོ་བཞི་ལོ་ཟླ་བ་དྲུག་པའི་ཚེས་བཅུ་སྔ་གྲོའི་ཆར་དཔལ་ཡུལ་རྫོང་ནང་བསྟན་འཐུས་ཚོགས་ཀྱི་ཚོགས་གཙོ་བོ་ཆབ་གྲོས་ཀྲུའུ་ཞི་གཞོན་པ་ཀུན་མཁྱེན་ངག་གི་དབང་པོའི་ཡང་སྤྲུལ་སྔས་རྒྱས་ཚེ་རིང་དང་། སྐྱབས་རྗེ་པད་ནོར་རིན་པོ་ཆེ་རྣམ་གཉིས་དབུས་དཔལ་ཡུལ་རྫོང་ཆབ་གྲོས་ཀྲུའུ་ཞི། དཔལ་ཡུལ་རྫོང་རྫོང་དཔོན་གཞོན་པ། ཆོས་ལུགས་ཇུས་ཇུས་ཀྲང་། རིགས་སློབ་ཇུས་ཀྲང་རྒན་གཞོན་སོགས་དབུ་ཁྲིད་རྣམས་དང་། ལྔ་རིགས་སྨྲ་བའི་ཉིན་བྱེད་རག་སྤྲུལ་རིན་པོ་ཆེ་དང་མཁན་སྤྲུལ་འདུས་སྡེ་བཅས་ལྷན་ནས་སྔ་འགྱུར་མཐོ་སློབ་སྒོ་འབྱེད་མཛད་སྒོ་གཟབ་རྒྱས་ཐོག་རྟེན་འབྲེལ་གྱི་སྒོ་འཕར་ཡང་པོར་ཕྱེས། མཚན་སྔ་འགྱུར་མདོ་སྔགས་ཐོས་བསམ་དར་རྒྱས་གླིང་། ཞེས་གསོལ། སློབ་གྲྭའི་འཛིན་སྐྱོངས་ལྷན་ཚོགས་དང་རྒྱུན་ལས་ཚོགས་ཆུང་བཅས་རྩ་འཛུགས། སྔ་འགྱུར་མདོ་སྔགས་གཞུང་བརྒྱའི་བཤད་ཁྲིད་ལོ་དགུའི་འགྲིགས་རིམ་འཆར་གཞི་སོགས་འཆར་ཟིན་གྲུབ་ནས། རིས་མེད་ཕྱོས་འདུས་སློབ་གྲྭ་རབ་ཏུ་བྱུང་བ་བརྒྱ་དང་ལྔ་བཅུ་ལ་རྒྱུན་ལྡན་འཚོ་བའི་མཐུན་རྐྱེན་ཡང་སྐྱབས་རྗེ་པདྨ་ནོར་བུ་མཆོག་གིས་སྦྱོར་འཇག་བཅས་གྲུབ་ནས་ད་ལྟ་དངོས་སུ་སློབ་ཁྲིད་གནང་བཞིན་པ་ཡིན།

སྤང་བ་བསམ་གཏན་པ་སྒྲུབ་སྡེ་ནི། རབ་བྱུང་བཅུ་བདུན་པའི་ཐོག་མའི་མེ་ཡོས། སྤྱི་ལོ་༡༩༨༡ལོ། སྒྲུབ་ཁང་གསར་རྒྱག་གི་ས་གཞིར། དིས་མཁྱེན་རྡོ་རྗེ་འཆང་མཆོག་དང་། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་རྣམ་གཉིས་ཀྱིས་ཞབས་བཅགས་ཏེ་ས་བསླངས་ཤིང་བྱིན་གྱིས་བརླབས། དིས་མཁྱེན་རིན་པོ་ཆེས་སྟོན་པའི་སྐུ་ལི་མ་དང་། ཞལ་སྨོན་ཚིག་སུ་བཅད་པ། ཨོཾ་སྭ་སྟི། ཀུན་བཟང་ཐུགས་ཀྱི་བསྟན་པའི་སྨིན་གྲོལ་སྲོག། འཛིན་མཛད་སྔ་འགྱུར་རྒྱལ་དབང་དཔལ་ཡུལ་བའི།། ཟབ་དོན་སྒྲུབ་པས་ཟུང་འཇུག་མངོན་གྱུར་ཏེ།། དགེ་ལེགས་ས་གསུམ་ཀུན་ཁྱབ་མཛེས་བརྟན་ཤོག། ཞེས་པ་དང་དངོས་རྫས་ཀྱི་སྐྱེས་བཅས་བརྩལ།༡༩༨༨ལོར་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ། སྒྲུབ་བཞུགས་བཞི་བཅུ་རེ་རེ་བཞིན་གྱི་བཞུགས་ཤགས་ཕྱི་ནང་བར་གསུམ་ཐོག་རྩེག་ཅན་དང་ཉེར་སྤྱོད་འཁོ་ཆས་ཅི་རིགས་བཅས་ཆ་འབྱོར་དང་། སྒྲུབ་དཔོན་བཞུགས་ཁང་དང་སྤྱི་ཁང་། ཐབ་ཚང་། གླིང་བར་ལྡུམ་རྭ་མཐའ་བསྐོར་ལྕགས་རི་བཅས་ལེགས་ཐུབ་བྱུང་། ནང་དུ་རྟེན་གསུམ་ཡོ་བྱད་སྤྱི་དང་། སྐུ་གསུམ་སྒྲུབ་པའི་སྒྲུབ་རྫས་མཆོད་ཆས་རྒྱན་ཡོ་བྱད་སོགས་ཉེར་བསྡོགས་གྲུབ་ནས།༡༩༩༠ལོར་བཙུགས་ཏེ། རབ་ཏུ་བྱུང་བ་ཁོ་ན་ཞལ་གྲང་བཞི་བཅུ་ལོ་གསུམ་རེའི་འགྲིག་རིམ་གྱིས་བཅའ་ཡིག་གཏན་འབེབས་ལས་ལྡོག་ཏུ་མེད་པར་སྒོ་འདག་སྦྱར་ཆུ་ལྦ་བླུགས། ཕྱི་ནང་རྒྱུ་འདྲུལ་བཅད། མཚམས་ཀྱི་བུག་རལ་སྲུངས། ལོ་དང་པོར། རྡོ་རྗེ་འཆང་ངག་གི་[page 280] དབང་པོའི་སྔོན་འགྲོའི་ཟིན་བྲིས་དང་ཀུན་བཟང་ཞལ་ལུང་། གནམ་ཆོས་སངས་རྒྱས་ལག་འཆང་བཅས་འབྲེལ། སེམས་ཉིད་ངལ་གསོའི་ཁྲིད་རྐང་ལྟར་བློ་སྦྱོང་ཞག་བརྒྱ་དང་ཞེ་དྲུགདེ་ནས་མུ་མཐུད་བསགས་སྦྱོང་འབུམ་ལྔ། ལོ་གཉིས་པར། བསགས་སྦྱོང་གྲུབ་ནས་བསྐྱེད་རིམ་ཁྲིད་ཡིག་སྐོར་ཟླ་བ་གཅིག་ལྷག་བཤད་ཁྲིད་རྗེས་བཀའ་གཏེར་གྱི་རྩ་གསུམ་བསྙེན་བསྒྲུབ་ཅི་རིགས། དེ་ཡང་དང་པོ་བསྙེན་ཡིག་བསྒོམ་དོན་སྐོར་ལག་ཁྲིད་རྗེས་བསྙེན་མཚམས་ལ་ཞུགས་རྒྱུ། ལོ་གསུམ་པར་གཙོ་བོར་རྫོགས་ཆེན་ཁྲིད་རིམ་སྐོར་ཕྱག་བཞེས་ལྟར་སྨིན་ཁྲིད། གཞན་ཡང་། ཆགས་མེད་རི་ཆོས་ཞལ་གདམས་དང་ཐུགས་རྗེ་ཆེན་པོའི་དམར་ཁྲིད། ཐོས་གྲོལ་བར་དོ་དྲུག་ཁྲིད། གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཁྲིད་སྦྱོང་། བདེ་སྨོན་འགྲེལ་དང་འབྲེལ་བའི་ཞིང་སྒྲུབ། ད་དུང་ལོ་ལྟར་རཏྣ་གླིང་པའི་ཐུགས་སྒྲུབ་གྱི་སྒོ་ནས་བླ་མ་སྐུ་གསུམ་སྒྲུབ་པ་སྤྲོས་བཅས་ཚོགས་སྒྲུབ་འབྲེལ་མ། ལོ་དང་པོར་སྤྲུལ་སྐུའི་སྒྲུབ་པ་ཟླ་གཅིགལོ་གཉིས་པར་ལོངས་སྐུ། ལོ་གསུམ་པར་ཆོས་སྐུའི་སྒྲུབ་པ་ཟླ་གཅིག་བཅས། དེ་རྣམས་རིག་འཛིན་ཆེན་པོ་ཡབ་སྲས་ཕྱག་བཞེས་ཁུངས་ཐུབ་ལྟར་ལག་ལེན་དང་། མདོར་ན་ཐུན་བཞིའི་ཉམས་ལེན་གྲུབ་དབང་དཔལ་ཆེན་འདུས་པའི་ཟིན་བྲིས་བཞིན་ལག་ལེན་བསྟར། ལོ་ཤས་ནང་། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་སྔ་ཕྱིར་ཕེབས་ནས་ལེགས་སོའི་དབུགས་དབྱུང་ཐོབ། སྤྱི་ལོ་༡༩༩༡ལོར་དཔལ་སྤུངས་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་ཀྱིས་ཞབས་བཅགས་ཏེ་ཐུགས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་མཛད་ད་ལྟ་དཔལ་ཡུལ་སྒྲུབ་ཁང་འདྲ་བ་གང་ན་ཡང་མི་འདུག་གསུངས། དཔལ་སྤུངས་སུ་ཕེབས་སྐབས་དུལ་མོ་ཆོས་རྗེ་འརྫོ་རྫི་རྗེ་དྲུང་སོགས་ལ་ཞལ་འཕྲོས་སུ་ཡང་བསྔགས་བརྗོད་གནང་འདུག་པ་ལྟར་དོན་ལ་གནས་པ་ལགས་སོ།།

བསྟན་པའི་སྙིང་པོ་དེ་དག་གི་ལྷན་ཅིག་བྱེད་རྒྱུ་ཐུན་མོང་མ་ཡིན་པ་གསུང་རྟེན་ལ་རག་ལས་ཤིང་དེའི་ནང་ནས་ཀྱང་ནུབ་ལ་ཉེ་བའི་སྔ་འགྱུར་བཀའ་མའི་དཔེ་རྒྱུན་ཉིད་གལ་ཧ་ཅང་ཆེ་ཕྱིར་གདན་ས་འདིར་མདོ་སྔགས་ཆོས་ཀྱི་ཉི་མ་དང་། དེའི་ཡང་སྤྲུལ་སྐུ་ཀརྨ་ཐེག་མཆོག་སྙིང་པོ་སྐུ་རབས་གཉིས་ཀྱི་བཀའ་དྲིན་ལས་སྔ་འགྱུར་བཀའ་མའི་དཔར་ཤིང་པོད་ཉེར་ལྔ་ཙམ་ཡོད་པ་དེའི་ཐུས་ཕྱིས་འཕགས་ཡུལ་དུ་སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེ་ནས་བཀའ་བསྡུ་མཛད་རྒྱུར་བྱུང་སྟེ་མི་ནུབ་པའི་རྒྱུར་གྱུར། འོན་ཀྱང་དུས་དབང་གིས་ད་ལྟ་ལྡེབ་གཅིག་ཀྱང་ལུས་མེད་ཕྱིར། བསྐྱར་དུ་ཉམས་གསོ་བྱ་རྒྱུ་ནི་གདན་ས་འདི་གའི་ཕྲག་པར་བབ་པའི་ཁུར་དུ་བརྩིས། དེ་ཡང་གསར་དར་འཕྲུལ་སྤར་སོགས་སྟབས་བདེ་སྣ་ཚོགས་འདུག་རུང་། རྒྱུན་རིང་ཆོས་སྦྱིན་མི་ཟད་པའི་གཏེར་གྱི་མཛོད་ཆེན་པོ་གཅིག་པུ་དང་། ཤོག་སྣག་ཙམ་ལ་བརྟེན་ནས་སུས་ཀྱང་བེད་སྤྱོད་བདེ་བ་དང་། ས་གནད་ཀྱི་མེ་བཙའ་རྟེན་མཆོག་ཁྱད་པར་ཅན་དུ་འགྱུར་བ་སོགས་ཁྱད་ཆོས་དུ་མས་འཕགས་ཕྱིར།༡༩༨༣ལོར་ནས་དཀའ་ངལ་ཁྱད་གསོད་ཀྱིས་ཤིང་དཔར་རྐོ་འགོ་ཚུགས། ད་ལྟ་བཀའ་མ་རྩ་བའི་སྒྲུབ་ཕྲིན་དབང་ཆོག་སྐོར་དང་། སྡོམ་གསུམ་སྐོར་འགྲེལ་པ་འགའ་དང་། ཕུར་འགྲེལ་ཁ་ཤས། གསང་སྙིང་འགྲེལ་པ་འགའ་རེ། ཉེར་འཁོ་སྐོར་ཁ་ཤས་བཅས་ཁྱོན་ལྡེབ་སྟོང་ཕྲག་བཞི་ལྷག་ཙམ་[page 281] བརྐོས་གྲུབ། ད་དུང་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ནས་ཡོན་སྦྱོར་གནང་བའི་ཟངས་མདོག་དཔལ་རིའི་གླིང་བསླང་ངར་ལྕགས་དང་སྦིས་བཟོས་ལེགས་གྲུབ་བྱུང་། ཐུབ་པ་ལྷ་ཁང་། རྡོར་སེམས་ལྷ་ཁང་། གུ་རུ་ལྷ་ཁང་བཅས་བཞེངས། ནང་རྟེན་ཟངས་བརྡུང་གུ་རུའི་སྐུ་མཐོ་ཚད་ཁྲི་ཙི་ནུམ་བཅུ་ཅན་དང་། རྡོར་སེམས་སྐུ་དེ་མཚུངས་བཅས་གྲུབ། སྐྱ་ཐང་མཆོག་སྤྲུལ་ནས་རྟེན་འཇོག་ཐུབ་པའི་སྐུ་ཟངས་མ་མཐོ་ཉེར་ལྔ་ཅན་བཞེངས། དེ་མིན་སྔ་ཕྱིར་ལྷ་ཁང་བརྒྱད་ཙམ་བཞེངས་གྲུབ། དེ་མིན་སྐུ་རྟེན་ལི་མ་དང་གཏེར་མ་གསེར་སྐུ་སོགས་གསར་རྙིང་བསྡོམས་པའི་སུམ་བརྒྱ་ཙམ་དང་། གསུང་རྟེན་སྣ་ཚོགས་པོད་སྟོང་ཕྲག་ལྔ་ལྷགགོང་སྨོས་བཀའ་མའི་དཔར་ཤིང་ཕུད། ད་དུང་བསྟན་པ་ཉམ་གསོར་མཁོ་བའི་གཟུངས་དཔར་ལོ་ཆེན་གསུང་སྙིང་གཟུངས་བཀའ་རྒྱ་མ་དང་དྲི་མེད་རྣམ་གཉིས་མཆོད་རྟེན་སྐོར་ཆ་ཚང་། བཏགས་གྲོལ་རིགས་མཐོང་གྲོལ་རིགས་སྣེ་མང་། ཉེར་མཁོའི་གཟུངས་སྣ་ཚོགས་དང་འཁོར་ལོའི་དཔར་ཤིང་། ཐར་མདོ་ཇོ་དཔར་ཆ་གཉིས་སོགས་གསར་བརྐོས་གྲུབ།

གནའ་རབས་ཀྱི་རྟེན་གསུམ་འགའ་ཡང་བདག་གཉེར་བྱ་བཞིན་པ་དང་། དེ་མིན་ལ་སྟོན་ནམ་མཁའ་རིན་ཆེན་གཏེར་མ་སྒྲུབ་དུང་དཀར་མོ་ཡ། ཀརྨ་བཀྲ་ཤིས་རྒྱ་ནག་གོང་མ་ཆན་ལུང་གི་དབུ་བླ་ཕེབས་སྐབས་ཀྱི་རྒྱ་གླིང་གསར་རྒན། རིག་འཛིན་ཆེན་པོའི་སྐུ་དུས་ཀྱི་རྒྱ་གླིང་ཟང་ཐོ། རིག་འཛིན་ཆེན་པོའི་སྐུ་དུས་ཀྱི་རྒྱ་གླིང་ཟང་ཐོ། རིག་འཛིན་ཆེན་པོའི་སྐུ་དུས་ཀྱི་རྒྱ་གླིང་ཟང་ཐོད་རིག་འཛིན་ཆེན་པོའི་ཕྱག་རོལ་གྲས། རོལ་མོ་རེ་ཁེ། སེང་ཐོད་བཅས་དང་། འཇའ་ཚོན་གཏེར་སིལ་སོགས་བདག་གཉེར་བྱ་བཞིན་པ་དང་། གསར་བསྐྲུན་འཆམ་ཆས་རིགས། མཆོད་རྫས་ཆ་གྲངས། དཀྱིལ་འཁོར་ཡོ་བྱད་རྒྱན་ཆས་སོགས་གྲུབ། ཚོགས་སྒོ་དང་འདོན་ཆའི་རིགས། ཧོར་ཟླ་དང་པོར་རིག་འཛིན་ཀུན་བཟང་ཤེས་རབ་འདས་མཆོད་ཉིན་བདུན་དུས་མཆོད་ས་ག་ཟླ་བ་བཀའ་མའི་སྒྲུབ་མཆོད་ཉིན་བཅུ། ཧོར་ཟླ་ལྔ་པའི་ཚེས་བཅུ་ཉིན་བཅུ་གསུམ། དབྱར་གནས་ཟླ་ངོ་གསུམ། དགུན་བཅའ་ཟླ་བ་གཅིག་དགུ་གཏོར་ཉིན་བརྒྱད་བཅས། འདོན་ཆའི་རིགས། སྔ་འགྱུར་བཀའ་མ་ཚོགས་ཆེན་འདུས་པ། སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོ། ཡང་དག་ཟླ་གམ་དགུ་པ། རོང་ཟོམ་ལུགས་ཕུར་པ་བཅས་ཀྱི་སྒྲུབ་མཆོད། བཀའ་གཏེར་ཟུང་འཇུག་རྡོར་སེམས་གཏེར་སྐོར་ཀརྨ་གླིང་པ་ཐོས་གྲོལ་ཆོ་ག། གནམ་ཆོས་བདེ་ཆེན་ཞིང་སྒྲུབ། ཚེ་སྒྲུབ་གསང་འདུས་སྒྲུབ་ཆེན་དང་ཆོ་ག། ཐུགས་ཆེན་གསང་འདུས་དང་ཐུགས་གྲུབ་གཉིས་ཀྱི་སྒྲུབ་ཆེན་སྐོང་ཆོག་བཅས། ཆོས་དབང་བླ་མ་གསང་འདུས་དང་འཇའ་ཚོན་དཀོན་མཆོག་སྤྱི་འདུས་སྒྲུབ་ཆེན། རཏྣའི་གུར་དྲག་མེ་འཁྱིལ་གཏོར་བཟློགབཀའ་བརྒྱད་བདེར་འདུས་དང་གསང་རྫོགས་གཉིས་སྒྲུབ་ཆེནདང་ཆོ་ག་གཏོར་བཟློག། བཀའ་བརྒྱད་དཔལ་ཆེན་འདུས་པའི་སྒྲུབ་ཆེན། བླ་མ་དགོངས་འདུས་སྒྲུབ་ཆེན་དང་སྐོང་ཆོག་དཀྱིལ་ཆོག་ཕུར་པ་ཡང་གསང་བླ་མེད་སྒྲུབ་ཆེན་དང་གཏོར་བཟློགལོ་ཏྲི་པ་ལའི་གཏོར་བཟློག་མ་ཏིའི་སེང་གདོང་དང་ཡུམ་ཀའི་གསང་སྒྲུབ་སེང་གདོང་བཅས་ཀྱི་གཏོར་བཟློགརྩ་གསུམ་གཏོར་བཟློག མ་ནིང་དང་[page 282] ཚོགས་བདག་གི་མགོན་སྒྲུབ། སྙིང་ཐིག་དང་གནམ་ཆོས་རཏྣ་བཅས་ཀྱི་སྐོང་གསོ་ནར་མ་བཅས་ཚུགས་སོ།

དཔལ་འབྱོར་འབྱུང་ཁུངས་ནི། སྲིད་གཞུང་ནས་སྔ་ཕྱིར་གོར་ཁྲི་ཉེར་བདུན་དང་། སྟོང་ཕྲག་གསུམ་གནང་བ་དང་། མང་ཚོགས་ཀྱི་ཤི་གསོན་ཡོན་འབུལ་ཕྲན་བུ་བྱུང་བ་དང་། གྲུབ་དབང་རིན་པོ་ཆེ་སྔ་ཕྱི་འཕགས་ཡུལ་ནས་ཕེབས་ཐེངས་བཞིའི་རིང་གོང་གསལ་དཔལ་རིའི་བློས་བསླངས་ལྷ་ཁང་གསུམ་བཤད་གྲྭ་ཚོང་མགྲོན་ཁང་རྡོ་བཅལ་ལས་རྒྱུ་སོགས་དང་། དེ་མིན་རྟ་དྲེལ་དང་ཕྱུག་ཟོག་གྲངས་མང་། རླངས་འཁོར་རྣམས་དང་། གཞན་ཡང་ཏེན་གསུམ་ཡོ་བྱད་དངོས་རྫས་རིགས་བཅས་གནང་བའི་གོར་ཐོག་བརྩིས་ན་ཀྲུང་སྒོར་ཁྲི་སུམ་བརྒྱ་ལྷག་གནང་བ་དང་། དགོན་པ་རང་གིས་ཀྱང་འཕྲུལ་པར་ཁང་དང་། རྩོམ་ཐག་འཕྲུལ་འཁོར་འབྲོག་ཁག་གཉིས་བཙུགས་པ་བཅས། རང་ཁ་རང་གསོ། ཁ་ཟ་ཁ་ཐོན། དེ་བྱུང་དེ་མཆོད། བརྩོན་བསྲིས་དགོན་འཛུགས་བཅས་བྱས་ནས་ད་ལྟའི་བར་ཉམས་གསོ་བྱས་པ་ལགས། དེས་རྒྱལ་དབང་དཔལ་ཡུལ་བའི་བྱུང་བ་བརྗོད་པ་ཉུང་ངུར་བཀོད་པ་འདི་ནི་སྔོན་གྱི་ཆོས་འབྱུང་དང་རང་གི་མཐོང་ཐོས་བཅས་བསྡུས་ཏེ། སྤྱི་ལོ་༡༩༩༤ཤིང་ཁྱི་ལོར་ཐུབ་བསྟན་དཔལ་བཟང་ནས་བྲིས་པར་ཉེས་པའི་ཚོགས་བཤགས་དགེབས་བསྟན་འགྲོའི་རྒུད་པ་སེལ་ཞིང་འཕྲལ་ཡུན་ཀུན་ཏུ་དགེ་ལེགས་ཀྱི་སྣང་བས་ཁྱབ་པར་གྱུར་ཅིག། སརྦ་མངྒལཾ།

གྱ་གྱུས་དགོན་གྱི་ལོ་རྒྱུས།

གྱ་གྱིས་དགོན་པ་རྩོལ་མེད་བསམ་གཏན་ཆོས་གླིང་ནི། ཆགས་སའི་ཡུལ་ལྗོངས་མདོ་ཁམས་སྤོ་འབོར་སྒང་གི་ས་ཆར། ཤར་ཤིང་སྒོ་གངས་ཀྱི་ར་བ་སྦས་གནས་མཁར་གྱི་ཁོག་གནས་མཆོག་ཨུ་རྒྱན་པད་ཞུ་སྒྲུབ་ཕུག་དུ་ཞག་བདུན་ཕྲག་ཙམ་དུ་མཚོ་སྐྱེས་མ་ཧཱ་གུ་རུ་བཞུགས་ཤིང་བྱིན་གྱིས་རླབས། སྐུ་རྗེས་དང་། གངས་ཅན་ལྗོངས་སུ་འགྲན་ཟླ་མ་མཆིས་པས་རང་བྱོན་སྐུ་དང་མཆོད་རྫས་ཀྱི་གང་བ་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་མགྲིན་མཐིང་གོ་རོ་བྲག། ཙ་རི་དཀྱིལ་འཁོར་ཆེན་པོ་གནས་མཆོག་སྒོ་བཞི་བདེ་ཆེན་ཕོ་བྲང་། སྐུ་གསུང་ཐུགས་ཀྱི་གནས་བསམ་ཀྱིས་མི་ཁྱབ་པ་གང་བའི་ཡང་དབེན། གྱ་གྱུས་མར་ཁུས་མཚོ་མོ་ཞེས་རྒྱབ་རི་རྒྱལ་པོ་གདན་ལ་བཞུགས་འདྲ། མདུན་རི་གསེར་བུམ་ཁ་རྒྱན་སྤྲས་འདྲ། གཡས་རི་ནོར་བུ་རྒྱལ་མཚན་རྩེར་མཚོད། གྱོན་རི་དར་དཀར་ཡོལ་བས་བཅད་འདྲ། ས་ལ་བཀྲ་ཤིས་རྟགས་བརྒྱད། ཆུ་ལ་དཔལ་བེའུ་ཁུག་དྲུག་ལེགས་པས་ཡོན་ཏན་མ་ཚང་བ་མེད་པའི་བརྒྱན་པའི་དབེན་ཁྲོད་དམ་པར་ཨོ་རྒྱན་པད་མ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྲུབ་ཆེན་རྒ་ལོ་བ། འགྲོ་མགོན་ཆོས་རྒྱལ་འཕགས་པ། གྲུབ་དབང་ནམ་མཁའ་རྒྱ་མཚོ། གྲུབ་ཆེན་ཆོས་དབྱིངས་རང་གྲོལ། ལྕགས་མདུད་ཤེས་རབ་རྒྱལ་མཚན། ཉག་བླ་པདྨ་བདུད་འདུལ་ཡང་ལེ་ཤོད་ཀྱི་གནས་རིག་འཛིན་མཁའ་སྤྱོད་དབང་མོ་སོགས་སྐྱེས་མཆོག་སྤྲུལ་[page 283] པའི་སྐུ་མང་ཙམ་གྱི་ཞབས་ཀྱིས་བཅགས་ཤིང་། བྱིན་གྱིས་བརླབས་པའི་གནས་བལ་ཡུལ་ཚབ་དེར། ཨོ་རྒྱན་པད་མའི་སྐུ་རྗེས། རྡོ་རྗེ་བྲག་ལ་གཟུགས་བརྙན་དངོས་ལྟར་པཎ་ཞུ། རྡོལ་དྲིལ། བུམ་པ། ལྡེམ་བུམ་རྣམས། ངོ་མཚར་ཅན་ད་ལྟ་མཇལ་རྒྱུ་ཡོད་པས་གནས་མཆོག་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པའི་ཡུལ་ཡིན་ནོ།

དེ་ལྟར་བཀྲ་ཤིས་ཤིང་བྱིན་ཆགས་པའི་གནས་སུ་བླ་མ་དབུ་རྒྱ་བོས་དགོན་པ་ཕྱག་འདེབས་པར་མཛད། དེའང་ཆོས་འཕགས་རྒྱ་ནག་གོ་ཏན་གྱི་དབུ་བླར་ཕེབས། རྒྱལ་བོ་ཆེན་པོས་སྤྱི་བོའི་གཙུག་ཏུ་བཀུར་ཞིང་རིན་ཐང་ཆེ་བའི་རྒྱུ་རྫས་དཔག་མེད་དང་བོད་ཁྲི་སྡེ་བཅུ་གསུམ་མངའ་འབངས་སུ་འབུལ། མཐར་གདན་སར་འབྱོན་ལམ་འཛིང་རྣམ་རྒྱལ་མགོན་པོ་བཞེངས་ཚེ་དེ་ལ་མཆོད་སྡེ་ཁྲི་སྐོར་གཅིག་གནང་དེ་ཡུལ་དབོན་ལ་ཁྲོམ་གཡུང་རུང་རྒྱལ་པོ་བསྐོས། ཁྲོམ་དཔོན་རྫོང་ནང་དུ་ཕྱག་ཕེབས་མཛད་ཚེ་ལུགས་གཉིས་ཀྱི་བསླབ་བྱ་མང་ཙམ་མཛད། སྒོས་སྐོས་ཐོག་དུ་འབྱོན་ཚེ་ལྟག་སྒོ་རྡོ་ལེབ་ལ་གཙག་གཟིགས་ཚེ་ཁྱོད་མི་རབས་དྲུག་ནས་ཇུས་སྲིད་ལ་ཆགས་འཇིགས་འོང་ཞེས་ལུང་བསྟན་གནང་། དེའི་སྐབས་ཉིན་གྱི་རི་ཁྲོད་དུ་བྱོན་དེ་བླ་མ་དབུ་རྒྱ་བོ་དང་ཞལ་འཕྲད་མཛད། བླ་སློབ་གྱི་འབྲེལ་བ་བཞག་ཏེ་དགོན་ས་གཟིགས། སེ་གཞི་བྱིན་རླབས་མཛད་རྟེན་ལ་མགོན་པོ་གསུང་འབྱོན་མའི་སྐུ་ཞིག་གནང་སྟེ་བཀའ་དྲིན་རྒྱ་ཆེན་པོ་ཐུགས་རྗེ་བརྩེ་གཟིགས་མཛད། དེ་ནས་དགོན་པ་བཞེངས་མཐར་འཇང་ས་དམ་དམག་གིས་མ་འཇིག་པར་བསྟན་པ་རྒྱས་ཤིང་འགྲོ་དོན་ཡང་མཐར་རྒྱས་སུ་སོང་ཡོད་ཚོད་འདྲ་ཡང་འདིའི་རྣམ་ཐར་སོགས་ལོ་རྒྱུས་གསལ་བོར་མ་མཐོང་།

དགོན་པའི་མིང་ལ་གྱ་གྱུས་དགོན་ཞེས་ཕྱི་ལྟར་ས་དབྱིབས་དེར་རྒྱལ་པོ་གདན་ལ་བཞུགས་འདྲ། རི་དེའི་བང་རིམ་སྟེང་སྤངས་ལྗོངས་མེ་ལོང་དབྱིབས་འདྲའི་མཐར་ལྗོན་ཤིང་སྣ་ཚོགས་ཀྱིས་བསྐོར་བ་ལ་གྱ་གྱུས་མར་ཁུའི་མཚོ་མོ་ཞེས་པ་མིང་དགོན་སར་བཏགས་སོ། ནང་ལྟར་ན་གྱ་གྱུས་ཞེས་པ་དབྱིབས་ཟླུམ་པོའི་མིང་ཡིན་པས་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་དོན་མཚོན་ཞིང་ཆོས་དབྱིངས་འགྱུར་བ་མེད་པའི་བརྡ་རྟགས་སོགས་ཀྱི་རྟེན་འབྲེལ་ཆེ་བརྗོད་མཁའ་འགྲོ་དགོངས་འདུས་ཀྱི་གཏེར་གྱི་ཁ་བྱང་ན་གསལ་བ་ལྟར་དང་། གཞལ་ཡས་ཁང་གི་མཚན་གཏེར་ཆེན་ལས་རབ་གླིང་བས་ཟབ་གཏེར་ཡོངས་ཀྱི་མངའ་བདག་མི་འགྱུར་འཇམ་དཔལ་རྡོ་རྗེའི་རྫོགས་ཆེན་ཐེག་རྩེ་རྒྱ་པོ་ཁྱབ་གདལ་དུ་གཏོང་བ་གནས་ལུགས་རང་ཞལ་དུ་མཇལ་བའི་རྣལ་འབྱོར་བ་རྒྱུན་ཆགས་སུ་འབྱོན་པ་ལ་དགོངས་ནས་གཏེར་ཆེན་རིན་པོ་ཆེའི་རྩོལ་མེད་བསམ་གཏན་ཆོས་གླིང་ཞེས་པ་བཏབ་སོ།།

བླ་མ་དབུ་རྒྱ་བོད་དང་པོ་བོན་པོའི་གྲུབ་མཐའ་ལ་ཞུགས་པ་ཡིན་ཡང་རྗེས་སུ་འགྲོ་མགོན་ཆོས་འཕགས་ཀྱི་སྐུ་མདུན་དུ་ས་སྐྱའི་བསྟན་པ་ལ་ཞུགས་ནས་བཟུང་། ད་ལྟའི་བར་ས་སྐྱའི་བརྒྱུད་འཛིན་བར་མ་ཆད་པར། གསུང་ངག་ཡིད་བཞིན་ནོར་བུ་དང་། གཏེར་ཆེན་རིན་པོ་ཆེའི་ཟབ་གཏོར་ཆོས་སྡེ་རིག་[page 284] ཚོགས་གཉིས་བརྒྱུད་འཛིན་ཡོངས་ཀྱི་སྙིང་དང་མིག་ལྟར་བུ་ལས་གཅེས་པར་འཛིན་པ་ཡིན་ནོ།། བླ་མ་དབུ་རྒྱ་བོ་གདན་ས་དང་ཁྲོམ་ཁྲི་དཔོན་གྱི་རྒྱལ་སྲིད་འབངས་འཁོར་དང་བཅས་པ་སྔོན་གྱི་ལུང་བསྟན་བཞིན་ཆོས་སྲིད་ཤུལ་མེད་དང་བསྟན་པ་ནག་འབྱམས་སུ་བཏང་ནས་ལོ་མང་ཙམ་སོང་བ་རེད། དེ་ཇེས་ནག་ཤུལ་བླ་མ་འབུམ་ཞེས་བྱ་བས། ལུགས་གཉིས་ཀྱི་བྱ་བ་ལ་མ་རྨོངས་པའི་སྐྱེས་བུ་ཞིག་ཡོད་པ་ཚུན་ཆད་བསྟན་པ་ཡང་ཡར་འཕེལ་ལ་སོང་བ་ཡིན་གསུངས།

རང་རེའི་བླ་མ་རིམ་བྱོན་གྱི་རྣམ་ཐར་བླ་མ་དབུ་རྒྱ་བོ་དགུང་གྲངས་ཉེར་གསུམ་ཡན་ཆད་གཡུང་དྲུང་བོན་གྱི་བསྟན་པ་ལ་ཞུགས། དྲག་སྔགས་རབ་འབྱམས་ལ་རང་བྱོན་ཚུད་རུང་། དེ་རྗེས་ཆོས་འཕགས་གི་ཞལ་མཇལ་དུས་ཚེ་རབས་ཀྱི་བླ་མ་ཡིན་པས། དད་གུས་འཕེལ་ཞིང་རྟོགས་ཚོགས་ཐམས་ཅད་རང་འགགས་སུ་སོང་ས་སྐྱའི་ཟབ་ཆོས་ཡོངས་རྫོགས་གསན་འབྲས་མངོན་དུ་གྱུར། དགུང་ལོ་དྲུག་ཅུ་རེ་གཅིག་གི་ཐོག་ཞག་བདུན་ཕྲག་ཅིག་འདས་ལོག་མཛད་ནས། ན་རག་དམྱལ་བའི་སེམས་ཅན་དུང་ཕྱུར་མང་པོ་འདྲེན་སྟོན་བྱས་ཏེ། མཛད་འཕྲིན་བསམ་གྱིས་མི་ཁྱབ་པར་བྱས་པ་འདས་ཁོག་ཡི་གེ་ན་གསལ་བ་ལྟར་རོ། ཁོང་གི་ཆོས་བརྒྱུད་འཛིན་པའི་སློབ་མ་མཐུ་སྟོབས་ཆོས་ཀྱི་ཉི་མ་དང་། དེའི་སློབ་མའི་བརྒྱུད་པ་ཆོས་འཕགས་ཀྱི་ལུང་བསྟན་ལྟར་ན་བླ་རབས་བཞི་ཙམ་ཡོད་པ་འོས་པར་འདུག་སྟེ་ལོ་རྒྱུས་ཞིབ་མོར་མ་ངེས། དེ་ཡང་ནག་ཤུལ་བླ་མ་འབུམ་གྱི་རུས་སྡོང་ནས་ཆད། ནག་ཤུལ་འོད་གྲགས་ཟེར་བ་ཁྲོ་ཁྲི་དཔོན་གྱི་རིགས་བརྒྱུད་ཡིན་ཞིང་དེའི་བུ་མོ་མེ་ཏོག་ཆོས་འཛིན་ཁབ་ཏུ་བཞེས། དེ་ལ་བུ་གཅིག་ཡོད་པ་སྐྱེ་གཟུགས་ལེགས་ཤིང་ཐབས་ཤེས་ཀྱི་བློ་གྲོས་དང་ལྡན་པས་མིང་ལ་བླ་མ་འབུམ་ཟེར། ཁོང་ལུས་ནར་སོན་པ་ན་ཆོས་ལ་དད་གུས་ཆེ་བ། གོང་ལ་ངོས་འཛིན་ཆུང་ཞིང་། འོག་ལ་བྱམས་སྐྱོང་ཆེ་བ། གཉེན་ལ་ཐུགས་བརྩེ་ལྡན་ཅིང་། དགྲ་ལ་ཡ་ལན་འཕྲོད་པ། རྒྱུ་འབྲས་མིག་ལྟར་སྲུང་ཞིང་བསྟན་པ་ལ་སྙིང་ལྟར་གཅེས་པ་ལུགས་གཉིས་ཀྱི་བྱ་བ་ལ་མ་རྨོངས་པའི་ས་གསུམ་ན་འགྲན་ཟླ་བྲལ་བ་ཡིན་ཞིང་། གཞལ་ཡས་ཁང་དགེ་འདུན་འདུས་པའི་སྲོལ་བཞག། དུས་མཆོད་ཀྱི་དབུ་བཙུགས། སྔར་གྱི་ལྷ་ཁང་ཉམས་པས་ཚབ་དུ་ནག་ཤུལ་བླ་མ་འབུམ་གྱི་གུར་མོ་ཆེ་ཞེས་བྱ་བ་ཞིག་གྲུབ། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཞལ་བཀོད་རྒྱ་ཆེར་མཛད་པས། ཁོང་ནི་དགོན་པར་སྐུ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན་པར་སེམས། དེ་ནས་ལུག་ཆོས་བླ་མ་འཇམ་དབྱངས་རང་བྱུང་འདུལ་འཛིན་ཆེན་པོ་ངོར་གྱི་གྲྭ་སར་ཕེབས་པ་ལེགས་པའི་ལོ་རྒྱུས་མང་ཙམ་ཡོད་པ་ཡི་གེ་མང་དོགས་ནས་འདིར་བྲིས་མེད། ཁོང་ནི་མ་ཎི་དུང་བཅུ་གསུམ་ལྗགས་བསྙེན་མཛད། གཟུམ་སྦྲར་མ་ཎི་རང་བྱོན་ཡོད་པ་སོགས་ངོ་མཚར་བའི་ལོ་རྒྱུས་མང་པོ་སྣང་། དེ་རྗེས་བླ་མ་རྡོ་ཏིས་དམ་ཆོས་ནི། ཁམས་དང་དབུས་ཀྱི་བླ་མ་མང་ཙམ་བསྟེན། དགོངས་པའི་ཀློང་རྡོལ་བྱས་ཀྱི་འཛིན་པ་དག་འདི་ཕྱི་སྒྲིབ་མེད་མཁྱེན། ཚེ་འདས་ཀྱི་ཕྱིར་མར་སྐྱེས་རྟག་སོགས་མངོན་ཤེས་ལ་མངའ་དབང་འབྱོར། རྒྱལ་རྩེའི་བླ་མ་དཀོན་མཆོག་ཀྱིས་ངོར་གྱི་གྲྭ་སར་བཟུངས། གསན་སྒོམ་མཐར་ཕྱིན། བརྒྱད་སྟོང་ལ་ཞལ་འདོན་[page 285] མཛད། ཤེས་རབ་ཕར་ཕྱིན་གྱི་རྟོགས་པ་མངོན་དུ་འགྱུར། སྐུ་ལུས་ལ་ཤིག་དང་སྲིན་བུ་སོགས་ཀྱི་གནོད་འཚེ་མེད་པར་འཕགས་པའི་སའི་ལམ་རྟགས་མངོན་དུ་བྱས། ཡང་བླ་མ་བློ་བཟང་རྒྱ་མཚོས་གྲུབ་དབང་ནམ་མཁའ་རྒྱལ་མཚན་སོགས་ཡོངས་འཛིན་མང་ཙམ་བརྟེན། དམ་ཆོས་འདུལ་བའི་བསྟན་པ་མང་དུ་སྤེལ། ཁྲོམ་རྡོ་དགོན་དུ་དབྱར་གནས་ཀྱི་སྲོལ་བཞག་འདུལ་བ་མདོ་རྩ་གསུངས། རང་དགོན་དུ་གཞུང་བཤད་གང་མང་གི་རྒྱུན་བཙུགས། མཐར་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཚེ་སྐུ་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར། གཞན་ཡང་བླ་མ་འོད་ཟེར། སྙན་གྲགས། འཇིགས་བྲལ། ཤེས་རབ་ཕུན་ཚོགས། ཨ་རྡོར་ཡོན་ཏན་སོགས་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་བརྗོད་ཀྱིས་མི་ལངས་བའི་རྣམ་ཐར་ཡི་གེ་མང་གིས་དོགས་ནས་འདིར་བཀོད་མེད། གཏེར་ཆེན་ལས་རབ་གླིང་བས། ཁ་བྱང་རྡོ་རྗེའི་རྒྱ་ཅན་ལས༔མདོ་སྨད་སྤོར་འབོར་ཡུལ་ཕྱོགས་སུ། སྟག་ལོ་འཕགས་པའི་སར་གནས་པཿཀ་ཅོག་བཻ་རོའི་མཆོགཿ རྡོ་རྗེའི་མིང་ཅན་འབྱུང་བར་འགྱུརཿགནམ་ལོ་ཅང་ཤེལ་ལོ་ཀའི་གནསཿང་ཡི་ཟབ་གཏོར་བདག་པོར་འགྱུརཿཞེས་འབྱུང་བ་ལྟར་རྩོད་བྲལ་དུས་བབས་ཀྱི་གཏེར་འབྱིན་དམ་པ་ཨོ་རྒྱན་ལས་རབ་གླིང་བ་ཞེས། མེ་ཕོ་སྟག་གི་ཁམས་ཀྱི་གཡེར་མོ་ཐང་དུ་སྐུ་འཁྲུངས། ཞག་བདུན་ཕྲག་ཙམ་རེས་འགའ་དགེ་བཤེས། རེས་བུ་མེད་ཀྱི་ཆ་བྱད་ཅན་གྱི་སྐུ་སྲུང་མཛད། དགུང་ལོ་ལྔའི་ཐོག་ལ་ཨ་ཟིན་སྲིན་མོ་སྤུན་གསུམ་བཏུལ། དེའི་དབྱར་དུས་སུ་མེ་ཏོག་འདབ་མ་བཅུ་དྲུག་ཅན་གྱི་ཐོག་ཏུ་གསེར་གྱི་མེ་ལོང་ཞིག་བྱིས་པའི་རྩེ་མོས་ཚུལ་གྱི་ཕྱག་བསྣམ་མཛད་པ་སོགས་དེ་ནས་བཟུང་ཟབ་གཏེར་ལ་མངའ་དབང་བསྒྱུར། དེ་ནས་དགུང་གྲངསབཅུ་གཉིས་ཐོག ངེས་པ་དོན་གྱི་རྡོ་རྗེ་འཆང་ཛཀ་བསོད་ནམ་མཆོག་སྤྲུལ་རིན་པོ་ཆེའི། སྔ་འགྱུར་བསྟན་པའི་ཉིང་ཁུའི་གདམས་ཟབ་རྒྱ་མཚོ་ལྟ་བུ་གནང་། མཚོ་སྐྱེས་མ་ཧཱ་གུ་རུའི་རྒྱལ་ཚབ། ཨོ་རྒྱན་ལས་རབ་གླིང་བ་རྗེ་ཉིད་གཏེར་གྱི་འགྲོ་དོན་མཛོད་དང་། བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་པོ་ཞེས་གསུང་གིས་གཟེངས་བསྟོད་མཛད། མི་འཇིགས་རྡོ་རྗེའི་ཁྲི་ལ་མངའ་གསོལ། དེར་དགུང་གྲངས་ཉེར་ལྔ་ལ་བབ་ཚེ། གནས་དུས་གྲོགས་ཀྱི་རྟེན་འབྲེལ་བཟང་པོའི་མཚམས་སྦྱར་ཏེ། ཕྱི་ལྟར་རིགས་གསུམ་སྤྲུལ་པའི་ཞིང་ཁམས། ནང་ལྟར་དཔལ་འཁོར་ལོ་སྡོམ་པའི་ཕོ་བརྔ། གསང་བ་འོག་མིན་མེ་རི་འབར་བའི་དུར་བའི་དུར་ཁྲོད་ཆེན་པོར། རྣམ་པ་ཨོ་རྒྱན་སྤྲུལ་པའི་གནས་ཆེན་མགྲིན་ཐུགས་ཟང་ཡག་པདྨོ་ལྗོངས་ཕོ་བྲང་དུ་གཟའ་བདུད་སྲོང་ཆེན་པོའི་ལྟོ་བ་ནས། གསང་ཆེན་མཁའ་འགྲོ་དགོངས་འདུས་དྲེགས་འཇོམ་བདེ་གཤེགས་གདུགས་དཀར། རྩ་བ་དང་ཡན་ལག་གི་ཆོས་སྐོར་གྲངས་མེད་པ་ཁྲོམ་གཏེར་དུ་སྤྱན་འདྲེན་པའི་དུས་སུ། མཇལ་མི་འབུམ་ཚོ་ཙམ་ཡོད་པ་རྣམས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཞིང་ཁམས་སུ་འདྲེན་རྒྱུའི་ཞལ་བཞེས་གནང་ཞིང་། སྐུའི་བཀོད་པ་ནམ་མཁའ་ལ་འཕུར་བ་དང་། ཕྱག་ཞབས་ཀྱི་རྗེས། གསུང་གི་ལམ་ནས་སཾ་སྐྲྀ་ཏའི་སྐད་ཐོགས་མེད་དུ་རྡོལ་བ་སོགས་ངོ་མཚར་གྱི་རྫུ་འཕྲུལ་སྣ་ཚོགས་མཛད། ཡང་སྐོར་ཞིག་སྐུ་མཚམས་བཞུགས་སྐབས། མཚན་མོའི་[page 286] དུས་འོད་གསལ་གྱི་ངང་ལ་བཞུགས་ཚེ། ཡར་ལུང་ཤེལ་བྲག་ནས་བདེ་གཤེགས་གདུང་བདུན་གྱི་ནང་ཚན་ཐུབ་སྐུ་ཁྲུ་ཚད་མ་ཞིག་འོད་ཀྱི་ཕུང་བོ་དང་བཅས། སྐར་མདའ་འཕང་བ་ལྟར་སྐུ་གནས་མགྲིན་པ་ལྗོངས་སུ་བབ་པ་འོད་གསལ་ངང་གཟིགས་ཚེ། དར་གྱི་འོད་ལིའི་སྟེང་ཚ་ལམ་ཞིག་དུ་བྱོན་ཏེ་སྤྱན་དྲངས། ཡང་སྐོར་གཅིག་གནམ་ཆེན་བྲག་ལ་བྱོན་ཚེ་ཚོ་ནག་ལྷ་དགའ་ཟེར་བས་རྟ་སྤུས་ཞིག་ཕུལ་བས། རྟེན་འབྲེལ་འགྲིགས་པའི་དགའ་སྟོན་ལ་གུ་རུ་བདེ་བ་ཆེན་པོ་ཞིག་གནང་བ་མ་ཟད་ཡོན་བདག་གི་དད་པ་བརྟན་ཆེད་རྡོ་ལ་ཟགབས་རྗེས་ཞིག་ཀྱང་བཞག། དེར་ལི་ཐང་གནམ་ཆེན་བྲག་དཀར། ཟླ་གམ་དབང་གི་གཞལ་གཡས་སུ། མགོན་པོའི་བང་དང་། མཁའ་འགྲོའི་བླ་རྡོ། གཏེར་ཆོས་དཔག་མེད་སྤྱན་དྲངས་པར་མཛད། གཞལ་གཡས་ཁང་གནས་ཀྱི་སྒོ་སྲུང་མཁར་གྱི་སྟག་མོ་ནས། རྣམ་འཇོམས་ཁྲོ་ནག། རིན་པོ་ཆེ་ཨིནྡྲ་ནི་ལེའི་གོང་བུ། བ་སོའི་སྒྲོམ་བུ་རྣམས་དང་། གནས་ངེས་མེད་དུ། དཔལ་ཆེན་རིག་འཛིན་འདུས་པ། རྡོ་རྗེ་ཕུར་བ། གདུགས་དཀར་རྒྱུད་ཀྱི་སྒྲོམ་བུ། ཁམས་ཀྱི་མདོ་བྱང་ཆེ་ཆུང་། ཙནྡན་སྤྲུལ་གྱི་སྙིང་པོ་ཕུར་བུ་སོགས་རྫས་གཏེར་སྣ་ཚོགས་དང་། གསང་བདག་དགོངས་པ་ཡོངས་འདུས་ཀྱི་སྒྲུབ་ཆེན་སོགས་དགོངས་གཏེར། བོད་ཁམས་བདེ་བའི་ལས་ཚོགས་བཅུ་གསུམ་སོགས་སྙིགས་དུས་རྒུད་པའི་གསོས་སྨན་ཟབ་གཏེར་རྒྱ་མཚོ་ལྟ་བུ་ལ་དབང་བསྒྱུར། ཡང་སྐོར་ཞིག་གཟིག་ལམ་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བྱོན་ནས་གཙུག་ལག་ཁང་གི་ས་མིག་སྟོན་ཆེད་གཟིམ་དང་འོད་གསལ་འདྲེས་པའི་ཉམས་ལ་གྲོགས་མཚོ་རྒྱལ་དང་མཉམ་དུ་བྱོན་ཚེ། སྔར་གྱི་འདས་ལོག་དབུ་རྒྱ་བོའི་ལྷ་ཁང་ལ་ཕྱག་མཛུབ་གཏད་དེ་འདིར་ཞིག་གསོ་བྱེད་དགོས་ཚུལ་གསུངས་བར་མ་ཟད། བསྟན་པའི་གཞི་མ་འདུས་པའི་སྡེཿབཤད་བསྒྲུབ་དར་འཕེལ་གཏོང་བ་གནངཿཞེས་གསུངས་ནས་འཇའ་ལྟར་ཡལ་སོང་། དེར་ཁོང་གིས་དགོན་པ་ཉམས་གསོ་མཛད་ཚེ་ཡ་མཚན་ལྟས་བཟང་གིས་གང་། ང་ཡི་སློབ་མ་དང་། ཆོས་བདག་ལ་འགྲོ་དོན་རྒྱ་ཆེན་པོ་འོང་ངོ་གསུངས། དགོན་མིང་ལའང་རྩོལ་མེད་བསྟན་འཛིན་ཆོས་གླིང་ཞེས་བྱ་བ་བཏགས། དགོན་གནས་དེར་གཏེར་ཆེན་ཉིད་ཀྱི་ཟབ་ཆོས་གདུགས་དཀར་གྱི་སྟོད་ལས་བྱུང་བ་བསྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བའི་དུས་མཆོད་ཀྱི་སྲོལ་བཞག། དགུང་གྲངས་ཞེ་དྲུག་གི་ཐོག་ནམ་ཞིག་གི་ཚེ་རྒྱལ་པོ་རོལ་སྟབས་ཞིག་མཛད་དེ། གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་དབྱིངས་སུ་བསྡུ་བའི་ཚུལ་མཛད་དོ།། གཏེར་ཆེན་རིན་པོ་ཆེའི་དངོས་སློབ་སམ། ཆོས་བདག་བླ་མ་བཀྲ་ཚེའམ་མི་འགྱུར་འོད་གསལ་རྡོ་རྗེ་ནི། རིག་འཛིན་རྒོད་ལྡེམ་དང་། རྫོགས་ཆེན་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེ་རྣམ་གཉིས་ཀྱི་དགོངས་པ་གཅིག་འདྲེས་ཀྱི་རྣམ་སྤྲུལ། སྐུ་ཆུང་དུས་ནས་ཕལ་བའི་དྲི་མའི་མ་གོས་པས། མངོན་ཤེས་གང་ལའང་ཐོགས་མེད་གཟིགས་ཤིང་། གཏེར་ཆེན་ལས་རབ་གླིང་བ། རྫ་སྤྲུལ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་སོགས་ཡོངས་འཛིན་དུ་མའི་ཐུགས་ཀྱི་སྲས་མཆོག་གསན་བསམ་མ་ལུས་པ་མངོན་དུ་གྱུར་བས་སྐྱེས་བུ་དམ་པ། རྫོགས་ཆེན་རིན་པོ་ཆེ་ལ་ཟབ་གནད་ཀྱི་དྲི་བ་ཞུ་བ་ཞུ་ལན་མཛད་པ། རྗེ་བཙུན་མི་ལས་མདུན་དུ་ཕྱག་ཆེན་ན་རོ་ཆོས་དྲུག་གསན་པ་སོགས་ཡོངས་[page 287] འཛིན་དུ་མའི་ཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་བས། སྐྱེས་མཆོག་སྤྲུལ་པའི་སྐུ་ས་གསུམ་ན་འགྲན་ཟླ་དང་བྲལ་བ་དེ་ཉིད་ཀྱི། ཕྱག་རྫོགས་དབུ་གསུམ་གྱི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་ནས། སློབ་མ་ནམ་མཁའི་སྐར་ཚོགས་ལས་འདས་པ་ཙམ་གྱི་ཕྲིན་ལས་མཐའ་རྒྱས་འོང་ནས་བཤད་བསྒྲུབ་འཁོར་ལོ་གཉིས་ཀྱི་རྒྱལ་མཚན་རབ་ཏུ་བསྒྲེངས་བ་ཡིན། མཐར་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་བྲས་སྐུ་ཞིག་ཡོད་པ་དེའི་སྐུ་དགྱེས་པའི་རྣམ་འགྱུར་དང་། ཕྱག་གཉིས་ཁམས་དྲིའི་བརྡ་མཛད་པ་སོགས་དང་མཉམ་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། སྐུ་གདུང་ཡང་ཡི་དམ་གྱི་སྐུར་གནས་གྱུར་བ་ད་ལྟ་འགྲོ་ཀུན་གྱི་བསོད་ནམས་བསགས་པའི་ཞིང་དུ་བཞུགས་བཞིན་ཡོད་པ་བཀའ་དྲིན་བརྗོད་ལས་འདས། མཁན་འདུས་པ་རྒྱ་མཚོ་ཞེས་བྱ་བ་རྫོགས་ཆེན་ཤྲི་སིཧར་བྱོན། རྒྱལ་སྲས་གཞན་ཕན་སྣང་བའི་སྐུ་དྲུང་དུ་སྡོམ་གསུམ་མནོས་ཤིང་གཞུང་ཆེན་བཅུ་གསུམ་དང་། རྒྱུད་གཞུང་མ་ལུས་པ་གསན། མཁས་པའི་ཡང་རྩེར་སོན། རྒ་ངག་དབང་ལེགས་པ་དང་། ཨ་འཛོམ་འབྲུག་པ་སོགས་གསར་རྙིང་གཉིས་ཀྱི་ཡོངས་འཛིན་དུ་མ་བརྟེན། ཨ་འཛོམ་རྒྱལ་སྲས་རིན་པོ་ཆེའི་མདུན་ནས་སྙིང་ཐིག་ཡ་བཞི་གསན་སྐབས། སྔོན་གནས་རྗེས་དྲན་གྱི་ཚུལ་དུ་རྒྱལ་བ་ཀློང་ཆེན་པའི་མདུན་དུ་རྫོགས་པ་ཆེན་པོ་གང་གསན་ཐུགས་ཀྱིས་མཁྱེན་པ་སོགས་དགོངས་པ་ཀློང་དུ་གྱུར། གཞན་ལ་ཚེ་དབང་མཛད་སྐབས་ཚེ་མདའ་མཐོ་གང་ཙམ་དཀྱུས་ལ་འཐེན་པར་མཛད་པ་སོགས་གྲུབ་པའི་རྟགས་མཚན་ངོམ། ཁྲོམ་རྡོ་དགོན་དུ་ལོ་གྲངས་མང་པོ་མཁན་པོ་མཛད། ས་སྐྱའི་ལམ་འབྲས་ཁ་ཚང་གསུངས་ཀུན་རིག་བསྒྲུབ་མཆོད་སྲོལ་བཙུགས། དགོན་པས་བཅའ་ཡིག་བྲིས་ནས་ཚུལ་ཀུན་སྤྱོད་དང་འགྲིགས་ལམ་སོགས་སྔར་ལས་ཁྱད་པར་འཕགས་བཙུགས། འཇམ་དགོན་རིན་པོ་ཆེས་ཉིད་ཀྱི་སྐུ་ཚེ་མཐར་གཟུངས་རིང་ཟླ་དྲུག་ཞིག་ལ་བཞུགས་དང་རང་རེ་གཉིས་འབྱུང་འགྱུར་དུས་སུ་འབྲལ་བ་མེད་ཚུལ་གྱི་ཞལ་ཆེམས་གནང་ཞིང་རྟེན་འབྲེལ་གྱི་དུང་དཀར་ཞིག་གནང་། གསུང་དོན་ལྟར་བསྙེན་ཚད་མཐར་ཕྱིན་མཛད། རྗེས་མར་གཟུངས་རིང་ཚར་ཉེར་གཅིག་ཙམ་གསུངས་ནས་དགོངས་པ་གཤེགས་ཚེ་འཇམ་མགོན་རིན་པོ་ཆེ་ཡང་དག་པའི་ཞིང་དུ་གཤེགས་པ་དང་དུས་མཉམ་ཡིན་པར་གསུངས། ཡང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཛ་སྤྲུལ་རིན་པོ་ཆེ། ཨ་འཛོམས་འབྲུག་པ། འཇམ་མགོན་ངག་དབང་ལེགས་པ་སོགས་སྐྱེས་ཆེན་དམ་པ་མང་ཙམ་བསྟེན། གསར་རྙིང་གཉིས་ཀྱི་སྒོ་ནས་ཟབ་ཁྲིད་དུ་མ་གསྣ། ཁྱད་པར་ལྷུན་གྲུབ་ཐོད་རྒལ་གྱི་སྣང་བཞི་ལམ་རྟགས་མངོན་དུ་གྱུར། ས་སྐྱ་གསུང་སྔགས་ལམ་འབྲས་ཀྱི་སྒོ་ནས་ཟབ་མོ་ལུས་དཀྱིལ་གྱི་ལམ་རྟགས་སྣང་བ་ལྷའི་འཁཔྲ་ལོ་ཤར། སྐུ་ཆིངས་ཟང་ཐལ་དུ་ལན་མང་ཡལ། དག་སྣང་དུ་རྗེ་བཙུན་གོང་མ་གྲགས་པ་རྒྱལ་མཚན་གྱི་མདུན་དུ་ལམ་འབྲས་ཚར་གཅིག་གསན་པ་ངོ་མཚར་ཅན་གྱི་ལོ་རྒྱུས་དུ་མ་ཡོད་པ་ཡི་གེ་མང་དོགས་ནས་མ་བྲིས།

མཐར་རྡོ་དགོན་དུ་སྒྲུབ་ཐབས་གསུང་ཚར་བ་དང་མཉམ་དུ་མཚན་ཐོག་ཞིག་གི་གཟིམས་ལམ་དུ། བདེ་བ་ཅན་གྱི་ཞིང་ཁམས་ཡིན་ཟེར་བ་མེ་ཏོག་པདྨའི་ཚལ་བློ་གྲོས་དཔག་པར་དཀའ་བའི་ལྗོངས་སུ་དཔའ་བོ་[page 288] མཁའ་འགྲོའི་འདུ་གནས་བསམ་གྱིས་མི་ཁྱབ་པར་སྟོན་པ་ཤཱཀྱ་ཐུབ་པ་དང་། རྒྱལ་བ་འོད་དཔག་མེད་མགོན་རྣམ་གཉིས་ཀྱི་མཚན་རྟགས་གསུང་བ་རྨིས་པས། ཐོ་རངས་གཟིམས་ལམ་ལས་བཞེངས་བ་དང་མཉམ་དུ་དེར་བླ་གྲྭ་མང་ཙམ་བསྡུས་ནས་དེ་རིང་ང་བྱེད་དགོས་གསུངས། དེ་ནས་བཟུང་ཉིན་ཁ་ཤས་སྐུ་བསྙུང་བའི་ཚུལ་མཛད། མཐར་དགོངས་པ་ཆོས་དབྱིངས་སུ་གཤེགས་པར་མཛད། ཡང་གཏེར་ཆེན་རིན་པོ་ཆེའི་ཡང་སྲིད་སྤྲུལ་སྐུ་པདྨ་རྡོ་རྗེ་ནི། ཁྲོམ་དགེ་སྐུ་གོང་མ་མཁའ་སྤྱོད་དང་། སྐུ་མདུན་རྣམ་གཉིས་ཀྱིས་ངོས་གཟུང་མཛད། བླ་མ་མི་འགྱུར་འོད་གསལ་རྡོ་རྗེའི་ཞལ་སྔ་ནས་གཏེར་ཆོས་མ་ལུས་པ་གསན་ནས་རྒྱལ་ཚབ་དུ་མངའ་གསོལ། ཁྲོམ་དགེ་སྐུ་མདུན་དང་དྲི་མེད་མཁའ་སྤྱོད་རྣམ་གཉིས་ཀྱི་ཞལ་ནས་སྔ་འགྱུར་རྫོགས་པ་ཆེན་པོའི་ཆོས་ལུང་ཁྲིད་བཅས་མ་ལུས་པ་གསན་བསམ་མཐར་ཕྱིན་མཛད། ཡི་དམ་ལྷའི་ཞལ་གཟིགས། གྲུབ་རྟགས་དང་མངོན་ཤེས་ཐོགས་མེད་མཁྱེན། དགུང་ལོ་ལྔ་བཅུ་ཟིན་ཙམ་ཟབ་གཏེར་སྒོ་འབྱེད་ཀྱི་བཀའ་བབ་ཡོད་ཀྱང་དུས་ཐོག་ཏུ་མ་འབྱོར་གོང་ཁྲུ་མུན་དུ་གདན་འདྲེན་ཞུས་ཟིན་པ་ཡིན། གཏེར་ཆེན་རིན་པོ་ཆེའི་གཏེར་ཆོས་བརྒྱད་ཙམ་ཡོད་པ་དེར་ད་ལྟ་ལྔ་ཙམ་ལས་མེད། ཆོས་ཀྱི་བདག་པོ་མི་འགྱུར་འོད་གསལ་རྡོ་རྗེ་གཏེར་ཆོས་ཀྱི་ལྷན་ཐབས་པོད་བཞི་ཙམ་ས་ལྟ་བཞུགས་བཞིན་ཡོད། དགོན་པ་དེར་གཙུག་ལག་ཁང་གཅིག། གཉེར་ཁང་ངམ་མཛོད་ཁང་གཅིག། གྲྭ་ཁང་དྲུག་ཅུ་ཙམ་ཡོད། དགོན་པའི་རྟེན་གྱི་གཙོ་བོ་སྔ་དར་དུ་ཐུབ་པ་རྒྱབ་ལང་མ་དང་། མགོན་པོ་གསུང་བྱོན་མ། གཞན་ཡང་ཟངས་གསེར་གྱི་གནས་བརྟན་བཅུ་དྲུག་སྐུ་གདུང་ཆ་བརྒྱད་སོགས་རྟེན་ཕལ་ཆེར་དགོན་པ་བརླག་སྐབས་འཐོར་ཞིག་ཏུ་སོང་བ། ཐུབ་པ་ཆེན་པོའི་སྡེ་དགེ་སང་གི་ལོན་ཟེར་བའི་ལོ་རྒྱུས་ཡོད་ལགས། དེ་མིན་མགོན་པོ་གསུང་འབྱོན་མ་རྡོ་ཁོག་དགོན་པས་ལོན་པ་བྱ་འཕྲང་ཟེར་བའི་དམག་དང་མི་བྱིངས་བཅོམ་སོང་ཟེར། བར་སྐབས་དེར་དགོན་པའི་ནང་རྟེན་ཕྱོགས་ཙམ་བཞུགས་ཡོད་པ་ནི། སྔོན་གཏེར་དུ་སྤྱན་འདྲེན་ཟིན་པའི་ཐུབ་པ་ཁྲུ་ཚད་མ། མཁའ་འགྲོའི་བླ་རྡོ། མགོན་པོའི་བང་། གདུགས་དཀར་རྒྱུད་ཀྱི་སྒྲོམ་བུ། གཏེར་བདག་བླ་མ་བཀྲ་ཤིས་ཚེ་བརྟན་གྱི་གསེར་གདུང་གཞན་སྐུ་རྟེན་དུ་མ། གསུང་རྟེན་ལ་ཟངས་གསེར་དང་འདག་སོགས་ཀྱིས་བཞེངས་པ། རས་བྲིས་ཐང་ཀ་འཕན་བླ་བྲེ་རྒྱལ་མཚན་སོགས་དགོན་པ་དེར་བབ་བསྟུན་དང་མཐུན་པ་མང་ཙམ་བཞེངས་ཡོད། དེ་མིན་བླ་མ་དབུ་རྒྱ་བོའི་དུས་ཀྱི་རོལ་མོ་འཛམ་གླིང་གཡུ་འབྲུག་ལྡིང་ཤེས་དང་། གཏེར་ཆེན་རིན་པོ་ཆེར་མི་མ་ཡིན་གྱིས་ཕུལ་བའི་རོལ་མོ་དཀར་གསལ་འབྲུག་གྲགས་ཀྱི་ཐོག་དྲངས་དྲུག་ཙམ་དང་། གསེར་དངུལ་གླིང་བུ་ཆ་གཉིས། ཟངས་དངུལ་སྤེལ་བའི་དུང་དམར་སོགས་མཆོད་རྫས་ཕྲན་བུ་ཙམ་མ་ཡིན་པར། དགོན་པའི་གྲྭ་གདན་སོགས་དཀོར་རྫས་མང་ཙམ་བདོ་པ་རྣམས་འདིར་ཡི་གེ་འཁོད་མེད་ལགས། ད་ལྟ་བསྒྲུབ་མཆོད་སྐོར་ལ་ཟླ་དང་པོ་ཆོ་འཕྲུལ་ཟླ་བར་བསྙེན་གནས་ཆ་བརྒྱད། ནག་པ་ཟླ་བར་གཏེར་བདག་མི་འགྱུར་རྡོ་རྗེའི་གདུང་མཆོད། སྣོན་ཟླར་ཀྱེ་རྡོར་བསྒྲུབ་མཆོད། ཀུན་རིག་བསྒྲུབ་མཆོད། ཞིང་ཆོག་མཁའ་[page 289] སྤྱོད་མའི་ཆོ་ག་བཅས་ཉིན་ཉེར་བཞི་ལྷག་ཙམ་གསུང་སྲོལ་ཡོད། སྨིན་ཟླར་ཀུན་རིག་གནས་སྤྱོང་། རྒྱལ་ཟླར་དྲེགས་འཇོམ་གདུགས་དཀར་བདེ་བཤེགས་ཀུན་འདུས་སྒོ་ནས་གཏོར་ཟློག་སྒྲུབ་ཆེན། དབོ་ཟླར་རྒྱལ་བའི་གསུང་རབ་ཆེན་པོ་བཀླགས་པ་སོགས་རིམ་གྲོ་གང་ཟབ་བསྒྲུབ་སྲོལ་མཆིས། མགོ་ཟླའི་ནང་སེར་སྐྱ་གཉིས་ཀྱིས་སིདྷི་དང་མ་ཎི་དུངཕྱུར་རེ་འདོན་དགོས། འཚོགས་བས་གཏོང་དགོ་འབྱུང་ཁུངས་རྒྱུ་འབྱོར་ཡོན་བདག་རང་སྡེ་ཤོག་ཁག་དུད་བརྒྱད་ཅུ་ཙམ་ཡོད། དགེ་འདུན་འདུས་སྡེ་ཞལ་གྲངས་བདུན་ཅུ་ཙམ་ལ་བཅའ་ཡིག་རབ་གསལ་ནང་བཞིན་བཤད་སྒྲུབ་ལས་གསུམ་བསླབ་པ་གསུམ་གྱི་གཞིར་བཞག་འགྲིགས་ལམ་ཀུན་སྤྱོད་སོགས་ཁྱད་དུ་འཕགས་པས་སྲོལ་བཙུགས་བཞིན་ཡོད། དེང་དུས་ཆོས་ལྡན་གྱི་དད་པའི་རང་དབང་སྤྲིན་བར་གྱི་ཉི་མ་ཤར་བའི་དུས་དེར་མཁན་ཆེན་ཐམས་ཅད་མཁྱེན་པ་འཇམ་དབྱངས་དགེ་ལེགས་རྣམ་རྒྱལ་གྱིས། བླ་མ་བཀྲ་ཤིས་ཚེ་བརྟན་འཇམ་དབྱངས་ཆོས་ཀྱི་བློ་གྲོས། སྡེ་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཀུན་དགའ་རྒྱལ་མཚན། ཁྲོམ་སྤྲུལ་བྱང་ཆུབ་རྒྱལ་མཚན། འཇམ་དབྱངས་ཀུན་དགའ་རྣམ་རྒྱལ་སོགས་ཡོངས་འཛིན་དུ་མར་བསྟེན་ཅིང་ཐུགས་མཉེས་པ་གསུམ་སྒོ་ནས་ཞབས་ཏོག་སྒྲུབ་ལ། ཐུགས་དགྱེས་པའི་སྒོ་ནས་སྨིན་གྲོལ་གྱི་གདམས་ཁྲིད། མདོ་སྔགས་ཀྱི་རིགས་སྤྱི་ལ་སྦྱང་བརྩོན་ཐུགས་ཉམས་སུ་བཞེས་པས། མཁས་བཙུན་གྲུབ་པ་གསུམ་གྱི་ཡོ་ཏན་ལ་དབང་བསྒྱུར། ཁྲོམ་རྡོ་དགོན་གྱི་མཁན་པོར་མངའ་གསོལ་ཚེ་དཔེ་གཞུང་རྒྱ་ཆེན་པོ་དང་སྨིན་གྲོལ་གྱི་བསྟན་པ་སྤེལ། དུས་འགྱུར་ཆེན་པོའི་སྐབས་དེར་གང་སྐུ་འཕྲལ་རྐྱེན་གང་གི་ཀྱང་གནོད་པས་མ་ཚུགས་པར་བསྟན་འགྲོའི་རྒུད་མུན་སེལ་པའི་སྣང་བྱེད་དུ་བཞུགས་ཤིང་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་ཆོག་སྐབས། མཁན་པོ་ཤེས་རབ་དང་ཁོང་རྣམ་གཉིས་ཀྱིས་དམ་ཆོས་འདུལ་བའི་བསྟན་པའི་མེ་རོ་རྨང་ནས་བསླང་། དགེ་འདུན་འདུས་པ་སྟོང་དུ་བརྒལ་ལ་རབ་བྱུང་བཉེན་རྫོགས་གནང་། ངུར་སྨྲིག་རྒྱལ་མཚན་འཛིན་པས་ཡུལ་ཕྱོགས་ཁྱབ་པར་མཛད། ཁོང་དང་བླ་མ་དཀོན་ལོའམ་དཀོན་མཆོག་བསྟན་འཛིན་རྣམ་གཉིས་ཀྱིས་སྐུ་གདུང་རིན་པོ་ཆེ་དབུ་ཐོན་མཛད་པ་རྗེས་མར་དམངས་ཚོགས་ལ་འཇལ་ཁ་གནང་ནས་རྐུ་འཕྲོག་རྔོན་གསུམ་སོགས་དགེ་སྒྲུབ་སྡིག་སྤོང་ཁས་ལེན་བྱེད་དུ་བཅུག། དེར་གཙུག་ལག་ཁང་གྲྭ་གདན་དང་བཅས་ཞལ་བཀོད་རྒྱ་ཆེན་པོ་གནང་བར་མཛད། ནང་རྟེན་ནི་སྐུ་གདུང་མ་གཏོགས་ཆེན་པོ་མི་བཞུགས། རོལ་མོ་གཅིག་དང་གསེར་གླིང་གཅིག་ཙམ་ལྷག་ཡོད། དེ་མིན་ཁོང་དང་། དཀོན་མཆོག་བསྟན་འཛིན་རྣམ་གཉིས་ཀྱིས་གོང་གསལ་ལྟར་དུས་མཆོད་ཀྱི་སྲོལ་བཞག། དེར་བརྟེན་ཆོས་དང་གྲུབ་མཐའ་རིས་མེད་ཀྱི་དབང་ལུང་ཁྲིད་གསུམ་གནང་ནས་བསྟན་པ་སྤྱི་ལ་ཕན་ཐོགས་རྒྱ་ཆེན་པོ་བཀའ་དྲིན་བླ་ན་མེད་པ་གནང་ཏེ། མཐར་བསྙུན་ཁམས་ཅུང་ཟད་འཀགྲུགས་པའི་ཚུལ་བསྟན་ཅིང་། དགུང་གྲངས་བདུན་ཅུ་རབ་བྱུང་བཅུ་བདུན་པ་ས་འབྲུག་ཁུམ་སཟླའི་ཉེར་ལྔར་སྐུ་ཚ་ཤེས་རབ་སེང་གེ་ལ་དེ་རིང་ཚེས་གྲངས་ཉེར་ལྔ་ཨེ་ཡིན་གསུངས། རེད་ལགས་ཞུས་ཚེ་ཉིན་དེའི་སྔ་དྲོའི་ཆར་སྐུ་ལུས་དྲང་པོར་བསྲིང་ཞིང་སྤྱན་ནམ་མཁར་གཟིགས། ཞལ་ནས་ཨ་[page 290] རིང་བོ་ཞིག་གསུང་བ་དང་ལྷན་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། འཇའ་འོད་ཀྱིས་ནམ་མཁའ་གང་། ས་གཡོ། རོལ་མོའི་སྒྲ་སྒྲོགས། ཕྱོགས་ཀུན་ཏུ་དྲི་བཟང་གི་ངད་རྒྱས་པ་སོགས་ལྟས་བཟང་ངོ་།། དེ་རྗེས་བླ་མ་དཀོན་མཆོག་བསྟན་འཛིན་གྱིས་དུས་མཆོད་ཀུན་གྱི་གཉེར་ཁག་ཁུར་ཞིང་དབུ་བཞུགས་མཛད། གཙུག་ལག་ཁང་གི་ཕྱི་ནང་བྱ་བ་ལ་ཐུགས་ཁུར་མཛད། གཏེར་ཆོས་སོགས་སྒྲུབ་མཆོད་ཀུན་གྱི་བཅའ་དབྱངས་རྡུང་གསུམ་སོགས་བསླབས་ཤིང་ཁོང་ནི་དགོན་པ་ལ་སྐུ་དྲིན་ཤིན་ཏུ་ཆེ་རུང་ལོ་འདིའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་སྐོར་ལ་དག་ཞིང་དུ་གཤེགས་ཟིན། བླ་མ་ག་པས་རྒྱལ་བའི་གསུང་རབ་བསྟན་འགྱུར་སོགས་གསུང་རྟེན་བཞེངས་འགོ་བཙུགས། འབུམ་འགྱུར་ཟླ་བར་རྒྱལ་བཀའ་ཚར་རེ་ཀློག་པའི་སྲོལ་མཛད། དུང་བདུན་ལྷག་ཙམ་གྱི་འཁོར་ཆེན་ཞིག་བཞེངས་པ་དེ་ཉིད་ཀྱིས་དུང་སྐད་རང་འབྱོན་གྱི་གསུང་ལན་གསུམ་འབྱོན། མཁན་ཡེ་ཤེས་བཟང་པོས། ལམ་འབྲས་སློབ་བཤད། སྤྱི་ལྗོན་བརྟགས་གསུམ། སྒྲུབ་ཐབས་ཀུན་འདུས། སྤྱོད་འཇུག་རྣམས་གནང་། དགོན་པ་དེར་ཟངས་གསེར་ལས་གྲུབ་པའི་ཐུབ་སྐུ་ཚད་ལྡན་ཞིག་ཕུལ། གྲྭ་བ་ཡོངས་ལ་ཚུལ་ལུགས་མཐུན་པའི་བསླབ་བྱ་རྒྱ་ཆེན་པོ་གནང་། མཁན་ཤེས་རབ་སེང་གེ་སྐུ་ཆུང་རུང་རིག་གནས་མཐའ་དག་ལ་བློ་གྲོས་ཀྱི་སྣང་བ་ཐོབ་ཟིན་པས། གིང་བྱོན་དམ་པ་རྣམས་ཀྱི་གསེར་ཁྲི་ནོན་པས་བློ་གདེང་དང་བཅས་བླ་གྲྭ་བདུན་ཅུ་ཙམ་ཐུགས་མཐུན་ཁྲིམ་གཙང་གི་སྒོ་ནས་སྔར་སྲོལ་བཤད་སྒྲུབ་ལས་གསུམ་གྱི་རྨང་གཞི་བཙུགས་ནས་བླ་གྲྭ་ཡོངས་ཀྱི་ཕྱི་སོ་ཐར་དང་། ནང་བྱང་སེམས་གསང་བ་རིན་འཛིན་སྔགས་ཀྱི་ཉམས་བཞེས་དང་བཅས་ཆོས་མཐུན་མཛད་སྤྱོད་གནང་མུས་སུ་མཆིས་པ་ལགས་སོ།།

འཛིངས་རྣམ་རྒྱལ་མགོན་ཁང་གི་ལོ་རྒྱུས།

སྤོམ་རྫོང་དགོན་དང་འབྲེལ་བའི་རྣམ་རྒྱལ་མགོན་ཁང་གི་ཆགས་ཡུལ་ནི། སྡེ་དགེའི་ཤར་ཕྱོགས་ལ་བཞི་འཛིངས་པའི་དཀྱིལ་དུ། ཡུལ་མཆོག་རྣམ་རྒྱལ་གྲོང་གི་དཀྱིལ་དུ་གནས་ཡོད། འདི་འདེབས་པ་པོ་ནི། བླ་མེད་ཐུགས་བསྐྱེད་མཆོག་གི་སྐྱ་རེངས་སྣང་བས་མངོན་པར་དྲངས་བའི་གཟུགས་སྐུ་དཀྱིལ་འཁོར་གྱི་བདག་པོ། མཆོག་གིས་འཕྲིན་ལས་ཀྱི་ཁུར་ཆེན་པོ་བསྣམས་ཏེ། མཁས་པའི་བྱ་བ་གསུམ་གྱིས་ཐུབ་བསྟན་གླིང་བཞིའི་ཁྱོན་ལ་མངའ་བསྒྱུར་ཅིང་། སྐལ་བཟང་རྗེས་སུ་འཛིན་པའི་རྟེན་འབྲེལ་སྒོ་འཕར་ཡངས་པོར་འབྱེད་པར་བྱེད་པའི་འཇམ་དབྱངས་ས་སྐྱ་པཎྚི་ཏ་ཞེས་རྒྱ་བོད་ཧོར་སོགས་ལ་མཚན་སྙན་ཉི་ཟླ་ལྟར་འབར་བའི་དམ་པའི་སྐྱེས་བུ་གང་དེར་རབ་བྱུང་བཞི་པའི་ཤིང་འབྲུག་ལོར་རྒྱ་ནག་གོ་དན་རྒྱལ་པོས་དབུའི་མཆོད་གནས་སུ་གདན་དྲངས་སྐབས། ལམ་ཞོར་དུ་ཁམས་ཕྱོགས་ཀྱི་སྐུ་རྟེན་གྱི་གཙོ་བོ་རྣམ་རྒྱལ་མགོན་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བཞེངས་གྲུབ་ནས། རབ་གནས་ཀྱི་ཆོ་ག་བརྩམ་པར། ཀཿཐོག་པ་[page 291] དབུ་འོད་ཡེ་ཤེས་འབུམ་དེར་གདན་དྲངས་ནས། རབ་གནས་གནང་ལ། དབུ་འོད་ཡེ་ཤེས་འབུམ་གྱིས་རབ་གནས་སྔོན་དུ་བགེགས་བསྐྲད་དེ་གསང་སྔགས་རྙིང་མ་བས་བྱ། དེའི་རྗེས་དངོས་གཞི་རབ་གནས་ཆོ་ག་ཁྱེད་གསང་སྔགས་གསར་མ་པས་གྱིས་གསུངས་ནས་བགེགས་བསྐྲད་པས། གཞལ་ཡས་ཁང་ཕྱི་ནང་དུ་བསྒྱུར། རྟེན་དམ་ཚིག་པ་རི་མགོར་གཤེགས། དེ་ནས་ས་པཎ་གཅིག་པུས་ལྷ་ཁང་སྔ་ལོག་ཏུ་བསྒྱུར། རྟེན་དམ་ཚིག་པ་སྔ་ལུགས་སུ་བཞུགས་གསར་རྙིང་གཉིས་ཀྱིས་སྤྲུལ་པའི་རོལ་རྩེད་ཀྱིས་མཛད་པ་ཡིན་ཏེ། ཀཿཐོག་ཆོས་འབྱུང་བསྟན་པའི་སྒྲོན་མེ་ལས། རྟེན་པ་ལྷ་ཡི་སྣང་བརྙན་འགའ། གསར་དུ་བསྒྲུབས་ལ་ཀཿཐོག་པས། བགེགས་རྣམས་བསྤྲད་པའི་དྲག་ཤུལ་གྱིས། ལྷ་སྐུ་རྣམས་ཀྱང་རིང་དུ་སོང་། དམ་ཚིག་སེམས་དཔའ་དེར་ཡལ་བ། གོང་དུ་ས་སྐྱ་པཎ་ཆེན་མཐུས། སྐད་ཅིག་ལ་བཀུག་ཡེ་ཤེས་ཀྱི། སེམས་དཔའ་བརྗིད་ལྡན་ལྷག་གནས་སྩལ། ཐབས་ཤེས་བདག་ཉིད་ང་ཡིར་མེད། ཡེ་ཤེས་སྒྱུ་མའི་རོལ་རྩེད་ལས། མཆོག་ཅེས་གྲུབ་པའི་རོལ་རྩེད་ཀྱི། ཕྲེང་བའི་བཤམ་མོ་མཉམ་ཉིད་ཆེ། ཐེག་པ་རིམ་པ་དགུའི་མགོན་པོ་(དབུ་འོད་ཡེ་ཤེས་འབུམ་)དེ་ཡིས་འཕགས་པ་སྒྱུ་འཕྲུལ་དབང་(ཆོས་འཕགས་)བསྐུར་བའི་དྲིལ་ཆེན་སྒྲ་བཞིན་དུ། རྣ་བར་བརྒྱུད་མར་དབྱངས་སུ་ལེན། དངུལ་གྱི་ས་གཞི་ས་འཛིན་ཅན། ཡངས་ཤིང་དཀར་བའི་ཀུ་མུད་དར། འཕྲུལ་ལས་ཟླ་བའི་འཇིག་རྟེན་ནི།(ཡེ་ཤེས་འབུམ་)དགའ་བ་འཁྱིལ་བའི་ཐང་བརྒྱད་དོ།། ཞེས་དང་ཡང་རྗེ་དེ་ཉིད་ཀྱི་སྐུ་ཚེའི་གཞུག་ཏུ་ས་སྐྱ་པཎ་ཆེན་དང་། བླ་མ་འཕགས་པ་ཁུ་དབོན། ཀརྨ་པཀྵི་རྣམས་འཛིང་རྣམ་རྒྱལ་དུ་ཕེབས། བདག་ཉིད་ཆེན་པོ་དེར་ཕེབས། ཁ་བ་བབས། སྒར་པ་ཁ་བས་ནོན། བདག་ཉིད་ཆེན་པོའི་ཕྱོགས་སུ་ཁ་བ་ཞུ་བ་དང་། ལྷ་ཁང་རབ་གནས་ཀྱི་དུས། གཅིག་གིས་བགེགས་བསྐྲད། གཅིག་གིས་ཡེ་ཤེས་པ་གཞུག་རྒྱུ་བྱས་པ་ལ། ཀཿཐོག་པས་བགེགས་བསྐྲད་པས་ལྷ་ཁང་ཕྱི་ནང་དུ་བསྒྱུར། ས་སྐྱ་པས་ཡེ་ཤེས་པ་གཞུག་སྔར་ལྷ་ཁང་སྔ་ལུགས་བསྒྱུར། ཆོས་གོས་ཀ་བའི་བྲེ་བར་གཞག་པས་ཐུགས་ཡིད་ཆེས། སླར་འཕགས་པས་རྒྱ་ཡི་ལས་རྟགས་རྟེན་མཆོད་ཕལ་ཆེར་ཀཿ ཐོག་ཏུ་འཇོག་པར་མཛད་ཅེས་འཁོད་ཡོད། དེའི་སྐབས་འབྲི་ཆུ་ཤར་རྒྱུད་ན་ཀཿཐོག་དགོན་ལས་མེད་པས་ལྔ་ཁ་འདི་ཀཿཐོག་དགོན་གྱི་བདག་གཉེར་མཛད། རྗེས་ནས་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྤམ་རྫོང་དགོན་བཞེངས་པ་ནས་བཟུང་དགོན་དེས་བདག་གཉེར་གནང་། འདིར་སྐྱེས་ཆེན་དམ་པ་ཇི་ལྟར་བྱོན་ཚུལ་ནི། ས་པཎ། ཆོས་འཕགས། འགྲོ་མགན་ཕྱག་ན། ས་གཉན་དམ་པ། ཀརྨ་པཀྵི། དབུ་འོད་ཡེ་ཤེས་འབུམ། འཇུ་མི་ཕམ་ཡང་གྲེ་ཐོག་སྙུང་སྐབས་འདིར་ཞབས་སྐོར་དུ་ཕེབས་པ་རྣམས་དུ་གསལ། མཁྱེན་བརྩེ་སྐུ་ཕྲེང་རིམ་བྱོན། བློ་གཏེར། འཇམ་དབྱངས་རྒྱལ་མཚན། སྡེ་གཞུང་མཆོག་སྤྲུལ། ཀཿཐོག་སི་ཏུ། ས་སྐྱའི་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས་རྣམས་ཀྱིས་ཞབས་ཀྱིས་བཅགས་ལ་མཛད་རྗེས་ཀྱང་གནང་ཡོད། བླ་གཏེར་དང་འཇམ་རྒྱལ་རྣམ་གཉིས་ཀྱིས་འདིའི་སྐོར་ཁང་ཁོར་ཡུག་ཏུ་མགོན་པོ་བསྙེན་པའི་འཁོར་ཕྲེང་མི་ཚད་ཙམ་རེ་ཡོད་པ་བཞེངས་ཡོད་ཀྱང་བཞི་རྒོལ་སྐབས་འཐོར་བརླགས་སོང་བ་དང་། བྱ་རྒོད་དཔོན་གྱིས་[page 292] བཞེངས་པའི་གསེར་འཕྲུ་དང་རྒྱ་ཕིབས། རྨ་བྱ་ཆོས་འཁོར་སྤོལ་རྒྱན་བཅས་དང་། གུར་མགོན་གཙོས་འདག་སྐུ་ཚང་མ་དེ་སྐབས་རྩ་འཐོར་སོང་།

ཚོགས་མཆོད་ནི། ཟླ་བ་རེ་ནང་ཚེས་བརྒྱད་དང་ཚེས་བཅུ་བཞི། ཚེས་ཉེར་ལྔ། ཚེས་ཉེར་དགུ་རྣམས་སུ་དུས་བཞི་ཟེར་བའི་འཚོགས་པ་བཞི་འཚོགས་རྒྱུ་ཡོད། སྒེར་གྱི་མགོན་པོ་ཁྲི་ཚར་དུ་རྒྱབ་འོང་ན་དེ་གྲངས་འཚོགས་དགོས་འདུག། ཟླ་བ་ལྔ་པའི་ནང་མགོན་པོ་སྒྲུབ་མཆོད་ཉིན་བདུན་འཚོགས་དགོས་འདུག་བོད་ཟླ་དགུ་པའི་ནང་དགུ་གཏོར་ཉིན་གསུམ་ཚོགས་ནས་གཏོ་རྒྱབ་དང་འཆམ་བྱས་ནས། གུར་མགོན་གྱི་ཆོས་སྐྱོང་རྣམས་ཀྱི་སྐོར་འཆམ་ཚན། སྐྱེས་པ་སྟག་ཆས། དགེ་སློང་། བུད་མེད། སྔགས་པ། དུར་ཁྲོད། ཤྭ་འཆམ། འབག་འཆམ་བཅས་ཡོད་འདུག། དགོས་པ་ནི་མགོན་པོའི་དུས་ཆེན་ཡིན་འདུག། ཟླ་བ་བཅུ་གཅིག་ནང་ན་ཉེར་ལྔ་ལོ་གཏོ་བརྗེ་བའི་སྒྲུབ་པ་འཚོགས་དགོས་འདུག།

མགོན་པོ་མཆོད་ཅན་སོགས་སྔ་མོ་ཡོད་པ་དགུ་གཏོར་སྐབས་ཀྱི་འབག་དང་འཆམ་གོ་ཆ་ཚང་། རོལ་མོ་ཆ་བདུན། དུང་དམར་ཆ་བཞི། རྒྱག་གླིང་ཆ་གསུམ། འཁར་རྔ་ཆ་གསུམ། དུང་དཀར་གསུམ། རྐང་དུང་ཆ་གཉིས། བདུན་ཚར་གཉིས་བརྒྱ། མཆོད་ཀོང་བདུན་བརྒྱ། ཁྲོ་ཟངས་ཆེ་ཆུང་བཞི། ནོར་ཕྱུགས་གཅིག་བརྒྱ་ལྔ་བཅུ་ཙམ་ཡོད།

བདག་གཉེར་བྱ་སྟངས། ལོ་བདུན་རེ་ནང་སྤམ་རྫོང་དགོན་གྱི་བསྐོ་བཞག་བྱས་ནས་བླ་གོས་གཅིག་གྲྭ་པ་ལྔ་རེའི་ལོ་བདུན་ནང་ཞིང་འབྲོག་མཆོད་ཆས། དུས་མཆོད། དཔལ་འབྱོར་བཅས་བདག་གཉེར་བྱེད་དགོས། སྲིད་ཀྱི་དབང་ཆ་ནི་མགོན་བླ་བླ་མ་དེ། སྡེ་དགེ་ཚང་གི་གཉེར་ཆེན་གཅིག་གི་གོ་ནས་ཡོད་འདུག་ད་ལྟ་ནི་མགོན་ཁང་དང་སྦམ་རྫོང་དགོན་གཉིས་ཀ་དཔལ་འབྱོར་དང་མཆོད་ཆས། ཚོགས་གཙུག་སྒོ་རྣམས་བདག་གཉེར་ཙུའུ་ཆུང་གིས་འགན་ཁུར་ཡོད།

རིག་གནས་གསར་བརྗེ་སྐབས་རྣམ་རྒྱལ་མགོན་ཁང་གི་མགོན་པོའི་སྐུ་དེ་གཏོར་སོང་། དེ་མིན་མཆོད་ཆས། དཔལ་འབྱོར། རྒྱ་ཕིབས། གསེར་ཏོག། སྤམ་རྒྱན། རི་དྭགས་ཆོས་འཁོར། ཐུག་ནག་རྣམས་བཞི་རྒོལ་སྐབས་བརླག་སོང་། སྤྱི་ལོ་༡༩༨༦ལོར་མཁན་ཆེན་རྡོ་རྗེ་འཆང་ཀརྨ་བཛྲས་དབུ་གཙོ་གནང་ནས་གུར་མགོན་གྱི་སྐུའི་གཙོས་ལྷ་བརྒྱད་འཁོར་དང་བཅས་པ་ཚད་ལྡན་རབ་གནས་དང་བཅས་པ་བཞེངས་གྲུབ། འདི་གཏོགས་མགོན་ཁང་ཁོར་ཡུག་དུ་དགེ་བའི་བཤེས་གཉེན་དམ་པ་མཁྱེན་རབ་ཕུན་ཚོགས་ཀྱིས་གཙོ་བོ་ཁུར་ཆེན་པོ་བསྣབས་ཏེ་སྤྱི་ལོ་༡༩༨༥ལོར་ནས་སྤྱི་ལི་༡༩༨༧ལོའི་བར་ཡི་གེ་བརྒྱ་བའི་གཟུངས་སྔགས་དུང་བཅོ་བརྒྱད་ཙམ་དང་གཞན་ཡང་མ་ཎི་དང་ཨ་ར་པ་ཙའི་གཟུངས་སྔགས་དུང་ཕྱུར་གཉིས་བཅས། རྒྱ་ཆེ་བའི་དད་ལྡན་སེར་སྐྱ་རྣམས་ཀྱིས་གང་འཚམས་ཀྱི་ཐེབས་གཞག་ལ་བརྟེན་ནས། འཁོར་ལོ་མི་ཚད་ཙམ་ལྷག་གིས་ལེགས་པར་བཀང་ཡོད་དོ། འདིའི་གཙོ་བདག་ནི་སྤོམ་དགོན་འདི་ཉིད་ཀྱིས་སྔོན་ནས་ད་ལྟའི་བར་བདག་གིར་མཛད་ནས་རྒྱུན་དུ་བསྐང་གསོལ་ཆགས་མེད་འདོན་སྲོལ་ད་ལྟའི་བར་མི་ཉམས་པར་བཞུགས་སོ།[page 293] འདིའི་དུས་མཆོད་ནི། མགོན་པོའི་སྒྲུབ་མཆོད་དང་། ཧོར་ཟླ་དགུ་པའི་ཚེས་ཉེར་བརྒྱད་དང་དགུ་བར་མགོན་པོའི་འཆམ་དང་ཟོར་འཕེན། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིར་གཏོར་བརྗེ་ཡོན་བདག་གི་དགོས་ཆེད་བསྐང་བའི་ཆེད་སྐབས་སྐབས་སུ་མགོན་པོ་ཁྲི་ཚར་བཅས་འཚོགས་སྲོལ་ཡོད། འདིའི་ཡོན་གྱི་འབྱུང་ཁུངས་ནི་མགོན་པོའི་སྒྲུབ་མཆོད་ཀྱི་ཐེབས་རྩས་ཞིང་ཁལ་བརྒྱད་ཅུ་ལྷག་ཙམ་སྔོན་ཆད་ཡོད་ཀྱང་དེང་སྐབས་མེད། དེང་དུས་མགོན་པོ་ཁྲི་ཚར་གྱི་ཡོན་ཁ་གཅིག་པུས་དུས་མཆོད་འཛུགས་པའི་རྟེན་བྱེད་བཞིན་པ་བཅས་སོ།

ཞེས་པའང་བསོད་ནམས་ཞེས་པས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ལོ་ཁྱུ་མཆོག་ཟླ་བའི་ནག་ཕྱོགས་དགའ་བ་གཉིས་པ། རེས་གཟའ་ཟླ་བའི་ཉིན་རྫོགས་པར་བྲིས་པ་དགེ་ལེགས་འཕེལ།

རྡོ་ཁོ་དགོན་གྱི་ལོ་རྒྱུས།

སྤྱིར་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ན་ག་རྒྱལ་པོའི་དབུ་བླར་བྱོན་སྐབས་ཡར་ལམ་བྱོན་དུས་སུ་བོད་མདོ་སྨད་ཀུན་དུ། འབུམ་དང་ཁྲི། སྟོང་དཔོན་སོགས་མང་པོ་བསྐོ་དུས་ཁྲོམ་ཡུལ་འདིར་ཁྲི་དཔོན་རྒྱལ་པོ་ཞེས་བྱ་བ་ཞིག་བསྐོས་ཏེ། ཁྲོམ་སྨད་ཀུན་དུ་ཞབས་ཀྱིས་བཅགས་ཤིང་ཁྱད་པར་རྡོ་ཁོ་དུ་འདུལ་བ་ཞེས་བགྱི་བའི་གཞི་བདག་ཞིག་དམ་ལ་བཞག་དེར་ཁྲི་དཔོན་གྱི་སྐུ་མཆེད་བླ་མ་དབུ་རྒྱ་བོ་ཞེས་བྱ་བ་ཞིག་ཡོད་པ་དེས་ཁྲམ་སྟོད་མཁར་གྱ་གྱུའི་སར་དགོན་ཆུང་ཞིག་ཡོད་པ་ལ། མགོན་པོའི་ལི་སྐུ་གཏེར་སྒམ་ནང་མ་དང་། རྒྱ་ནག་རྒྱལ་པོས་ཕུལ་བའི་གུར་མགོན་གྱི་སྐུ་ཁམ་ནག་མ་གཉིས་ཀྱི་གཙོས་རྟེན་གསུམ་མང་པོ་གནང་། དགོན་ས་འདིར་འགྲོ་ཕན་ཆེར་མི་འབྱུང་བས། རྗེས་སོར་རྡོ་ཁོ་ར་སྤོས་ན་རྡོ་ཁོ་དགོན་པ་ཞེས་བྱ་བའི་ས་སྐྱའི་ཆོས་སྡེ་ཆེན་པོ་ཞིག་འབྱུང་བར་ལུང་བསྟན། དེ་རྗེས་ལུང་བསྟན་ནང་བཞིན། རབ་བྱུང་བདུན་པའི་ནང་ཙམ་སྡེ་དགེའི་ས་སྐྱོང་བཀྲ་ཤིས་སེངྒེའམ། པོ་ཐར་དུ་གྲགས་པ་དེའི་རིང་ལ་དཔལ་གྲུབ་པའི་དབང་ཕྱུག་ཐང་སྟོང་པ་ཆེན་པོ་བྱོན་ནས་ལྷུན་གྲུབ་སྟེང་གི་དགོན་པ་བཞེངས་དུས་ཞར་ལ་ཁྲོམ་ཡུལ་དུ་བྱོན། གོང་གི་ཆོས་འཕགས་ཀྱིས་ལུང་བསྟན་བཞིན་རྡོ་ཁོར་དགོན་ས་གཟིགས། དེ་དུས་ཡང་འདུས་པས་ཐོ་བརྩམས་དུས་རྡོ་ལ་སྐུ་རྗེས་བཞག་སྟེ་ཀོང་ཀོང་རེད་སང་པ་ད་ལྟ་མཇལ་ཡོད་རྒྱུ་འདིའི་དབང་གིས་རྡོ་ཀོང་དགོན་ཞེས་མིང་ཐོགས། དེ་ཡང་ས་འདིར་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དངོས་སུ་ཚང་ཏེ། ས་ཆོས་འབྱུང་། གནམ་འཁོར་ལོ་རྩིབས་བརྒྱད་ཕོ་བྲང་རང་བྱུང་གི་རི། སྒོ་མཚམས་མ་བརྒྱད་ཀྱི་རི། རྣལ་འབྱོར་མའི་ཕྱག་གི་ཐོད་པ་རང་བྱུང་སོགས་དེང་སྐབས་མཇལ་དུ་ཡོད་པ་རྡོ་དགོན་ཆགས་པའི་ས་གནས་དང་པོ་རེད། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དེ་ཉིད་ཀྱིས་ཕྱག་བཏབ་མཛད་ཅིང་། དེ་ནི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཉིད་ཡང་བསྟན་འགྲོའི་དོན་དུ་མི་ཡི་ཟོལ་གྱིས་བྱོན་[page 294] པར་གྲགས་ཤིང་གྲུབ་ལ། དེའི་ཚུལ་རྒྱས་པར་ཐང་རྒྱལ་རང་གི་རྣམ་ཐར་ན་གསལ་བས་བྲི་མི་ནུས་ལ། རྗེ་དེ་དང་དེ་དུས་ཀྱི་སྡེ་དགེའི་རྒྱལ་པོ་དེ་གཉིས་ནས་དགོན་འདི་བཞེངས་པར་གྲགས། རབ་བྱུང་བདུན་པའི་ནང་ཙམ་ཡིན་མཆི། འདི་སྐོར་གནའ་རབས་རྒན་པོ་དག་གི་བཤད་སྲོལ་ཙམ་ལས་ལོ་རྒྱུས་ཡིག་ཆ་ད་ཡོད་སོགས་ན་ཆེར་མི་གསལ་སྡེ་དགེའི་ཆོས་འབྱུང་རྒྱལ་བརྒྱུད་འགུ་བཀྲའི་བརྩམས་པ་ན་ལོ་རྒྱུས་ཅུང་རེ་སྣང་། ལར་དོར་གྱི་མཁན་རབས་རིམ་བྱོན་དང་སྡེ་དགེའི་རྒྱལ་རབས་རིམ་བྱོན་གྱི་ལོ་རྒྱུས་རྒྱས་པ་ཞིག་ཡོད་ན་གསལ་འདྲ་ཡང་ཡོད་མེད་མ་ངེས་ཤིང་དཔེ་ཡང་མ་འབྱོར་ཕྱིར་དེ་ཙམ་འོལ་ཚོད་དུ་མ་བྲིས།

གདན་རབས་རགས་རིམས་ནི། གོང་བཤད་ལྟར་གྲུབ་ཆེན་ཀྱང་བཞུགས་ནས་གདན་ས་བསྐྱངས་མངོན་ཏེ་ཉིད་ཀྱིས་ཚེ་སྒྲུབ་དག་སྣང་མའི་དབང་བཤད་དུ། ཁམས་རྡོ་ཁོ་དགོན་དང་ཉེ་བའི་རང་གྲོལ་གྱི་རྣལ་འབྱོར་གྲུབ་ཆེན་གྱི་དངོས་སློབ་ཡིན་པ་ཞིག་གིས་ལོ་བརྒྱ་ཕྲག་ཁ་ཡར་བར་བཞུགས་ཞེས་སོགས་གསུང་པས་ཤེས་ནུས་ཤིང་། སྤྱིར་དགོན་འདི་ཆགས་པ་ནས་བཟུང་ཆོས་སྲིད་གཉིས་ཀ་སྡེ་དགེ་ཚང་ནས་བཟུང་ཞིང་ཁྱད་པར་ཆོས་ཕྱོགས་ལོ་གསུམ་རེའི་མཚམས་བསྐོས་བླ་རེ་བྱོན་སྲོལ་ཡོད་ཅིང་རྩང་དོར་ནས་བྱོན་པའི་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སོགས་མཁན་བརྒྱུད་རིམ་བྱོན་སྡེ་དགེར་བྱོན་ཚད་ཐམས་ཅད་ཀྱང་དགོན་འདིར་ཕེབས་ནས་གསང་ཆེན་སྨིན་གྲོལ་གྱི་ལམ་མཆོག་ཟབ་ཅིང་རྒྱ་ཆེ་བའི་ཆོས་འཁོར་བགྲངས་ལས་འདས་པ་བསྐོར་ཞིང་སྐལ་པ་དང་ལྡན་པའི་གང་ཟག་མང་པོ་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ལ་བཀོད་པར་གྲགས་ཀྱང་ལོ་རྒྱུས་ཕལ་ཆེར་བརླག་སོང་བས་ད་སྐབས་མཁན་པོ་རྣམས་ཀྱི་ཞལ་རྒྱུན་ཙམ་ལས་ཡི་གེ་མི་སྣང་། དེ་ནས་རབ་བྱུང་བཅུ་གཅིག་པའི་མགོ་ཙམ་ནས་ཁྲོམ་དགེ་གོང་འོག་གཉིས་བྱུང་ཞིང་། གོང་མ་ཚང་ལ་རང་གྲོལ་ཞེས་བྱ་བའི་གྲུབ་བརྙེས་ཀྱི་སྐྱེས་བུ་ཞིག་བྱོན་ཞིང་བླ་མ་དེས་ཆོས་སྡེ་འདིའི་བདག་པོ་མཛད་ཅིང་སློབ་ཚོགས་བསྐྱངས། དེ་ནས་བླ་རབས་གསུམ་ཙམ་ལ་ཆོས་འཁོར་འདིའི་བདག་པོ་མཛད། དེ་ནས་ཁྲོམ་དགེ་བྱམས་པ་མི་འགྱུར་ཞེས་བྱ་བའི་བྱང་སེམས་ཆེན་པོ་ལ་གནས་པ་ཞིག་བྱུང་སྟེ་དེས་ཀྱང་ཆོས་འཁོར་འདི་ལ་གཟིགས་རྟོགས་མཛད། དེ་དག་གི་སྐབས་སུའང་སྡེ་སྒེའི་བླ་མ་མངགས་ཏེ་རྒྱུན་མ་ཆད་ཅིང་ངོར་བ་མཁན་ཆེན་ཁམས་སུ་བྱོན་ཚད་ཀྱི་ཞབས་བཅགས་ཤིང་སྨིན་གྲོལ་བདུད་རྩིའི་དགའ་སྟོན་ལ་ལོངས་སྤྱོད་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། དེ་ཡན་རྡོ་ཁོ་རུ་ཆགས་པའི་སྐབས་སོ།། དེ་ནས་ལྕགས་མོ་རོང་དུ་ཉག་རྐེད་མགོན་པོ་རྣམ་རྒྱལ་ཞེས་བྱ་བའི་དཔོན་ངན་ཞིག་གིས་དགོན་པ་བརླགས་ཏེ་ཤུལ་མེད་དུ་བཏང་། དེ་ནས་རྗེ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་དགོན་པ་མཆོད་རྟེན་ལུང་མདོར་སྤོས་ན་ལེགས་ཚུལ་གྱིས་ལུང་བསྟན་གནང་། དེར་རྟེན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་ས་གཟིགས་ཤིང་། མདུན་རི་བཀྲ་ཤིས་རྟགས་བརྒྱད། དགོན་ས་པདྨའི་དབྱིབས། གནམ་ལ་འཁོར་ལོ་རྩིབས་བརྒྱད། ཕྱོགས་བཞིར་སྲུང་བཞི་ཚང་། མཚམས་བཞིར་དཔལ་བཞི་ཚང་སོགས་ས་དཔྱད་ལེགས་ཤིང་ཁྲོམ་ཡུལ་གྱི་ལྟེ་བ་ལྟ་བུ་ཡིན་པས་ལེགས་ཚུལ་གསུང་ཤིང་ཆགས་པ་ནི་དགོན་གཉིས་པ་ལགས།

[page 295] གཉིས་པ་དེ་བཏབ་ཚུལ་ནི། སྡེ་དགེའི་གཉེར་ཆེན་བྱ་དགོད་པདྨ་ལེགས་གྲུབ་ཀྱིས་ཁྲོམ་ཐའི་རྒྱུ་ནོར་བསྡུས། ཁོ་རང་གིས་ཀྱང་ནོར་རྫས་གནང་། གྱང་དཔོན་དང་ཤིང་བཟོ། ལྷ་བཟོ་སོགས་ཕར་ཆེར་སྡེ་དགེ་དང་ཁྲོམ་ཐ་གཉིས་ནས་བྱས་ཏེ་ཕྱག་བཏབ་མཛད། རྡོ་ཁོ་ཆགས་ནས་མཆོད་རྟེན་ལུང་མདོར་སྤོ་བའི་བར་དགེ་བསྐོས་ཀྱི་རབས་བརྒྱ་དང་བརྒྱད་ཅུ་སོང་ཞེས་གྲགས་དེ་ནས་བཟུང་གདན་ས་པ་ནི། རྒྱ་སྐོར་བླ་རབས་རྣམས་དང་། ཁྲོམ་དགེ་གཟུངས་སྤྲུལ་གཉིས་ནས་མཛད། གཟུངས་སྤྲུལ་གྱི་སྐུ་ཚེའི་སྨད་ཞིག་ཏུ་འདུ་འཛི་ལས་བྱོལ་ཏེ་རྡོ་ཁོ་རི་ཁྲོད་བཏབ་ཅིང་དེར་བཞུགས། དེ་ནས་ན་ཐ་སྤྲུལ་བསོད་ནམས་མཆོག་གྲུབ་དང་། རྒྱ་སྐོར་སྤྲུལ་སྐུ་གཉིས་ནས་མཛད་ཅིང་། དེ་འཕྲོར་ན་ཐ་སྤྲུལ་འཆི་མེད་རིག་འཛིན་དང་རྒྱ་སྐོར་སྤྲུལ་འཕྲིན་ལས་རྒྱ་མཚོ་གཉིས་ནས་གསར་བརྗེ་ལ་ཐུག་པ་ཡིན་ནོ།། གདན་ས་དེ་དག་ཏུ་ཆོས་འཆད་ཉན་གྱི་སྒོ་ནས་འགྲོ་དོན་འཕྲིན་ལས་སྤེལ་ཚུལ་ནི། ཐང་སྟོང་པ་དང་ངོར་བ་དེ་དག་གི་རྣམ་ཐར་ན་གསལ་བས་འདིར་འབྲི་མ་ནུས། དེ་ནས་དགོན་ས་གཉིས་པ་ཁྲོམ་དགེ་ཚང་བླ་རབས་རྣམས་ནི་དེའི་ཆོས་འབྱུང་ལོ་རྒྱུས་ན་གསལ་ཞིང་སྐུ་མདུན་སྐུ་ཕྲེང་བཞི་བ་འཇིགས་མེད་མདོ་སྔགས་བསྟན་གྱི་སྐུ་ཚེ་སྨད་ཞིག་ཏུ་ཁྲོམ་དགེ་རི་ཁྲོད་དེང་སང་ཡོད་པ་དེ་བཏབ་ཅིང་དེར་ཆོས་འཁོར་དང་ཕྲིན་ལས་བསྐྱང་ཚུལ་ནི་སོ་སོའི་རྣམ་ཐར་ན་གསལ། དེ་ནས་ན་ཐ་སྤྲུལ་བསོད་ནམས་མཆོག་གྲུབ་ནི། རྫོག་སྤྲུལ་བཞི་བའི་ལུང་བསྟན་ལས། འདི་ནས་ལོ་ནི་བཅུ་ཕྲག་གཉིས་ཀྱི་དུས། གསལ་བྱེད་དང་པོ་ཀ་ཡི་མིང་ཅན་ལས། ཉང་རལ་སྤྲུལ་པ་ཁྲོམ་གྱི་ཕྱོགས་སུ་འབྱུང་། ཞེས་པའི་ནང་དོན་ལྟར་རབ་བྱུང་བཅོ་ལྔ་བའི་ཤིང་གླང་ལོར་ཡབ་བླ་ཁོ་ངག་དབང་རིན་ཆེན་དང་ཡུམ་མང་བཟའ་ཀ་རྡོ་གཉིས་ཀྱི་སྲས་སུ་འཁྲུངས་ནས་དགུང་གྲངས་དྲུག་ཅུའི་བར་བཞུགས་ཤིང་གསན་བསམ་སྒོམ་གསུམ་མཐར་ཕྱིན། གསར་རྙིང་རིས་མེད་ཀྱི་སློབ་ཚོགས་མང་པོར་སྨིན་གྲོལ་གདམས་པའི་བདུད་རྩི་བསྩལ་ཞིང་འགྲོ་དོན་མཛད་པ་ནི་ཁོང་གི་རྣམ་ཐར་ན་གསལ། དེ་ནས་ཐ་སྤྲུལ་འཆི་མེད་རིག་འཛིན་དང་། རྒྱ་སྤྲུལ་སྐུ་གཉིས་ནས་དགུང་ལོ་སུམ་ཅུ་ལྷག་ཙམ་བར་ཆོས་སྡེ་འདིར་འགྲོ་དོན་མཛད། བཅོས་བསྒྱུར་སྔོན་ལོ་ལན་ཐ་སྤྲུལ་སྐུ་གྲོང་ཞིང་། སྒྱ་སྐོར་སྤྲུལ་སྐུ་༡༩༦༠ལོར་རི་ལ་བྱོན་ནས་སྐུ་གྲོངས་སོང་། སྒྲུབ་མཆོད་ཡོད་ཚུལ་ནི་སྔར་དགོན་རྙིང་གི་དུས་སུ་ཡང་དབྱར་བདེ་གསང་གཉིས་དང་ཀྱེ་རྡོར་གསུམ་འཚོགས་རྒྱུ་ཡོད་ལ་དགུན་ལོ་གསར་དུས་འཇིགས་བྱེད་རང་ལུགས་ས་ཕུར་གཉིས་ཡོད་ཅིང་། གཟུངས་སྤྲུལ་གྱི་སྔོན་ཙམ་ལ་གཉེར་ཆེན་པདྨ་ལེགས་གྲུབ་ཀྱིས་རྫོགས་ཆེན་མཁན་པོ་སྐལ་བཟང་སྨོན་ལམ་ཞུ་བ་སྤྱན་དྲངས་ཏེ་དབྱར་གནས་བཙིགས་ན་ཐ་སྤྲུལ་སྐུའི་དུས་ཙམ་ལ་མཁར་ཐ་མ་མཁན་འདུས་པ་རྒྱ་མཚོ་ཞུ་བས་ཀུན་རིག་སྒྲུབ་མཆོད་ས་ག་ཟླ་བར་བཙུགས་ནས་བཟུང་ཀུན་རིག་སྒྲུབ་མཆོད་ཀྱང་ཡོད། མདོར་ན་བདེ་མཆོག་གསང་འདུས་ཀྱེ་རྡོར་ཀུན་རིག་བཞི་སྟོན་ཟླ་བ་བརྒྱད་པའི་ནང་འཚོགས། དགུན་ཟླ་ཐ་ཆུང་མཇུག་དུ་འཇིགས་བྱེད། ལོ་གསར་དུས་ས་སྐྱའི་ཕུར་སྒྲུབ། ས་ག་ཟླ་བར་ཀུན་རིག་སྒྲུབ་མཆོད་ཆེན་མོ། ཆུ་སྟོད་ཟླ་བར་དབྱར་གནས། རྒྱུན་དུ་མགོན་ཁང་ནང་གསོལ་ཀ་འདོན་རྒྱུ་བཅས་ཁྱོན་སྒྲུབ་ཁག་[page 296] བརྒྱད་ཙམ་གྱི་དུས་མཆོད་ལོ་རྟག་པར་འཚོགས་རྒྱུ་ཡོད། ལོ་གསུམ་རེ་སོང་ན་དགེ་བསྐོས་སོགས་བརྗེ་འཚམས་ཡིན་ལ་དེ་དུས་སྟོ་གྲྭ་འཚོགས་ཤིང་། ཁྲོམ་འཛོམས་ཤོད་བཅས་འདུས་སྲོལ་ཡོད་ཅིང་དེ་དུས་བདུད་འདུལ་ཕུར་སྒྲུབ་ཞིག་ཀྱང་འཚོགས་རྒྱུ་ཡོད། སྒྲུབ་མཆོད་སྐབས་ཚོགས་གྲྭ་བདུན་བརྒྱ་ལྷག་ཙམ་ཡོད་མྱོང་། ཉིས་བརྒྱ་དང་། བརྒྱ་ལྔ་བཅས་ཡར་མར་རེ་ཚོགས་ནམ་འཚོགས་དུས་ཡོད། སྟོང་གྲྭའི་དུས་དགོན་པ་གཞན་རྣམས་ཀྱང་བྱོན་སྲོལ་ཡོད་ཕྱིར་གྲྭ་སྟོང་གཅིག་དང་སུམ་བརྒྱ་ལྷག་ཙམ་ཡོད་ཡོན་བདག་གམ་འཚོ་བའི་མཐུན་རྐྱེན་སྦྱོར་ཚུལ། སྡེ་དགེའི་རྒྱལ་བོ་ཐར་ནས་བཟུང་རྒྱལ་རབས་རྣམས་ཀྱིས་སྦྱིན་བདག་དང་རང་ཡུལ་གྱི་དུད་རྣམས་ལ་དབྱར་ཐོག་སློང་མོ་བྱས་ནས་ཚོགས་སྒྲུབ་མཆོད་རྣམས་འདོན། ཡོན་གྱི་སྒོ་རྣམས་མ་རྩ་བྱེད། དེ་སྟེང་མཁན་སྤྲུལ་སོགས་ཕྱོགས་སོ་སོར་འབུལ་སྡུད་བྱོན། གཉེར་ཆེན་པདྨ་ལེགས་གྲུབ་ཚུན་ཆད་དུ། གཙོ་མདོ་དང་། འཛིང་ཁོག་གཉིས་སུ་ས་ཞིང་ཡང་ཡོད། དེ་དག་གི་འོང་འབབ་ཕྱོགས་བསྡུ་བྱས་ཏེ་ཚོགས་པ་ལས་སྦྱིན་བདག་གཞན་མེད། བཤད་སྒྲུབ་གཉིས་ཡོད་ཚུལ་ནི། ན་ཐ་སྤྲུལ་སྐུའི་སྐུ་ཚེ་སྨད་ཙམ་ལ་རྫོང་གསར་གི་མཁན་པོ་འཆི་མེད་ཞུ་བ་ཕེབས་ནས་བཤད་གྲྭ་བ་ལྔ་བཅུ་ཙམ་བཙུགས། སྡེ་གཞུང་མཁན་པོ་ཆོས་འཕེལ་ཀྱང་བྱོན་ནས་མདོ་སྔགས་རིག་གནས་བཅས་པ་རྒྱ་ཆེར་གནང་། དེ་རྒྱལ་ཁམས་ཕྱེ་མཁན་པོ་ཐུབ་བསྟན་སྙན་ཞུ་བ་ཡང་བྱོན་བཤད་གྲྭའི་མཁན་པོ་མཛད། གཞན་ཡང་རང་ཡུལ་མཁན་པོ་ཨ་སྐོམ་བཀྲ་གཅེས་སོགས་བྱོན་ནས་ལོ་བཅུ་ཕྲག་ལྷག་ཙམ་ལ་བཤད་གྲྭ་ཡོད། དེ་ནས་བཅོས་བསྒྱུར་ལ་ཐུག་སོང་། སྒྲུབ་གྲྭའམ་རྒྱུན་གྲྭ་ཉི་ཤུ་ཙམ་ན་ཐ་སྤྲུལ་སྐུའི་དུས་ཡོད་ཅིང་། ཁོང་གསར་རྙིང་རིས་མེད་ཀྱི་བླ་མ་ཡིན་སྟབས་ས་སྐྱའི་ལམ་འབྲས་དང་རྙིང་མའི་རྫོགས་ཆེན་སྙིང་ཐིག་གསུང་ཏེ་སྒྲུབ་བླ་མཛད། གཞན་ཡང་རྒྱ་རྩེ་ས་རབ་ཀརྨ་འཇམ་དབྱངས་དང་ཨ་འཁམ་བློ་གྲོས་བཟང་པོ་སོགས་མཁན་པོ་མང་ཙམ་གྱིས་སྨིན་གྲོལ་གི་ཆོས་གསུངས་ཤིང་སྒྲུབ་བླ་མཛད། མདོར་ན་ལོ་བཅུ་ཕྲག་ལྔ་ལྷག་ཙམ་རིང་སྒྲུབ་གྲྭ་ཆད་མེད་ཡོད། ལྷ་དང་མཆོད་རྫས་སོགས་ཡོད་ཚུལ་ནི་གསེར་ཟངས་ལས་གྲུབ་པའི་ཐུབ་གྲོང་གཤེགས་མ་ཁང་རྩེགས་ཅན། འོད་དཔག་མེད་ཁང་རྩེགས་ཅན། སྒྲོལ་མ་ཁང་རྩེགས་ཚད་ཅན། གཞན་ཁྲུ་གང་ཙམ་གྱི་གནས་བརྟན་བཅུ་དྲུག། གོང་མ་རྣམ་ལྔ། རིག་གསུམ་མགོན་པོ། སྒྲོལ་མ་ཉེར་གཅིག། དེ་མིན་ལི་གཏེར་གྱི་རིགས་མཐོ་གང་ཅན་དེ་ལས་ཆུང་སོགས་རྒྱ་ཕྲག་ལྷག་ཙམ་ཡོད་པའི་གསེར་ཁང་བདུན། བཀའ་འགྱུར་ཆ་བཅུ་གསུམ། བསྟན་འགྱུར་ཆ་བརྒྱ་དང་ཉེར་ལྔ། གསེར་ཐང་། རྒྱ་ཧོར་བལ་གསུམ་གྱི་རོལ་མོ་བཅུ་ཕྲག་ལྷག། སིལ་སྙན་ལྔ། གླིང་བུ་ཆ་བདུན། དུང་དམར་ཆ་དྲུག། དུང་དཀར་ཆ་དགུ། རྐང་གླིང་ཆ་ལྔ། ད་དུང་འཕན་གདུགས་རྒྱལ་མཚན་བླ་རེ་ཐང་ཀ་ཆེ་ཆུང་། ཙན་དན་ལས་གྲུབ་པའི་གུར་ལྷ་བརྒྱད་སོགས་ལྷ་མང་པོ། ཚོགས་ཟང་ཆེ་བ་དེང་སང་ཡོད་རྒྱུ་ལྟ་བུ་གཉིས། དེ་བས་ཆུང་བ་བཅུ། འདྲེན་སྐྱོག་ཉེར་ལྔ་འདྲེན་ཟོ་ཉེར་ལྔ་སོགས་ཡོད་ཅེས་གནའ་བོའི་བན་རྒན་རྣམས་ལ་བཤད་རྒྱུ་འདུག།

[page 297] དེང་གི་གནས་ཚུལ་ནི། དེ་ནས་བཅོས་བསྒྱུར་བྱས་ཏེ་མི་ལོ་སུམ་ཅུ་ལ་ཆོས་དང་དགོན་པའི་མིང་ཕལ་ཆེར་མེད་པར་གྱུར། གཙུག་ལག་ཁང་གྱི་གོག་སྤེན་རྒྱ་མན་ཡོད་པ་ཙམ་ལས་ཚང་མ་ཤུལ་མེད་དུ་གྱུར། དེ་རྗེས་༡༩༨༤ལོར་ཆོས་སྡེ་འདིའི་ཆོས་སྒོ་ཕྱེས། བླ་མ་ཨ་ཚུལ་དང་མཁན་རིན་པོ་ཆེ་ཤེས་རབ། མཁན་ཆེན་དགེ་ལེགས་དཔལ་བཟང་གཉིས་ཀྱི་གཙོས་བླ་གྲྭ་དང་མི་མངས་ཚང་མས་རང་སྟོབས་རང་སྤེལ་གྱིས་དགོན་པ་གསར་བཞེངས་དང་ཚོགས་བཙུགས་སྒོ་མཛད། དེ་ཡང་མཁན་ཆེན་བློ་བཟང་དཔལ་ལྡན་ཤེས་རབ་ཁོང་ནི། གསར་རྙིང་རིས་མེད་པའི་ཆོས་ལ་གསན་བསམ་སྒོམ་པ་མཐར་ཕྱིན་པར་མཛད་ཅིང་མཁས་བཙུན་གྲུབ་པའི་གོ་ས་མཐོན་པོར་གྱུར། ཁོང་གི་དཔལ་ལྡན་ས་སྐྱའི་སྨིན་གྲོལ་རྣམས་དང་རབ་བྱུང་འདུལ་བའི་བསྟན་པའི་མེ་རོ་གསོ་བར་མཛད་ཅིང་། མེ་ཉག་དང་ཉག་རོང་། ལི་ཐང་། སྡེ་གཞུང་། ཧོར་སྟོད་སྨད། ཕྱག་ཕྲེང་། ཁྲོམ་ཡུལ་སོགས་སུ་ཞལ་སློབ་གྲངས་མང་ཞིང་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་བྱས་དང་བྱེད་བཞིན་པ་འདི་ལགས་སོ།། དེས་ན་ཁོང་རྣམས་ཀྱིས་བདག་རྐྱེན་དང་མི་དམངས་ཚང་མས་དཔལ་འབྱོར་གྱི་རྒྱུ་རྐྱེན་ལས་གཙུག་ལག་ཁང་ཆེ་ཆུང་གཉིས་དང་ཇ་ཁང་སྟེང་རྩེག་གཅིག་ཅན། གཉེར་ཁང་སྟེང་རྩེག་ཅན་གཅིག། གཞན་ཟང་སྐུ་ཁང་རྩེག་མཉམ་པ་དྲུག། རག་སྐུ་ཆ་ཤས། རོལ་མོ་གསར་རྙིང་ཙམ་ཉི་ཤུ། གླིང་བུ་གཉིས། དུང་དཀར་དམར་སོགས་འགྲུབ་པ་དང་། ད་ལོ་བཤད་གྲྭ་དྲུག་ཅུ་ཙམ་དབུ་བཙུགས་པ་དང་། ཚོགས་དུས་མཆོད་རྣམས་ཀྱང་ལམ་ལུགས་རྙིང་པའི་སྐབས་གང་ཡོད་ཐམས་ཅད་མ་ཆད་ཙམ་མཆིས་སོ། ས་ཆ་མེད་རྐྱེན་གྱིས་གྲྭ་ཁང་བཟང་པོ་གཅིག་ཙམ་མ་གཏོག་མི་སྣང་ངོ་། གཞན་ཡང་ཁྲོམ་སྟོད་སྨད་ཀྱི་བླ་མ་ཡོངས་གྲགས་ཀུན་ཀྱང་ཆོས་སྡེ་པོ་འདིའི་ནང་ནས་བྱོན་པ་ཤ་སྟག་ཡིན་ཏེ། རྒྱ་རྩེ་བློ་བཟང་རྒྱ་མཚོ། གཏེར་སྟོན་པད་མ་ཡེ་ཤེས། བླ་མ་བཀྲ་ཚེ། རྒྱ་ཚེ་ཨ་རབ། ཨ་འཁམ་བླ་མ་བློ་གྲོས་བཟང་པོ། ཆེ་ཡོས་ཀརྨ་འཇམ་དབྱངས། ཁྲོམ་དགེ་མཆོག་སྤྲུལ། མཁན་འདུས་པ་རྒྱ་མཚོ་སོགས་ནས་ད་ལྟའི་མཁན་ཆེན་ཤེས་རབ། མཁན་རིན་པོ་ཆེ་དགེ་ལེགས། བླ་མ་ཨ་ཁྱུག། མཁན་ཡེ་ཤེས་བཟང་པོ་སོགས་མཁས་གྲུབ་དམ་པ་རྣམས་ཀྱང་དང་པོ་དགོན་སྡེ་འདིར་གྲྭ་བཙུན་དཀྱུས་མའི་རྣམ་པར་ཞུགས་ཏེ་མཁས་གྲུབ་ཀྱི་གོ་ས་མཐོན་པོར་ཕྱིན་པ་ཡིན་ནོ།། ལར་ཐང་སྟོང་པས་རྡོ་ཁོར་དུ་དགོན་ས་དང་པོ་བཏབ་པ་ནས་བཟུང་མཆོད་རྟེན་ལུང་མདོར་སྤོ་བའི་བར་དང་། དེ་ཕན་ནས་དབུ་རྒྱ་བོའི་བར་དང་། དེ་ཚུན་ཆད་ཀྱི་བར་རྣམས་ཀྱི་བླ་མ་ཕལ་ཆེར་ཚེ་བློས་བཏང་གི་རྣལ་འབྱོར་རི་ཁྲོད་པ་ཤ་སྟག་བྱོན་སྟབས་འདི་བྱ་འདི་བྱས་ཀྱི་ལོ་རྒྱུས་བྲི་བ་ལ་གཙིགས་སུ་མ་མཛད་པས་བླ་མ་རྣམས་ཀྱི་ལོ་རྒྱུས་གསལ་བོར་མི་སྣང་། ངོར་ཀྱི་མཁན་རྒྱུད་རིམ་བྱོན་རྣམས་ཀྱི་རྣམ་ཐར་ན་རྡོ་དགོན་དུ་བྱོན་ཚུལ། སྨིན་གྲོལ་གདམས་པའི་བདུད་རྩི་གནང་ཚུལ་དེ་དུས་བླ་མ་དང་མཁན་པོ་འདི་ཞེས་བྱ་བ་མཁས་གྲུབ་ཀྱི་སྐྱེས་བུ་ཡོད་ཚུལ་སོགས་བཞུགས་འདྲ་ཡང་ཡིག་ཆ་སོགས་མ་རྙེད་པའི་འབྲི་རྒྱུ་མ་རྙེད། རྡོ་ཁོ་དགོན་བཤད་གྲྭ་ནས་བྲིས་པ་ལྟར་བསྒྲིགས།

རབ་མཐོ་དགོན་གྱི་ལོ་རྒྱུས།

[page 298] ཐོག་མའི་ཕྱག་འདེབས་ཚུལ་ནི་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱིས་རབ་བྱུང་གསུམ་པའི་ཆུ་སྟག་(སྤྱི་ལོ་༡༡༨༢)ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་དྲུག་ལ་འཁོན་དཔལ་ཆེན་འོད་པོ་དང་། ཡུམ་མ་གཅིག་གར་བུ་མ་ཁྲི་ལྕམ་གཉིས་ཀྱི་སྲས་སུ་ས་སྐྱར་འཁྲུངས། འཇམ་དབྱངས་ས་སྐྱ་པཎྚི་ཏ་ཆེན་པོ་ནི། སྐྱེ་བ་ཉི་ཤུ་རྩ་ལྔར་རྗེ་བཙུན་བརྟན་པའི་ཁོར་ལོས་དགེ་བའི་བཤེས་སུ་མཛད་ནས། སྐུ་ཚེ་འདི་ལ་ཡང་ཕྱི་ནང་རིག་པའི་གནས་མཐའ་དག་ལན་རེའམ་ཐོས་པ་ཙམ་གྱིས་ཁོང་དུ་ཆུད་པ་ཆུང་ངུའི་དུས་ནས་སཾ་ཀྲི་ཏའི་སྐད་སྨོས་པ། ལྷག་པར་ལམ་ཟབ་བླ་མའི་བྱིན་རླབས་ལ་བརྟེན་ནས་རྗེས་བཙུན་གྲགས་པ་རྒྱལ་མཚན་དང་། འཇམ་དཔལ་དབྱངས་དབྱེར་མེད་དུ་ཞལ་གཟིགས་པས་ཕྱི་ནང་གསང་བའི་རྟེན་འབྲེལ་ཐམས་ཅད་འགྲིགས། མཁས་ཤིང་གྲུབ་པའི་ཡོན་ཏན་དང་། གཞན་ཕན་ཕྲིན་ལས་ཀྱི་ཀློང་རྡོལ། འཕགས་ཡུལ་ནས་རྒྱ་ནག་གི་བར་དུ་སྙན་པའི་གྲགས་པས་ཁྱབ། གཞན་ཡང་གསང་བའི་གནས་ནི་ལྟར་མི་མངོན་པ་དང་། དབུའི་གཙུག་ཏོར་མཆོག་ནི་གསལ་པོར་འཕགས་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་གཡས་སུ་འཁྱིལ་བ་སོགས་ཡོན་ཏན་དུ་མ་དང་ལྡན་ནོ།། རིག་པའི་གནས་མཐའ་དག་ལ་ཤིན་ཏུ་བྱང་ཞིང་འཇིག་རྟེན་པའི་ལྷ་ལས་དངོས་གྲུབ་ཐོབ་པ། ཕྱི་རོལ་པའི་སྟོན་ཆེན་འཕྲོག་བྱེད་དགའ་བོ་སོགས་དྲུག་ལུང་དང་རིག་པ་མན་ངག་གསུམ་གྱི་སྒོ་ནས་བརྟུལ། ལྷག་པའི་ལྷས་རྗེས་སུ་བཟུང་བའི་མཐུ་ལ་བརྟེན་ནས་ནང་པའི་བསྟན་པ་ལ་བཅུག སྔར་པཎ་ཆེན་ཤཱཀྱ་ཤྲཱིའི་ལུང་བསྟན་དང་ལྷག་པར་རྗེ་བཙུན་གྲགས་པ་རྒྱལ་མཚན་གཤེགས་ཁའི་ཞལ་གདམས་སུ་ཁྱེད་ཚེ་མཇུག་ཧོར་གྱི་འབོད་མི་འོང་བས་ཅི་ནས་ཀྱང་སོང་ཞིག ཅེས་ལུང་བསྟན་པ་ལྟར་དགུང་ལོ་རེ་གཉིས་བཞེས་པ་རབ་བྱུང་བཞི་པའི་ཆུ་ཡོས་སྤྱི་ལོ་༡༡༤༣ལོར་ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་གོ་དན་རྒྱལ་པོས་སྤྱན་འདྲེན་ཕོ་ཉ་མངགས་ཏེ་གདན་འདྲེན་དང་དེའི་དུས་རྗེ་ཅུང་ཟང་ཚ་བསོད་ནམས་མཚན་ལ་སྲས་བརྒྱད་བྱུང་བའི་ནང་ནས་མཆོག་ཏུ་གྱུར་བ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགུང་ལོ་བཅུ་པ་དང་། ཕྱག་ན་དགུང་ལོ་བདུན་པ་ཆོས་རྗེས་ས་སྐྱ་པཎྚི་ཏས་ཕྱག་ཕྱིར་མཉམ་ཁྲིད་ཀྱིས་ཧོར་གྱི་འཚམས་སུ་བྱོན་ཞོར་དུ་གདན་ས་འདི་ལ་དམ་པའི་ཆོས་དར་སྤེལ་བྱུང་བ་དང་ཞབས་ཀྱིས་བཅགས་པ་བསྟན་པའི་གཞི་དུས་དེ་ནས་དར་སྤེལ་བྱུང་བར་ངེས། འགྲོ་མགོན་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་ནི། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་མིའི་སྲིད་པར་བཟུང་བས། ཐོག་མ་ནས་རིགས་དང་བརྩེ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་སོགས་གཞན་ལས་ཁྱད་པར་དུ་གྱུར་པས། འཕགས་པ་ཞེས་པའི་མཚན་གྱི་མེ་ཏོག་ཕྱེ། རིག་པ་གྲོལ་བའི་སྤོབས་པ་ཟད་མི་ཤེས་པའི་གཏེར་བརྡོལ། ཡན་ལག་ལྔ་མཚོན་རྣོན་པོས་སོ་སོར་ཕྲལ་བས་རྒྱལ་བའི་རིགས་ལྔའི་སྐུའི་བཀོད་པ་བརྟན་པ་སོགས་རྫུ་འཕྲུལ་གྱི་སྤྱོད་པ་དང་། སྐུ་གསུང་ཐུགས་ཀྱི་མཛད་པ་ཕུན་སུམ་ཚོགས་པས་ཧོར་གྱི་རྒྱལ་པོའང་མི་ཕྱེད་[page 299] པའི་དད་པ་འཁྲུངས་ཏེ་དབང་བསྐུར་ལན་གསུམ་གསན། བསོད་ནམས་ཅན་གྱི་སེ་ཆེན་རྒྱལ་པོ་དང་མཆོད་ཡོན་དུ་འབྲེལ། སྐད་རིགས་མི་གཅིག་པའི་རྒྱལ་ཁམས་མང་པོ་ལ་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད། ཁྱད་པར་དུ་བོད་དང་བསྟན་འཛིན་རྣམས་ཀྱི་ཤེད་སྐྱེད་འདི་ནས་བཟུང་། གྲུབ་མཐའ་ལ་ཉེས་འཁོན་མེད་པར་བསྐྱངས་བས་ཡོངས་རྫོགས་བསྟན་པའི་བཤད་སྒྲུབ་དང་། གང་ཅན་གྱི་བདེ་སྐྱིད་ཉིན་མོ་ལྟར་གསལ་བར་མཛད་བཞིན་པའི་དུས་ནས། ཧོར་སེ་ཆེན་རྒྱལ་པོའི་བློན་དང་ལྡན་པ་རྣམས་ཀྱིས། བླ་མ་འཕགས་པ་ཡོན་མཆོད་དུ་འབྲེལ་ནས་བསྟན་པའི་ཞབས་ཏོག་སྒྲུབ་པ་ལ། གསང་སྔགས་ཕྱི་འགྱུར་གྱི་བསྟན་པའི་འགྲོ་དོན་རྒྱ་ཆེན་མཛད་ཅེས་ལུང་བསྟན་པར་ལྟར། གདན་ས་འདི་ལ་དཔལ་ས་སྐྱའི་གོང་མ་རྣམ་ལྔའི་ནང་ནས་དམར་པོ་རྣམ་གཉིས་ཀུན་དགའ་རྒྱལ་མཚན་དང་བློ་གྲོས་རྒྱལ་མཚན་མཐུ་ཆེན་ཨ་གཉན་དམ་པའ་ཕྱག་བཞེངས་རྡོ་རྗེ་ནག་པོ་ཆེན་པོ་མ་ཧཱ་ཀ་ལའི་སྣང་བརྙན་སྐུ་སྨན་འདམ་ལས་གྲུབ་པ་ཁང་རྩེག་ཞིག་དང་། མགོན་པོའི་སྤྲུལ་པ་དྲེགས་པའི་སྤུར་ཀྲ་མིང་སྲིང་གསུམ་དང་ལས་མགོན་གཉིས། ཨེ་ཀ་ཛ་ཏྲི་དང་འདོད་ཁམས་མའི་སྐུ་བརྙན། བོད་ལ་བཀའ་དྲིན་ཅན་གྱི་མཁན་སློབ་ཆོས་གསུམ་གྱི་བཀའ་བགྲོས་ཏེ་རྒྱལ་པོའི་དམག་གིས་བྷ་ངྷ་ཧོར་གྱི་སྒོམ་གྲྭ་བཅོམ་པས་ཀ་ཅའི་རྗེས་སུ་བེ་ཧར་འབྲངས་ཏེ་བྱུང་བར་དཀོར་བསྲུང་བཅོལ་བའི་རྒྱལ་པོ་གླང་ཆེན་སྣ་རིང་ཆིབས་སུ་ཡོད་པའི་སྐུ་བརྙན་ཕྱག་ཕེབས་གསར་དུ་བཞེངས། མགོན་ཁང་ཕྱི་ནང་གསང་གསུམ་གྱི་རྟེན་དང་བརྟེན་བཅས་སྤུས་ལེགས་ཞིག་བཞེངས་གྲུབ་རྗེས། ཆོས་རྗེ་ཁུ་དབོན་རྣམ་ཀྱིས་ཐུགས་དགོངས་ལ། སྔ་འགྱུར་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྒྱལ་བ་ཀཿཐོག་པ་དབུ་འོད་ཡེ་ཤེས་འབུམ་པས་བགེགས་བསྐྲད་དགོས་པའི་འགྲོ་དོན་ཡོད་པ་ལས་བགེགས་བསྐྲད་སྐབས་རྫུ་འཕྲུལ་ཡ་མ་ཟུང་གིས་མགོན་ཁང་རྟེན་དང་བརྟེན་པ་བཅས་ཕྱིར་བསྒྱུར་འགྲོ་བས་ཆོས་རྗེ་ཁུ་དབོན་རྣམས་ཀྱིས་རབ་གནས་མཛད་སྐབས་སྔར་བཞིན་རྟེན་དང་བརྟེན་བཅས་བཞུགས་སོ།། ལྷག་པར་གསང་སྔགས་གསར་རྙིང་གཉིས་ཀྱི་རབ་གནས་སྐབས་ནམ་མཁའ་ལ་འཇའ་ཚོན་གྱི་ཁ་དོག་བཀྲ་པ་དང་། ས་དང་བར་སྣང་ལ་མེ་ཏོག་གིས་སིལ་མ་བཀྲམ་པ་སོགས་ཡེ་ཤེས་པ་དངོས་སུ་ཞུགས་པའི་དགེ་ཚན་བཟང་པོ་མངོན་དུ་གྱུར། ཆོས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཟིགས། ཆོས་ཅན་གྱི་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་ཤར། རྡོ་རྗེ་ཆོས་སྐྱོང་རྣམས་ཀྱིས་བྲན་བཞིན་དུ་བྱ་བ་བྱེད། ས་སྐྱའི་བསྟན་པ་ཡུན་རིང་གནས་གྱུར་ཅིག རྟེན་འབྲེལ་གར་བབས་ལེགས་པའི་ས་ཕྱོགས་སུ། འཕགས་པ་བཞུགས་གསོལ་ཆོས་ཀྱི་གྲྭ་སྡེ་ཚུགས། མཐོང་ཐོས་འགྲོ་རྣམས་འཕགས་པའི་ཞིང་དུ་གྲོལ། ཞེས་པས་གཞན་ཡང་དག་སྣང་དང་ཞལ་གཟིགས་མཁས་བཙུན་གྲུབ་གསུམ་དང་ལྡན་པའི་བྱ་བ་བསྟན་པ་རིན་པོ་ཆེ་གསལ་བར་མཛད་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་དོན་རྒྱ་ཆེན་མཛད་པའི་བཀའ་དྲིན་གཞན་དང་བྲལ་བ་ཞིག་ཡིན་ནོ།། དེ་ལྟར་དགོན་འདིའི་ཕྱག་འདེབས་པ་པོའི་ཡོངས་གྲགས་ཀྱི་མཚན་དང་ཁོང་གི་མཛད་པ་རྣམ་ཐར་རག་ཙམ་ཞིག་གི་ལོ་རྒྱུས་བྲིས་ཟིན་པའོ།།

[page 300] གདན་རབས་རགས་རིམ་ནི་སྔར་བསྟན་པ་དང་པོ་ཆགས་དུས་སུ། ཧཱུཾ་ཆེན་ཀ་ར། རྨ་ཐོག་རིན་ཆེན་ཐང་སྟོང་རྒྱལ་པོའི་གཙོས་གྲུབ་ཆེན་བཅུ་གསུན་བྱོན་རབས་དང་། བར་དུ་རྒྱ་གདངས་སྣའི་བླ་རབས་བཅུ་གསུམ་བྱོན་རབས། མཐར་གཙང་ངོ་རི་ཨེ་ཝཾ་ཆོས་ལྡན་ཁངས་གསར་ཕོ་བྲང་ནས་མཁན་རབས་བཅུ་གསུམ་བྱོན་རབས་བཅས་ཡོད་པས་སྔོན་གྱི་ཡིག་ཆ་བཀའ་སྒམ་ཏེ་ངོ་རྒོལ་བཞི་ལ་བརྩིས་ནས་ཐམས་ཅད་བརླག་ཤོར་བས་ད་ལྟར་གསལ་པོ་མཚན་དང་དོན་མི་གསལ། གདན་ས་འདི་ལ་ཕེབས་པའི་བསྟན་འཛིན་གྱི་སྐྱེས་བུ་ཁྲི་པ་རིམ་བྱོན་རྣམས་ཀྱིས་རྣམ་ཐར་དང་ཆོས་འབྱུང་བཅས་གསལ་པོ་མི་གསལ། གོ་ཐོས་དང་བཤད་ཚུལ་མི་མཚུངས་པ་མང་ཡང་ཐམས་ཅད་ཕྱོགས་བསྡོམ་བྱས་ནས་མདོར་བསྡུས་ཙམ་བསྒྲིགས་པ་ཡིན་རབ་མཐོ་རྒྱ་དཀར་བླ་བྲང་གིས། རྒྱ་དཀར་བླ་མ་ནམ་མཁའི་ཐོག་ཟུངས་འཇམ་དབྱངས་ཤེས་རབ་བསྟན་འཛིན་ནི་ཁོང་གི་ལོ་ཉེར་བདུན་ལ་ཆོས་རྗེ་མཛད། དེ་ནས་གསང་སྔགས་ཐེག་མཆོག་གླིང་གིས་ནང་ཞུགས་འདུས་སྡེ་བློ་གསལ་རྣམས་ཆོས་ཁྲིམས་གསར་དུ་བསྡམས། དཔལ་ས་སྐྱའི་བཤད་སྒྲུབ་ཀྱི་བསྟན་པ་གོང་དུ་སྤེལ། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད། མཁྱེན་བརྩེ་ནུས་སྟོབས་ལྡན་པའི་འཕྲིན་ལས་བསྐྱངས། རྒྱུད་སྡེ་བཞི་དང་ནང་དོན་རིག་པའི་སྡེ་སྣོད་རྒྱ་མཚོ་ལྟ་བུ་གསན། སྒྲུབ་པ་ཉམས་ལེན་གྱི་བསྙེན་སྒྲུབ་མཐར་ཕྱིན་ནས་གྲུབ་པའི་དངོས་གྲུབ་བརྙེས། ལྷག་པའི་ལྷ་དུ་མས་ཞལ་གཟིགས། གནོད་བྱེད་ཨ་བདུད་གཅོད་པའི་ཆོ་འཕྲུལ་རྫུ་འཕྲུལ་གྱིས་ནམ་མཁའི་ཐོགས་བཟུང་། ཡི་དམ་ཆོས་སྐྱོང་རྣམས་བཀའ་ཡི་བྲན་ལས་བསྟན་དགྲ་གནོད་བྱེད་ཐམས་ཅད་མིང་མེད་ཉེ་བར་ཞི་བའི་ཕྲིན་ལས་མཛད། དེ་ལྟར་བླ་མ་དགེ་བའི་བཤེས་གཉེན་དེ་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་རྒྱས་ནས་ཐར་རབ་མཐོག་ནས་སུ་གཟུགས་སྐུ་ཆོས་དབྱིངས་ལ་ཐིམ། རབ་མཐོ་ཆོས་རྗེ་བླ་མ་དགེ་འདུན་རྒྱ་མཚོ་ནི་མི་ཉག་མགར་ཐར་དུ་སྐུ་འཁྲུངས་ནས་གདན་ས་འདིའི་གསེར་ཁྲིའི་སྟེང་ལ་མངའ་གསོལ། དཔལ་ས་སྐྱའི་གསང་སྔགས་ཀྱི་རྒྱུད་སྟེ་ཐམས་ཅད་ལ་ཕྱི་ནང་གསང་གསུམ་དོན་ལ་ཐོས་བསམ་སྒྲོ་འདོགས་བཅད་ནས། དང་པོ་ཐོས་བརྒྱ་ཆེ་བ་དང་། བར་དུ་ཉམས་ལེན་གྱི་གཞུང་ལུགས་ཐམས་ཅད་གདམས་པར་ཤར། མཐར་འབྲས་བུའི་བསྟན་པ་ཟབ་རྒྱས་སུ་སྤེལ་བ་ཡིན། བཀའ་དྲིན་ཟླ་བྲལ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་ལྟར་བྱོན་པ་ཡིན་ནོ།། དགེ་སློང་གཡུ་སྒྲ་སྙིང་པོའི་རྣམ་སྤྲུལ་དུ་གྲགས་པ་མཁས་བཙུན་ངག་དབང་ཀུན་བཟང་འཕྲིན་ལས་ནི། འཛིང་བ་ཡན་རྒྱག་ལེགས་ཁྱིམ་དུ་སྐུ་འཁྲུངས། རབ་མཐོ་དགོན་གྱི་བསྟན་པའི་མིང་རྒྱན་དུ་ལོ་བཅུ་གསུམ་ཁྲི་འཛིན། དགོན་འདིའི་བསྟན་པའི་རྩ་ལག་ཐམས་ཅད་ཉམས་གསོ་ཕུལ་དུ་བྱུང་བར་མཛད། ཤེས་བྱའི་གནས་ལ་མཁྱེན་རབ་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྒྱས། མཐར་དུས་དབང་གིས་བར་ཆད་ཀྱི་དབང་དུ་སོང་ནས་སྐུ་ཚེ་མཐར་མ་ཕྱིན་པར་གཤེགས་སོ།། འཇམ་དབྱངས་ཀུན་བཟང་ངེས་དོན་དབང་པོ་ནི། འདན་ལྷ་རྩེའི་ཁྱིམ་དུ་སྐུ་འཁྲུངས། རབ་མཐོ་དགོན་འདིའི་ཁྲི་ལ་ཕེབས་ནས་ལོ་ཉེར་གཅིག་ལ་བསྟན་པ་བསྐྱངས། ཁོང་གིས་ས་ངོར་ཚ་གསུམ་གྱིས་རང་སྐང་གིས་ཆོས་གང་ཡང་མི་མཁྱེན་པ་མེད། རྒྱུད་སྡེ་ཐམས་ཅད་དཀྱིལ་[page 301] འཁོར་ཞལ་བཀོད་སྒྲུབ་པ་ཐམས་ཅད་ཟབ་རྒྱས་དང་། རིག་པའི་གནས་མཐའ་དག་ལ་བརྩོན་ནས་འཆད་ཉན་དང་དབང་ལུང་ཁྲིད་གསུམ་དང་ཆོ་ག་ཕྱག་ལེན་ཐམས་ཅད་མཐར་ཕྱིན། ཡི་དམ་གྱི་ལྷ་ཐམས་ཅད་བསྙེན་སྒྲུབ་ལ་མཚམས་སུ་མ་བཞུགས་མེད་པར་ཆོས་ཁྲིམས་ཀྱིས་སྒྲུབ་པ་མཐར་ཕྱིན་ནས་བྱ་བ་རྟག་ཏུ་སྤེལ། བསྟན་འཛིན་གྱི་སྐྱེས་བུ་ཁོང་ལམ་འབྲས་སོགས་བསྙན་རྒྱུད་ཀྱིས་གདམས་ངག་ཐམས་ཅད་ཉམས་སུ་ལེན་པས་འབྲས་བུ་མངོན་དུ་གྱུར། གསུང་གི་བདུད་རྩི་བརྙེས་པའི་བྱིན་རླབས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཞིག་རྒྱས། དགོན་འདི་བའི་གཙུག་ལག་ཁང་ཉམས་གསོ་དང་སྐུ་གསུང་ཐུགས་རྟེན་ཡང་གྲངས་མང་བཞེངས། དེ་ལྟར་ཁོང་གིས་འགྲོ་དོན་ཆེན་པོ་མཐའ་རུ་ཕྱིན་ཏེ་སྐུ་མྱ་ངན་ལས་འདས་སོ། ཆོས་རྗེ་བླ་མ་ངག་དབང་བློ་གྲོས་བཟང་པོ་ནི་འཛིན་རྣམ་རྒྱལ་མགོན་ཁང་རྩར་སྐུ་འཁྲུངས། སྤོམ་འཛོང་དགོན་ཚོགས་སྒྲིག་ཆོས་གྲྭའི་ནང་ལོ་མང་བཞུགས། སྐུ་ན་གཞོན་ནུ་ནས་གས་ན་སྦྱངས་མཐར་ཕྱིན་ནས་མཁྱེན་རྟོགས་ཀྱི་རྩལ་རྫོགས་པས་དབང་ལུང་མན་ངག་སྒྲུབ་འཕྲིན་ཕྱག་བཞེས་ཕྲ་རགས་ཐམས་ཅད་ལ་བྱང་ཆུབ། སྔོན་ཤུལ་དམ་པ་རྣམས་ཀྱི་རྟེན་བཞེངས་སོགས་མི་ནུབ་པར་གོང་ནས་གོང་དུ་འཕེལ་བའེ་འགྲོ་དོན་མཛད་བཞིན་པ་ཉིད་དོ། ཁྲི་ཆེན་བླ་མ་མཁས་གྲུབ་བསྟན་འཛིན་ནི། སྡེ་དགེ་སྨན་ཤོད་གཏེར་རང་ནང་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་དབང་ལུང་ཟབ་ཁྲིད་སོགས་གསན་བསམ་ཕྱོག་མེད་མཛད། ཕྱི་ནང་གི་རིག་པ་མཐའ་དག་ལ་ཡང་སྦྱངས་པས་མཁས་པའི་རྩེར་སོན། རྫོངས་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནང་ལོ་དུ་མར་བཞུགས། ལྷག་པར་ཁམས་བྱེ་བཤད་གྲྭ་ནང་བཞུགས་ཏེ་སྔགས་རིག་གནས་ཐམས་ཅད་ལ་བློ་གྲོས་ཀྱི་པདྨ་རབ་ཏུ་རྒྱས། ཁོང་དགུང་ལོ་སུམ་ཅུ་གསུམ་དུ་རབ་མཐོ་དགོན་གྱི་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་ནས་མངའ་གསོལ། ཁོང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་མཁན་ཆེན་དམ་པ་གཞན་ཕན་སྙིང་པོ་གཉིས་ཀྱི་གསེར་ཁྲི་ལ་བཀོད། ཁོང་ཆུང་ངུ་ནས་སྔོན་གྱི་བག་ཆགས་ཉེ་བར་སད་པའི་སྟོབས་ཀྱིས་ངོར་མཁན་ཆེན་དམ་པ་གཞན་ཕན་སྙིང་པོ་དང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཉིས་ལས་དབང་ལུང་ཟབ་ཁྲིད་མན་ངག་ཕྱག་བཞེས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་གྱི་སྣོད་དུ་གྱུར་པས་ཐོས་བསམ་སྒོམ་གསུམ་གྱི་གཏན་ལ་ཕབ། ཁྱད་པར་གསང་སྔགས་གསར་རྙིང་གཉིས་ཀའི་ཆོས་ལ་མཁས་ཤིང་གྲུབ་པ་བརྙེས། སྤང་རྟོགས་ཀྱི་ཡོན་ཏན་དུ་མ་དང་ལྡན། སྒྲུབ་པ་མཐར་ཕྱིན་པས་ཡི་དམ་གྱི་ལྷའི་ཞལ་གཟིགས་ལུང་བསྟན་ཐོབ། མངོན་ཤེས་ཕྱོགས་མེད་དུ་ཤར་བས་མ་འོངས་འབྱུང་འགྱུར་ཐམས་ཅད་མངོན་སུམ་དུ་གཟིགས། འཁོརདང་ལོངས་སྤྱོད་གང་ལའང་ཐུགས་ཀྱིས་འཛིན་པ་མི་མངའ། དེ་ནས་ལོ་སུམ་ཅུ་ལྔ་ལ་དགོན་གནས་འདིའིཕྱི་ནང་གསང་གསུམ་གྱི་འདུས་སྟེ་རྣམས་ཀུན་སྤྱོད་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ་རྨང་གཞིར་བྱས་པའི་སོར་བྱང་སྔགས་གསུམ་དང་། རང་རང་གི་དགག་སྒྲུབ་བསླབ་སྡོམ་སྤྱི་དང་། ཁྱད་པར་དུ་ཉེས་བྱས་ཀྱི་སྡེ་ཚན་སོགས་མ་རྨོངས་པའི་རྩ་བཞི་ཆང་ལྔ་བཅས་གཏན་ནས་སྤངས་བ་ཆོས་སྤྱོད་ཀྱི་བྱ་བ་རྟག་ཏུ་སྤེལ་བ་སོགས་[page 302] འདུས་སྡེ་འདིའི་ཉམས་བཞེས་ཀྱི་ཆོས་བཀའ་གཙོ་བོ་ལས༏ཟབ་ཆོས་འདི་ལ་བརྟེན་ནས་མཛད་པ་བླ་ན་མ་མཆིས་པ་འདུལ་བའི་བསྟན་པ་ལ་བཀའ་དྲིན་ལྷག་པར་ཆེ་བ་ཡིན་ནོ།། ལྷག་པར་གཙུག་ལག་ཁང་དང་རྒྱ་གར་བླ་བྲང་ཞིག་གསོ་བཅས་བཀའ་དྲིན་སྐྱོང་བཞིན། དེ་ནས་གཟུང་དགོན་རྒྱ་ཆེར་ཕྱག་འདེབས་མཛད་པ་མ་ཟད་སློབ་མ་འདུས་ཚོགས་ཀྱང་དབྱར་གྱི་ཆུ་གཏེར་བཞིན་དུ་དར་རྒྱས་སུ་འཕེལ་བཞིན་ཡོད། ཁོང་ནི་མཁས་བཙུན་གྲུབ་པའི་ཡོན་ཏན་བསམ་ལས་འདས་པ་ཞིག་ཡོད་པ་ཞིག་ཡིན། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་གསུང་སྤྲུལ་རིན་པོ་ཆེ་རྫོངས་སར་བཀྲ་ཤིས་ལྷ་བརྩེ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་།། ཆོས་རྗེ་ཁྲི་ཆེན་བླ་མ་ཀུན་བཟང་བསྟན་འཛིན་ནི། སྡེ་དགེ་མཁར་གསུམ་མདོ་ཡུལ་ལ་སྐུ་འཁྲུངས། མཁར་མདོ་དགོན་འདུས་འཁོར་ནང་ལོ་མང་ཙམ་བཞུགས། མཁས་མཆོག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་ཁོང་རབ་མཐོ་དགོན་གྱི་ཁྲི་ལ་ཞབས་ཀྱི་པདྨ་བཀོད་དེ་མངའ་གསོལ་མཛད། ཁོང་སྐུ་ན་ཆུང་ངུའི་དུས་ནས་དམ་པའི་རིགས་སད་པའི་མཛད་པ་ངོར་ཨེ་ཝཾ་ཆོས་ལྡན་གྱི་ཕོ་བྲང་ནས་ངོར་ཆེན་རྡོར་རྗེ་འཆང་ཀུན་དགའ་བཟང་པོའི་དབང་ཁང་ནང་བྱོན་ནས། མཁན་ཆེན་དམ་པ་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་དང་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱན་མཚན་སོགས་སྐྱེས་ཆེན་དུ་མ་བསྟེན་ནས་དཔལ་ས་སྐྱའི་གསུངས་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་སོགས་དང་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ས་ སྐྱའི་གསེར་ཆོས་བཅུ་གསུམ་སོགས་ཐུན་མོང་མ་ཡིན་པའི་སྙེན་རྒྱུད་གྱི་གདམས་པ་ཟབ་མོ་གསན། དེ་ནས་དགེ་སློང་གི་བསླབ་པ་བཞེས་ནས་བསྙེན་པར་རྫོགས་པར་མཛད། ཐམས་ཅད་མཁྱེན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དངོས་སློབ་ཡིན་པས་སྙན་རྒྱུད་ཚད་མ་ལམ་འབྲས་སློབ་བཤད་སྒྲུབ་ཐབས་ཀུན་བཏུས་རིན་ཆེན་གཏེར་མཛོད་སོགས་གསར་རྙིང་རིས་མེད་པའི་ཟབ་ཆོས་རྒྱ་མཚོ་ལྟ་བུ་གསན། ཁོང་སྐུ་གཞོན་ནུ་དུས་ཁམས་བྱེ་བཤད་གྲྭ་ནང་ནས་འདུལ་འཛིན་མཁན་པོ་འཇམ་དབྱངས་རྒྱན་མཚན་ལ་བརྟེན་ནས་མདོ་སྔགས་ཐམས་ཅད་ལ་གསན་བསམ་གྱིས་སྒྲོ་འདོགས་ཆོད་པར་མཛད། ཐུན་མོང་ཕྱག་ལེན་དཀྱིལ་འཁོར་ཐིག་རྩ་བཅས་དགོས་མཁོ་ཕྱི་ནང་གི་རིག་གནས་ཐམས་ཅད་ལ་བྱང་ཆུབ་པའོ། དམ་པའི་ཆོས་འདུལ་ལ་སྦྱངས་ནས་ལྷ་སོ་སོའི་སྒྲུབ་པ་མཛད་པས་ཉམས་རྟོགས་རིག་པའི་རྟོགས་པ་ཚད་མེད་པ་འཁྲུངས། འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ངང་ལས་མ་གཡེང་བཞིན་དུ་དགོས་མེད་བྱ་བ་ཐམས་ཅད་ཐུགས་ལ་མི་མངའ་ཞིང་ཆོས་བརྒྱད་ཀྱི་སྣང་བ་ཐམས་ཅད་རྨི་ལམ་ལྟ་བུ་གཟིགས་ནས་རིག་པའི་རྒྱན་དུ་ཤར། མོས་གུས་ལྷོད་མེད་ཀྱི་དད་པས་བླ་མ་དང་ལྷག་པའི་དབྱེར་མེད་དུ་མཇལ་བས་ནང་ནས་ཡང་དག་པའི་ཡོན་ཏན་བརྙེས། ཕྱག་ལེན་དང་ཉམས་ལེན་ཕྲ་བ་ཐམས་ཅད་རང་བཟོ་མེད་པར་སྔོན་བྱོན་དམ་པ་རྣམས་ཀྱི་ཇི་བཞིན་འཁྲུལ་མེད་དུ་བསྐྱངསཆོས་ཀྱི་ཁྲི་ལ་ལོ་ཉེར་གཅིག་བཞུགས་ནས་ཆོས་དང་ཟང་ཟིང་གི་དགའ་སྟོན་སྤེལ། འདུས་སྡེའི་སྒྲིག་ལམ་ཀུན་སྤྱོད་སོགས་དམ་པ་གོང་མའི་ཞལ་རྒྱུན་བཞིན་གོང་འཕེལ་དུ་བཏང་། དེ་ལྟ་བུའི་སྐྱེ་འཆི་རང་དབང་ཐོབ་པའི་བླ་མ་[page 303] དེར། དུས་དབང་གི་བར་ཆད་བཞི་རྒོལ་མ་ཐུག་གི་བར་དུ་བསྟན་པའི་བྱ་བ་རྒྱ་ཆེན་མཛད་ནས། ས་མོ་ཕག་གི་ལོ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་སྔ་དྲོ་ངོ་མཚར་བའི་དགེ་མཚན་སྣ་ཚོགས་ཀུན་གྱིས་མཐོང་ནས་སངས་རྒྱས་བསྟན་པའི་དབུ་བརྙེས་ཐོ་ཙམ་བཙུགས་ཏེ་འཛིང་རྣམ་རྒྱལ་མགོན་ཁང་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པས་བདེ་བར་གཤེགས་སོ། སྐབས་འདིར་ཡང་གང་གིས་བླ་མ་འདིའི་ལོ་རྒྱུས་དང་རྣམ་ཐར་ཐམས་ཅད་ཡིད་སྐྱོ་བའི་སྒོ་ནས་ཟུར་ཙམ་བྲིས་པ་ཡིན་ནོ། དེ་ལྟར་རབ་མཐོ་རྒྱ་དཀར་བླ་བྲང་གིས་ཆོས་རྒྱུད་འདི་ལ་བྱུང་བའི་གྲུབ་ཐོབ་དང་བླ་རབས་མཁན་རབས་སོགས་བསམ་གྱི་མི་ཁྱབ་པར་བྱུང་མོད་ཀྱང་རྣམ་ཐར་དང་ལོ་རྒྱུས་ཞིབ་རྒྱས་མ་རྙེད་པའི་རྐྱེན་གྱིས་འདིར་རྗེས་འབྲེལ་དང་བཅས་པ་ཇི་ལྟར་བྱུང་ཚུལ་ལོ་རྒྱུས་རགས་ཙམ་ཞི་བརྗོད་ཟིན་ཏོ།།

བཤད་སྒྲུབ་ཀྱི་སྲོལ་ཚུགས་ཚུལ། ཆོས་རྒྱུད་ནི་དཔལ་ལྡན་ས་སྐྱ་པ་ཞེས་འཛམ་གླིང་གི་རྒྱན་གཅིག་པུར་གྱུར་པ་འདི་ཉིད་འཁོན་སྟོན་དཀོན་མཆོག་རྒྱལ་པོའི་དུས་སུ་གསང་སྔགས་ཕྱི་འགྱུར་གྱི་བསྟན་པའི་དབུ་བརྙེས། དཔལ་བརྩེ་བ་ཆེན་པོའི་སྲོལ་བཏོད། རྗེ་བཙུན་སྐུ་མཆེད་ཡབ་སྲས་སོགས་ཀྱིས་དར་ཞིང་རྒྱས་པར་མཛད། ཆོས་རྗེ་ཁུ་དབོན་གྱི་སྐུ་རིང་ལས་གངས་ཅན་ལྗོངས་གནས་ཐམས་ཅད་ས་སྐྱ་བའི་ཆོས་སྲིད་ཀྱི་གདུགས་དཀར་པོའི་གྲིབ་མས་དབང་དུ་བསྡུས་ཏེ་ཤིན་ཏུ་དར་བ་མཛད་པ་ལས། བཤད་པའི་རྒྱུད་ཐམས་ཅད་ཤར་ནུབ་གུང་གསུམ། སྒྲུབ་པའི་རྒྱུན་ཚོགས་ཉན་ཞང་གསུམ་སོགས་ཀྱི་བཟུང་། ཆོས་རྗེ་བླ་མ་དམ་པ་ལ་བཤད་སྒྲུབ་ཐམས་ཅད་ཀྱི་བཀའ་བབས། མདོ་ལ་མཁས་པ་གཡག་ཕྲུག་སངས་རྒྱས་དཔལ་དང་ཀུན་མཁྱེན་རོང་སྟོན་ཤེས་བྱ་ཀུན་རིག་སྟེ། གཡག་རོང་རྣམ་གཉིས་སམ་རེ་མདའ་བ་གཞོན་ནུ་བློ་གྲོས་ཏེ་གཡག་གཞོན་རྣམ་གཉིས། སྔགས་ལ་མཁས་པ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དང་། རྫོངས་པ་ཀུན་དགའ་རྒྱལ་མཚན་སྟེ་ཀུན་དགའ་རྣམ་གཉིས། གཉིས་ཀ་ལ་མཁས་པ་ཀུན་མཁྱེན་གོ་བོ་རབ་འབྱམས་བསོད་ནམས་སེང་གེ་དང་གསེར་མདོག་པན་ཆེན་ཤྭཀྱ་མཆོག་ལྡན་ཏེ་གོ་ཤྭཀ་རྣམ་གཉིས་ཞེས་རྗེ་བཙུན་ས་སྐྱ་པའི་བསྟན་འཛིན་གངས་ཅན་མཛེས་པར་བྱེད་པའི་རྒྱན་དྲུག་བྱོན་ནས་བཤད་སྒྲུབ་ཀྱི་དགའ་སྟོན་ཕྱོགས་བརྒྱར་སྤེལ་ནས། གཞན་ཡང་ཉ་དབོན་ཀུན་དགའ་དཔལ་དང་། མཁན་ཆེན་བརྩོན་འགྲུས་དཔལ་ཏེ་མཁས་པ་ཉ་བརྩོན་རྣམ་གཉིས་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱིས་གཏན་ལ་ཕབ་ཅིང་བཀའ་དྲིན་བསམ་ལས་འདས་པ་ཞིག་བསྟན་འགྲོ་ལ་ཕན་བའི་བརྩེ་བ་ཆེན་པོའི་ཞལ་གྱིས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་དཔྱད་པ་གསུམ་གྱི་ལམ་ལས་རབ་ཏུ་དྲངས་སྟེ་ལུང་རྟོགས་བསྟན་པ་དར་ཞིང་རྒྱས་པར་མཛད། ངོར་ཆེན་རྡོ་རྗེ་འཆང་རྗེ་བཙུན་ས་སྐྱ་སྐུ་མཆེད་ཡབ་སྲས་སོགས་ཀྱི་ཇི་ལྟར་བཀྲལ་བ་བཞིན་དུ་ཚད་མ་བཞི་དང་ལྡན་པའི་སྒྲུབ་པ་ཉམས་ལེན་དང་། རྒྱུད་སྡེ་བཞི་དང་འབྲེལ་བའི་བཤད་སྒྲུབ་ཀྱི་ཆོ་གའི་ཕྱག་སྲོལ་མ་ཉམས་པ་ལས་ཁྱད་པར་དུ་འཕགས་པའི་བསྟན་པ་བསྐྱངས་བ་བསྐྱེད་རྫོགས་ཟུང་དུ་འབྲེལ་བའི་བློ་གྲོས་པད་མོ་རྒྱས་པ་རྣམས་ཀྱིས་གཅིག་ཏུ་བསྔགས་པའི་གཞིར་གྱུར་པ་[page 304] ཡིན་ནོ།། རྡོ་རྗེ་འཆང་འདི་ཉིད་ནི། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། གང་ཚེ་འཇིག་རྟེན་མགོན་པོའི་སྤྲུལ་པ་ལས། །དེ་ཚེ་དགེ་སློང་ཀུན་དགའ་བཟང་པོ་སྤྲུལ། །ཚུལ་ཁྲིམས་ཀྱིས་ཀྱང་ཁྱད་པར་འཕགས་གྱུར་ལ། །ཐོས་པ་མང་ཞིང་ཕ་རོལ་ཕྱིན་པས་འཕགས། །ཅེས་སོགས་མདོ་སྡེ་དྲི་མེད་པད་མ་དཀར་པོ་ལས། ཀུན་དགའ་བཟང་པོ་ང་ཡི་ཆོས་འཛིན་པ།། བདེ་གཤེགས་བྱེ་བ་བ་དྲུག་ཅུ་ཆོད་བྱས་ནས།། མ་འོངས་དུས་ཀྱི་ཚེ་ན་རྒྱལ་བར་འགྱུར།། ཞེས་རྡོ་རྗེའི་ལུང་གིས་གསལ་བར་བསྔགས་པ་བཞིན་འོད་གསལ་འཁོན་གྱི་རིག་སུ་འཁྲུངས། ཆུང་ངུའི་དུས་ནས་དད་བརྩོན་ཤེས་རབ་སོགས་རིགས་ཀྱི་རྟགས་རྣམས་སད། ཤར་ཆེན་ཡེ་ཤེས་རྒྱལ་མཚན། གྲུབ་ཆེན་བུངྷ་ཤྲཱི། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་སོགས་ལས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན། རིག་པའི་གནས་མཐའ་དག་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། བསྒོམ་པས་ཉམས་སུ་བླངས་པས་གྲུབ་པའི་གོ་འཕང་ལ་བཤེགས། འོད་གསལ་གྱི་སྣང་བར་རྗེ་བཙུན་ས་སྐྱ་ཡབ་སྲས་སོགས་ཀྱིས་རྗེས་སུ་བཟུང་། འཆད་སྤེལ་འཕྲིན་ལས་ཀྱིས་རྒྱལ་བའི་བསྟན་པའི་བྱ་བ་མཛད། སྔགས་ཕྱོགས་གཙོ་བོར་གྱུར་བའི་གསུང་རབ་གླེགས་བམ་དུ་མ་བཞུགས། ལྷག་པར་རྒྱུད་སྡེ་བཞིའི་སྨིན་གྲོལ་གྱི་གདམས་པ་མཁའ་ཁྱབ་ཏུ་ཟབ་རྒྱས་སུ་སྤེལ་བས་རྡོ་རྗེ་ཐེག་པའི་བསྟན་པ་ལ་བཀའ་དྲིན་མཚུངས་པ་མེད་པའི་ཕྱིར་རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་ཞེས་གྲགས། དཀར་ཆག་གི་ཡི་གེའི་ཕྱོགས་བུ་མོའི་རྣ་ལུང་དུ་བཀོད། མཁས་ཤིང་དངོས་གྲུབ་བརྙེས་པའི་དམ་པ་བསམ་གྱིས་མི་ཁྱབ་པ་བྱོན་པས་སྟོད་མངའ་རིས་མན་ཆད་དང་སྨད་རྒྱ་ནག་ཡན་ཆད་དུ་ཕྲིན་ལས་ཀྱི་བསྟན་པའི་རྒྱུད་བསྐྱངས་བ་བསམ་ལས་འདས་པའི་བཀའ་དྲིན་མཛད། དེ་ལྟར་རྡོ་རྗེ་འཆང་ཆེན་གྱི་ཡོངས་འཛིན་དང་བསྟན་འཛིན་རྣམས་བྱོན་ནས། ལམ་འབྲས་བུ་དང་བཅས་པའི་ཚོགས་སློབ་གཉིས་ཀྱི་སེངྒེའི་སྒྲ་ཆེན་པོ་སྒྲོགས་པས་རྒྱུད་དང་མན་ངག་རྒྱ་མཚོ་ལྟ་བུ་ཟབ་རྒྱས་སུ་སྤེལ། ལོ་ཙྭ་བ་སོགས་རིམ་བྱོན་འཕགས་པའི་གང་ཟག་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་དུས་ལས་མི་འདའ་བས་མདོ་རྒྱུད་བསྟན་བཅོས་བསམ་གྱིས་མི་ཁྱབ་པ་གོང་འཕེལ་དུ་བསྐྱངས། དེ་ལྟར་བརྒྱུད་འཛིན་རྗེས་བཙུན་ས་སྐྱ་ཡབ་སྲས་ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་སོགས་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་འཆད་ཉན་བགྱི་བའི་ཚུལ་བཞིན། དགོན་གནས་འདིའི་ནང་བཤད་སྒྲུབ་ཀྱི་སྲོལ་ལེགས་པར་ཚུགས་ཏེ། ཁྱབ་བདག་རྡོ་རྗེ་འཆང་ཆེན་དང་གྲུབ་ཆེན་བིར་ཝ་པ་ནས་རྒྱ་བོད་ཀྱི་མཁས་གྲུབ་ཟབ་མ་ཆད་པར་བརྒྱུད་ཅིང་། གསུང་ངག་རིན་པོ་ཆེ་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཉམས་ལེན་ལ། དང་པོ་རྒྱུ་དུས་ཀྱི་དབང་གིས་སྨིན་པར་བྱས། བར་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ། མཐར་འབྲས་བུ་དུས་ཀྱི་དབང་གིས་ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་ཡེ་རྡོ་རྗེའི་གོ་འཕང་ལ་བསྒོམ་བསྒྲུབ་བྱས་པས་མཆོག་ཐུན་ཀྱིས་དངོས་གྲུབ་ཟབ་རྒྱས་ཀྱི་གདམས་པ་མངོན་དུ་གྱུར་པ་དུ་མས་རང་གཞན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་སྦྱོར་བ་མཛད་པ་ཡིན། ཁྱད་པར་ཟབ་མོའི་ལམ་སྤྱི་དང་། ལུང་རིགས་མན་ངག་གསུམ་གྱི་སྒོ་ནས་སྒྲུབ་པ་སྒྲུབ་[page 305] ཆེན་གྱི་ཆོ་གའི་ཕྱག་ལེན་ཕྲ་མོ་ཙམ་གྱིས་ཕྱག་སྲོལ་མ་ཉམས་པ་ཁུང་བཙུན་ཞིང་རྒྱུད་སྐྱོང་བའི་བློ་གྲོས་ཀྱི་པདྨ་རྒྱས་བཞིན། དེ་ལྟར་ཚིག་གི་སྡེབ་སྦྱོར་མངོན་བརྗོད་སོགས་སྤང་རྟོགས་འཁོར་ལོ་གསུམ་གྱི་ཕྱག་སྲོལ་མ་ཉམས་པ་ཐོས་བསམ་ཀྱི་སྒྲོ་འདོགས་བཅད། བརྒྱུད་པའི་བླ་མ་རྣམས་མན་ངག་ལས་འབྱུང་བ་བཞིན་འཁྲུལ་མེད་དུ་སྐྱོང་བ་ལས་གཞན་ཐོས་དང་རང་བཟོས་སྐྱོན་ཕྲ་མོ་ཙམ་གྱི་བསྲེ་བསླད་ཀྱང་མེད་ལ། དགོན་འདིའི་འདུས་འཁོར་རྣམས་ཀྱིས་ཆོས་ཁྲིམས་དར་ཀྱི་མདུད་པ་ལྷོད་མེད་དུ་བསྟན་པའི་མིག་རྒྱན་དུ་འགྲོ་བཞིན་ཡོད། དགོན་འདིར་ཆོས་རྗེ་འཇམ་དབྱངས་ས་པཎ་ཁུ་དབོན་རིམ་བྱོན་གྱི་ཞབས་ཀྱི་བཅགས་པ་ནས་ད་བར་དུ། ངོར་ཆེན་རྡེ་རྗེ་འཆང་ཆེན་པོས་བརྒྱུདའཛིན་མཁན་ཆེན་རིམ་བྱོན་གསེར་རིའི་ཕྲེང་བ་ལྟར་བྱོན་ནས་བཤད་སྒྲུབ་ཀྱི་སྲོལ་ལེགས་པར་ཚུགས་ཏེ་དཔལ་ས་སྐྱའི་རིང་ལུགས་གོང་འཕེལ་དུ་གཏོང་བའི་སྨིན་གྲོལ་ཕྱག་ལེན་རྒྱུད་པ་མ་ཉམས་པ་གསོས། གོང་ནས་གོང་དུ་སྤེལ་བ་སོགས་ཚད་དོན་ལྡན་གྱི་ཕྲིན་ལས་བསྐྱངས། ཁྱད་པར་དུ་རབ་མཐོ་གསང་སྔགས་ཐེག་མཆོག་གླིང་གི་ཆོས་སྡེ་ཉམས་གསོ་དང་། སྐྱེས་མཆོག་མཁས་གྲུབ་གཉིས་ལྡན་གྱི་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་དེ་ལྟར་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་མཐའ་དར་ཞིང་རྒྱས་པར་མཛད་དོ།། ཆོས་རྗེ་བླ་མ་དམ་པ་ལ་བཤད་སྒྲུབ་ཐམས་ཅད་བཀའ་བབས། བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིངཔ་ཞེས་པ་མཚན་གསོལ། སྙན་གྲགས་ཀྱི་བ་དན་གངས་ལྗོངས་སུ་ཁྱབ་པར་གྱུར། རབ་མཐོ་བྲག་དཀར་གསང་སྔགས་ཐེག་མཆོག་གླིང་ལ་ལན་དུ་མ་བྱོན་ནས། བསྙེན་སྒྲུབ་ཆོ་གའི་ཕྱག་ལེན་ཐམས་ཅད་སླར་གསོ་མཛད། ཟབ་ལམ་གྱི་བར་མ་ཆད་པའི་དབང་ལུང་ཁྲིད་གསུམ་གྱི་ཡོངས་སུ་སྨིན་པར་མི་ཉམས་ཤིང་འཕེལ་བ་དང་རང་ལུགས་ཀྱི་གདུལ་བྱ་རྣམས་དང་གཞན་དོན་ཕྲིན་ལས་སྐྱོང་བར་རིགས་སོ། སྔར་སྲོལ་རྒྱུན་བཟང་པོ་དེ་ཟབ་རྒྱས་སུ་འཕེལ་བར་བར་མ་ཆད་པར་རྗེ་དེ་ཉིད་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། ཐམས་ཅད་མཁྱེན་པ་མཆོག་ཏུ་གྱུར་བར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ནི། དགོན་འདིའི་གདན་གནས་སུ་ལན་གྲངས་བྱོན་ནས་ཆོས་སྡེ་ཉམས་གསོ་ཡང་ཡང་མཛད།། ཁོང་གི་སྐུ་ཚེ་ཧྲིལ་པོ་ལ་སྙན་བརྒྱུད་ཀྱི་མཚན་མ་ཐམས་ཅད་ཟབ་ལམ་གྱི་བར་མ་ཆད་པར་རང་ལུགས་གཙོ་བོར་གྱུར་པའི་རྒྱུད་སྡེ་དང་འབྲེལ་བའི་ཕྱག་སྲོལ་མ་ཉམས་པ་སྒྲུབ་པ་ཟབ་རྒྱས་སུ་འཕེལ་བ་འདིར་ཁོང་རྣམ་པའི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། ལྷག་པ་དུ་སྐུ་གསུང་ཐུགས་རྟེན་གྲངས་མང་བཅས་ཞལ་གསོ་དང་གསར་བཞེངས་མཛད་ཡོད། མཁྱེན་སྤྲུལ་རྡོ་རྗེ་འཆང་གིས་རིམ་བཞིན་གདན་ས་བསྐྱངས་ནས་ཡོངས་རྫོངས་བསྟན་པ་སྤེལ་བའི་ཡོན་ཏན་ཕུན་སུམ་ཚོགས་པའི་མངའ་ཐང་ཡང་བླ་མ་འདི་ཡི་དུས་སུ་རྒྱས་པའོ།། སྐྱེས་ཆེན་དམ་པ་དེ་དག་གིས་སྐུ་རིང་ལས་དགེ་འདུན་གྱི་མཚན་ཉིད་ཐོས་བསམ་བསྒོམ་སྒྲུབ་སྔགས་ཀྱི་ཕྱག་ལེན་དོན་གྱི་སྙིང་པོ་ཉམས་ལེན་ཐམས་ཅད་ཕྱོགས་བསྡོམས་འདེབས་པ་ལ་ལོ་རྒྱུས་ཤེས་པའང་དཀོན་པར་འདིར་ཟུར་ཙམ་སྨོས་པ་ཡིན་ནོ།

[page 306] སྐུ་གསུང་ཐུགས་རྟེན། རང་བྱུང་ལྷུན་གྱིས་གྲུབ་པའི་གནས་འདིར་འདུས་པའི་སྡེ་ཆེན་པོ་འདེབས་སའི་རྒྱ་ཁྱོན་ས་རྨོང་ཉེར་ལྔ་ལྷག་ཙམ་ཟིན་ཡོད་པ་ལ་འདུ་ཁང་སུམ་ཅུའི་བར་དངསྒོ་ཕིང་དང་སྤྱི་ཁང་བཅས་ཀ་བ་སུམ་ཅུའི་བར་ཡོད། ཁང་རྩེག་གསུམ་ལས་གྲུབ་བཞིན་ཁང་ཐོག་ལ་ལམ་འབྲས་ལྷ་ཁང་དང་། དཀོར་སྲུང་བེ་ཧར་རྒྱལ་པོའི ལྷ་ཁང་། གསེར་ཁང་གཅིག་བཅས་ཡོད། བར་དུ་དཔར་ཁང་གཅིག་དང་། གཉེར་ཁང་བང་བ་གསུམ་དང་གཡེན་ཆེན་གཉིས་བཅས་དང་སྤྱི་ཀ་འདུག་ས་ཡོད། ཁང་སྟེང་བཀའ་འགྱུར་ཁང་དང་། གཡང་སྐྱབས་ཁང་བཅས་ཡོད། སྟེང་གི་ཐིག་སྐང་ཡང་ཐོག་ཏུ་གསེར་ཏོག་དང་། ཐུགས་རྟེན། རི་དྭགས་ཆོས་འཁོར་རྒྱལ་མཚན་བཅས་མཛེས་པ་ཞིག་ཡོད། དུང་འཁོར་གཉིས་དང་གྲྭ་ཁང་དགུ་བཅུ་ཁ་ལྷག་བཅས་ཡོད། ལྷ་ཆེན་ཁང་དུ་ནང་བསྟན་རྒྱ་བླ་རབས་ནང་གིས་བཞེངས་སྐད་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཁྲི་རྒྱབ་ཡོལ་དང་བཅས་པ་འདམ་ལས་གྲུབ་པའི་གསེར་ཟངས་ཤིན་ཏུ་མཛེས་པ་དད་ལྡན་འགྲོ་བ་རྣམས་ཀྱི་སྙིང་ནས་དད་པའི་སྤུ་གཡོ་བ་རྔམ་བརྗིད་དང་ལྡན་པ་ཞིག་ཡོད། གཡས་སུ་བླ་མ་མཁས་སྒྲུབ་བསྟན་འཛིན་གྱི་ཐུགས་རྟེན་འཕགས་མཆོག་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་སྨན་འདམ་ལས་གྲུབ་པ་ཁང་རྩེག་བཞེངས་བཞིན་ཡོད་པ། གཡོན་དུ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཐུགས་རྟེན་པདྨ་འབྱུང་གནས་གཙོ་འཁོར་གསུམ་མཚོ་པད་སྡོང་དང་འཇའ་གུར་མེ་འཁྱིལ་བཅས་དང་། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་རྟེན་ཡུལ་ངན་ཀླ་ཀློས་མདུན་གྲོས་བཅོམ་པའི་ཆེད་དུ་རྟེན་འབྲེལ་གྱིས་གཡས་སུ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྐུ་ཁང་རྩེག་གཅིག་དང་། གཡོན་དུ་ཁྲོ་བོ་མི་གཡོ་བའི་སྐུ་ཁང་རྩེག་གཅིག་བཅས་འདམ་ལས་གྲུབ་པའི་རྔམ་བརྗིད་དང་མཐུ་སྟོབས་དང་ལྡན་པ་བཞེངས་ཡོད། སྡེ་དགེ་ཆོས་རྒྱལ་ཆེན་པོ་བློ་གྲོས་རྒྱལ་མཚན་དང་ལྕམ་དབྱངས་ཅན་སྒྲོན་མ་གཉིས་ཀྱི་ཆོས་སྦྱིན་མཛད་པའི་གཙུག་ལག་ཁང་གི་སྡེབས་བྲིས་སངས་རྒྱས་སྟོང་སྐུ་ལ་གསེར་བཞེངས་བ་རྐོ་ལས་ཅུང་སྲབ་པ་ཞིག་གསོལ་ཡོད་པས་ཁོང་གི་གསེར་གྱི་དཔུང་གདུབ་ཡིན་པའོ། སྒོ་ཡི་གཡས་སུ་ཆོས་སྐྱོང་གུར་ཞལ་སོགས་པུ་ཊ་ལྷ་ལྔའི་ལྡེབས་བྲིས་ཡོད། གཡོན་དུ་རྣམ་སྲས་རྒྱལ་བརྒྱད་ལྡེབས་བྲིས་ཡོད། སྒོ་བའི་རྒྱབ་གྱི་གཡོན་གཡས་སུ་རྒྱལ་༷ཆེན་སྡེ་བཞི་དང་འཛམ་གླིང་ཟོ་དར་ཏི་ཐང་སྤམ་གསུམ་སོགས་འཛིང་ཡུལ་གྱི་ཡུལ་ལྷ་བཅས་སྙན་གྲགས་ཆེ་བ་རྣམས་ཀྱི་ལྡེབས་བྲིས་དང་། ཤར་ངོས་སུ་སྲིད་པ་འཁོར་ལོ་བཅས་ཀྱི་ལྡེབས་བྲིས་བཅས་བཞུགས་སོ། གཙུག་ལག་ཁང་གི་སྟེང་ནས་རྒྱ་མཐོང་བཞི་ཉིད་དགུ་ལ་ལྡེབས་བྲིས་ངོ་མཚར་ཅན་ཡོད་པ་ནི། དབུས་སུ་བླ་མ་མཁས་སྒྲུབ་བསྟན་འཛིན་གྱིས་བཞེངས་པའི་ལམ་འབྲས་བླ་མ་བརྒྱུད་འི་ལྡེབས་བྲིས་དང་གཡས་སུ་ཐུབ་དབང་གནས་བརྟན་བཅུ་དྲུག། གཡོན་དུ་བདེ་གཤེགས་སོ་ལྔ་བཅས་བྲིས་ཡོད། དེའི་ལྷོ་ཕྱོགས་སུ་བླ་ཟུར་མཁྱེན་རབས་ལེགས་བཤད་གྱིས་བཞེངས་པའི་ཀུན་རིག་ངན་སོང་སྦྱོང་རྒྱུད་གྱི་ལྡེབས་བྲིས་ཀ་མིང་གང་དང་ཀྱེ་རྡོར་གདན་གསུམ་ཚང་བའི་ལྡེབས་བྲིས་བཅས་ཡོད། བླ་ཟུར་དཀོན་མཆོག་བློ་གྲོས་ཀྱིས་བཞེངས་པའི་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་ལྡེབས་ཀ་མིག་[page 307] གང་དང་། གྲྭ་དཔལ་ལྡན་རིན་ཆེན་གྱིས་བཞེངས་པའི་ཚེ་ལྷ་རྣམ་གསུམ་གྱི་ལྡེབས་བྲིས་དང་མ་ཚད་ལྷོ་ཕྱོགས་སུ་བདེ་ཆེན་ཞིང་བཀོད་དང་ཤར་ངོས་སུ་མཁའ་སྤྱོད་ཞིང་ཁམས་བཅས་ཡོད། ཡང་ཐོག་གསེར་ཁང་དྭ་ཟངས་གསེར་ལས་གྲུབ་པའིཇོ་བོ་ཤྭཀྱ་མུ་ནེ་མི་གཟུགས་ཚད་དང་། གནས་བརྟན་བཅུ་དྲུག་གི་སྐུ་དང་གཞན་གྱི་སྐུ་ལི་མ་བརྒྱ་ཕྲག་དང་བཀའ་གདམས་མཆོད་བརྟེན་ཡང་བཅུ་ཕྲག་བཅས་ཡོད། ཐང་སྐུ་སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་ལམ་འབྲས་ཚོགས་ལྷབ་སྐོར་བཅས་བསྡོམས་གཉིས་བརྒྱ་ཁ་ལྷག་བཞུགས་སོ། དགོན་ཁང་དུ་ཆོས་རྒྱལ་འཕགས་པ་དང་ཨ་གཉེན་དམ་པའི་ཕྱག་བཟོད་ལས་གྲུབ་པའི་རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་འཁོར་དང་བཅས་པ་གཙོས་ས་ཆེན་གོང་མ་རྣམ་ལྔའ་ིསྐུ་མདའ་ཚད་ཙམ་ཁྲི་རྒྱབ་ཡོལ་བཅས་ཡོད། གཞན་སྐུ་བརྙན་གྲངས་མང་དང་། ཟངས་གསེར་ལས་གྲུབ་པའི་གུར་ཞལ་ལྕམ་གསུམ་གྱི་སྐུ་གྲུ་ཚད་ཙམ་མགོན་པོའིམདུན་དུ་ཡོད། གཞན་གསེར་དངུལ་ལས་གྲུབ་པའི་མར་མེ་དང་མཚན་ཐུབ་བདུན་ཚར་ཡུ་རིང་ཡུ་མེད་སོགས་གྲངས་མང་མང་དང་རོལ་མོ་སིལ་སྙན་སོགས་ཕུན་སུམ་ཚོགས་པ་སྤུས་གཙང་བ་དང་སྒྲོས་ལེགས་པ་སོགས་ཡོད། གསེར་དངུལ་ལས་གྲུབ་པའི་བཀའ་འགྱུར་ཆ་གཅིག་དང་སྡེ་དགེའི་དཔར་བཞི་བཀའ་འགྱུར་ལེ་ཐང་དཔར་བཞི་བཀའ་འགྱུར་ཏུས་སྒྲུབ་ཐབས་ཀུན་དང་བསྟན་འགྱུར་གཞན་གྱི་ཆོས་ཚན་རྒྱུད་སྡེ་ཀུན་ཏུས་ས་སྐྱའི་བཀའ་འབུམ་ངོར་ཆེན་བཀའ་འབུམ་གོ་རིམ་བཀའ་འབུམ་མཁྱེན་བརྩེའི་བཀའ་འབུམ་རིན་ཆེན་གཏེར་མཛོད་བཅས་པོད་བདུན་བརྒྱ་ཁ་ལྷག་ཙམ་བཞུགས་སོ། གཞན་ཡང་མཆོད་པའི་ཡོ་བྱད་མཁར་རྔ་རོལ་མོ་སིལ་སྙན་གསར་རྙིང་བཅུ་ཕྲག་ཁ་ཤས་དང་། གསེར་དངུལ་ཟངས་རག་ཏོང་བཅས་ཀྱི་རྒྱུ་ཆ་དུང་དམར་གླིང་བུ་མ་ཧེ་རྐང་གླིང་བུམ་པ་འབྲས་ཆས་སོགས་རིན་གོང་ཆེ་བའི་མཆོད་ཆ་གྲངས་མང་དང་། འཕན་གདུགས་ཡོ་བྱད་སྤུས་ལེགས་བཅས་ཡོད་པ། ཐམས་ཅད་ལོ་བཅུའི་གོད་ཆག་ནང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཉམས་ཆག་དུ་བྱུང་སྟོབས་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེས་ནང་གནས་ཚུལ་ཀུན་གྱི་གཟིགས་སྣང་དུ་གྱུར་པ་ཞིག་རེད་

དུས་མཆོད་རྒྱུན་སྲོལ། སྒྲུབ་སྡེ་འདིའི་དུས་མཆོད་རྒྱུན་འཇགས་སུ་གྱུར་པ་རིམ་ཞིག་བཀོད་པ་ནི། ཆོ་འཕྲུལ་ཟླ་བ་དང་པོའི་ཚེས་གཅིག་ནས་གསུམ་བར་བླ་སེར་བདུན་ཅུ་ཁ་ལྷག་ཙམ་གྱིས་བཀའ་འགྱུར་ཆེན་པོ་ཀློགས་པ། ཁྲི་ཆེན་ཟུར་བླ་རྣམས་ཀྱིས་གཡང་སྒྲུབ་ཉིན་གསུམ་མཛད་པ། བོད་ཟླ་གཉིས་པའི་ཚེས་བཅོ་ལྔ་ནས་ཉིན་ལྔ་ལ་བླ་གྲྭ་ཐམསཅད་ཀྱི་རྣམ་རྒྱལ་སྟོང་མཆོད་འཚོགས་པ། བོད་ཟླ་གསུམ་པའི་ཚེས་བཅུ་ནས་རྩ་གསུམ་འཚོགས་ནས་དགོན་ཡུལ་མཉམ་དུ་སིདི་དུང་སྒྲུབ་འཚོགས་པའོ། བོད་ཟླ་གསུམ་པའི་ཚེས་སུམ་ཅུ་ནས་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་བར་ཉིན་བཅུ་དྲུག་བླ་གྲྭ་ཡོང་རྫོགས་ཀུན་རིག་སྒྲུབ་མཆོད་འཚོགས་པ། བོད་ཟླ་ལྔ་པའི་ཚེས་བཅུ་བཞི་ནས་བཅུ་དགུ་བར་མགོན་པོ་ཁྲི་ཚར་འཚོགས་པ། བོད་ཟླ་དྲུག་པའི་ཚེས་བཅུ་གསུམ་ནས་དགེ་སློང་བཞི་བཅུ་ཙམ་ལས་དབྱར་གནས་ཞག་བཞི་བཅུ་ཞེ་དགུ་ཚོགས་པ། བོད་ཟླ་དགུ་པའི་ཚེས་གསུམ་ནས་གྲྭ་ཡོངས་རྫོགས་ཉིན་བཅུ་གཅིག་ལ་ཀྱེ་རྡོར་སྒྲུབ་མཆོད་འཚོགས་པ།[page 308] ཚེས་བཅུ་བཞི་ནས་ས་ཆེན་འདས་མཆོད་ཉིན་གསུམ་འཚོགས་པ། ཚེས་བཅུ་བདུན་ནས་མི་འཁྲུགས་སྒྲུབ་མཆོད་ཉིན་བདུན་འཚོགས་པ། ཚེས་ཉེར་བཞི་ནས་སྨན་ལྷའི་མདོ་ཆོག་ཉིན་བདུན་འཚོགས་པ། བོད་ཟླ་བཅུ་པའི་ཚེས་བཞི་ནས་བཅུ་གཉིས་པའི་ཚེས་བཞི་བར་དགུན་བཅའ་ཟླ་བ་ཧྲིལ་པོ་གཉིས་ལ་བླ་གྲྭ་ཡོངས་རྫོགས་བཞུགས། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ནས་ཉེར་ལྔའི་བར་ཀྱེ་རྡོར་འདུལ་བ་དགུན་མཆོད་འཚོགས། ཉེར་བདུན་ནས་ཉེར་དགུ་བར་འཇིག་བྱེད་སྒྲུབ་པ་ཉིན་གསུམ་འཚོགས་པས་འཇིག་བྱེད་གཏོར་རྫོངས་དང་བོག་འཕེན་སོགས་སེར་ཕྲེང་བཅས་ཀྱིས་བགེགས་འདུལ་ནུས་མཐུ་དང་ལྡན་པ་ཡིན་ནོ། ལོ་འཁོར་གཅིག་གི་རིང་ལ་དགུ་ཚེས་བསྐང་གསོལ་ཟླ་བའི་རེ་རེ་བཞིན་ཆགས་མེད་འཚོགས་སྲོལ་ཡོད། མ་ཚད་སྨྱུང་གནས་དཀར་པོ་བརྒྱད་བཅས་བཞུགས་སྲོལ་ཡོད། དེ་ལྟར་དགོན་གནས་འདའི་འཚོགས་པ་སྒྲུབ་མཆོད་ཐམས་ཅད་སྔོན་སྲོལ་ལྟར་ད་ལྟ་ཡང་རྒྱུན་འཇགས་ཡོད་པ་ཡིན་ནོ།།

ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་པའི་གོ་རིམ། འདུས་སྡེ་འདིའི་སྒྲུབ་རྟེན་འཚོགས་པའི་གཏོང་སྒོ་སོགས་ལས་སྣེ་སྒྲིག་རིམ་བཅས་ཡོན་གྱི་འབྱུང་ཁུངས་ནི། སྡེ་དགེ་ཁྲི་ཆེན་བློ་གྲོས་རྒྱལ་མཚན་དང་ལྕམ་དབྱངས་ཅན་སྒྲོན་མ་གཉིས་ཀྱིས་ཆོས་གྲྭ་འདིའི་བསྟན་པ་ཟབ་རྒྱས་སུ་སྤེལ་ནས། དགེ་འདུན་པའི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བ་དང་དུས་མཆོད་སོ་སོར་རྟེན་མཆོད་ཐེབས་འཁོར་དགུ་དང་འཁོར་ཞིང་མུའུ་གཉིས་བརྒྱ་ལྔ་བཅུ་ཁ་ལྷག་འབུལ་ཞེས་ཞིང་པ་དུད་གྲངས་གཉིས་བརྒྱ་ཁ་ལྷག་ཆོས་སྡེ་འཛིན་ཁོག་ནས་དཔེ་དབང་སྟོད་སྨད་གཉིས་དང་བཞི་ལིག་ནས་སྐྱངས་འབམ་ཉི་ལྷུང་ནས་བཟང་འགོ་བཅས་དང་། གཏེར་ལྷུང་ནས་ཇང་ཁམས་ཚགས་གསུམ་སོགས་མཆོད་ཡོན་དུ་སྦྲེལ་ནས་དགོན་པ་ཉམས་གསོའི་མཐུན་རྐྱེན་སོགས་བསྒྲུབས། དགོན་གཞུང་གིས་འབྲུ་རིགས་དང་མར་ཆུར་སོགས་ལུ་ལྟར་ལེན་རྒྱུ་ཡོད་པའི་སྲོལ་ཚུགས། སྤྱི་གཉེར་ཁག་བདུན་དང་སྤྱི་དཔོན་དང་འཁོར་གཡོག་བཅས་གྲྭ་སྒྲིགས་ཏེ་ལོ་བདུན་ལ་དགོན་སྡེ་ལ་འཚོགས་དུས་སྒྲུབ་མཆོད་སོགས་ལ་ཞབས་འདེབས་དགོས་པ་ཡིན། འདུས་སྡེའི་སྒྲིག་ལམ་ཀུན་སྤྱོད་ནི་དང་པོ་གྲྭ་ཆུང་རྣམས་འབྲུ་དེད་རྫུམ་རྒྱུགས་སྤྲད་དགོས་པ་དང་། འདོན་ཚོགས་སྐོར་སྒྲུབ་པ་ཆེ་ཆུང་ཚང་མ་བློ་ཐོག་རྒྱུགས་སྤྲད་དང་ཡིག་དཀར་ནག་སོགས་བྱང་ཆུབ་པར་བྱས་ནས། རང་ལོ་བཅོ་བརྒྱད་ཟིན་ཐོག་གཙང་སྟོད་ངོར་ཨེ་ཝཾ་ཆོས་ལྡན་གྱི་ཕོ་བྲང་ནས་མཁན་ཆེན་དམ་པའི་མདུན་དགེ་ཚུལ་སློང་བསྒྲུབས་ནས་དབང་ལུང་ཁྲིད་སོགས་ནང་དོན་ཕུན་སུམ་ཚོགས་པ་བྱེད་སྲོལ་ཆོས་ཁྲིམས་དར་གྱི་མདུད་པ་ཡིན། ལོ་ཉི་ཤུ་ཡན་ཆད་བརྒལ་ནས་མ་སོང་ན་ཆབ་སྲིད་ཀྱི་ལུས་ཆད་དང་དཔལ་འབྱོར་གྱི་རྒྱུ་ཆད་བཅས་ཡོད་སྲོལ་དང་། དེ་ལྟར་སྡོམ་པའི་དམ་ཚིག་ལ་གནས་ཤིང་ལྷ་མཇལ་གནས་སྐོར་སོགས་ཚར་རྗེས་བསྙེན་སྒྲུབ་བསྒོམ་བཟླས་ཚད་ལྡན་དང་དཔེ་ཆ་ལོ་ལྔ་སྦྱངས་བརྩོན་མཐར། ལས་བཙན་དུང་པ་ཆོས་ཁྲིམས་རོལ་དཔོན་དབུ་མཛད་མགོན་ལྷ་བཅས་ལོ་བདུན་རེ་བཅས་ཁྱད་ལས་འཕགས་ནས་བླ་ཟུར་གྱིས་ཁྲི་པ་ཐོབ་ཐང་ཡོད་པའི་སྲོལ་རྒྱུན་[page 309] བཟང་པོ་ཡོད། དེ་ལྟར་བླ་མའི་མཛད་པ་ཐོས་བསམ་སྒོམ་སྒྲུབ་མཛད་ནས་མཐར་ཕྱིན་པ་རྣམ་དགོན་གཞུང་གིས་བླ་ཁྲིར་མངའ་གསོལ་ཏེ་བླ་མའི་འགན་བཞེས་པའོ།།

དེང་གི་གནས་ཚུལ། དུས་འདིའི་ནང་གྲུབ་མཐའ་ཆོས་རྒྱུད་དང་དགོན་པའི་ལོ་རྒྱུས། ཆོས་ལུགས་མིང་ཚིག་སྐུ་གསུང་ཐུགས་རྟེན། ཆོས་ཀྱི་དུས་ཆེན། ཆོས་ལུགས་གྲགས་ཆེན་མི་སྣའི་ངོ་སྤྲོད་བཅས་བྱེད་རྒྱུ་ཡིན་པས་གོང་གསལ་ནང་དོན་ལྡན་པའི་ཡིག་ཆའི་བང་རིམ་སོགས་ཚད་ལྡན་ཚུལ་མཐུན་པར་མི་གསལ་བས། ལོ་རྒྱུས་འདིའང་རྣམ་ཐར་དང་ཆོས་བྱུང་སོགས་རྒྱུ་ཆ་ཡང་ཤིན་ཏུ་དཀོན་སྟོབས་དོན་དུས་པ་ཞིག་བཀོད་པ་ཡིན་པས་འོན་ཀྱང་དངོས་ཡོད་གནས་ཚུལ་མི་མཐུན་པའི་ཆད་ལྷག་ནོར་འཁྲུལ་སོགས་གྲངས་མི་ཉུང་བ་ཞིག་ཡོད་ངེས་ཡིན་པས་མཁྱེན་ལྡན་རྣམས་ཀྱི་ཞུ་དག་གསལ་གནང་ཞུ། དགོན་འདིའི་སྔོན་གྱི་ཆོས་རྒྱལ་རྣམས་དང་ཆོས་རྗེ་བླ་མས་ཟབ་རྒྱས་སུ་སྤེལ་བའི་ཕྱིར་གཙུག་ལག་ཁང་དང་། ནང་སྐུ་གསུང་ཐུགས་རྟེན། བར་དགེ་འདུན་འདུས་འཁོར་བཅས་ལ་བཀའ་དྲིན་ཟླ་བྲལ་སྐྱོང་བ་ནང་དོན་ཕུན་སུམ་ཚོགས་པ་དེ་ནི་འོད་སྟོང་ལྡན་པའི་ནོར་བུ་ཞིག་ཡིན་ལ། འོན་ཀྱང་ལོ་སུམ་ཅུའི་ཟང་ཟིང་ནང་ལྷག་པར་ནང་བསྟན་ཆོས་ཀྱི་གཞུང་རྣམས་དད་དང་དུག་རྩར་བརྩིས་ནས་ཤུགས་ཆེན་གྱིས་མེད་པར་བཟོས་པ་དང་། ལྷག་པར་བསྐལ་བཟང་གྱི་བསྟན་པ་ཕྱི་དར་གྱི་སྐབས་སུ་བསྟན་པའི་མེ་རོ་སླར་གསོ་དང་ཉམས་པ་ཐམས་ཅད་སོར་ཆུད་ནས། རྒྱལ་གཅེས་ཆོས་ལུགས་མི་སྣ་ཚོས། དུས་བབས་ཚེས་བཟང་པོས་བསྐུལ་བའི་འོག་རང་གི་རྣམ་དཔྱོད་ཀྱི་འབྲས་བུའི་དཔལ་ཡོན་གཉིས་ཀྱི་རང་ཤུགས་ཀྱི་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་རྒྱུའི་ཆེད། དཀའ་ངལ་ཁྱད་བསད་ཀྱི་རྒྱལ་བསྟན་ཉམས་གསོ་བསྟན་པའི་སྒྲོན་མེ་དབུ་བཙུགས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། སྐུ་གསུང་ཐུགས་རྟེན་གསར་རྙིང་ལི་གཏེར་བཅས་དད་ལྡན་རྣམས་ཀྱིས་རང་མོས་ཀྱིས་དུ་མ་ཕུལ། རྒྱ་གར་དང་བལ་ཡུལ་གྱི་སྐུ་གསར་བཅུ་ཕྲག་ཁ་ཤས་གསར་བཞེངས་བྱས། གསུམ་རྟེན་སྡེ་དགེ་བཀའ་འགྱུར་དང་འཕྲུལ་དཔར་བཀའ་འགྱུར་སོགས་དུམ་གསུམ་བརྒྱ་ཁ་ལྷག་བཞུགས། འདུས་པ་བླ་གྲྭ་བདུན་ཅུ་ཡར་བར་ཙམ་ལས་སྔོན་གྱི་སྲོལ་རྒྱུན་དུས་མཆོད་ཆེ་ཆུང་ཐམས་ཅད་མ་ཆག་པར་ཚུགས། འདུས་པ་རྣམས་ལས་སྔོན་སྲོལ་ལྟར་འདུལ་བའི་སྡོམ་རྒྱུན་མ་ཆད་པར་དབང་གི་ཆུ་བོ་མ་ནུབ་པ་བྱིན་རླབས་ཀྱིས་བརྒྱུད་པ་མ་ཉམས་པ་དང་། སྔོན་རྒྱལ་བསྟན་རིན་པོ་ཆེ་དར་རྒྱས་ཡུན་རིང་དུ་གནས་པའི་གཞི་རྩ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དང་། ཆོས་བྱེད་དགེ་འདུན་རྣམས་ཀྱི་ཆོས་སྤྱོད་བཤད་སྒྲུབ་ཀྱི་རིམ་པ་མཐའ་དག་ལ་མི་ཉམས་གོང་འཕེལ་དང་། ཆོ་གའི་ཕྱག་སྲོལ་མ་ཉམས་པ་རང་བསོའི་བསྲེ་སླད་མེད་པའི་བསྟན་པའི་མིག་རྒྱན་དུ་འགྲོ་བའི་བསྐུལ་མ་ཡང་ཡང་འདེབས་པ་ལགས་སོ། རབ་མཐོ་དགོན་གྱིས་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་ཆོས་འབྱུང་རྣམ་ཐར་སོགས་མེད་པའི་རྐྱེན་གྱིས་ཤིན་ཏུ་དཀའ་བས། རྩོམ་པ་པོའི་ཤེས་ཡོན་རིག་མེད་སོགས་ཀྱི་ཅུང་ཟད་སྤྲོ་བ་འདི་ནི་ནོར་འཁྲུལ་དང་ལྷག་ཆད་གྲངས་མང་ཞིག་ཡོད་མེད་ཡིན་པས་ཀློག་པ་པོའི་གཟུར་གནས་མཁྱེན་ལྡན་[page 310] རྣམས་ཀྱིས་ཞུ་དག་དགོངས་འཆར་བརྗོད་སྤྲོ་གནང་བ་ཞུ་ཞུ་ཆེན་ཆེན། དགེའོ།

རབ་བྱུང་བཅུ་བདུན་པའི་ཤིང་ཁྱིའི་ལོ་ཧོར་ཟླ་བརྒྱད་པའི་ཡར་ཚེས་བཟང་ཞིང་དགེ།

རྫོང་ཤོད་དགོན་གྱི་ལོ་རྒྱུས།

ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་མཆོག་གིས། རབ་བྱུང་བཅོ་ལྔ་པའི། མེ་གླང་ཟླ་བ་བཅུ་པའི་ཚེས་བདུན་ལ། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་ཞབས་ཕེབས། ཚེས་བཅུ་ལ་ཐུག་ནས་ཚོགས་ཁང་ཆེན་མོར་རྒྱ་མཆོད་འབུལ་སྐབས། མཁྱེན་ཀོང་མཆོག་གསུམ་གྱིས་གཏེར་ལུང་བཞིན། གནས་འདིར་མཆོད་པའི་རྟེན་དང་། སྒྲུབ་པའི་སྡེ་ཞིག་ཚུགས་ན་བསྟན་འགྲོ་ལ་དགོས་པ་ཆེན་པོ་ཡོད་ཚུལ་གསུངས་པས། རག་ཆབ་ཤོག་གི་དཔོན་དེས། གྲོགས་བྱེད་པར་ཁས་བླངས་པའི་རྟེན་འབྲེལ་ལ་གཟིགས་ནས་དེར་ཡོད། དངོས་རྫས་རྣམས་ཀྱང་ངོ་སྤྲོད་སྟག་ལོར་སྒྲུབ་ཁང་བཞེངས། ས་ཡོས་ལོར་ཐང་པ་བཀའ་བརྒྱད་གཙོས་པའི། སྒྲུབ་བརྒྱུད་ཐིང་རྟ་བརྒྱད་ཀྱིས་སྒྲུབ་སྡེ་ཚུགས་པས། ནང་སྟེན་ལ། གུ་རུའི་ལྷ་ཁང་དུ། ཨོ་རྒྱན་ཟ་ཧོར་མ་དང་། འོད་དཔག་མེད། ཚེ་དཔག་མེད། རྒྱལ་བ་རྒྱ་མཚོ། རྡོར་སེམས་ཡང་དག་སྒྲོན་དཀར། གནས་བཅུ། སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་གཙོ་བོའི་བླ་སྐུ་བཅས་བཞེངས། ཐུགས་གནས་ལྷ་ཁང་དུ། ཐུབ་དབང་ཐོག་ཚད་གཅིག་ཉེ་སྲས་བརྒྱད་སོགས། མགོན་ཁང་དུ་མགོན་པོ་ཕྱག་དྲུག་པས་གཙོས་པའི་ཆོས་སྐྱོང་རྣམས་ལྡེར་སྐུ་བཞེངས། གཟིམ་ཁང་དུ། སློབ་དཔོན་ཟ་ཧོར་མ་ཁྲུ་གང་། གསེར་སྐུ་ཆེ་ཆུང་གྲངས་མང་། ཞལ་ཐང་། བཀའ་འགྱུར། བསྟན་འགྱུར། རྙིང་རྒྱུད། བཀའ་གཏེར་གྱི་གསུང་འབུམ། འགྲེལ་པ། འདོན་ཆ་སོགས་པོད་ལྔ་བརྒྱ་ལྷག་ཙམ་རྟན་གསུམ་གྲངས་ཀྱིས་མི་ཆོད་པས། རྟེན་མདུན་རྒྱུན་མཆོད་ཚོགས་པའི་གདན་ཆས། མཆོད་ཆ་སྒྲུབ་པ་ཁག་བདུན་གྱི་ཕོག་ཐེབས་བཅས་བཞག། སྒྲུབ་བླ་བཅུ་གསུམ། སློབ་མ་ཀཿདཔལ་རྫོགས་གསུམ་སོགས། ཡུལ་ཕྱོགས་ཐ་དད་པའི་སྐྱེས་ཆེན་རྣམས་དང་། ཇོ་སོར་ཡན་གྲངས་མ་ངེས་པ་འདུས། ཚོགས་སྒྲུབ་མཆོད་ནི། ཆོ་འཕྲུལ་ཟླ་བར། ཉེ་སྲས་བརྒྱད་མཆོད། ས་ག་ཟླ་བར་སྙུངས་གནས། ཟླ་བ་དགུ་པར་ཐར་ཆོག། ཟླ་བ་ཡར་མར་ཆོས་བཅུ། ལོ་རེ་བཀའ་འགྱུར་དག་ཚར་རེ། དབྱར་གནས། རྒྱལ་བ་རྒྱ་མཚོའི་སྒྲུབ་ཆེན། ཟླ་བ་བརྒྱད་པའི་ནང་བཀའ་བརྒྱད་སྒྲུབ་ཆེན། ལོ་མཇུག་ཕྱག་དྲུག་པའི་མགོན་སྒྲུབ་དང་། བེར་ཆེན་དགུ་གཏོར་བཅས་རྒྱུན་ཆགས་ཡོད་རྗེ་དེའི་སློབ་མ་གདན་ས་འཛིན་པ་ནི། བླ་མ་རིན་ཆེན། བསྟན་ཁུ་མཐར་མཆོག། ཉེ་གནས་དགེ་ལེགས་བཅས་ཀྱིས་འགོ་འཛིན་ནས་གདན་ས་པ་བླ་མ་རིན་ཆེན་གྱིས་འཇམ་མགོན་རིན་པོ་ཆེའི་ཕྱག་སྲོལ་ལྟར་སྒྲུབ་སྡེ་བསྐྱངས། འདུ་ཁང་གསར་བཞེངས་ལ་བྱམས་ཆེན་ཐོག་ཚད་གཉིས། གུ་རུ་པད་འབྱུང་། རྡོར་སེམས་ཐུབ་པ་སོགས་འདགས་སྐུ་རྩེག་ཚད་ཡོད་པ་བདུན་སྡེ་དགེའི་དཔྲ་ཁང་གི་དཔར་ཇི་བཞུགས་དཔེ་ཆ་བཞེངས། དུང་འཁོར་[page 311] གཉིས་བཅས། གཟིམ་ཆུང་། འཇམ་མགོན་རིན་པོ་ཆེའི་འདྲ་ཞལ་གསེར་ཟངས་ལས་གྲུབ་པ་ཁུས་ཚད་ཅན། གདུང་རྟེན་སོགས་རྟེན་གསུམ་བཞེངས། སློབ་མ་རྣམས་ལ་ཤང་ཆོས་སྙན་བརྒྱུད་ཀྱི་གཙོས་པའི་རེ་འདོད་སྐོང་།

མཐར་གདན་ས་དེ་ཉིད་དུ། སྐུ་འདས་ཚུལ་བསྟན་ནས་ཞུགས་འབུལ་སྐབས་སྐུ་གདུང་རིང་གསེལ་གྱི་ཕུང་པོར་བྱོན། དེའི་སློབ་མ་གཙོ་བོ་དཀར་མཛེས་བུ་རམ་སྐུ་ཞོག་གི་སྐུ་ཉེ་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་པའི་ཉི་མ་ཞེས་པས་གདན་ས་བསྐྱངས། བློ་སྦྱངས་དོན་བདུན་སོགས་ཐང་ཆོས་རྣམས་དང་སློབ་མས་རེ་འདོད་ལྟར། སྔོན་འགྲོ། དངོས་གཞི་སོགས་གསུང་། བྱ་བ་བྲལ་ནས། ཚེ་མཚམས་པ་མཛད། ཀོང་སྤྲུལ་ཡང་སྲིད་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་མཆོག་ཀྱང་རྫོང་ཤོད་དུ་སྔ་ཕྱི་ལན་མང་བྱོན་ནས། གོང་མའི་ཕྱག་རྒྱུན་ལྟར་དབང་ལུང་ཁྲིད་བཅས་གནང་། དགོན་པའི་བཅའ་ཁྲིམས་བསྡམས། འདུ་ཁང་གསར་དུ་བཞེངས་པའི་ཐུགས་བསྐྱེད་གནང་། མཁན་རིན་པོ་ཆེ་ངག་དགའ་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ནས། ཁྱེའུ་ཆུང་། ཁོ་ཙའི་སྤྲུལ་པར་ངོས་འཛིན་པ། ཐུབ་བསྟན་འཇམ་དབྱངས་ཆོས་འཕེལ་མཚན་གནང་བ་ཕྱི་ལོར་ཀོང་སྤྲུལ་རིན་པོ་ཆེ། དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་གྱིས། རྫོང་ཤོད་དགོན་པའི་སྤྲུལ་སྐུར་ངོས་འཛིན་ནས་བདག་བཟུང་མཛད། རྫོང་སྤྲུལ་ཚུལ་ཁྲིམས་མདུན་བརྩོན་སྦྱང་མཛད་ནས། འཁྱུག་ཙམ་བཞུགས། དེ་མཚམས་ཁྲ་སྐྱ་བླ་མ་རིན་པོ་ཆེ། དཔལ་ལན་མདུན་གདམས་ཁྲིད་ཞུས་ནས་ཁོ་ཤས་དང་། སྤྲུལ་རིན་པོ་ཆེ་པད་མ་དབང་ཕྱུག་མདུན་རིན་ཆེན་གཏེར་མཛོད་སོགས་དབང་ལུང་ཞུས་ནས། ལོ་ཤས་ནང་ཀོང་སྤྲུལ་ཡང་སྲིད་རིན་པོ་ཆེ། གཞན་དོན་དུ་གཤེགས་པའི་རྐྱེན་གྱིས་ཐུགས་ཡིད་སྐྱོ་ནས་རག་ཆབ་སྒྲུབ་ཁང་དུ་མཚམས་ལོ་གསུམ་བཞུགས། དེ་མཚམས་བཞི་རྒོལ་སོགས་དུས་འགྱུར་ཁེལ་བས། བསྟན་པའི་བྱ་བ་ཆེར་མ་འགྲུབ་པར་ལོ་མང་ཁུམས་དགོས་ཐུག་

སྤྱི་ལོ་༡༩༨༣ལོ་ལ་ཉམ་གསོའི་ཆོས་སྒོ་ཕྱེ་སྐབས་རྫོང་གྲྭ་སྐལ་དགའ་སོགས་དགོན་ཡུལ་ཀུན་གྱིས་རེ་འདུན་ལྟར། སྤྲུལ་འཇམ་དབྱངས་ཆོས་འཕེལ་གྱིས་བསྟན་པ་ཉམ་གསོའི་ལས་སྣེ་འཁུར་བཞེས་གནང་། ཐོག་མར་ཡང་དག་ཚོགས་ཁང་ཆེན་མོ་བཞེངས་ནས། གུ་རུའི་སྐུ་ཟ་ཧོར་མ་རྩེག་ཚད་ཆེ་ཤོས་དང་། མཀྱེན་ཀོང་གཉིས་ཀྱི་ཞལ་ཐང་ཚེམ་གྲུབ་ཅན་རྩེགས་ཚད་མ་གཉིས། མང་མི་དྭག་གསུམ་ཀརྨ་པ་སོགས་ཁོགས་རིས། སྟེང་དུ་མགོན་ཁང་། ལོགས་སྡུ་བཀའ་འགྱུར་ལྷ་ཁང་། དུང་འཁོར་ཆེན་མོ་གཅིག་དེ་རྗེས་འདུ་ཁང་ཆེ་བ་སྟེང་ཁང་བླ་བྲང་དང་སྤྱི་ཁང་སྒོ་ཁང་བཅས་ཁྱོན་སྡོམ་ལྷ་ཁང་མགོན་ཁང་བཞི། སྐུ་རྟེན་ལ་གསེར་སྐུ་གསར་རྙིང་ཁྱོན་བསྡོམས་ལྔ་བཅུ་ལྷག་ཙམ། གསུང་རྟེན་ཁ་དཔེ་ཝར་མཆོག་སྤྲུལ་འཆི་མེད་རྡོ་རྗེས་གནང་བའིདྭག་པོའི་བཀའ་འབུམ། མཁྱེན་རྩེའི་བཀའ་བདུན་སོགས་དང་། བཀའ་འགྱུར། བསྟན་འགྱུར། གཏེར་མཛོད་སོགས་ལྔ་བརྒྱ་ལྷག་ཙམ། ཐུགས་རྟེན། མཁྱེན་ཀོང་མཆོག་གསུམ་ཀྱིས་བཞེངས་པའི། འགོང་པོ་ཨར་གཏད་མཆོད་རྟེན་ཉམས་གསོ་བྱས། དགེ་འདུན་སུམ་ཅུ་གསུམ་རང་[page 312] མོས་ཀྱིས་རྩ་འཛུགས་བྱས། གྲྭ་ཁང་ཉི་ཤུ་ཙམ་རྟེན་མདུན་མཆོད་འབུལ། མཆོད་ཆ། སྒྲུབ་པའི་ཆ་ལག་གསར་བཞེངས་དབྱར་སྒྲུབ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཆེན་དུས་སྐབས་བསྟུན་ནས་མ་ཎི་སིདྡྷིའི་སྒྲུབ་པ་རེས་མོས་འཚོགས། ལོ་མཇུག་དགུ་གཏོར། ཡར་མར་ཚེས་བཅུ། དགུ་གསོལ་མགོན་བླ། འཁོར་འདེན་རྒྱུན་བཞག། བླ་གྲྭ་མང་ཤོས་ཀྱིས་རབ་བྱུང་ཞུས། དཔལ་སྤུངས་སྒྲུབ་ཁང་དང་། རྫོང་སྲ་བཤད་གྲྭ་དང་། བླ་གྲྭ་ཆ་ཤས་ཡོད། དེ་དག་ཀུན་སོ་བྱང་སྔགས་གསུམ་གྱི་སྡོམ་པས་རྒྱུད་བསྡམས་ནས་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་གང་ནུས་སྒྲུབ་བཞེན་པ་མཆིས།

ཁ་རག་དགོན་གྱི་ལོ་རྒྱུས།

དགོན་སྡེ་འདི་ཕྱག་དང་པོ་འདེབས་པ་པོ་ནི། བླ་ཡི་གདུང་སྤྲུལ་དོ་ཞུ་ཚུལ་ཁྲིམས་རྒྱལ་མཚན་དུ་གྲགས་པ་དེ་ཡིན། སྐྱེས་ཆེན་དམ་པ་དེ་ཡི་གདུང་རྒྱུད་ནི། བྲུ་ཤ་རྣམ་སྲས་སྤྱི་རིང་ཞེས་བྱ་བ། ཡུལ་དེར་བདུད་བཏུལ་བ་དང་། བསྟན་པ་སྤེལ་བ་སོགས་འགྲོ་དོན་རླབས་ཆེན་བྱུང་། དེ་ཡི་རྒྱུད་པ་རིམ་བཞིན་འཕེལ་ནས་ཐོ་གར་རྒྱལ་པོའི་རྒྱལ་སྲིད་བཟུང་། བོད་རྗེ་སྤུ་རྒྱལ་གྱི་དུས། བྲུ་ཤའི་དུར་བོན་ཡུལ་དར་ཐང་དུ་གདན་དྲངས། རྒྱལ་གྱི་དྲི་འདུལ། གདུང་ཁང་བང་སོ་བརྩིགས། ཁྲི་སྲོང་དུས་རྒྱ་གར་ནས་ཆོས་བོད་དུ་གདན་དྲངས། བོན་གྱི་བསྟན་འཛིན་གཙོ་བོ། བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ། དབུས་གཙང་དུ་བཞུགས་མི་ཆོག་པའི་བཀའ་ཕབ། མདོ་ཁམས་དང་གཙང་ཁའི་ཡུལ་དུ་མཐའ་ཕུད་བཏང་། བླ་ཀླུདབང་གི་ཁམས་སྡེ་[page 317] དགེའི་ཤར་ཁྲོམ་སྟོད་ཁམས་ལུང་ནོར་བུའི་དབུ་རྩེར་དགོན་པ་བཏབ། གདུང་རྦས་ལྔ་ཙམ་གྱི་རིང་། ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པ་བསྐྱངས། དེ་ནས་བྲུ་ཡི་གདུང་མ་བླ་མ་ཡེ་ཤེས་རྒྱལ་མཚན་དང་། ཡུམ་ཞུ་བཟའ་གཡུང་དྲུང་མཚོ་གཉིས་ལ། རབ་བྱུང་མ་ཟིན་གོང་གི་མེ་ཁྱི་ལོ་ཏེ། སྤྱི་ལོ་༡༨༥བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་སྲས་ཞིག་འཁྲུངས། མཚན་ངོ་ཞུ་ཚུལ་ཁྲིམས་རྒྱལ་མཚན་དུ་གསོལ། དེ་ནས་བཟུང་། ཁ་རག་གི་བླ་རྒྱུད་རིམ་བྱོན་ལ། ཞུ་ཚ་ཡིན་པའི་རྒྱུ་མཚན་གྱི། ངོ་ཞུ་བྲུ་ཚང་ཞེས་མཚན་བཏགས་སྲོལ་འདུག། སྐྱེས་ཆེན་དམ་པ་དེ་ཉིད་གང་ཟག་གཞན་ལས་ཁྱད་པར་འཕགས་པ། བྲིས་ཀློག་ཕལ་ཆེར་སྦྱང་མ་དགོས་པར་ཐུགས་ལ་མཁྱེན། སྐུ་ན་རྫོགས་ནས། ཡབ་བླ་མ་ཡེ་ཤེས་རྒྱལ་མཚན་གྱི། གཏེར་ཁྲོ་ཞིག་ཡོད་པས། རྫུ་འཕྲུལ་རྩལ་གྱི་བྱ་སྒྲོལ་བསྒོས་ནས། མཆེད་ཡ་ཀླུ་རྒྱལ་འབུམ་ཐུབ་གཉིས་ལ། རྒྱན་འཛུགས་ནས་ཁྲོ་ཡི་ཁ་རག་པ་དེ་ཡི། འཛིང་ཁ་དྲག་དུ་དགོན་བཏབས་དགོས་པའི་བཀའ་གནང་། ཁྲོ་ཡི་ཁ་ཚུལ་ཁྲིམས་རྒྱལ་མཚན་གྱིས་རག་པས། ཁ་རག་ཚང་ཞེས་མིང་དེ་ནས་བྱུང་། དེ་དང་ཆབས་ཅིག་སྐུ་གསུང་ཐུགས་རྟེན་དྲེལ་རྒྱབ་གཅིག། རྟེན་སྐལ་ཐོབ། སྤྱི་ལོ་༡༠༡༧ལ་འཛིང་ཁ་རག་ལྷ་རྒྱལ། གདུལ་བྱའི་ཞིང་དུ་གཟིགས། ད་ལྟ་རབ་བྱུང་བཅུ་བདུན་པ་ཤིང་ཁྱི་ལོ་སྤྱི་ལོ་༡༩༩༤ལོ་བར་ལོ་རབས་༩༧༧འདས་ཟིན། དེ་དག་གླིང་གཤེན་མུ་ལ་བློ་གྲོས་ཀྱི་མཛད་པའི་ཁ་རག་གནས་ཀྱི་ལོ་རྒྱུས་དང་འགྲེལ་བའི། རྔན་མདོ་དང་དཀར་ཆག་སོགས་ལས་གསལ་བའི་ཕྱིར་རོ།

གདུང་རབས་རགས་རིམ་ནི། སྤྱིར་གདུང་རྒྱུད་བར་མ་ཆད་པ་བསྟན་འཛིན་གྱི་བླ་མ་དམ་པ་མཁས་དང་གྲུབ་པའི་བདག་ཉིད་ཅན། བཞི་བཅུ་ཞེ་བརྒྱད་ལྷག་བྱོན་པ་དང་། དགོན་གནས་འདི་ཉིད་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་གདུང་རབས་བཅོ་བརྒྱད་པ། གཡུང་དྲུང་བསྟན་པའི་རྒྱལ་མཚན་ནི། རབ་བྱུང་དགུ་པའི་མེ་བྱི་ལོ། འཛིང་ཁ་རག་ཡབ་གཞིས་སུ། ཡབ་སྐལ་བཟང་ནོར་བུ་དང་ཡུམ་ཡེ་ཤེས་ལྷ་འཛོམས་གཉིས་ཀྱིས་སྲས་སུ་འཁྲུངས། ཆུང་ནས་སྙིང་པོ་ནམ་གསུམ་མ་སྦྱོང་ཐུགས་ལ་མཁྱེན། མངོན་པར་ཤེས་པའི་རྩལ་རྫོགས། རྫོངས་དཀར་གནས་མདུན། རྟ་ཕྱག་ཁྱུང་གསུམ་བསྒྲུབ་པ་ཆ་ལག་དང་བཅས་མཁའ་འགྲོས་བརྡ་ཡིག་བབ། ཀོང་ཀོ་བོན་རི་ལ་ཞབས་བཀོད། བོན་རིའི་མདུན་ཞོལ་རྗེས་རི་དགོན་པ་ཕྱག་བཏབས། འདུ་གྲྭ་བརྒྱ་ཕྲག་ལྷག་གི་དབྱར་གནས་དགུ་གཏོར་སོགས་དུས་མཆོད་བཙུགས། འཛིང་ཁྲ་བོ་ཁྱུང་ལུང་དངུལ་མཁར་གནས་སྒོ་ཕྱེས། རྟ་ཁོག་ཕ་བང་བོན་མོ་ནས། ཕྱོགས་བཅུའི་མུན་སེལ་མཚན་གཟུངས་གཏེར་བཏོན། གཞན་ཡང་བོད་ཁམས་ཀྱི་སྒྲུབ་གནས་བྱིན་ཅན་ཕལ་ཆེར་ཞབས་བཀོད། བོན་གྱི་གྲྭ་ས་བྲུ་ཞུ་སྤ་རྨེའུ་གཤེན་སོགས་ཀྱི། གདུང་སྤྲུལ་མཁན་སློབ་རྣམས་ཀྱི་མདུན་ནས། བོན་གྱི་མདོ་རྒྱུད་སེམས་གསུམ་ལ་སྦྱང་པ་མཐར་ཕྱིན་ཅིང་ཡི་དམ་ལྷ་ཞལ་མཇལ། གྲུབ་རྟགས་ལ་ཐོགས་པ་མེད་བཤད་བསྒྲུབ་བསྟན་པའི་བདག་པོར་གྱུར། ཁ་རག་ལྷ་རྒྱལ་རྩེར་མོ་གསུམ་ཆོས་གསུམ་གྱི་སྒྲུབ་གྲྭ་བཙུགས། བསྒྲུབ་པའི་འབྲས་བུ་ཐོབ་པ་སློབ་མ་མང་ཙམ་བྱུང་། དེ་དག་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་ཕྱག་ལེན་བཅའ་[page 318] ཡིག་ལྟར་ཚུལ་འཆལ་གྱི་དྲི་མས་བག་ཙམ་མ་གོས་པ་འབའ་ཞིག་ཡིན། འཁོར་ལོ་གསུམ་གྱི་འཕྲིན་ལས་ནམ་མཁའ་དང་མཉམ་པར་མཛད། ཁོང་གི་གསུང་འབུམ་པོ་ཏི་བཅུ་ཕྲག་ལྷག་ཡོད་ཀྱང་། ད་ལྟ་ཆ་ཚང་མ་བཞུགས་དོན་གཉིས་མཐར་ཕྱིན་ནས། དགོངས་པ་བོན་དབྱིངས་སུ་བསྡུས་ཕྱི་རབ་འགྲོ་བ་འདྲེན་པའི་དཔལ་དུ། དབུ་ཐོད་ལས་བྱོན་པའི་མཁའ་འགྲོའི་གར་སྟབས་རང་བྱོན། ཐུགས་ལས་བྱོན་པའི་རིང་བསྲེལ་བརྒྱ་རྩ་བརྒྱད་ཆ་རེ་ཙམ་ད་ལྟ་བཞུགས་སོ། གདུང་རབས་བཅོ་བརྒྱད་པ་ནམ་མཁའ་བློ་གྲོས་རབ་བྱུང་དགུ་པའི་ཤིང་འབྲུག་ལོ། ཁ་རག་ཟབ་གཞིས་སུ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས། གཟུགས་སྐུའི་སྣང་བརྙན་བཞད། ལུང་ཟིན་གྱི་སྐྱེས་བུ་ཚད་མ་ཡིན་ཏེ། དྲན་པའི་ཡང་སྦྱོང་འཕྲུལ་སྒྲོན་ལས། འཛིང་ཡུལ་ནམ་མཁའ་མཚན་ཅན་འབྱུང་། རི་ཁྲོད་ཆས་ཁུག་སྒོམ་གྲྭ་འཛིན། གང་མཇལ་སེམས་ཅན་ཐར་པར་བཀོད། ཅེས་གསུངས་པའི་ཕྱིར་རོ། བྲུ་ཡི་བླ་མ་གཡུང་དྲུང་བསྟན་རྒྱལ་ལས་བསྙེན་པར་རྫོགས། རིག་གནས་གྲུབ་མཐའ་ཀུན་ལ་སྦྱངས། ལྷ་བྲིས་ལ་ཕུལ་དུ་ཕྱིན་པ་བྱུང་། དཔལ་སྤུངས་སྐྱབས་མགོན་དང་སྡེ་དགེའི་ཆོས་རྒྱལ་གཉིས་ཀྱིས་བཀའ་ཤོག་གསེར་ཐམ་ཆ་གཅིག་གིས་མཐའ་གནན་པ། ཁ་རག་བཀའ་སྒོམ་དུ་ཐོང་ཆོས་སུ་བཞུགས། དམ་པ་དེ་ཉིད་ཀྱི་འཚོགས་ཁང་ཆེན་མོ་ཀ་བ་ཉི་ཤུའི་ས་ཐོག་རྩེག་གསུམ་པ་ཞིག་བཞེངས། ཕྱི་ནང་གི་ལྡེབས་རིས་དང་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ། རིན་པོ་ཆེ་གྲམ་པ་ལྟར་བཞུགས་སུ་གསོལ། གཙུག་ལག་ཁང་རྟེན་དང་བརྟེན་པ་ལེགས་གྲུབ་ཟིན་སྐུ་ཚེའི་གང་དེར་དགོངས་པ་སྐད་ཅིག་ཙམ་ལྷོད་མེད་ཀྱི་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བ་བྱས་ཏེ། མེ་ཁྱི་ལོ་མི་རྟག་ཚུལ་དུ་བསྟན་ནས་འོག་མིན་སྡུག་པོ་བཀོད་པ་ཞིང་དུ་གཤེགས། ཟག་མེད་འོད་སྐུ་ཐོབ་ནས་སྐུ་གདུང་གྲུ་གང་ཙམ་ལས་མ་བཞུགས་པར་གྲགསརིམ་བཞེན་གདུང་རབས་རིམ་བྱོན་གྱིས་གདན་ས་བསྐྱངས། སྐྱེས་ཆེན་དམ་པ་དེ་དག་གི་རྣམ་ཐར་ཆུ་གཏེར་གྱི་ངོགས་ལྟར་ཡོད་ཀྱང་ཡོངས་རྫོགས་ནི་འཆད་མི་ནུས་པས། དེ་ཡི་ནང་ནས་ཆུ་ཐིགས་ཙམ་ཞིག་རང་གཟགན་གྱི་དད་པའི་གསོས་སུ་ཉེ་བར་འགོད་པ་ལགས་སོ།།

བཞི་པ་སྐྱེས་ཆེན་དམ་པ་དེ་དག་གི་བཤད་སྒྲུབ་ཀྱི་སྲོལ་ཚགས་ཚུལ་ནི། ཁ་རག་ཚུལ་རྒྱན་གྱི་རྣམ་ཐར་ལས་གསླ་བ་ལྟར། བདག་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་དུས་འདའ་བར་བྱས། ཞེས་དང་། སྐབས་དེར་ཞང་ཞུང་རྫོགས་པ་ཆེན་པོའི་བོན། ཁྲེགས་ཆོད་ཐོད་རྒལ་གྱི་ལྟ་སྒོམ་དང་འབྲེལ་ཉམས་ལེན་རིགས་ཀྱི་གཞི་བཟུང་། གསང་སྔགས་ཕྱག་རྫོགས་ཀྱི་སྐོར། ཞི་དབང་ཁྲོ་གསུམ་སོགས་བསྐྱེད་རིམ་དང་[page 319] འབྲེལ་བའི་བསྙེན་བསྒྲུབ་དང་། རིག་འཛིན་མཁའ་འགྲོས་བོན་སྐོར་རྫོགས་རིམ་དང་འབྲེལ་བའི་ཐབས་ལས་རྣམས་ཀྱི་གཞུང་བསྲངས། རྒྱུ་མཚན་ཉིད་ཀྱི་སྐོར་མདོ་འབུམ་གཉིས་ཀ་འབྲེལ་བའི་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་རྣམས་ཀྱི་ཟུར་བརྒྱན་ནས་ལོ་གསུམ་ཆོས་གསུམ་གྱི་སྒྲུབ་གྲྭ་བཙུགས། སྒྲུབ་པའི་འབྲས་བུ་ཐོབ་པ་གརྔས་མེད་བྱུང་།

ལྔ་བ་དུས་མཆོད་ཀྱི་རྒྱུན་སྲོལ་ནི། བོད་ཟླ་དང་པོའི་ཚེས་གཅིག་ལོ་གསར་དུས་ཆེན་དང་འབྲེལ། གཤེན་རབས་དང་རྐེ་མཉམས་མེད་ཆེན་པོའི་དུས་ཆེན་འཚོགས། འོད་ཀླང་རྒྱས་སྟོང་མཚན་བསྒརྒས་སེར་འཕྲེང་དང་མཆོད་འབུལ་ཟབ་རྒྱས། བོད་ཟླ་གསུམ་པའི་ནང་ཁྲོ་བོ་རོལ་པའི་སྒྲུབ་པ། བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་འཛམ་གླིང་སྤྱི་གསང་། བོད་ཟླ་དྲུག་པའི་ཚེས་གཅིག་ནས་བདུན་པའི་བཅུ་དགུའི་བར་དབྱར་གནས། བོད་ཟླ་བརྒྱད་པའི་ནང་མ་རྒྱུད་དུས་མཆོད། དགུ་པའི་ནང་ཕུར་པའི་དགུ་གཏོར་སྒྲུབ་པ། ཟླ་བ་བཅུ་པའི་ཚེས་གཅིག་ནས་ཉེ་གསུམ་བར། མདོ་ཀུན་རིག་གནས་སྟང་དབང་ཆེན། བཅུ་གཉིས་ཨཔའིའ་ཉེ་གསུམ་ནས་ཉེ་དགུ་བར། སྟག་ལྷའི་དགུ་གཏོར་སྒྲུབ་པ་ཆེན་མོ། ཉིན་གཉིས་གར་འཆམ། ཚེས་སུམ་ཅུ་ཉེན་འདུལ་བའི་གསོ་སྦྱང་དང་། བདེ་འདུས་སྟོང་ཚོགས། བཅུ་གཉིས་པའི་ནང་སྟག་ལྷའི་དགུ་གཏོར་ཆུང་བ་དང་། བོན་སྐྱོང་འཚོགས་སྟོང་བཅས་ཀྱི་ལོ་གཅིག་གི་དུས་མཆོད་མཐའ་འདུ་བ་ཡིན།

དྲུག་པ་བོན་སྡེ་འདི་ཡི་བཤད་སྒྲུབ་ལས་གསུམ་འཛུགས་རྟེན་དང་འཚོགས་པའི་བཏང་སྒོ་ཡོན་གྱི་འབྱུང་ཁུངས། གདུང་རབས་གོང་མའི་དུས། སྡེ་དགེའི་ཁུལ་གྱི་ཡུལ་འབྲོག་ཕལ་ཆེར་གྱིས། དགོན་འདི་ཡི་རྟེན་དང་བརྟེན་པ་བཞེངས་པ་ལ་མཐུན་རྐྱེན་གང་ལེགས་བསྒྲུབས་ཡོད། དེ་རྗེས་མདོ་ཁམས་ཀྱི་ཆོས་སྡེ་ཆེ་གྲས་ཀྱི་སྲིད་དབང་ལ་བརྟེན་ནས། བླ་དཔོན་མིང་ཅན་གྲུབ་མཐའ་ལ་ཕྱོགས་རིས་དང་། ཆགས་སྡང་བོན་ལ་དམའ་འབེབས་གླེན་རྩོད་གང་རུང་བྱས། མངའ་འོག་གི་ལྷ་སྡེ་དང་གྲྭ་འོག་ལ་གནོད་འཚེ་ཚབས་ཆེར་བྱས། དེ་རྗེས་རིས་མེད་ཆོས་ཀྱི་སྐྱེས་ཆེན། དཔལ་སྤུངས་སྐྱབས་མགོན། རྫོང་སར་མཁྱེན་རྩེ། ཀོང་སྤྲུལ། ཨ་འཛོམས་འབྲུག་པ་ཡབ་སྲས་སོགས་ཀྱིས་རིས་མེད་ཀྱི་ཆོས་འཁོར་བསྐོར། སྡེ་དགེའི་ཆོས་རྒྱལ་གྱི་བཀའ་མཐའ་བཙན་ནས། དགུ་རུ་དཔོན་གསུམ་འོག་ལྷ་སྡེ་ལྔ་བཅུ་ལྷག་དང་མཆོད་གཞིས་འཛིང་ཤོག་ཆེན་བཅོ་བརྒྱད་ཕལ་ཆེར་ངེས་སོ།།

བདུན་པ་སྐུ་གསུང་ཐུགས་རྟེན་ནི། དགོན་འདི་ཆགས་ནས་ལོ་ངོ་དགུ་བརྒྱ་ལྷག་གི་རིང་དམ་པ་གོང་མ་རྣམས་ཀྱིས་བཞེངས་པའི་རྟེན་གསུམ་གྱི་གྲངས་ནི་སྨྲ་མི་ནུས། མཚན་ཐོ་ཙམ་ཞིག་འགོད་པར་བྱ་སྟེ་འདུ་ཁང་དང་ལྷ་ཁང་ཆེ་ཆུང་གསུམ། བླ་བྲང་གསུམ་དང་སྒྲུབ་ཁང་གཅིག་སྤྱི་གཉེར་ཁང་གཅིགགྲྭ་ཤགས་ལྔ་བཅུ་ལྷག་བཅས་ཡོད། གསེར་སྐུ་ལི་མ་ཐོག་དུག་གསུང་བྱོན་མ། མཚན་དུང་འཕར་ཆུང་། ས་སྐྱའི་དུང་དཀར་དཀར་མོ་རྒྱང་གྲགས་དང་ངོས་མཉམ་པ་གཅིག་བསྟན་པའི་ཕྱག་མཚན་གསེར་གཤང་ཐོས་གྲོལ། རྫུ་འཕྲུལ་ཡེ་ཤེས་ཀྱིས་སྟག་གཟིགས་འོལ་མོ་ལུང་རིང་ནས་གདན་དྲངས་པའི་གཤེན་རབ་འཕེལ་[page 320] གདུང་། བྱ་ཅོག་གའི་སྒོང་ང་ཙམ་ཆ་གཅིགསྟག་ལྷའི་མཆོད་རྟེན་དང་རྣམ་རྒྱལ་མཆོད་རྟེན་ལི་མ་གསེར་རྩི་ཅན་ཆེ་ཆུང་བརྒྱ་ཕྲག་མ་ཟིན་ཙམ་ཡོད། གསེར་སྐུ་ལི་མ་དང་གཏེར་མ་གྲངས་མང་པོ་དང་། གསེར་ཐང་དང་སྦུལ་ཆལ་དུང་གླིང་སྒྲོས་ཉམས་ཅན་མང་། ས་འདག་ལས་གྲུབ་པ་ཡི་དམ་གསས་འཁར་འཆོང་ལྔ། རྗེ་མཉམ་མེད་ཡབ་སྲས་བོན་སྐྱོང་ཕོ་མོའི་སྡེ་བཅས་ཐོག་ཅན། བཀའ་དང་བཀའ་བརྟེན་གྱི་སྐོར་པོད་སྟོང་ལས་བརྒལ་བ་ཡོད་ཅིང་། མདོ་འབུམ་མི་ཉུང་བ་ཞིག་ནི། རིན་པོ་ཆེ་སྣ་ལྔས་བྲིས་པ་ཡིན། གར་འཆམ་གྱི་གསེར་འབག་འཆམ་གོས་ཆ་ཉེར་ལྔ། སེང་འབག་ཆ་གཅིག་བཅས་དགོན་སྤྱི་དང་མཐུན་པ་མཆོད་ཆས་ཤིན་ཏུ་མང་ངོ་།།

དེང་གི་གནས་ཚུལ་ནི། དཔལ་གཤེན་བསྟན་ཁ་རག་གཡུང་དྲུང་བདེ་ཆེན་གླིང་འདིར། བོན་གཤེན་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་གནས། བྲུ་ཁ་རག་གི་གདུང་རབས་ཉེར་བརྒྱད། གྲུབ་དབང་ཤར་རྫ་འཇའ་ལུས་པ་ཡབ་སྲས། མདོ་ཁམས་ཀྱི་བོན་ཆོས་གཉིས་ཀྱི་བསྟན་འཛིན་སྐྱེས་བུ་མང་པོས་ཞབས་ཀྱིས་བཅག་སྒྲུབ་པ་མཛད། མདོ་ཁམས་ཀྱི་ཞྭ་དཀར་བསྟན་པའི་སྲོག་ཤིང་ལྟ་བུར་གྱུར་ནའང་། སེམས་ཅན་གྱི་བསོད་ནམས་བྲིས། གྲི་གུམ་སོགས་བོད་རྗེ་རེ་འགའི་ཐུགས་རྒྱུད་གདོན་འདྲེས་བཟུང་། བོད་སྔ་རབས་པའི་ཆོས་ལུགས་དང་རིག་གཞུང་ལ་བཤིག་གཏོར་ཐེངས་མང་བཏངས། ཁུངས་མེད་ལུང་མེད་ཀྱི་རིག་གཞུང་ལ་དོ་སྣང་ཆེན་པོ་བྱུང་ནས་བོད་ནང་ཁུལ་དུ་ཡིད་སྐྱོ་དགོས་པ་ཞིག་ལ་གཅིག་གསོ་གཅིག་གསོད་ཀྱི་བྱ་བ་བསྒྲུབས། དེ་ཡི་ཤུགས་རྐྱེན་ངན་པ་བོན་དགོན་ཡང་དང་འདྲ་བ། དགོན་འདི་ཉིད་ལ་ཉམས་གུད་ཚབས་ཆེན་བྱུང་། བོད་ཡོངས་ཀྱི་དགོན་དང་མཚུངས་པ། ངོ་རྒོལ་བཞི་པ་དང་། རིག་གནས་གསར་བརྗེའི་སྐབས། རིན་ཐང་ཚད་ལས་བརྒལ་བའི་སྐུ་གསུང་ཐུགས་རྟེན། མཆོད་ཆས། གཙུག་ལག་ཁང་ཁང་། བླ་བྲང་གྲྭ་ཤགས་དང་བཅས་བཤིག་གཏོར་སོང་། དགོན་གནས་འདི་མི་མེད་ལུང་སྟོང་ཞིག་ཏུ་གྱུར་ནས་མི་ལོ་བཞི་བཅུ་ཙམ་སོང་ཡང་བོད་འབངས་འགྲོ་བ་ཡོངས་ཀྱི་སྤྱི་མཐུན། ལས་ཀྱི་བསོད་ནམ་ཕྲན་ཙམ་ལ་བརྟེན་ནས། སྲིད་གཞུང་ནས་ཆོས་སྒོ་ཕྱེས་ཏེ། མི་དམངས་ཤོག་སྒོར་གཅིག་ཁྲི་ལྷག་གི་རོགས་རམ་དང་། ཆོས་དང་མང་ཚོགས་ནས་ཕུལ་བའི་དངོས་པོ་ཅི་རིགས་ལ་བརྟེན་ནས། ཕུར་པ་ལྷ་ཁང་དུ་བླ་བྲང་སྤྱི་ཁང་གྲྭ་ཤགས་ཉི་ཤུ་ལྷག་ཉམས་གསོ་གྲུབ། འཚོགས་ཁང་ཆེན་མོ་ཉམས་གསོ་བྱེད་བཞིན་པ་དང་། བཀའ་བསྟན་འགྱུར་ཆ་གཉིས། སྐུ་འདྲ་ཞལ་ཐང་གསར་རྙིང་བརྒྱ་ཕྲག་ལྷག་དང་། མཆོད་ཆས་སྤུས་ལེགས་སྒྲོས་ཉམས་ཅན་ཆ་ཚང་དགོན་སྤྱི་དང་མཐུན་པ། འཆམ་འབག་གོས་ཉེར་ལྔ་སེང་འབག་བཅས་ཆ་ཚང་བ་ཡོད། ཁ་རག་བླ་མ་འཇམ་དཔལ་བློ་གསལ་སོགས་གྲྭ་བཅུ་ཕྲག་ལྷག་གིས་དབུ་འཛིན་གྲྭ་བཙུན་ངུར་སྨྲིག་ན་གཟའ་གོས་དྲུག་གིས་མཛེས་པ་སུམ་ཅུ་ལྷག་གིས་ཟུར་བརྒྱན་ནས། ཐུག་མཐུན་ཁྲིམས་གཙང་གི། རྩ་བའི་གདན་ས་དཔལ་གཤེན་བསྟན་ཁ་རག་གཡུང་དྲུང་བདེ་ཆེན་གླིང་གི། དགོན་རྩ་ལག་ཀུན་གྱི་སྔར་སྲོལ་མདོ་སྔགས་ཉི་ཟླ་ཟུང་འབྲེལ། གཡུང་དྲུང་བོན་གྱི་རྒྱལ་མཚན་མཐོན་པོ་སྲིད་རྩེར་འཛུགས་པ་འབད་བཞིན་དང་། བླ་སེར་ཀུན་[page 321] གྱི་བོན་དང་མཐུན་པའི་མཛད་སྤྱོད་བཟང་པོ་གནང་མུས་སུ་མཆིས་པ་ལ་ལགས་སོ།

ཞེས་པ་འདིའང་བྱ་ཚེ་རིང་གིས་དཔལ་ཡུལ་དུ་ལེགས་པར་བསྒྲིགས་པ་དགེ།

གཙུག་འོད་དགོན་གྱི་ལོ་རྒྱུས།

དགོན་འདེབས་པ་པོ་ནི་པད་མ་བདུད་འདུལ་དང་ཆོས་མཚོ་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བ་ཐོད་པ་ངོས་སུ་ཟླ་ཟེར་རང་བྱོན་ཡོད་པ་གཅིག་ལ་ཟླ་འོད་ནམ་མཁའི་རྒྱལ་པོ་སྲས་འབྲིང་བ་སྤྱི་གཙུག་ཏུ་འོད་ཟེར་འཕྲོ་བ་ཀུན་གྱི་མཐོང་ཆོས་སུ་ཡོད་པ་ཞིག་ལ་གཙུག་འོད་ཉི་མའི་རྒྱལ་པོ། སྲས་ཐ་ཆུང་རྫུ་འཕྲུལ་ཡ་མ་ཟུང་དུ་མངའ་བ་ཞིག་དང་གསུམ་བྱུང་། སྲས་ཆེ་བ་ཟླ་འོད་ནམ་མཁའི་རྒྱལ་པོའི་ཟླ་འོད་དགོན་ཕྱག་བཏབ། འབྲིང་བ་གཙུག་འོད་ཉི་མའི་རྒྱལ་པོ་དེ་ཡི་གཙུག་འོད་དགོན་ཕྱག་བཏབ། སྲས་ཆུང་བ་ཀུན་བཟང་གཞན་ཕན་གྱིས་གཞི་ནས་སྟག་འགོ་གདོང་ལ་དགོན་པ་བཏབ། ཟླ་འོད་ནམ་མཁའི་རྒྱལ་པོའི་སྲས་གཡུང་དྲུང་མཆོག་ལྡན་གྱི་འཛིན་གཞི་ལེགས་དགོན་ཆིབ་གདོང་ལ་དགོན་པ་བཏབ་ནས་སོ་སོར་དགོན་པ་བཟུང་། གཙུག་འོད་ཉི་མའི་རྒྱལ་པོའི་གཡང་ཟླ་སྨད་ཟླ་མཐོ་ཞེས་པའི་ས་གནས་དེར་དགོན་པ་བཞེངས། བསྟན་པ་རྒྱ་ཆེར་སྤེལ་ཏེ་བཤད་སྒྲུབ་གཉིས་ཀྱི་བོན་བསྟན་དར་ཞིང་རྒྱས་པ་བྱུང་། འཁོར་སློབ་མ་རྒྱ་ཕྲག་ཁ་ཤས་བྱུང་། གཟིམ་ཆུང་དགོན་དུ་ཇོ་མ་དགོན་པ་གཅིག་བཏབ་ཇོ་མོ་བརྒྱ་ཙམ་བྱུང་། དེ་ནས་སྐལ་བཟང་ལྷ་མོ་ཡུམ་བཞེས་སྲས་གསུམ་གྱི་ཆེ་བ་བསྟན་པ་ལྷུན་གྲུབ་ཀྱི་བདེ་སྐྱིད་ལྷ་མོ་ཁབ་ཏུ་བཞེས། དེས་སྲས་གཉིས་ཆུང་བའི་བསྟན་པ་འོད་ཟེར་ཡུམ་རྡ་མཁྲིན་མཚོ་བཞེས་ཏེ་སྲས་གཅིག་བྱུང་བའི་ལྷུན་གྲུབ་དབང་ལྡན་ཞེས་མཁས་དང་གྲུབ་པའི་བདག་ཉིད་ཅན་ཤ་སྟག་བྱུང་བའི་བསྟན་པ་དང་སེམས་ཅན་གྱི་དོན་ལ་འགྲོ་དོན་རྒྱ་ཆེར་བྱུང་། ལྷུན་གྲུབ་དབང་ལྡན་གྱི་ཝ་ཕྲུག་ཚང་གཡུང་དྲུང་དབང་མོ་ཁབ་ཏུ་བཞེས་ཏེ་སྲས་བཞི་བྱུང་། སྲས་ཆེ་བ་ཤེས་རབ་རྒྱལ་མཚན་ནམ་མཁའ་ལ་འཕུར་ནུས་པའི་རྫུ་འཕྲུལ་དང་ལྡན་ཞིང་། ཉིང་ལྷུང་རི་ཁྲོད་དུ་བཞུགས་པའི་སྐབས་གནག་རྫིའུས་འདུག་མ་བཅུག་པ་མར་དང་རྩམ་པ་སོགས་འཕྲོག་བཅོམ་བྱས་པའི་རྐྱེན་གྱིས། ང་རང་ས་དའི་མ་ཆགས་ན། ཁྱོད་རྣམས་ཀྱང་འདུག་བདེ་མོ་མི་འོང་བར་ཤོག་གསུང་ནས་འཕུར་བའི་ལམ་བར་དུ་གཟན་ཛྭ་ལ་ཞེས་པའི་བྲག་རི་མཐོན་པོའི་རྩེར་ཤིང་ལ་བཀའ་ནས་སླར་རང་ཡུལ་གཞེ་ཆེན་རྩེ་ལ་འཕུར་ནས་བྲག་ཁུང་དུ་བཞུགས་པ་སོགས་དང་ཕྱག་ཞབས་ཀྱི་རྗེས་སོགས་གྲུབ་རྟགས་མང་། སྔར་རི་ཁྲོད་དེ་རུ་སྲོང་དེ་ཆུ་ལོག་དྲག་པོ་བྱུང་སྟེ་རྫིའུ་རྣམས་ཀྱི་ཁང་ཤུལ་མེད་པར་བཟོས་པ་གྲགས། ཀུན་གྱི་ཝ་སྨྱོན་ཤེས་རབ་རྒྱལ་མཚན་མིང་དུ་བ༹ཏགས། སྲས་ཐ་ཆུང་ཨ་དགེ་ལ་སྲས་གཉིས་ཀྱི་ཆུང་བ་གཡུང་དྲུང་རབ་བྱུང་མཛད་དེ་ལྷ་རི་གནས་ནང་བྲག་ཕུག་ཏུ་སྐུ་ཚེ་ཧྲིལ་པོ་སྨྱུང་གནས་མཛད་དེ་བཞུགས། སྲས་ཆེ་བ་ཁྱི་ཐར་གྱི་རྣ་བ་ཆང་ཤེས་རབ་སྒྲོན་མ་ཁབ་ཏུ་བཞེས་ཏེ་སྲས་ལྔ་བྱུང་།[page 322] འབྲིང་བ་ཤེས་རབ་རབ་བྱུང་མཛད། དེ་ལ་ས་གཏེར་དང་དགོངས་གཏེར་སོགས་པོད་མང་དུ་བཞུགས་ཀྱང་རབ་བྱུང་ཡིན་པའི་སྟབས་ཀྱིས་མ་སྤེལ་རྡོལ་ཕྱག་ཞབས་ཀྱིས་རྗེས་སོགས་མང་དུ་བཞག་མི་མིན་གྱི་གསེར་སོགས་དངོས་རྫས་འབུལ་བ་མང་ཡང་ཡི་གེར་མང་བར་འཇིགས་ནས་མ་བྲིས་ཉག་གཏེར་གསང་སྔགས་གླིང་པ་ལ་རྩ་རླུང་མཁའ་འགྲོའི་གསང་མཛོད་ཁྲིད་དང་དབང་ལུང་མང་པོ་ཕུལ་ནས་དགོན་དུ་གཏེར་ཆེན་ཡུན་རིང་བཞུགས། གཏེར་སྟོན་ཚེ་དབང་གྲགས་པའི་བབ་ཞིག་ཏུ་གྱུར། དགོན་དུ་བཀའ་བརྒྱད་སྨན་སྒྲུབ་འཛུགས་ཡ་མཚན་པའི་སྒྲུབ་རྟགས་དང་སྨིན་གྲོལ་བཤད་སྒྲུབ་ཀྱི་བསྟན་པ་བཙུགས། འདི་ཡི་སྐུ་དུས་སྔོན་ཟླ་མཐོ་ས་གནས་དེ་བསྟན་པའི་འགྲོ་དོན་རྫོགས་ནས་ཕྱོགས་མེད་བྱ་བྲལ་གྱི་ལུང་བསྟན་བཞིན་གཙང་མགོ་དུང་དཀར་དགོན་དུ་དགོན་པ་སྤོས། ལྷ་ཁང་གཉིས་ལ་རྟེན་དང་བརྟེན་པ་བཅས་གསར་བཞེངས་གྲུབ་ནས་བསྟན་པ་ཉི་འོད་བཞིན་རྒྱས་པར་མཛད། སྲས་ཐ་ཆུང་པད་མ་གཡུང་དྲུང་ལ་ཟླ་ཁོ་ཚང་མཚོ་ཡུམ་བཞེས། སྲས་གསུམ་བྱུང་བའི་ཐ་ཆུང་གཡུང་དྲུང་རྒྱལ་མཚན་གྱི་ཉི་ལི་ཚང་བོ་ལེགས་ཡུམ་བཞེས། དེ་ལ་སྲས་གཉིས་བྱུང་བའི་བསྟན་ལ་གཞན་ཚ་ཚང་རིག་འཛིན་ལྷ་མོ་ཡུམ་བཞེས། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་དབང་ཕྱུག་གི་ཁྲ་ཚང་གུ་རུ་སྒྲོན་ཡུམ་བཞེས་དེ་ལ་སྲས་གཅིག་བྱུང་བས་ཕུན་ཚོགས་ཀྱི་ཟླ་འོད་ཚང་སྒྲོན་མ་ཡུམ་བཞེས། དེ་ལ་སྲས་གསུམ་གྱི་འབྲིང་བ་རིག་འཛིན་ཤར་རྫ་པའི་སློབ་ཆེན་ཞིག་ཏུ་གྱུརདེ་ལ་སྟག་མགོ་ཚང་ཨ་རྣང་སྒྲོན་མ་ཡུམ་བཞེས། སྲས་གཅིག་བྱུང་བའི་འཆི་མེད་རྒྱལ་མཚན་ཞེས་ལྕང་ལུང་དགོན་གྱི་བླ་མ་མཁས་ནང་གྲུབ་པའི་བདག་ཉིད་རབ་བརྟན་ཤེས་རབ་ཡང་སྲིད་ཡིན་པའི་འཇམ་དབྱངས་མཁྱེན་བརྩེ་དང་ཐར་བདེ་དྲི་མེད་སོགས་ཀྱིས་ངིས་འཛིན་གནང་། གཡུང་དྲུང་གླིང་དཔོན་སློབ་ཀུན་བཟང་བློ་གྲོས་མཆོག་གིས་ཀྱང་གསང་བའི་བདག་པོས་རྣམས་སྤྲུལ་ཡིན་པའི་མཚན་གྱི་ཅོད་པན་སྤྱི་བོ་བསྩལ། བོན་བསྟན་སྤྱི་ལ་ལྷག་བསམ་ཟོལ་མེད་དུ་དཀར་ཏེ་བསྟན་འགྲོའི་དོན་ལ་འབད་བརྩོན་མཐར་ཕྱིན་མཛད། འདི་ཡི་སྐབས་གྲྭ་ཞབས་དང་གྲྭ་པ་ཐམས་ཅད་ཉི་གྲགས་ཙགང་གི་འཕྲོག་སྟེ་བོན་སྤྱོད་མི་ཆོག་པར་ཐུགསྟོབས་ཤུགས་ཀྱིས་མ་ཐུབ་ཉམས་ཐག་ཡུལ་གཞན་ལ་འགྲོ་རན་ཐུག་མཚམས་འདི་ཡི་སྐབས་སུ་དུས་ཀྱི་འཕོ་འགྱུར་དབང་གིས་དགོན་པ་ཉམས་གུད་སོང་བས་རྟེན་དང་བརྟེན་པ་བཅས་མིང་གི་ལྷག་མ་ཙམ་ལས་མེད་པར་གྱུརཁང་ཤུལ་ས་རྡོའི་ཕུང་པོ་རུ་གྱུར། གནའ་རྫས་འགང་ཆེན་སྐུ་གསུང་ཐུགས་རྟེན་མཆོད་ཆའི་ཡོ་བྱད་ཐམས་ཅད་གཅིག་ཀྱང་མ་ལུས་པར་གྱུར་ཀྱང་། སྔོན་གྱི་སྨོན་ལམ་མཐུ་བཙན་པའི་སྟོབས་ལས་ཆོས་དད་རང་དབང་ཡོད་པའི་ཤུགས་གཉིས་ཟུང་འབྲེལ་འགི་སླར་སྔོན་ལྷ་ཁང་ཡོད་ཤུལ་བཟོ་མ་ལོ་པའི་སྟབས་ཀྱིས་རབ་མགོ་ཞེས་པའི་ས་གནས་དེ་རུ་དགོན་པ་སྤོས་ཏེ་གསར་དུ་བཞེངས། ཕྱི་གྱང་དང་ནང་རྟེན་གྱང་ལྷ་དང་གྲ་མིག་ཏུ་འདམ་སྐུ་བཅས་ཀྱི་མཐར་ཕྱིན་འགྲུབ་ཚར་བ་དང་། རྒྱལ་བའི་བཀའ་འགྱུར་ཆེན་མོ་དུམ་སུམ་བརྒྱ་ལས་ཉེ་བ། མཉམ་མེད་གསུང་འབུམ། ཀློང་ཆེན་མཛོད་བདུན། གཞན་ཡང་བོན་གྱི་ཡི་དམ་ཕྱི་ནང་[page 323] གསང་གསུམ་གསར་རྙིང་བཅས་ཀྱི་སྒྲུབ་པོད་བཅས་དུམ་སྟོང་ལས་ཉེ་བ་བཞེངས་གྲུབ་ཚར། མཆོད་ཆ་རིགས། རོལ་མོ་མཁར་རྔ། རྒྱ་གླིང་དུང་ཆེན་སོགས་གཞན་རེ་མ་དགོས་པར་འགྲུབ་པ་དང་། དུས་མཆོད་ཀྱང་། བདེ་འདུས་ཚོགས་དང་། ཞི་ཁྲོ། དགུ་གཏོར། སྤྱི་རིམ་སོགས་ཉུང་ཙམ་འཚོགས་རྒྱུ་བཅས་བྱས་དང་བྱེད་བཞིན་པ་ཡིན། ཕུན་ཚོགས་སྲས་ཆེ་བ་བཀྲ་ཤིས་རྡོ་རྗེ་ལ་སྲས་གཉིས་མངའ་བའི་ཆུང་བ་གཡུང་དྲུང་རྣམ་རྒྱལ་སྨན་རིག་རུ་གྲྭ་སར་ཞུགས། ད་ལྟ་རྒྱ་གར་སྨན་རིག་ཚང་རྒྱུད་ཡོད། གཙུག་འོད་དགོན་པ་བཏབ་པའི་དུས་ཚད། རབ་བྱུང་གཉིས་པའི་ཤིང་འབྲུག་ལོ་ཡིན། གདུང་རབས་བཅུ་གསུམ་བཅས་མདོ་བསྡུས་བཀོད། ཅེས་བསྟན་རྩིས་ནོར་ཕྲེང་རབ་གསལ་མེ་ལོང་ཞེས་བྱ་བ་འདི་རབ་བྱུང་ལྔ་པ་ས་སྦྲུལ་ལོ་ནས་གཞི་བརྩམ། རབ་བྱུང་བརྒྱད་པ་ས་བྱ་ལོ་འཕྲོ་འཐུད་དེ་རིམ་བཞིན་བཀྲིགས་ཏེ་དབང་ཕྱག་བར་སོང་། རྗེས་སུ་བླ་རབ་གསུམ་འདི་གསར་དུ་ཁ་སྐོང་བ་དང་དེ་བར་དེང་རབས་ཀྱི་གནས་ཚུལ་བཅས་སྤྱི་ལོ་༡༩༩༡ལོ་མཐའ་གྲུབ་པ་བྱས།

སྔོན་ཡོད་སྐུ་གཟུགས་རིགས། རྟེན་གྱི་གཙོ་བོ་རྡོ་རྗེ་ཕག་མོའི་ཤེལ་སྐུ་རང་བྱོན། སྟོན་པ་གཤེན་སྐུ་གདུང་། སྟོན་པའི་ལྕགས་མཆིལ། སངས་རྒྱས་གླིང་པས་རྟ་ཁོག་འོང་བོན་མོ་ནས་གཏེར་ནས་བཏོན་པའི་གཤེན་རབ་ཤ་རི་རམ་བྱ་ལྕོག་ཀའི་སྒོ་ང་ཙམ་གཅིག་དང་། ཤྭཀྱ་ཐུབ་པའི་ཤ་རིའམ་དེ་ཡི་ཆུང་ཙམ་གཅིག་དང་གཉིས། བྱེ་མ་ཨ་ཀྲུང་སྐུ་བཅས་བཞུགས། སྟོན་པ་རྣམ་གསུམ་སྐུ་ལི་མ། གཤེན་ལྷ་འོད་དཀར་སྐུ་དང་རྣམ་པར་རྒྱ་ས་བའི་སྐུ་བཅས་ལི་མ་སྐུ་སུམ་ཅུ་བཀའ་གདམ་མཆོད་རྟེན་བཅུ་གཉིས་དྲག་དང་ཟངས་ལས་གྲུབ་པའི་གསེར་སྐུ་བཅུ་ཕྲག་ཁ་ཤས། ཡོན་གྱི་སྦྱིན་བདག་བླ་མ་རང་གི་བསོད་ནམས་དང་། མང་ཚོགས་ཀྱིས་ཕུལ་བའི་དངོས་པོ་དང་། སྡེ་དགེ་ཚང་གི་ཁ་སྣོན་པ་ཆུས་གཅིག་དང་། ལོ་ལྟར་མར་ཕྲན་བུ་དང་ནས་བཅས་གནང་སྦྱིན་ལ་བརྟེན་ཏེ་དུས་མཆོད་བཙུགས། དགོན་གྱི་རྒྱ་ཁྱོན་ནི་བཅོས་སྒྱུར་མ་བྱས་སྔོན་གྱི་ཁལ་བརྒྱད་ཅུ་ཙམ་གྱིས་ཡར་བརྒལ་ཡོད་ཀྱང་། དེ་སྐབས་དགོན་པ་གསར་བཞེངས་བྱས་པའི་རྒྱ་ཁྱོན་ནི་ཁལ་བཅུ་བཞི་ཙམ་གྱི་ས་ཡོད། གྲྭ་བ་ནི། གཡང་ཟླ་ལྷ་ཁང་གདོང་ལ་ཆགས་སྐབས་གྲྭ་ཉིས་བརྒྱ་ཙམ་བྱུང་དེ་སྐབས་གཡང་ཟླ་ཉིན་སྲུབ་བརྒྱད་ཅུ་ཁ་སྤྲོད་ཡོད་དར་ཟེར་སྲོལ། དེ་ཕྱིན་ལྷ་སྡེ་ཚངས་མ་དགོན་དེ་ཡི་མངའ་འོག་ཡིན། དེ་རྗེས་ཟླ་མཐོ་ཞེས་པའི་ས་དེར་དགོན་པ་བཞེངས་སྐབས་གཡང་ཟླ་སྟོད་སྨད་གྲུབ་མཐའ་མང་ཙམ་དགོན་པ་ཆགས་སྐབས་འཕྲོ་འགྱུར་སྣ་ཚོགས་པས་རྐྱེན་གྲྭ་པ་བརྒྱ་ཡར་མར་དུ་ཡོད་དར་ཟེར་སྲོལ། ཟླ་གཙུག་གཉིས་མ་གཏོགས་དགོན་པ་ཕལ་ཆེར་ནུབ། དེ་སྐབས་གཙུག་འོད་ཤེས་རབ་སྐུ་རིང་ཟླ་གཙུག་གཉིས་དུས་མཆོད་འཚོགས་རེས་བྱ་རྒྱུའི་སྲོལ་གཏོད་གྲྭ་པ་སུམ་ཅུ་ཡར་བརྒལ་ཡོད། དེ་རྗེས་སྟོན་པ་དང་ཕུན་ཚོགས། རིག་འཛིན་སྐུ་ཚེའི་སྨད་གྲྭ་ཞབས་ཉི་གྲགས་ཚང་གི་འཕྲོགངེད་དགོན་ཁག་གཉིས་ཁག་དམན་དུ་གྱུར་དེ་གྲྭ་བཞི་ལྔ་ཙམ་ལས་འཚོགས་མི་ཆོག་དེ་སྐབས་ངེད་དགོན་ཁག་གཉིས་ལ་གྲྭ་པ་ཉིས་ཤུ་ཡར་མར་གྱི་འཚོགས་པ་འཚོགས་རེས་བྱས་ཏེ་སྲོལ་དེ་ལྟར་ཞིག་བཙུགས་ཡོད། བཤད་སྒྲུབ་ཐད།[page 324] བཤད་པ་གཙོ་ཆེན་མེད་ཀྱང་། སྒྲུབ་པ་ནི་གཙུག་འོད་ཉི་མའི་རྒྱལ་པོའི་སྐུ་རིང་བཤད་སྒྲུབ་གཉིས་ཀ་དར་སྲོལ་རྒྱ་ཆེར་བྱུང་། གཙུག་འོད་གཡུང་དྲུང་སྐུ་རིང་གནས་ཆེན་ལྷ་རིའི་བྲག་ཕུག་ཏུ་སྐུ་ཚེ་ཧྲིལ་པོ་སྨྱུང་གནས་བཞུགས། གཙུག་འོད་ཤེས་རབ་སྐུ་རིང་ཉག་གཏེར་གསང་སྔགས་གླིང་པ་དང་སློབ་མ་མང་ཙམ་ལ་རྩ་རླུང་མཁའ་འགྲོའི་གསང་མཛོད་དང་། དབང་ལུང་ཁྲིད་བཅས་སྒྲུབ་པའི་དར་སྲོལ་རྒྱ་ཆེར་མཛད། གཏེར་ཆེན་ཚེ་དབང་གྲགས་པའི་བཀའ་གཏེར་ཐམས་ཅད་ཁྱབ་སྤེལ་མཛད། དགོན་དུ་བཀའ་བརྒྱད་ཀྱི་སྨན་སྒྲུབ་དང་འབྲེལ་དུས་མཆོད་རྒྱུན་ཆགས་སུ་གནང་། རིག་འཛིན་སྐུ་རིང་། ཕྱི་ནང་གསང་གསུམ་ཡི་དམ་གྱི་བརྟེན་སྒྲུབ་དང་། ཞི་ཁྲོའི་སྨན་སྒྲུབ་དང་དབང་ཆེན་བཅས་ཀྱི་བསྟན་པ་དང་སེམས་ཀྱི་ཅན་དོན་རྒྱ་ཆེར་མཛད་དེ་སྒྲུབ་པའི་བསྟན་པ་སྤེལ། དེ་སྐབས་ཟླ་འོད་དགོན་དང་། གཙུག་འོད་དགོན་གཉིས་དུས་མཆོད་ཡར་མར་ངོ་འཚོགས་རེས་བྱ་སྟེ། གཙུག་འོད་དགོན་དུ་བོད་ཟླ་བཞི་པའ་ནང་བདེ་འདུས་དང་སྨྱུང་གནས་ཀྱི་དུས་མཆོད། བོད་ཟླ་བདུན་པའི་ནང་ཞི་ཁྲོ། བོད་ཟླ་བཅུ་གཅིག་ནང་སྟག་ཕུར་དགུ་གཏོར་བཅས་དུས་མཆོད་ཡོད། ཁྱད་པར་བོན་གྱི་བཀའ་འགྱུར་ཆེན་མོའི་ལུང་དང་། ཡི་དམ་ཕྱི་ནང་གི་དབང་ལུང་ཆེད་དེས་མཛད། མཆོད་རྟེན་ཆ་བརྒྱད། གསུང་རབ་ཤོག་ནག་སྟོང་གསེར་དངུལ་གྱི་ཡི་གེ་བྲིས་པ་དུམ་བརྒྱ་ཙམ། གཞན་བཀའ་བསྟན་འགྱུར། སྒུབ་སྐོར་བཅས་དུམ་པ་སྟོང་ལྷག་བཞུགས། དཔར་ཤིང་སྟོང་ལས་ཡར་བརྒལ། འཁོར་ལོ་ཆེ་ཆུང་བརྒྱ་དང་ཉི་ཤུ། འཆམ་གོས་མཆོད་ཆ་རྒྱུ་དངུལ་ཟངས་རག་ལས་བྱས་པའི་མཆོད་ཆ་གསུམ་ལྷག་ཙམ་དང་རོལ་མོ་འཛམ་གླིང་གཡས་བཞག་གཙོས་རོལ་མོ་ཆ་ཉི་ཤུ། གཤང་ཆེ་ཆུང་ཉི་ཤུ་ལྷག་དང་། གཞན་ཡང་ཡོ་བྱད་དཔྱད་ཆས་གྲངས་མང་ཡོད་པས་འདིར་མ་བཀོད།།

ཟླ་འོད་དགོན་གྱི་ལོ་རྒྱུས།

ཕྱག་འདེབས་པ་པོ་ནི་ཁོད་པོ་སྣང་ལྡན་གྱི་གདུང་སྲས་ཆུང་བ་པད་མ་བདུད་འདུལ་དེ་ཉིད་སྣང་སེམས་གཉིས་ལ་རང་དབང་ཐོབ། རྫུ་འཕྲུལ་ཡ་མ་ཟུང་དུ་བསྟན་དེ་བཞུགས་པའི་དུས་རུ་ཌའི་ཕྲག་དོགས་བྱུང་སྟེ་བཞུགས་མ་བདེ་བ་འཛིན་གཡང་སྟོད་ལྷ་ཁང་གདོང་ཞེས་པ་དེ་རུ་དགོན་པ་བཏབ་བསྟན་པ་དར་ཞིང་རྒྱས་ཏེ་བཞུགས་མ་བདེ་བ་འཛིན་གཡང་སྟོད་ལྷ་ཁང་གདོང་ཞེས་པ་དེ་རུ་དགོན་པ་བཏབ་བསྟན་པ་དར་ཞིང་རྒྱས་ཏེ་གྲྭ་ཉིས་བརྒྱ་ཙམ་བྱུང་། བཤད་སྒྲུབ༹་ཀྱི་བསྟན་པའི་བདག་པོར་གྱུར། དེ་ནས་ཆོས་མཚོ་ཁབ་ཏུ་བཞེས་ཏེ་སྲས་གསུམ་བྱུང་། སྲས་ཆེ་བ་ལ་ཐོད་པའི་སྐྲ་མཚམས་ངོས་སུ་ཟླ་ཟེར་མི་ཡིས་དངོས་སུ་མཐོང་རྒྱུ་ཡོད་པ་ལ་ཟླ་འོད་ནམ་མཁའི་རྒྱལ་པོ་དང་། སྲས་འབྲིང་བ་སྤྱི་གཙུག་དུ་འོད་ཟེར་འཕྲོ་བ་ཀུན་གྱིས་མཐོང་ཆོས་སུ་ཡོད་པ་ལ་ཞིག་ལ་གཙུག་འོད་ཉི་མའི་རྒྱལ་པོ་དང་། སྲས་ཐ་ཆུང་ཀུན་བཟང་གཞན་ཕན་རྫུ་འཕྲུལ་ཡ་མ་ཟུང་དུ་མངའ་བ་ཞིག་དང་གསུམ་བྱུང་སྲས་ཆེ་བ་དེ་ཡིས་ད་ལྟ་ཟླ་འོད་དགོན་པ་བཏབ། འབྲིང་བ་དེ་ཡིས་གཙུག་འོད་དགོན་པ་བཏབ། ཐ་ཆུང་དེ་ཡིས་གཡང་ཟླ་གཞི་ནང་སྟག་མགོ་གདོང་ལ་དགོན་པ་བཏབ། ཟླ་འོད་ནམ་མཁའ་རྒྱལ་པོའི་སྲས་གཡུང་དྲུང་མཆོག་ལྡན་གྱིས་འཛིན་གཞི་ལེགས་དགོན་ཆིད་གདོང་དགོན་པ་བཏབ། སོ་སོར་དགོན་པ་བཟུང་སྟེ་བཤད་སྒྲུབ་གཉིས་ཀྱི་བསྟན་པ་དར་རྒྱས་སུ་བྱུང་། དེ་ལྟར་ཟླ་འོད་དགོན་ལྷ་ཁང་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས་ནས། རབ་གནས་སྐབས་འཇའ་ཚོན་གྱི་གུར་ཕུབ་པ་དང་། ས་འགུལ་བ། བསྟན་སྲུང་ཨ་བསེའི་ཞལ་དངོས་སུ་བསྟན། ཁྱེད་ཀྱི་བསྟན་པ་ནམ་གནས་བར་དུ་བསྟེན་པ་སྲུང་བར་ཁས་བླང་བ་དང་། རལ་པ་ལྷ་ཁང་གི་རྩེ་དང་མཉམ་པ་དང་མེ་སྟག་འཕྲོ་བ་སོགས་ཀུན་གྱིས་མཐོང་མྱོང་ཞེས་གླེང་། འདེབས་པའི་དུས་སྤྱི་ལོ་གཅིག་སྟོང་གཅིག་བརྒྱ་ཉེར་བཞི་ལོ་ལ་ཡིན་ཞེས་ཟེར།

དགོན་པ་འདི་ཡི་ལོ་རྒྱུས་དང་དཀར་ཆག་ལྷ་ཁང་གིས་གྱང་ངོས་འདབས་ལ་བྲིས་ཡོད་ཀྱང་ཁ་ཤས་ས་པ་ཕྲན་བུ་བཤིག་པ་དང་། ཁ་ཤས་གྲིབ་མ་ཕོག་ནས་གསལ་བོ་མཐོང་མི་ཐུབ། ད་ལྟ་དངོས་སུ་ལྟ་རྒྱུ་ཡོད་དོ། དེ་ནས་ཟླ་འོད་ནམ་མཁའི་རྒྱལ་པོ། བསོད་ནམ་དབང་གི་རྒྱལ་པོ་ཞེས་ནམ་མཁའ་ནས་ཐོག་བཟུང་ནུས་[page 313] པའི་ད་ལྟ་ཟླ་འོད་ནམ་མཁའ་ཐོག་བཟུང་ཞེས་ཡོངས་གྲགས་སུ་གྱུར་པ་དང་། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོ་དང་བྲག་སྟེང་རྒྱལ་པོ་སོགས་ཀྱི་དབུ་བླ་ཁོད། ཁྲོ་སྐྱབ་རྒྱལ་པོ་དགོང་པ་བཤེགས་པའི་སྐབས་གསེར་འབྲོང་རྭ་གང་ནམ་མཁའ་ཐོག་བཟུང་ལ་འཕུལ་ནས་ལྷ་ཁང་གི་བསྟན་རྩ་མཛད། གཡང་དྲུང་རྒྱལ་མཚན། བསོད་ནམ་རྒྱལ་མཚན། གཙུག་ཕུད། ཤེས་རབ་བཀྲ་ཤིས། དབུ་ཀླད་རིང་བསྲེལ་དུ་གྱུར་པ་མཐོང་ཆོས་སུ་ཡོད། ཉི་མ་རྒྱལ་མཚན། ནམ་མཁའ་རྒྱལ་མཚན། སྦྱིན་པ་འོད་ཟེར། ནམ་མཁའ་ལྷུན་གྲུབ། བསླབ་གསུམ་ཕུན་ཚོགས། བསམ་གཏན། རྒྱལ་བ་གཡུང་དྲུང་། ཁྲོམ་གྲུབ་ཐོབ་རྒྱལ་བ་བྱང་ཆུབ་ཀྱིས་ལྷ་རྟ་མགྲིན་སྐྱེ་བ་དངོས་སུ་ཡིན་གསུངས་ཡོད། ཁམས་རྒྱལ། སྒྲུབ་གཏོར་དང་རྔ་གཤང་ལ་མེ་འབར་བ་སོགས་ཀྱིས་རྟགས་མཚན་བྱུང་ཡོད་དོ། ཨ་དོན། བསྟན་འཛིན་རྣམ་རྒྱལ། རིག་འཛིན་སྟག་ཤང་གྱི་རྣམ་སྦྲུལ་སྐུ་ལུས་ལ་སྟག་རིག་དང་རྔ་གཤང་ལ་མེ་སྟག་འཕྲོ་བ་སོགས་ཡོད། པད་མ་རྒྱལ་མཚན། འཆི་མེད། བླ་རབས་རིམ་བྱོན་རྣམས་སྡེ་དགེ་རྒྱལ་རབས་རིམ་བྱོན་གྱིས་མཆོད་གནས་སུ་གྱུར་བ་ཡིན། དེ་ཡན་བླ་རབ་བཅོ་བརྒྱད་བར་དུ་གདན་ས་བསྐྱངས་བ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་བསྙེན་སྒྲུབ་ལས་གསུམ་གྱིས་བསྐྱངས་པ་དང་གཡུང་དྲུང་བོན་གྱི་བཀའ་གཏེར་སྤྱི་དང་བྱེ་བྲག་གི་ཁྲིད་ལུང་མན་ངག་རྗེས་གནང་དང་བཅས་པའི་ཕྱག་སྲོལ་རྒྱུན་འཛིན་གནང་བ་དང་། གཙོ་བོ་སྒྲུབ་པའི་སྐོར་གཙིགས་ཆེར་མཛད་དེ་བསྙེན་པ་རྟག་ཐོན་མ་བྱུང་བ་དང་རྫུ་འཕྲུལ་ཡ་མ་ཟུང་བྱུང་བ་མེད་པ་ལགས་སོགས།།

སྐུ་གསུང་ཐུགས་རྟེན་སྐོར་སྐུ་གཟུགས་ལི་མ་སྟོན་པ་གཤེནརབ་བྱིས་པ་ལ་གསུམ་ཚད་གཅིགཀུན་བཟང་རྒྱལ་བ་འདུས་པ་ཁྲུ་གང་ཚད་གཅིགསྟོན་པ་གཤིན་རབ་མཐོ་གང་ལྷག་གསུམ། དེའི་ཆུང་ཙམ་ནས་གཉིས། གཤེན་ལྷའི་སྐུ་མཐོ་གང་ལྷག་གསུམ། གུ་རུ་སྐུ་ཟངས་གསེར་ཅན་ཁྲུ་གང་གཅིགདྲན་པ་ཡབ་སྲས་གསུམ་སྨན་འདག་མདའ་ཚད་གསུམ་བཅས་དང་། གསེར་སྐུ་དང་འདག་སྐུ་སོགས་ཤིན་ཏུ་མང་པོ་དང་། སྤུས་གཙང་བ་ཡོད་དོ། གསུང་རབས་ཡི་གེའི་སྐོར། གསེར་ཁམས་འཛམ་གླིང་རྒྱན་གཅིག་ཞེས་པ་ཁམས་བརྒྱ་དུམ་པ་བཅུ་དྲུག་ཡོད་དེ། གསེར་རྐྱང་པས་བྲིས་པ། པོ་ཏི་གཉིས་རེ་དྲེའུ་རྒྱབ་ཆེ་བ་རེ་ཡོད། ཡི་གེ་གཡས་གཡོན་གཉིས་ལ་ཝར་ཐིག་རེ་ཡོད་པ་དང་། ཝར་ཐིག་གཞུང་ལ་ཁུང་བུ་རེ་ཡོད། དེ་ནི་བྱ་ཤང་ཤང་གིས་མཐའ་ཡི་རྒྱ་མཚོའི་ཕ་རོལ་ནས་གདན་དྲངས་བ་ཡིན་རབས་གསུངས། ད་ལྟ་ལྡེའུ་བཅུ་ཕྲག་ཁ་ཤས་དངོས་པོ་ཡོད། དེ་ཡི་དཔེ་ཡོད་རྣམས་གླེགས་ཤིང་ཙན་དན་དང་ཨ་གར་རྒྱ་ཤིང་རྭ་འདྲ་བ་བཅས་ཡིན་པ་རེད། ད་ལྟ་འཐོར་མ་ཁ་ཤས་ཡོད། དེ་མིན་བཞི་རྒོལ་སྐབས་བརླག་སོང་། བཀའ་འགྱུར་བན་བོན་རིས་མེད་བསྟན་འགྱུར་བཅས་དང་ཁམས་བརྒྱད་གསེར་དངུལ་འདྲེས་མ་ཆ་གཉིས། གསེར་དངུལ་སྣག་ཚ་འདྲེས་མ་ཆ་གཉིས། འབུམ་ཆ་གསུམ། འདོན་ཆ་སྐོར། ཞི་ཁྲོ། ཀུན་རིགཀློང་རྒྱས། ཁྲོ་བོ་ངོ་མཚར་རྒྱས་པ། སྟག་ལ། ཕུར་པ། རྣམ་འཇོམས། གེ་ཁོད་བཅས་ཆ་ལྔ་རེ་ཡོད། གཞན་ཡང་། ཁྲོ་བོ། རོལ་པ། མེ་རི། བྱམས་མ། མ་རྒྱུད། གདུགས་དཀར། གུ་དྲག། གཤེན་དམར་སོགས་ཆ་གསུམ་རེ་[page 314] ཡོད་དོ། ཤར་རྫའི་བཀའ་འབུམ་ཆ་གཅིགཚང་དྲག་བཀའ་འབུམ་དུམ་པ་ཁ་ཤས། ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་སྣ་རེ་མེད་པ་མེད། དུམ་པ་སྟོང་ལྷག་ཡོད་དོ། དཔར་ཤིང་གཟུངས་འབུམ་སྐོར་ཆ་ཚང་དང་། འཁོར་དཔར་སྐོར། ཇོ་དཔར་བཅས་དཔར་སྦྱང་བརྒྱ་ལྷག་ཙམ་ཡོད། སྐུ་གདུང་ནམ་རྒྱལ་ཆོས་རྟེན་གཏེར་མ་ཁྲུ་གང་གཅིག། འགྲོ་དོན་ལྷ་སའི་ཇོ་བོ་དང་མཉམ་པར་དཀར་ཆག་ལས་གསུངས་ཡོད། བཀའ་གདམས་མཆོད་རྟེན་ཁྲུ་ཚད་གཅིག་གཙོས་མཆོད་རྟེན་ཡོད། སྐུ་གདུང་རྣམ་རྒྱལ་མཆོད་རྟེན་དཔངས་སུ་བསྐུམ་ཁྲུ་བཅུ་ཙམ་སྤུས་ལེགས་དང་། སྟག་ལ་དང་གེ་ཁོད་གཉིས་ཀྱིས་མཆོད་རྟེན་རག་གསེར་ལས་གྲུབ་པའི་སྐུ་གདུང་ཆ་བརྒྱད་བཅས་དང་། སྨན་འདག་སྐུ་རྣམ་རྒྱལ་མ་བསྐུམ་ཁྲུ་ཉེ་ལྔ་ཅན་དང་ཟླ་འོད་བསོད་ནམ་རྒྱལ་པོའི་སྐུ་ཁང་རྩེག་གང་བཅས་བཞུགས། དཀྱིལ་འཁོར་ཕྱི་ནང་གསང་གསུམ་གྱི་ཙག་ལིའི་ཆ་གྲངས་མང་ཡོད་པ་དང་། ཐང་སྐུ། གསེར་ཐང་དགུ་བཅུ། ཚོན་གསེར་ཐང་བརྒྱད་ཅུ་ལྷག་ཡོད། མཆོད་ཆ། དུང་ཆེན་ཆ་གསུམ། རྒྱ་གླིང་ཆ་གཉིས། རྐང་དུང་ཆ་གཉིས། རོལ་མོ་ཆ་ལྔ། སོན་སྙན་ཆ་གསུམ། དུང་དཀར་ཆ་གསུམ། རྔ་ཆེ་ཆུང་དྲུག། བདུན་ཚར་ཆ་བཅུ། བུམ་པ་ཆ་གསུམ། མཁར་རྔ་ཆེ་ཆུང་གཉིས། ཀ་འཕན་ཆ་བཞི། རྒྱལ་མཚན་ཆ་གཉིས། གནའ་སྔ་མོ་དགོན་འདི་ལ་འཆམ་པོ་སུམ་ཅུ་ལྷག་ཡོད་ལེ་རེད་ཅེས་བཤད་སྲོལ་ཡོད། གོས་ཆེན་འཆམ་གོས་སྒམ་གང་ཡོད་ཟིན་རེད་ཀྱང་དགྲ་ཉག་སྐེད་འོམ་སྐབས་བརླགས་སོང་། རས་ཀྱིས་འཆམ་གོས་སྒམ་གང་དེ་བཞི་རྒོལ་སྔོན་ལ་དངོས་པོ་ཡོད། བཞི་རྒོལ་སྐབས་བརླགས་སོང་། ཚོགས་ཟངས་ཆེ་བ་ཆ་གཅིགཁྲོ་གསུམ། ཟངས་མཁར་ཆུང་བ་ཆ་གཅིགཟོའུ་ཁྲ་ཆ་གཉིས། སྐྱོག་དཀར་ཆེ་ཆུང་ཆ་ལྔ། སྟན་དཀར་དམར་ཆ་གསུམ། གདན་འབོལ་ཆ་གཉིས།

དུས་མཆོད། ཟླ་བ་དང་པོའི་ཚེས་བཅོ་ལྔ་ནས་ཉི་ཤུའི་བར་བླ་མ་མཆོད་ཆོག། ཟླ་བ་བཞི་པའི་ཚེས་བཅུ་ནས་བཅོ་ལྔ་བར་ཀློང་རྒྱལ་ཆོ་ག། ཟླ་བ་ལྔ་ནང་མ་རྒྱུད་སྟོང་ཚོག་ཉིན་བདུན། ཟླ་བ་བརྒྱད་པའི་ཚེས་གཅིག་ནས་སྨྱུང་གནས་ཆོ་ག་བརྒྱད། ཟླ་བ་བཅུ་པའི་ཚེས་བཅུ་ནས་བཅོ་ལྔའི་ཚོགས་སྟོང་། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ནས་ཞི་ཁྲོའི་གནས་སྟོང་ཚེ༷ས་ཉེར་གཉིས་བར་དང་། ཚེས་ཉེར་བཞི་ནས་དགུ་གཏོར་ཉིན་བདུན། གནམ་སྟོང་བདེ་འདུས་ཚོགས་སྟོང་བཅས།

གྲྭ་ས་བསྟེན་ས་ནི། གྲུ་ཞུ་གཤེན་གསུམ་གང་བྱུང་དང་། ཕྱིས་སུ་ཤར་རྫའི་རི་ཁྲོད་སོགས་ལ་བསྟེན་སྲོལ་ཡོད་དོ། ཡི་དམ་སྲུང་མ་གྲུ་ལུགས་ནང་བཞིན་ཡིན། ཕྱིས་སུ་གསར་མ་སྐོར་སྤྱོད་སྲོལ་ཡོད། ཡོན་ཡི་འབྱུང་ཁུངས་ནི། དགོན་པ་རང་ཉིད་ཀྱི་ས་ཞིང་ཡོང་སྒོ་དང་། མང་ཚོགས་ཀྱིས་ཕུལ་བའི་དངོས་པོའི་རྒྱུ་དང་བསོད་སྙོམས་སོགས་ལ་བརྟེན་ཏེ་སྤྱི་ཁག་བསྐོས་བཞག་བྱས་ཏེ་དུས་མཆོད་བཙུགས། གྲྭ་ཞབས་གཡང་ཟླ་སྡེ་ཚན་དུད་གྲངས་ལྔ་བཅུ་ཚང་མ་དགོན་དེ་ཡི་གྲྭ་བ་དང་འོག་སྡེ་ཡིན་རུང་། ཕྱིས་སུ་གཅིག་དགུ་ང་བཞི་ལོར། ཉི་དྲག་ཞེས་པའི་རྙིང་མ་བའི་དགོན་པ་ཞིག་གིས་དབང་བསྒྱུར་ཏེ་རིམ་བཞིན་གྲྭ་ཞབས་དང་འདོན་པ་འཕྲོག་སྟེ་བོན་སྤྱོད་མི་ཆོག་པ་བྱུང་འདུག། དེང་གི་གནས་ཚུལ། དེ་ལྟ་བུའི་སྔོན་ནས་དར་རྒྱས་[page 315] དང་ཕྱིས་སུ་དགོན་ཆེ་ཆུང་གི་ཕྲག་དོག་དབང་གིས་གྲ་ཞབས་འཕྲོག་ཤུལ་མླ་ལུས་རྣམས་རྟེན་གསུམ་དང་བླ་གྲང་བཅས་ངོ་རྒོལ་བཞི་པའི་སྐབས་དགོན་གྱི་རྣམ་པར་སྟོང་སྟེ་རྟེན་དང་བརྟེན་པ་ཐམས་ཅད་བརླག་དེང་བོད་འབངས་དད་མོས་རང་དབང་ཤར་མ་ཐག་ཏུ་ལྷ་ཁང་གི་སྟེང་ལྡིབས་པ་དང་གྱང་ལ་གསར་རལ་ཕྲན་བུ་བྱུང་ཡང་ཉམས་གསོ་གྲྭ་ཤགས་རེ་ཟུང་བཟོས་ཏེ་སླར་ཡང་། སྐུ་གཟུགས་ལི་མ་གསེར་སྐུ་བཅུ་མ་ཟུང་དང་ཐང་སྐུ་བཅུ་ཕརྒ་བཅས་དང་། ལྷ་ཁང་གི་ཕུག་ལ་ལོག་བྲིས་ལྷ་གཙོ་བོ་དུས་གསུམ་སྟོན་པ་འཛམ་བུ་ཆུ་གསེར་གྱིས་བྲིས་པ་གསེར་བ་ཀོའི་སྲབ་མཐུག་ཡོད་ལེ་རེད་བཅས་བཤད་སྲོལ་ཡོད། གཡེ་ཕྱོགས་སྨན་ལྷའི་དཀྱིལ་འཁོར་བླ་རྒྱུད་བཅས་ལྷ་ཆ་ཚང་བཞུགས། ཞབས་ལ་འདུལ་བའི་བླ་རྒྱུད་བཞུགས། གཡོན་ཕྱོགས་ཀུན་དབྱིངས་དཀྱིལ་འཁོར་བླ་རྒྱུད་བཅས་ལྷ་ཆ་ཚང་བཞུགས། ཞབས་ལ་ནམ་མཁའ་ཐོག་བཟུང་གཙོད་བླ་རྒྱུད་མང་ཙམ་བཞུགས། གཡོན་ངོས་སུ་གཤེད་དམར་ཞི་དྲག་དཀྱིལ་འཁོར་ལྷ་ཆ་ཚང་ཁྲོ་བོ་ངོ་མཚར་རྒྱས་པའི་དཀྱིལ་འཁོར་ལྷ་ཆ་ཚང་ཕུར་ཆེན་དཀྱིལ་འཁོར་ལྷ་ཆ་ཚང་། གེ་ཁོད་དཀྱིལ་འཁོར་ལྷ་ཆ་ཚང་བཅས་བཞུགས། ལྷ་སྒོ་གཡས་ཕྱོགས་སུ་རྣམ་འཇོམས་དང་སྟག་ལྷའི་དཀྱིལ་འཁོར་ལྷ་ཆ་ཚང་། ཞབས་ལ་སྲིད་རྒྱལ་དྲེའུ་དམར་ནག་ལྷ་ཆ་ཚང་བཞུགས། ལྷ་སྒོའི་སྟེང་དང་གཡོན་ངོས་སུ་དྲན་གནས་བརྒྱད། ཚེ་དབང་གནས་བརྒྱད། གུ་རུ་མཚན་བརྒྱད་བླ་རྒྱུད་དང་བཅས་པ་བཞུགས། ཨ་བསེ། རྒྱལ་པོ་ཉི་པང་སད། ཤེལ་གྲབ་ཅན་འཁོར་དང་བཅས། ཡང་རྒྱལ་ཆེན་བཞི་དང་བཅས་པ་བཞུགས།

གཅིག་དགུ་གྱ་ཉིས་ལོའི་ཟླ་བཅུ་གཅིག་པའི་ཡར་ཚེས་ལ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་དངོས་སློབ་བླ་མ་སངས་རྒྱས་ཚེ་བརྟན་དགོན་འདི་ལ་བྱོན་ནས་དབང་ལུང་ཁྲིད་གསུམ་གནང་། བླ་གྲྭ་རྣམས་ལ་ཕུར་བའི་དབང་ལུང་དང་རྒྱུ་དྲན། སྟག་ལའི་དབང་ལུང་དང་རྒྱུ་དྲན་དང་། དཔལ་ལྡན་ལྷ་མོའི་དབང་ལུང་དང་རྒྱུ་དྲན། སེར་སྐྱ་ཚང་མ་ལ་ཞི་ཁྲོའི་དབང་ཆེན་བཅས་གནང་། ད་དུང་སྔོན་འགྲོ་དང་ཨ་ཁྲིད་བཅས་གསུངས་པ་དང་། དགེ་བཅུའི་ཕན་ཡོན་དང་མི་དགེ་བཅུའི་ཉེས་དམིགས། སྐྱབས་འགྲོ་ཚེགས་བཤད་བཅས་གསལ་པོ་གསུངས་སོ།།

གཅིག་དགུ་དགུ་བཅུ་གོ་གཅིག་ལོའི་ཟླ་བ་དྲུག་པར། བོད་ལྗོངས་གྲྭ་ས་གཡུང་དྲུང་གླིང་གི་མཁན་རབས་བཅུ་པའི་རྒྱལ་ཚབ་ཀུན་བཟང་བློ་གྲོས་མདོ་ཁམས་སྨད་ཕྱོགས། ཨ་མདོ། ཤར་པ། རྒྱལ་རོང་། ཁྲེན་ཏུའུ། དར་མདོ་བཅས་བྱོན། དེ་སྐབས་རང་དགོན་ལ་བྱོན་བྱུང་། བླ་གྲྭ་རྣམས་ལ། ཀུན་རིགས། རྣམ་འཇོམས། བྱམས་པ། སྨན་ལྷ། ཀུན་དབྱིངས། སྨོན་ལམ་མཐར་ཡས། རྒྱལ་བ་རྒྱ་མཚོ། བྱམས་ལྡན། དགེ་བསྙེན། རྣམ་དག། དཔལ་དུས་ཀྱི་འཁོར་ལོ། འདུལ་ཆོག། བླ་སྒྲུབ། སྒྲིབ་སྦྱོང་། དཔལ་སྲས་ཞི་བ། དཔལ་སྲས་དྲག་པོ། གདུགས་དཀར། ཁྱུང་དམར་བཅས་དུམ་པ་བཅོ་བརྒྱད་ཙམ་དབང་དང་རྒྱུ་དྲན་[page 316] བཅས་གནང་། གྲྭ་པ་བདུན་ལ། དགེ་ཚུལ་སློང་གི་གདམས་པ་གནང་། སེར་སྐྱ་ཚང་མ་ལ་དབང་དང་སྔོན་འགྲོ་བློ་ལྡོག་རྣམ་བཞིའི་འགྲེལ་བ་བཅས་གསུངས།

བཀའ་འགྱུར་ཆ་གཅིག། ཤར་རྫའི་བཀའ་འབུམ་ཆ་གཅིག། གཏེར་སྟོན་ཚང་དྲག་བཀའ་འབུམ་ཆ་གཅིག། ཞི་ཁྲོ་ཆ་གསུམ། སྟག་ལ་ཆ་བཞི། མ་རྒྱུད་ཆ་གསུམ། ཁྲོ་བོ་ངོ་མཚར་རྒྱས་པ་ཆ་གསུམ། བྱམས་མ་ཆ་གཉིས། གདུགས་དཀར་ཆ་གསུམ། ཀུན་རིག་ཆ་ལྔ། ཁྲོ་བོ་རོལ་པ་ཆ་གཅིག། གཤེད་དམར་ཆ་གཉིས། ཕུར་ཆེན་ཆ་གཅིག། གུ་དྲག་ཆ་གཉིས། བདེ་འདུས་ཆ་གསུམ། སེང་གདོང་མ་ཆ་གཅིག། གཏེར་སྟོན་གསང་གླིང་དྲན་པ་བཀའ་ཐང་དུ་མ་བརྒྱད། ཚེ་དབང་བཀའ་ཐང་དུམ་བཞི། མཁའ་འགྲོའི་བཀའ་ཐང་དུམ་གཉིས། སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི་དུམ་གསུམ། ཡི་གེ་གསར་རྙིང་བཅས་དུམ་སུམ་བརྒྱ་ལས་བརྒལ་བ་བཞུགས། དུང་འཁོར་གཅིག་ཡོད། དཔར་ཤིང་གཟུངས་འབུམ་སྐོར་དང་སྲུང་འཁོར་ཇོ་དཔར་ཞི་ཁྲོའི་འཁོར་དཔར་བཅས་དཔར་བཞི་བཅུ་ཡར་མར་བཞུགས། དུང་ཆེན་ཆ་གཅིགརྒྱ་གླིང་ཆ་གཅིགདུང་དཀར་ཆ་གཉིས། རྐང་དུང་ཆ་གཉིས། བདུན་ཚར་ཆ་བདུན། རྔ་ཆེ་ཆུང་གཉིས། རོལ་མོ་ཆ་གཉིས། སིལ་སྙན་ཆ་གཅིགཀ་འཕན་ཆ་བཞི། རྒྱལ་མཚན་ཆེ་ཆུང་གསུམ། མཁར་རྔ་གཅིག་བཅས་དང་གོས་ཆེན་འཆམས་གོས་ལྔ་ཡོད། དེ་མིན་ཞལ་འབག་དང་འཆམས་གོས་གཡར་ནས་འཆམ་པོ་བཅུ་ལྷག་དགུ་གཏོར་ནམ་ཡིན་དུས་འཆམ་བཞིན་ཡོད། ཞི་ཁྲོ་གནས་སྟོང་ཉིན་བདུན་དང་དགུ་གཏོར་ཉིན་བདུན། བདེ་འདུས་ཉིན་གཉིས། དབྱར་ཀ་ཚོགས་བཅས་འབད་བརྩོན་དང་སྒྲུབ་སྟེ་བླ་གྲྭ་ཚང་མ་ཐུགས་མཐུན་ཁྲིམས་གཙང་སྒོ་ནས་བོན་མཐུན་གྱི་མཛད་སྦྱོད་གནང་མུས་སུ་བཞུགས། རྒྱུན་སྡོད་བླ་མ་གཉིས་གྲྭ་པ་དགུ་བཅས་བཅུ་གཅིག་བཞུགས་སོ།

ཞེས་པ་འདིའང་བྱ་ཚེ་རིང་གི་དཔལ་ཡུལ་དུ་ལེགས་སྒྲིགས་བྱས་པ་དགེའོ།།

ལྕང་ལུང་དགོན་གྱི་ལོ་རྒྱུས།

དགོན་འདི་ཐོག་མར་ཕྱག་འདེབས་པོ་ནི། དེ་ཡང་གནས་མཆོག་འོལ་མོ་ལུང་རིང་ནས་བདུད་ཁྱབ་པས་སྟོན་པའི་རྟ་བདུན་རྐུས་ཡུལ་དེད་པའི་རྗེས་སུ། སྟོན་པ་གཙོ་འཁོར་ལྔ་རྒྱུ་ལ་མ་ཆགས་བདུད་བཏུལ་བའི་དུས་ལ་བབ་པ་གཟིགས་ནས་ཀོང་ཡུལ་དུ་ཞབས་ཀྱིས་འཆགས་དུས་ཝ་ཞའི་གདུང་ལས་ཆད་པའི་རྒྱུད་པ་རིམ་བྱོན་གྱི་འཕྲོ་ལ། མཚན་ལྡན་ནམ་མཁའ་ལྷུན་གྲུབ་ཞེས་གྲུབ་རྟགས་ནམ་མཁའི་འབྲུག་ལ་ཞོན་ནས་མདོ་ཁམས་སྨད་དུ་བསྟན་པའི་འགྲོ་དོན་ལ་གཟིགས་ཏེ། མདོ་ཁམས་ཤར་ཕྱོགས་མགོ་ཐི་དགོངས་ཞེས་པའི་གནས་དེ་རུ་དགོན་པ་བཞེངས། དེ་ཡིས་ཡུམ་བཞེས་ཏེ་སྲས་བཞི་བྱུང་བའི་སྲས་ཆུང་བ་གཡུང་དྲུང་དབང་ལྡན་ཞེས་པ་དེ་ཉིད་ཀྱི་གཏེར་ལྷུང་བསེ་རུའི་མགོ་ཞེས་སྔོན་བསེ་རུའི་རྭ་ཡི་སྒྲོམ་བུ་ཞིག་གཏེར་ནས་གདན་དྲོངས་པའི་ས་གནས་དེ་རུ་དགོན་པ་བཏབ་ཏེ་བསྟན་པ་འཛིན། ཡུམ་བཞེས་ཏེ་སྲས་གཉིས་ལ་ཆུང་བ་གཡུང་དྲུང་ལྷུན་གྲུབ་ཞེས་པ་དེ་ཉིད་འབྱུང་བ་བཞི་ལ་རང་དབང་ཐོབ་པས་རི་བྲག་ཐོག་མེད་དུ་འགྲོ་བ་[page 325] དང་ཁྲོམ་དབང་བསྐུར་བའི་དུས་སུ་གཟན་ས་ལ་ལྷུང་པའི་ཚེ། བུམ་པ་བར་སྣང་འཇའ་ཟེར་བཀྱངས་པའི་སྟེང་དུ་བཞག་ནས་གཟན་གྱོན་པ་དངོས་སུ་ཁྲོམ་མང་མཇལ་བས་བུམ་པ་ལ་འཇའ་ཟེར་བརྐྱང་བའི་ལུང་ཐུག་སྣང་ཟེར་བས་ད་ལྟ་བརྐྱང་ལུང་དགོན་གཡུང་དྲུང་མཐོང་སྨོན་གླིང་དུ་གྲགས། བླ་མ་དེ་ཉིད་འཛིན་ནས་འཆམ་པས་བྱ་འཆམ་གཡུང་དྲུང་ལྷུན་གྲུབ་མཚན་ཆགས། དེ་ཉིད་སྐུ་ཚེའི་སྟོད་ལྷ་ཁང་ཞུགས་ལ་བཞེས་ཏེ། སྟོན་པ་གནམ་འཕུར་མ་དང་། གཤང་མེ་རྡུག་མ་བཅས་ཞུགས་མ་བཞེས་ཏེ་ད་ལྟ་མཐོང་སྨོན་གླིང་དུ་བབ། དེ་རུ་གནས་སྤོས་ཏེ་མཐོང་སྨོན་གླིང་དགོན་པ་བཏབ་དགོན་པའི་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས་ནས། ལྷ་ཁང་རབ་གནས་དུས་འཇའ་ཚོན་གྱིས་གུར་ཕུབ་པ། མཁའ་ལ་མེ་ཏོག་གི་ཆར་འབེབས་པ། སྲིད་རྒྱལ་དྲེའུ་དམར་མོའི་བསྟན་པ་བསྲུང་བར་ཁས་བླང་པ་སོགས་ཡ་མཚན་པའི་ལྟས་མང་པོ་བྱུང་། དེཡི་བརྒྱུད་པ་བརྐུང་ལུང་གཡུང་དྲུང་བསྟན་རྒྱལ། ནམ་མཁའ་ལྷུན་གྲུབ། བློ་གྲོས་གཡུང་དྲུང་། བསྟན་པ་དབང་རྒྱལ། ཀུན་བཟང་རྒྱལ་མཚན། ་མཁས་གྲུབ་རྒྱལ་མཚན། རིན་ཆེན་དབང་ལྡན། གཡུང་དྲུང་དབང་རྒྱལ། ནམ་མཁའ་བཟང་པོ། བསོད་ནམས་དབང་རྒྱལ། བསོད་ནམས་བཟང་པོ། ལྷུན་གྲུབ་ཚུལ་ཁྲིམས། མཆོག་དགའ། ཡོན་ཏན་རིན་ཆེན། རིན་ཆེན། བསོན་ནམ་གཡུང་དྲུང་། ཀུན་བཟང་རྒྱལ་མཚན། གཡུང་དྲུང་རྣམ་རྒྱལ། རྣམ་འཇོམས། གཡུང་དྲུང་ལྷ་མོ། ཡ་མ་རྒྱ། བསྟན་འཛིན། མཁས་བཙུན་བོན་དབྱིངས་རྡོ་རྗེ། ཚེ་དབང་གཡུང་དྲུང་། རབ་བརྟན་ཤེས་རབ། བསྟན་འཛིན་དབང་རྒྱལ། རང་རྟ་རིན་ཆེན། ཀུན་བཟང་རྡོ་རྗེ་སོགས། བརྒྱུད་པ་རིམ་བྱོན་རྣམས་ཐུགས་རྗེ་དང་བྱིན་རླབས་ལྡན་པ། འབྱུང་བ་ལ་རང་དབང་ཐོབ་པས་རི་བྲག་ཐོགས་མེད་དུ་འགྲོ་བ། ལྕགས་དར་ལྟར་མདུད་པ་རྡོ་ཟན་ལྟར་ཟ་བ། ཕུང་པོ་འཇའ་ལུས་འགྲོ་བ་ཤ་སྟག་རེད། བརྐྱང་ལུང་རྣམ་འབྱམས་དབང་ཞུ་ནང་ཆར་སླང་ལ་ཕེབས་ཏེ། རླུང་འཚུབས་དང་སེར་བ་འབེབ་གྲབ་ཡོད་པས་ཞབས་ཕྱི་ལ་ཁྱོད་ཀྱི་མིག་གི་མ་ལྟ་བར་ང་ཡི་ཆིབས་པ་འབྲོང་ནག་སྟེང་ནས་མཉམ་དུ་ཕེབས་འགྲོ་གསུངས་ནས་ཡུན་ཙམ་ནས་བླ་མས་ད་ཕེབས་ཚར་རྟ་མར་བོབས་གསུང་ནས་ཞབས་ཕྱིའི་མིག་གི་ལྟ་དུས་རྡོ་ཡི་སྟེང་དུ་རྟ་ཡི་ཞབས་རྗེས་དང་བཅས་དགོན་རྩར་བསླེབས་འདུག། སྲས་མོ་གཡུང་དྲུང་ལྷ་མོས་ཟོག་རྫིའུ་བྱེད་དུས་འུར་རྡོ་འཕངས་ནས་ཕ་བོང་ལ་ཞབས་གཏད་དུས་རྡོ་ལ་ཞབས་རྗེས་དོད་པ་དང་། ཡ་མ་རྒྱས་ཀླུ་སྲི་དེད་དེ་ཀླུ་སྤོས། ཕ་བོང་གི་གསེབ་དུ་ཀླུ་འཛུལ་བས་ཕ་བོང་ཕྱག་གིས་བཀས་པ་དང་ཞབས་རྗེས་གཏོད། མཁས་བཙུན་གྱི་བཀའ་བློན་ཕུན་རབས་སྲས་རྩོད་པས་ཚར་བཅད་ཏེ་རྩོད་པ་ལས་རྒྱལ་བ་དང་ཉག་ཆུ་ཕར་ཀ་འཕུར་བས་སྡེ་བ་གཞུང་དབུ་བླ་བརྐོས། སྡེ་དགེ་ཚང་དབུ་བླ་བསྐོས་ཞང་ཞུང་ཛྭ་ཡིས་རྟ་ནད་གཅོད། ཁོང་གི་གསུང་འབུམ་སྤྱི་སྤུངས། གསང་སྙིང་འགྲེལ་པ་དང་རྒྱུད་སྒྱུ་འཕྲུལ་སོགས་དུམ་བཅུ་གསུམ་ལྷག་ཙམ་མཛད་པ་དང་། དབེན་གནས་དཀར་ཡུལ་རྫ་ཁྲོད་དུ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། ཚེ་དབང་གཡུང་དྲུང་གྱིས་དཔལ་སྤུངས་དགོན་དུ་འབྱུང་བའི་རླུང་བརྩོན་དུ་བཟུང་བ་དང་ལྷ་ཁང་མདུན་རྡོ་ལ་ཞབས་རྗེས་བཞག་པ།[page 326] འཛིན་སྤམ་དགོན་དུ་ལྷ་ཁང་ནང་དུ་མེ་བོག་འཕངས་ཏེ་ནད་ཡམས་བཅད་པ། འཛིན་ཟམ་ཆེན་ཟམ་གདུང་གཅིག་གི་ཐོག་ཏུ་ཆིབས་ཆིབས་ནས་བྱོན་པ་ཆུ་ཡི་ཕར་ཁ་སླེབས་པ། ཨ་འཛོམ་འབྲུག་རྒན་གྱི་མདུན་ཨ་རག་ཐོད་ཕོར་གང་རུམ་དུ་བཅུག་ནས་བྱོན་རྗེས་སུ་མ་ཉམས་པ་གསོལ་བ། གཏེར་ལྷུང་དྲོད་པ་མཚོ་ན་རྟ་ཡི་སྟེང་ན་བཞུགས་ཏེ་རྟ་ཡི་ཆུ་འཐུང་ཚེ་བྲག་གི་ངོ་ལ་ཕྱག་འཛུབ་ཀྱིས་ཡི་གེ་ཨ་བྲི་བ་གཏེར་ལྷུང་སེར་ཆེན་པོ་འབབ་ཁར་ཁོང་གིས་རལ་གྲི་བསྣམ་གདོང་བཀགས་ཏེ་ཨ་མྱེས་རྨ་ཐམ་གཡག་གི་རྭ་བཅད་པ། རབ་བསྟན་ཤེས་རབ་ཀྱི་བཤད་སྒྲུབ་གཉིས་ཀྱི་བོན་བསྟན་དར་རྒྱས་སུ་མཛད་ཏེ་སྒྲུབ་གྲྭ་ནི་ཡོས་སྒང་། ཁྲ་བོ། ཆུ་ཟག་མ། དབེན་གནས་དཀར་ཡུལ་རྫ་ཁྲོད་སོགས་སུ། དབྱར་དུས་སུ་བཤད་གྲྭ་ལ་མདོ་སྔགས་རིག་གནས་དང་བཅས་འཆད་སྤེལ་མཛད། དགུན་དུས་སུ་ཡི་དམ་ཕྱི་ནང་གསང་གསུམ་དབང་ལུང་བསྙེན་སྒྲུབ་དང་། སྔོན་འགྲོ་ཁྲིད་ཡིག་དམར་མོ་མཛུབ་ཚུག རྩ་རླུང་མཁའ་འགྲོག་གསང་མཛོད། རྫོགས་ཆེན་གདམས་ཁྲིད་དབང་ལུང་འཆད་ཉན་སྤེལ་གསུམ་མཛད་ཏེ་སློབ་མ་སྟོང་ལས་བརྒལ་བ་ལ་སྨིན་གྲོལ་མཛད། ར་རྟ་རིན་ཆེན་གྱི་རབ་ཆབ་མི་ཤི་བའི་འཕོ་བ་བཏབ་དུས་ལྷ་རབ་བསྟན་སྐྱོང་དང་རྩལ་འགྲན་ནས་རྣམ་ཤེས་དཀར་ཡོལ་ནང་དུ་བཀུག མཁན་སངས་རྒྱས་ཚེ་བརྟན་གྱིས་བཤད་གྲྭ་ཉེ་ལྔ་དགོན་གྱི་ཐད་སོར་བཙུགས་པ་དང་། བསྒྲུབ་གྲྭ་རྔ་མང་སྣ་བུ་འབོར་ཏོག་གི་རྒྱལ་མཚན་གདན་ས་གནས་ནང་བཙུགས། གདན་རབས་རིམ་བྱོན་གྱིས་ལུང་རྟོགས་གཉིས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པའོ།།

སྐུ་གསུང་ཐུགས་རྟེན་སྐོར། སྐུ་གཟུགས་གཙོ་བོ་རྟེན་དྲི་མེད་ཤེལ་སྐུ། སྟོན་པ་རྣམ་གསུམ་ལི་མ། འགར་སྟོན་གཏེར་མ་རིང་ཤག་དང་ཁོང་གི་ཕྱག་བཟོས་རྒྱུ་ཙནྡན་ལས་གྲུབ་པའི་ཕུར་པའི་སྐུ་མཐོ་གང་བ། རག་གསེ་ལས་གྲུབ་པའི་སྟོན་པ་ཁང་རྩེག་དང་མཆོད་རྟེན་རིན་པོ་ཆེ་ཕྲ་ཚོམ་ཅན། གཞན་ཡང་ལི་མ་སྐུ་གཟུགས་ཆེ་ཆུང་བཅུ་ཕྲག་ཁ་ཤས། རག་གསེར་ལས་གྲུབ་པའི་སྐུ་གཟུགས་བཞི་བཅུ་དང་མཆོད་རྟེན་ཆ་བརྒྱད་ཆ་བཅུ་དྲུགབཀའ་གདམས་མཆོད་རྟེན་བཅུ་དྲུགདངུལ་གྱི་མཆོད་རྟེན་གསེར་སྤྲས་ཅན་གཉིས། འདག་སྐུ་ཕུར་བའི་སྐུ་ཁང་རྩེགསྟོན་པའི་སྐུ་རྩེག་འཐེན། དྲེའུ་དམར་སྐུ་བརྙན། ཨ་བསེའི་སྐུ་བསྙན་བཅས་གྲངས་མང་གསུང་རབ་བསྐོར། བན་བོན་རིས་མེད་ཀྱི་བཀའ་འགྱུར། བསྟན་འགྱུར། བོན་གྱི་གཞུང་ཆེན་སྐོར་དང་རིག་གཞུང་སྐོར། བན་གྱི་གཞུང་ཆེན་བཅུ་གསུམ་དང་དེ་ཡི་འགྲེལ་པ། ཡི་དམ་ཕྱི་ནང་གསང་གསུམ་གྱི་སྒྲུབ་སྐོར། ཀློང་ཆེན་བཀའ་འབུམ། འཇིགས་གླིང་བཀའ་འབུམ། ཤར་རྫའི་བཀའ་འབུམ། ཀུན་གྲོལ་འཇའ་ཚོ་བཀའ་འབུམ། མཁས་བཙུན་རང་གིས་མཛད་པའི་བཀའ་འབུམ་སོགས་བཅུ་གསུམ་བཅས་དང་། ཡི་གེ་དང་འཁོར་ལོ་སྐུ་གཟུགས་བཅས་སྤར་ཤིང་སུམ་སྟོང་ལ་ཉེ་བ་བཞུགས། མཆོད་ཆའི་ཡོ་བྱད་རོལ་མོའི་རིགས། རྒྱ་ཡུལ་ལིང་ཁྱུང་གཤོག བླ་མ་ཁུ་ཚིའི་གཏེར་རོལ། རྒྱ་ནག་མ་ཁྲི་མ། སྨེན་རོལ་རྣམས་ནི་འཛམ་གླིང་ན་དཀོན་ལ་རིན་ཐང་ཆེ་བ་རེད་ཅེས་འཇམ་དབྱངས་མཁྱེན་བརྩེའི་གསུངས་དར་ཟེར། ཚིན་ཆེ་ཆུང་གཉིས། སྨན་རོལ་ཆེ་ཆུང་བཅས་རོལ་མོ་བཞི་བཅུ་ཞེ་ལྔ། འདར་ཆལ་ཆ་[page 327] གསུམ། མཁར་རྔ་ཆེ་ཆུང་བཞི། དངུལ་གྱི་དུང་ཆེན་གསེར་སྤྲས་ཅན་མི་ཞིག་འདུག་སའི་རྒྱབ་དུ་བཀོན་ཆོག་པ་གཅིག་དང་ཆུང་བ་གཅིག་ཟང་དུང་གཅིགགསེར་གླིང་ཆ་གཅིགསྟོང་ལ་རག་གིས་སྤྲས་པའི་གླིང་བུ་གཉིས། རྐང་དུང་དངུལ་ལས་བྱས་པ་གཅིགགཤང་ཆེན་ཆ་དྲུགགཤང་ཆུང་ཉི་ཤུ། རག་རྐང་ཆ་གཉིས། རིང་ཤག་ཆེ་ཆུང་བཅུ་དྲུག དངུལ་ལ་གསེར་སྤྲས་ནང་མཆོད་ཆ་གཉིས། རག་ཟངས་ལས་བྱས་པ་ཆ་གཉིས། ཞལ་ཐང་གི་རིགས། གསེར་ཐང་བརྒྱད་ཅུ་གཙོས་བསྡམས་པས་ཐང་ཀ་ཉིས་བརྒྱ་བཅུ་གཉིས། འཆམ་གོས་བཟང་ཞན་ཆ་སུམ་བཅུ་སོ་ལྔ། འབག་ལྔ་བཅུ། འཕྲུག་གདན་ཆ་ལྔ་བཅས་འདིར་ཆེ་ལོང་ཙམ་ལས་མ་བཀོད།

དུས་མཆོད་རྒྱུན་སྲོལ། ཀུན་རིག་ཉིན་བཅུ། དབྱར་བཅའ་ཉིན་ཉེར་གཅིག་གནས་སྟོང་ཉིན་བདུན། ཕུར་པ་ཉིན་བཅུ། མེ་ཏོག་མཆོད་པ་ཉིན་བདུན། སྒྲིབ་སྦྱང་ཉིན་ལྔ། སྨྱུང་གནས་ཉིན་བཅོ་བརྒྱད། དབྱར་གནས་ཉིན་ལྔ་བཅུ་ང་གསུམ། དགུ་གཏོར་ཉིན་བདུན། མ་རྒྱུད་ཉིན་ལྔ་བཅས་དབྱར་དགུན་དུས་མཆོད་ཆད་མེད། གཞན་ཡང་གྲྭ་མང་ཞབས་བརྟན་སྲུང་མ་སྤྱི་དང་བྱེ་བྲགདྲེའི་དམར་ཨ་བསེའི་ཚོགས་སྟོང་བསང་། མནྜལ་བཞི་ཆོག་བཅས་ལོ་ལྟར་ཆད་མེད་གསུང་བཞིན་དང་། དགུ་གཏོར་དང་ཕུར་པའི་དུས་མཆོད་སྐབས་འཆམ་དང་གཏོར་རྒྱག་བྱེད་སྲོལ་ལགས། གྲ་བཅུ་གཉིས་ལ་རྒྱུན་ཇ་དང་། དེ་སྐབས་ཚོགས་འདོན་རྒྱས་པ་དང་། མཎཌ་བཞི་ཆོག་ཀྱི་སྲོལ་བཟང་པོ་ལེགས་སོགས་དུས་མཆོད་སྐབས་འགན་བཞེས། བརྐྱང་ལུང་གཡུང་དྲུང་རྣམ་རྒྱལ་ཡན་ཆད་གདུང་རབས་བརྩི་བ་ལས་ཡང་སྲིད་བསླུ་བའི་སྲོལ་མེད། མཁས་བཙུན་བོན་དབྱིངས་རྡོ་རྗེ་མན་ཆད་སྤྲུལ་སྐུ་ཡང་སྲིད་བསླུ་བའི་སྲོལ་ཚུགས། གཡུང་དྲུང་རྣམ་རྒྱལ་ཡན་ཆད་ཡུལ་གྱི་བསོད་སྙོམས་ཁོ་ནས་འཚོགས་པ་དང་རྟེན་བཞེངས་མཛད། མཁས་བཙུན་ཉིད་བཀའ་བློན་ཕུན་རབ་སྲས་དང་རྩོད་པ་ལས་རྒྱལ་བི་དཔའ་རྟགས་དགེ་གེ་ཚང་གི་ས་ཆུས་ལྔ་གནང་བ་དང་དབུ་བླར་བཀོད། རྒྱ་ནག་ཆུ་འཁོར་གནང་། ཐམ་ཀ་གནང་། མཁྱེན་ཀོང་རྣམ་ནས་ས་ཆུས་གཅིག་བཅས་གནང་སྦྱིན་མཛད། སྡེ་དགེ་ཚང་ནས་ལོ་ལྟར་འབྲུ་རིགས་དང་མར་བཅས་ལེན་རྒྱུ་ཡོད་པ་བཅས་མཛད་ནས། འོང་སྒོ་དེས་བཤད་སྒྲུབ་ཀྱི་ཡོན་སྦྱར་བ་སྦྱི་དང་བྱེ་བྲག། ཞི་ཁྲོའི་གནས་སྟོང་འགན་བཞེས་པ་ཨ་ཚང་རིག་འཛིན། བཅའ་བ་ཀློང་རྒྱས། སྨྱུང་གནས་སྒྲིབ་སྦྱང་། དགུ་གཏོར་བཅས་གྲྭ་མང་སྦྱི་བ། ཕུར་པ་བླ་བྲ

ང་དབྱར་གནས་མཁན་སངས་རྒྱས་ཚེ་བརྟན། རྒྱུན་ཇ་བླ་མ་ཨ་ཤེར། ལོ་རེ་གྲྭ་པ་རེ་ལ་འགྱེད་ཀ་ནས་རྒྱ་མ་བརྒྱ་རེ། མར་རྒྱ་མ་ལྔ། ཇ་བག་རེ། དངུལ་སྒོར་བརྒྱ་རེ་བཅས་སྤྲད་དར། ཡུལ་གྱི་གྲྭ་ཞབས་དང་། འབྲེལ་བ། གཏེར་ལྷུང་། དིས་འགོ། སེ་ཡུ་འགོ། ཆུ་ཕྱར་མདའ། གཡེས་སྒང་དུད་ལྔ། གདོང་ཐོག་དུད་གསུམ། ཨ་ཡུ་གྲང་དུད་གཅིགརྔ་མང་སྣ་དུད་གྲངས་བཅོ་བརྒྱད། ཡང་འགམ་ནང་དུད་གཉིས། ཧྱོ་པ་ནང་དུད་བཞི་བཅས་དང་། གྲྭ་པ་གཤེན་ཚང་བྱོན་སྲོལ་དང་། ཛ་དགྲ་པ་ཚང་དང་། སྨོན་རྗེས་[page 328] ཚང་གཉིས་ཆོས་རྒྱུད་གཅིག་པ་དང་གྲ་པ་འགོ་མ་ཞིག་ཀྱང་རྩི་སྲོལ་ཡོད། འོག་ན་དབྲ་ལྕང་སྨོན་གསུམ་ཞེས་སྲོལ་ཡོད། དེ་ཡི་སྐབས་དགོན་དེ་ལ། གཙུག་ལག་ཁང་ཆེན་པོ་ཅིག་དང་ལྷ་ཁང་གཉིས་བླ་བྲང་སྤྱི་ཁང་། དཔེ་མཛོད་ཁང་ དུང་འཁོར་གྲྭ་ཤགས་ལྔ་བཅུ། སྒྲུབ་གྲྭ་ཁང་ཁག་བཞི། བཤད་གྲྭ་གཅིག་གྲྭ་པ་བཞི། སྤྲུལ་སྐུ་བཞི། མཁན་པོ་བདུན། བླ་མ་བཅུ་བཞི། གྲྭ་པ་བརྒྱ་དང་བཞི་བཅས་ཡོད་དར། དེ་ལྟར་དཔལ་རྒྱས་གཡུང་དྲུང་མཐོང་སྨོན་གླིང་ཞེས་ལུང་རྟོགས་གཉིས་ཀྱི་བསྡུས་པའི་གཡུང་དྲུང་བོན་སྔ་དར་གྱི་བསྟན་པ་བཤད་སྒྲུབ་ལས་གསུམ་བསྟན་པ་དར་ཞིང་རྒྱས་ནའང་དུས་དབང་སྟོབས་ཀྱིས་དགོན་སྡེ་ཕལ་ཆེར་དང་མཚུངས་པའི་བཤད་སྒྲུབ་ཀྱི་བསྟན་པ་ངོ་རྒོལ་བཞི་དང་། རིག་གནས་གསར་བརྗེའི་སྐབས་རྣམ་པར་སྟོང་སོང་། རིན་ཐང་གཞལ་བར་དཀའ་བའི་གནའ་རྫས་རྣམས་གཅིག་ཀྱང་མ་ལུས་ཀར་བརླག་གྲྭ་ཤགས་རྣམས་ཀྱང་ས་རྡོའི་རྡུལ་ཙམ་མ་གཏོགས་མེད་པས་མནོ་བསམ་དེ་བཏང་དུས་ཡིད་སྐྱོ་བའི་གནས་སུ་གྱུར་ཀྱང་། དེང་རྒྱལ་ཁབ་ཀྱིས་མི་བཞི་ཤོག་ཁག་དཀར་ནག་དབྱེ་ཕྱེ། མང་ཚོགས་ཆོས་ལ་དད་པའི་སྟོབས་དང་། རྒྱལ་ཁབ་ཀྱི་ཤུགས་གཉིས་ཀྱིས་སྲིད་ཇུས་བཟང་པོའི་འོག་ཏུ་ཆོས་དད་རང་དབང་བཞག་དེ་ཚེ་བླ་སྤྲུལ་མཁན་གསུམ་མི་བཞུགས་ཀྱང་། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་བཟང་པོའི་མཐུ་ལ་བརྟེན་ཏེ། མཁན་སངས་རྒྱས་ཚེ་བརྟན། རབ་བརྟན་ཤེས་རབ་ཡང་སྲིད་འཆི་མེད་རྒྱལ་མཚན། བླ་མ་འོད་ཟེར། བཀྲ་ཤིས་མགོན། རིག་འཛིན་རྡོ་རྗེ། རང་རིག་བཅས་བླ་གྲྭ་རྒན་པ་མལ་ལུས་རྣམས་ཀྱིས་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་བཅས་ཀྱི་འབད་བརྩོན་གྱིས་ལྷ་ཁང་གཉིས་དང་། གྲྭ་ཤགས་སུམ་བཅུ། དུང་འཁོར་བཅས་གསར་བཞེངས་དང་། སྔོན་འགྲོ་དང་། དབང་ལུང་ཁྲིད་གསུམ་གྱི་སྨིན་གྲོལ་གྱི་རྒྱུན་སྲོལ་བཟང་པོ་ཚུགས་ཏེ། འཆམ་པ་ཉེར་ལྔ། ཚེས་བཅུ་དབྱར་གནས་སྟོང་། དགུན་དགུ་གཏོར། ཕུར་པ། དྲེའུ་དམར་སྟོང་ཚོགས་བཅས་དང་རྒྱུན་སྡོད་གྲྭ་པ་སུམ་ཅུ་བཅས་ཉམས་པ་སླར་གསོའི་ངང་མཆིས།།

བྲག་འགོ་རྫོང་།

[page 329]

སེང་གེ་དགོན་གྱི་ལོ་རྒྱུས།

[page 330] གཙང་སྨད་སེང་གེ་དགོན་པ་མདོ་སྔགས་བཤད་སྒྲུབ་རབ་རྒྱས་གླིང་གི་ལོ་རྒྱུས་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་སྔོན་འདས་པའི་དུས་ན་གཙང་སྨན་ཡུལ་གྱི་ས་ཆ་རུ། གོས་རྩ་ཆུའི་ཉིན་མོ་དང་། གོ་ཚོང་ཆུའི་སྲིབ་མོ་ཟེར་བའི་གོང་དཔོན་རིགས་དབང་ཐར་དར་ཞིང་། ཡུལ་སྡེ་འབངས་སྟོབས་འབྱོར་ལྡན་པའི་འབྲོག་སྡེ་ཞིག་ཡོད་པ་ལ། སྤྱི་ལོ་༡༣༨༠རབ་བྱུང་དྲུག་པའི་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེལ་གྱི་ལོར། གོས་རྩའི་གདུང་རྒྱུད་རིག་འཛིན་བདུད་འདུལ་དབང་ཕྱུག་གིས་དཔོན་གྱི་གོ་གནས་བཟུང་ཞིང་། དགོང་ལོ་ཉེར་བདུན་ཐོག་ཏུ་དབུས་གཙང་རུ་བཞི་ལ་གནས་སྐོར་དུ་ཕེབས་ཏེ། རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་དང་། འཇམ་མགོན་ཙོང་ཁ་པ། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན། དབུས་ཇོ་བོ་ཤྭཀྱ་མུ་ནེ་རྣམས་ཀྱི་དྲུང་དུ་དགེ་བཅུ་བསྒྲུབ་པའི་དམ་བཅའ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བསྟན་པ་མཐའ་རུ་རྒྱས་པའི་སྨིན་ལམ་བཏབ། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱིས་དབང་བསྐུར་བྱིན་རླབས་མཛད་དེ་མ་འོངས་པར་ཁྱོད་ཀྱི་གདུང་རབས་དྲུག་ན། ཀ་ཡི་མཚན་ཟུར་ཆགས་པའི་སྐྱེས་བུ་བྱོན་ནས་སྒྲུབ་རྒྱུད་ཀྱི་བསྟན་པ་དར་བར་འགྱུར་རོ་ཞེས་ལུང་གིས་བསྔགས། སླར་ཡང་ཡུལ་དུ་ཕེབས་ཏེ་མདོ་ཁམས་སྟོད་སྨད་ཀྱི་མི་དབང་གི་རྒྱལ་པོ་རྣམས་དང་མནའ་སྦྲེལ་གྱིས་གྲོགས་པོ་བྱས། ས་མཚམས་ཀྱི་རི་མོ་བཀོད། དེ་ཡང་གཙང་རོང་ཕྱོགས་སུ་སྦྲུལ་གྱི་གབ་ཚེ་ཐང་། འདི་ལ་དུས་ཕྱིས་སྦྲུལ་གྱི་མཆོད་རྟེན་ཐང་དུ་གྲགས། བྱེ་རུའི་བརྒྱད་ཅུ་ཤོག་པ་དབང་དུ་བསྒྱུར་ཏེ། བྱུག་དམར་མཆུ་ཡན་ཆད། རྡོ་ཆུའི་རྒྱུད་ནས་དྲུག་མོ་ལུང་པའི་ར་སྐུའི་རྩ་ནག་དང་སྒོར་ཆེན་སྐོར་ཆུང་ཚུན་ཆད། གླིང་ཐང་གི་གླིང་ལག་མདོ། སྨིར་ཡི་ཁོག་གི་རོ་རྒྱོ་དང་ར་དབྱི་ལུང་པ་རྣམས་དང་། གཙང་ར་ཕན་ཆད་ཀྱི་ཁོར་ཡུག་གི་མཐའ་དབུས་ཀུན་ཏུ་ས་བདག་བྱས་ཤིང་གཞི་བརྟན་པ་ཆགས། སྤྱི་ལོ་༡༤༠༧རབ་བྱུང་བདུན་པའི་མེ་ཕག་ལོར་རིག་འཛིན་བདུད་འདུལ་དབང་ཕྱུག་ཤར་ཕྱོགས་མ་ཧྭ་ཙི་ནའི་ཡུལ་དུ་ཕེབས་ཏེ། རྗེ་ཀརྨ་དེ་བཞིན་གཤེགས་པར་ནན་ཅིང་ཕོ་བྲང་དུ་མཇལ། དེའི་མདུན་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ནོད། དེར་རྒྱ་ནག་ཁྲིམས་ཀྱི་བདག་པོ། ཏྭ་མིང་གནམ་བསྐོས་རྒྱལ་པོས། རིག་འཛིན་བདུད་འདུལ་དབང་ཕྱུག་ལ། སོག་ཞྭ་གསེར་འབྲུག་ཁ་སྤྲོད་རྨ་བྱའི་འཕྲུལ་རྒྱན་ཅན་དང་། ཟ་འོག་ཆུ་བྲག་གི་འཇའ་རིས་བཀྲ་བའི་གོས་ལྭ་དང་། རྡོ་རྗེ་རྒྱ་གྲམ་གྱི་རི་མོ་སྤྲས་པའི་དངུལ་གྱི་ཐམ་ག་བཅས་ཐོབ་རྟགས་སུ་གནང་ཞིང་བདག་རྐྱེན་ཐོབ། སླར་ཡང་ཡུལ་དུ་བསྐྱོད་དེ་གཙང་སྨད་གནས་སུ་དགེ་བཅུའི་སྲོལ་བཏོད། རྐུན་ཇག་གྱི་ཁྲིམས་དང་། རྔོན་རྒྱ་རི་ཁྲིམས་བསྡམས་ནས་ཆབ་འབངས་བསྐྱངས། མདོ་ཁམས་ཤར་ཕྱོགས་ན་བཞུགས་པའི། རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་[page 331] གྱི་དངོས་སློབ། འཆད་རྩོད་རྩོམ་གསུམ་གྱི་བློ་གྲོས་ལ་ཐོགས་པ་མེད་པའི་སྐྱེས་ཆེན་དམ་པ། ཚ་ཁོག་ངག་དབང་གྲགས་པ་ཞུ་བ་ཁོང་། རིག་འཛིན་བདུད་འདུལ་དབང་ཕྱུག་གིས་མཆོད་གནས་སུ་གདན་དྲངས་ཏེ། བྲག་དམར་སེང་གེ་གནམ་རྫོང་རིགས་གསུམ་འཕགས་པས་བྱིན་གྱིས་བརླབས་པའི་གནས་སུ། བཀའ་གདམས་གསར་མའི་ལྷ་ཆོས་གཙོ་བོ་བྱས་པའི་ཆོས་གསུངས་ཤིང་ཡུལ་ཁམས་བདེ་ལ་བཀོད། མཐར་རིག་འཛིན་བདུད་འདུལ་དབང་ཕྱུག་དགུང་གྲངས་བདུན་ཅུ་དོན་གསུམ་ལ་སྐུ་གཤེགས། དེའི་སྲས་གོས་རྩའི་ངག་དབང་ཕྲིན་ལས། དེའི་སྲས་གོས་རྩའི་བློ་གྲོས་རྒྱལ་མཚན། དེའི་སྲས་གོས་རྩའི་ཕུན་ཚོགས་རབ་བརྟན། དེའི་སྲས་གོས་རྩའི་དགེ་ལེགས་དཔལ་ལྡན་ཏེ་དཔོན་རབས་ལྔ་ལ་སྔར་བཞིན་ཡུལ་ཁམས་དེ་རུ་དབང་འགྱུར་བྱས་སོ།། དགེ་ལེགས་དཔལ་ལྡན་འདི་ལ་སྔར་ལྷོ་བྲག་གྲུབ་ཆེན་ནམ་མཀགའ་རྒྱལ་མཚན་གྱི་ལུང་བསྟན་ཐོག་ཏུ་ཁེལ་ཏེ། མཚན་དང་ལྡན་པའི་སྲས་ཞིག་འཁྲུངས། འདི་ཆུང་ངུའི་དུས་སུ་ཁམས་ཀྱི་སྡེ་དགེའི་ཕྱོགས་སུ་ཕེབས་ཏེ་མཁན་ཆེན་ཀརྨ་ཆགས་མེད་ཀྱི་མདུན་དུ་རབ་བྱུང་གི་སྡོམ་པ་ནོན་ཅིང་། རིག་པའི་གནས་ལྔ་ལ་མཁས་པར་སྦྱངས། ཐུབ་བསྟན་ཀརྨ་ཡེ་ཤེས་ཞེས་མཚན་གྱི་ཅོད་པན་བྱིན། འདའ་ཀོ་བསམ་གཏན་གླིང་དུ། རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་མདུན་ནས་སྔ་འགྱུར་རྙིང་མའི་ཆོས་ཚན་མ་ལུས་པ་ཞུས། དབུས་གཙང་དུ་ཕེབས་ཏེ་རྒྱལ་མཆོག་ལྔ་པ་རིན་པ་ཆེ་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་སྣང་ཐིག་ལེ་རྒྱ་ཅན་ཆོས་སྡེ་ཉི་ཤུ་རྩ་ལྔའི་དབང་ལུང་བསྩལ་ཏེ། གསང་མཚན་རིག་འཛིན་བཞད་པ་རྩལ་ཞེས་གསོལ། སླར་ཁམས་ཕྱོགས་སུ་ཕེབས་ནས། གཙང་ཡུལ་བཀྲ་དབུས་རི་ལ་སྒྲུབ་པ་མཛད་པས། སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་ཞལ་མངོན་སུམ་དུ་གཟིགས་ཏེ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོད་ཅིང་། རི་དེ་ཉིད་ཆེ་མཆོག་དཔལ་དགུའི་གནད་སུ་བྱིན་གྱིས་བརླབས། དགུང་ལོ་ཉེར་ལྔའི་དུས་སུ། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོས་དབུ་ཡི་མཆོག་གནས་སུ་གདན་འདྲེན་མཛད་དེ། གཙང་རོང་ས་འགོ་དགོན་པ་རྟེན་དང་བརྟེན་པར་བཅས་པ་དང་། ས་ཞིང་ཐོག་ཁྱིམ། གཙང་རོང་གི་ཡུལ་སྡེ་མངའ་འབངས་དང་བཅས་པ་ཐམས་ཅད་དབང་ཡོན་དུ་ཕུལ་བ་རྣམས་བདག་གིར་བཞེས། དེ་ནས་བཟུང་བླ་མ་ཁོང་ལ་ས་འགོ་བླ་མ་ཀརྨ་ཡེ་ཤེས་ཞེས་གྲགས་པའི་མཚན་སྙན་ཕྱོགས་བཅུར་ཁྱབ་པ་ཡིན་ནོ།། དེ་ཡང་དགོན་པ་དེ་ལ་ས་འགོ་ཞེས་པའི་མིང་ཇི་ལྟར་ཆགས་ཡིན་ཟེར་ན། སྔོན་རབ་བྱུང་གཉིས་པའི་ནང་། གཙང་བཙུན་འཇིགས་མེད་འོད་གསལ་ཟེར་བ་དེ་དབུས་གཙང་ཕྱོགས་སུ་ཆོས་བཙལ་དུ་སོང་བ་ལ་ལྷོ་བྲག་ཁོག་ཏུ་མཉམ་མེད་དྭཌ་པོ་རིན་པོ་ཆེ་དང་མཇལ་ནས་བཀའ་རྒྱུད་པའི་ཆོས་སྒོར་ཞུགས་ཏེ། སླར་རང་ཡུལ་དུ་ཕེབས་ནས། རབ་བྱུང་གསུམ་པའི་ལྕགས་རྟ་ལོར་གཙང་ཐུབ་བསྟན་རྒྱལ་བའི་དབེན་གནས་ཞེས་དགོན་པ་བཏབ་པར། ས་ཕྱོགས་དེ་རུ་དགོན་གཞི་ཆགས་པའི་འགོ་མའམ་ཐོག་མ་ཡིན་པས་ན། ས་འགོ་དགོན་ཞེས་ཡོངས་ཁྱབ་ཏུ་གྲགས་པ་ཡིན་ནོ།། དགོན་འདི་ད་ལྟ་རྔ་བ་ཁུལ་གྱི་མངའ་ཁོངས་ཡིན།

སྤྱི་ལོ་༡༦༤༩རབ་བྱུང་བཅུ་གཅིག་པའི་ས་མོ་གླང་གི་ལོར། གཙང་བླ་མ་ཀརྨ་ཡེ་ཤེས་ཀྱིས། རྙད་[page 332] འགབ་མའི་མཆོད་རྟེན་སྒང་དུ་བཀྲ་ཤིས་ཟ་ཧོར་གླིང་ཟེར་བའི་བཀའ་བརྒྱུད་པའི་དགོན་པ་བཏབ། དགོན་འདི་དབུ་འཛུགས་སྐབས། དགེ་འདུན་འདུ་ཁང་གཅིག་དང་གྲྭ་ཁྱིམ་དྲུག་མཆོད་རྟེན་གསུམ་བཞེངས་ཏེ། ཟབ་ལམ་ཕྱག་རྒྱ་ཆེན་པོའི་བསྟན་པ་དར་སྤེལ་བྱས་སོ། འདི་ད་ལྟ་རྔ་བ་ཁུལ་གྱི་མངའ་ཁོངས་ཡིན།

དེའི་སྐབས་སུ་གཙང་ཡུལ་བཀྲ་དབུའི་གནས་འདབས། གཡུང་དྲུང་བཀྲ་ཤིས་སྟག་རྫོང་གི་སྐུ་མཁར་ནང་། རུས་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ། སྨུག་པོ་གདོང་གི་མི་རྒྱུད། སྔོན་ཝ་ཤུལ་ཞང་ཞུང་ཁྲོ་རྒྱལ་གྱིས། དགེ་བཤེས་རྒྱལ་མོ་རོང་བཟའ་ཁབ་ཏུ་བཞེས་པ་ལ་བུ་གཅིག་བཙས་པའི་མིང་ལ་ཝ་ཤུལ་བཀྲ་སྐྱབས་ཟེར། དེའི་བུ་ཝ་ཤུལ་གོས་ནག་མ་ཟེར་བའི་སྡེ་དང་བཅས་པས་འབྲོག་སྡེ་ཞིག་བཙུགས་ཏེ། སྟག་རྫོང་གི་མཁར་རྩ་ཡན་ཆད་ཀྱི་གཙང་གི་ཁོར་ཡུག་རྣམས་དང་། གཙང་སྨད་སྒེགས་ཁོག་ལུང་པའི་ཆབ་ཆེན་གནམ་ཆ་ལ་ཐོག་ཡན་ཆད་ས་བདག་དང་རི་བདག་བྱས། ས་མཚམས་ཀྱི་ཐིག་ལེ་བཀོད། དགྲ་འདུལ་གཉེན་སྐྱོང་གི་སོ་ནམ་གྱི་དུས་འདའ་བའི་ངང་ལ་གཞི་ཆགས་ཏེ། གཙང་བླ་ཀརྨ་ཡེ་ཤེས་དབུ་ཡི་མཆོད་གནས་སུ་བསྟེན། འདི་ལ་ཝ་ཤུལ་སྒེགས་ཐ་མ་ཟེར་བར་གྲགས། དེ་ནས་རིམ་བཞིན་ཡུལ་ཁམས་དེའི་གོས་རྩ་དང་གོ་ཚོང་ཆུའི་ཉིན་སྲིབ་ཀྱི་འབྲོག་སྡེ་དང་། ཝ་ཤུལ་སྒེགས་ཐ་མ་གཉིས་ཀར་ཕན་ཚུན་གཉེན་བཤེས་ཀྱི་འབྲེལ་བ་ཆགས། མཐུན་སྒྲིལ་ཇེ་ཟབ་ཏུ་གྱུར་ནས་སྡེ་གཉིས་ལྷན་གཅིག་ཏུ་བསྡེབས་ཏེ། ཝ་ཤུལ་གཙང་སྨན་ཚང་དུད་ཁག་བདུན་བརྒྱ་ཡོད་པའི་འབྲོག་སྡེ་ཞིག་ཆགས་སོ།། དེ་ནས་རེ་ཞིག་གི་དུས་ནས་སོག་པོ་ཇུན་གར་གྱི་དམག་བྱུང་སྟེ་བྱེ་རུའི་བརྒྱད་ཅུ་ཤོག་པ་ཕལ་ཆེར་དག་དགོན་སྡེ་འགའ་རེ་རྩ་གཏོར་བྱས་ནས་དམག་སྣ་གཙང་སྨད་ལ་གཏད་དེ་བྱུང་བར། ཝ་ཤུལ་གོས་ནག་མས་དམག་དཔོན་བྱས་ཏེ་གཙང་དམག་བསྡུས་ནས་སྒེགས་ཁོག་དང་། རྒྱུ་ཁོག། གཙང་ར་ཁོག་རྣམས་སུ་དམག་འཁྲུག་རླུང་དམར་འཚུབས་པ་ལྟ་བུ་བྱུང་། ཝ་ཤུལ་གོས་ནག་མས་སོག་པོ་ཇུན་གར་བའི་དམག་དཔོན་ཞིག་བསད་པའི་དཔའ་རྟགས་སུ་དགྲ་ལག་བཅད་དེ་མགོན་ཁང་གི་སྒོར་བཏགས། མི་རྟའི་བམ་ཐང་བཀྲམ། ཁྲག་གི་རྫིང་བུ་འཁྱིལ། མི་མགོ་དང་རྟ་མགོའི་ལབ་རྩེ་བརྩིགས་ཏེ་ཡ་ངའི་གནས་སུ་གྱུར། འདི་སྐབས་གཙང་སྨད་ཚང་ལ་དཔའ་རྟགས་ཐོབ་ཀྱང་དོན་དུ་མང་ཚོགས་ཀྱི་དཔལ་འབྱོར་ལ་ཤིན་དུ་ཉམས་རྒུད་པོ་བྱུང་ཟེར། དེང་སང་ཡང་རྒྱུ་རེ་ལབ་རྩེ་དང་། དམེ་ཐང་ཟེར་བའི་ས་མིང་ཐོག་དོན་དེ་ནས་བྱུང་ངོ་།། ཝ་ཤུལ་གོས་ནག་མ་འདི་ལ་སྲས་ཡ་མཚན་ཅན་ཞིག་འཁྲུངས་ཏེ། འདི་ཆུང་ངུའི་དུས་ནས་ས་འགོ་བླ་མ་ཀརྨ་ཡེ་ཤེས་ཀྱི་མདུན་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ནོད་ཅིང་ཁམས་ཀྱི་སྡེ་དགེའི་ཕྱོགས་སུ་ཕེབས་ནས་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་བླ་མ་རུ་བསྟེན་ཅིང་། རིག་འཛིན་ཀརྨ་ཀུན་ཁྱབ་ཅེས་མཚན་གསོལ། གཞན་ཡང་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་མོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་ལ་གསན་སྦྱངས་མཛད་དེ་རྨད་དུ་བྱུང་བའི་ཡོན་ཏན་དུ་མ་ལ་མངའ་བརྙེས་སོ།། ཝ་ཤུལ་ཀརྨ་ཀུན་ཁྱབ་འདི་ཟུར་ཆོས་[page 333] དབྱིངས་རང་གྲོལ་དང་སྤྲུལ་གཞི་གཅིག་ཡིན་པར་གྲགས་སོ།།

སྤྱི་ལོ་༡༦༦༧རབ་བྱུང་བཅུ་གཅིག་པའི་མེ་མོ་ལུག་གི་ལོར། ས་འགོ་བླ་མ་ཀརྨ་ཡེ་ཤེས་དང་། ཝ་ཤུལ་བླ་མ་ཀརྨ་ཀུན་ཁྱབ་གཉིས་ཀྱིས་གཙང་སྨད་སེང་གེ་དགོན་པ། མདོ་སྔགས་བཤད་སྒྲུབ་རབ་རྒྱས་གླིང་ཐུབ་བསྟན་ཆོས་འཁོར་ལྷུན་པོ་རྟེན་དང་བརྟེན་པར་བཅས་པ་བཞེངས་བཀོད་བྱས་ཤིང་། སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེངས་བར་མཛད། དེའི་སྐབས་སུ་རྒྱ་རོང་ཁྲོ་སྐྱབས་རྒྱལ་པོ་དང་། རབ་བརྟན་ཆུ་ཆེན་རྒྱལ་པོ། དགེ་བཤེས་རྒྱལ་པོ་སོགས་ཀྱི་བསྟན་པའི་སྦྱིན་བདག་ཞུས་ནས་མཆོད་གནས་བྱས་སོ།། དེ་ནས་བཟུང་གཙང་སྨད་ཡུལ་གྱི་སྲིད་དབང་ནི་ཝ་ཤུལ་གོས་ནག་མས་བཟུང་བ་ཡིན། གོས་རྩའི་དཔོན་རབས་ཀྱི་བརྒྱུད་པ་ནི། བླ་མ་ཀརྨ་ཡེ་བཤེས་ནས་བཟུང་། དཀར་པོ་ལྷ་ཡི་རིགས་སུ་གྱུར་ནས། རེ་འགའ་གོས་དཀར་ལྕང་ལོའི་སྡེ་དང་། རེ་འགའ་རབ་བྱུང་ངུར་སྨྲིག་གི་སྡེ་གཉིས་སྤེལ་མར་བྱུང་ཞིང་། བརྒྱུད་པ་ཀུན་ཏུ་རྒྱལ་བའི་བསྟན་པ་རེན་པོ་ཆེའི་ལུང་དང་རྟོགས་པའི་བདག་ཉིད་ཅན་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཤ་སྟག་བྱོན་ནས། ཡུལ་ཁམས་དེའི་དབུ་ཡི་མཆོད་གནས་སུ་གྱུར་ཏེ་ས་འགོ་བླ་བྲང་ཞེས་བྱ་བའི་མིང་ཆགས་པ་ནི་ད་ལྟའི་བར་འདི་ཡིན་ནོ།། དེ་ཡང་ས་འགོ་བླ་རབས་ཀྱི་ཐོག་མ། གཙང་བླ་མ་ཀརྨ་ཡེ་ཤེས། གཉིས་པ་དབོན་སྲས་ཨོ་རྒྱན་དཔལ་འབྱོར། གསུམ་པ་དབོན་པོ་ལྷུན་འགྲུབ་རྡོ་རྗེ། བཞི་པ་འཇིགས་མེད་གྲགས་པ་བསྟན་དར། ལྔ་པ་རིག་འཛིན་བཟང་པོ་གྲགས་པ། དྲུག་པ་པདྨ་འཆི་མེད་རྡོ་རྗེ། བདུན་པ་བླ་མ་ཀུན་བཟང་སྙན་གྲགས། བརྒྱད་པ་སྤྲུལ་སྐུ་གཡུང་དྲུང་འོད་ཟེར། དགུ་པ་དབོན་པོ་བསོད་ནམས་ཡོངས་གྲགས། བཅུ་པ་རིག་འཛིན་རྣམ་རྒྱལ་ཕྲིན་ལས་རྣམས་དང་། ཝ་ཤུལ་བླ་རབས་ཀྱི་ཐོག་མ། རིག་འཛིན་ཀརྨ་ཀུན་ཁྱབ། གཉིས་པ་བླ་མ་རིག་འཛིན་རྒྱ་མཚོ། གསུམ་པ་ཀརྨ་ཀློང་ཡངས། བཞི་པ་མཚམས་པ་གུ་རུ་རྡོ་རྗེ། ལྔ་པ་མཚམས་པ་འོད་གསལ་རྒྱ་མཚོ། དྲུག་པ་ཝ་ཤུལ་བླ་མ་སྟོན་པ། བདུན་པ་གཏེར་ཆེན་བློ་གྲོས་མཆོག་རབ་རྩལ། བརྒྱད་པ་མཁའ་མཉམ་རོལ་པའི་རྡོ་རྗེ། དགུ་པ་སྐུ་ཆེན་ཉིན་བྱེད་འོད་ཟེར། བཅུ་པ་སྐུ་ཆུང་རབ་གསལ་ཉི་མ་རྣམས་དང་། ཝ་ཤུལ་དཔོན་རབས་ཀྱི་ཐོག་མ། ཝ་ཤུལ་གོས་ནག་མ། གཉིས་པ་ཝ་ཤུལ་ནོར་བུ་མགོན་པོ། གསུམ་པ་ཝ་ཤུལ་བསོད་ནམས་མགོན་པོ། བཞི་པ་ཝ་ཤུལ་མགོན་པོ་དབང་རྒྱལ། ལྔ་པ་ཝ་ཤུལ་ཀརྨ་ཀློང་ཡངས། དྲུག་པ་ཝ་ཤུལ་ཀརྨ་ཆོས་རྒྱལ། བདུན་པ་ཝ་ཤུལ་དགྲ་བླ། བརྒྱད་པ་ཝ་ཤུལ་འཇིགས་ལོ། དགུ་པ་ལྕག་མགོན་ཚེ་དབང་རྣམ་རྒྱལ། དཔོན་རབས་དང་བླ་རབས་ཀུན་ཏུ་ཆོས་སྲིད་ཟུང་འབྲེལ་གྱིས། སྲིད་ཞིའི་ལེགས་ཚོགས་མཐའ་དག་མི་ཉམས་གོང་འཕེལ་གྱི་མཛད་ཕྲིན་སྤེལ། ཝ་ཤུལ་གོས་ནག་མ་ལོ་བརྒྱད་ཅུ་གྱ་བརྒྱད་ཐོག་ཚེ་དུས་ལས་ཡོལ་བའི་རྣམ་ཤེས་ཉི་ཚེ་བའི་དམྱལ་བ་སྦལ་བ་རྡོ་ཟན་གྱི་ལུས་བླང་བར། རིག་འཛིན་ཀརྨ་ཀུན་ཁྱབ་ཀྱི་མངོན་ཤེས་ཀྱིས་དགོངས་ཏེ། རྡོ་ཕ་ཝང་ཆེན་པོའི་སྟེང་དུ་གཏུམ་མོ་རླུང་གི་རྫོགས་རིམ་ལ་བརྟེན་ནས་རྡོ་རང་གས་སུ་སོང་ཞིང་། ཕ་ཡབ་ཀྱི་རྣམ་ཤེས་དག་ཞིང་དུ་སྤར།

[page 334] ས་འགོ་བླ་རབས་གཉིས་པ། དབོན་སྲས་ཨོ་རྒྱན་དཔལ་འབྱོར་གྱིས་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔ་ལ་སྦྲུལ་གྱི་གབ་ཚེ་ཐང་དུ་རྣམ་རྒྱལ་མཆོད་རྟེན་ཐོག་བརྩེགས་ལྔ་པ་བཞེངས། དཔལ་ཐུགས་རྗེས་ཆེན་པོ་གསང་བ་འདུས་པའི་སྒོ་ནས་ཚོམ་བུ་ཚོགས་སྒྲུབ་མཛད་སྐབས། ནམ་མཁའ་ནས་འཇའ་འོད་འཁྲིགས། ས་གཞི་ལ་མེ་ཏོག་འཁྲུངས། སྐྱེ་བདུན་མྱོང་གྲོལ་གྱི་བདུད་རྩིའི་དྲི་ངད་ཀྱིས་རྒྱང་གྲགས་གཅིག་གི་བར་དུ་ཁྱབ་ཅིང་ངོ་མཚར་བའི་རྟགས་མཚན་མཆོག་དམན་ཡོངས་ཀྱི་སྣང་ངོར་མངོན་སུམ་དུ་ཤར་བས། གྲགས་སྙན་དབྱར་གྱི་རྔ་བོ་ཆེའི་སྒྲས་ཕྱོགས་བཅུ་ཐ་གྲུ་ཀུན་ཏུ་ཁྱབ་པ་ཡིན་ནོ།། དེ་ནས་བཟུང་ས་འདི་ལ་སྦྲུལ་གྱི་མཆོད་རྟེན་ཐང་དུ་གྲགས་སོ།།

སྤྱི་ལོ་༡༧༢༣རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ཀྱི་ལོར། དབོན་སྲས་ཨོ་རྒྱན་དཔལ་འབྱོར་ཁོང་གིས། ཀེ་འཕན་ཨ་སུག་དགོན་ཐུབ་བསྟན་ཆོས་གླིང་དབེན་ཁྲོད་བཏབ། ཁོང་གི་སྐུ་མཆེད་ས་འགོ་བླ་མ་ནོར་བུ་རྒྱ་མཚོས་བསྟན་སྲིད་བཟུང་། དགོན་དེའི་ལྷ་སྡེ་ནི། ཀེ་འཕན་ཨ་སུག་མ། ཀེ་འཕན་ཨ་སེན་མ་རྒྱ་ཧྲེ་དང་སྡེ་ཁག་གསུམ་གྱི་གྲྭ་པ་སུམ་བརྒྱ་ལྷག་ཙམ་བྱུང་ཞིང་། མདོ་སྔགས་ཀྱི་བསྟན་པ་རྒྱས་པར་མཛད། རྗེས་སུ་ཉག་སྐེད་མགོན་པོ་རྣམ་རྒྱལ་གྱི་དམག་དར་སྐབས། ཨ་སེན་མ་མགོ་གསེར་ཕྱོགས་སུ་སོང་ནས་གསེར་ལྷ་རྩེ་དགོ་པའི་གྲྭ་རྒྱུན་བྱས། དེ་སྐབས་ཁྱ་ནང་བླ་མ་སྨིན་གྲོལ་གྱིས་ལི་ཡུལ་མུར་མདོ་རུ་དགོན་པ་བཏབ་སྟེ། རྒྱ་ཧྲེ་བའི་གྲྭ་རྒྱུན་དེར་གནས་སོ།། ཀེ་འཕན་ཨ་སུག་མ་ནི། སྤྱི་ལོ་༡༩༡༩རབ་བྱུང་བཅོ་ལྔ་པའི་ས་མོ་ལུག་གི་ལོར། ལི་ཁོག་དང་ཁྲོ་སྐྱབས་གཉིས་ཀྱིས་དགྲ་སྡང་ནས་འཁྲུག་བསླངས་ཀྱི་སྡོད་མ་བཟོད་པར་རྔ་ཁོག་ཕྱོགས་སུ་འགྲོ་དགོས་བྱུང་། འདིའི་དུས་སུ་ཨ་སུག་དགོན་གཞིའི་བསྟན་བདག་ནི། ས་འགོ་བསོད་ནམས་ཡོངས་གྲགས་ཀྱི་སྐུ་མཆེད། དབོན་ཆུང་གྲགས་པ་རྒྱལ་མཚན་ཡིན་ཅིང་། དུས་དབང་གི་དགོན་པ་ཞིག་རལ་དུ་སོང་སྟེ། ས་འགོ་དབོན་ཆུང་གྲགས་པ་རྒྱལ་མཚན་ཡང་ཨ་སུག་དཔོན་སྡེ་རྣམས་དང་བརྩེ་དུང་གིས་བྲལ་ཐབས་མེད་པར་མཉམ་པོར་ཕེབས་སོ།། དེ་སྐབས་དབུ་མ་དང་གཡག་སྙིང་ཟེར་བའི་ས་ཆ་རྣམས་ཨ་སུག་དཔོན་ནོར་བུ་དགྲ་འདུལ་གྱིས་ཁང་ཚ་རྡོ་ལོ་དང་། བག་ཁས་ལི། ཀེ་འཕན་ཞི་ཁྲོ་སོགས་ལ་ས་སྐལ་དུ་སྤྲད་པ་ལ་གཞིར་བཟུང་སྟེ། དབུ་མའི་ཁོག་དེ་ལྕགས་མགོན་ཚེ་དབང་རྣམ་རྒྱལ་གྱི་བདག་དབང་ཐོབ་པོ།།

སྤྱི་ལོ་༡༧༨༦རབ་བྱུང་བཅུ་གསུམ་པའི་མེ་ཕོ་རྟའི་ལོར། གོས་རྩའི་གདུང་རིགས། མཁའ་འགྲོ་མ་ལྷུན་གྲུབ་དབང་མོ། ཧུ་མ་དགོན་བྱུང་ཆུབ་ཆོས་འཕེལ་གླིང་བཏབ། རྫོགས་པ་ཆེན་པོ་རྩོལ་མེད་ཨ་ཏིའི་བསྟན་པ་དར་སྤེལ་བྱས། སྤྱི་ལོ་༡༨༥༨རབ་བྱུང་བཅུ་བཞི་པའི་ས་རྟ་ལོར། ཉག་སྐེད་མགོན་པོ་རྣམ་རྒྱལ་གྱི་དམག་འཁྲུག་ལངས་ཏེ་ཧུ་མ་དགོན་དེའི་བསྟན་པའི་མཇུག་བསྡུས། འདི་སྐབས་གཙང་སྨད་ཚང་རྡོ་ཆུའི་ཕར་ཁ་ཕྱོགས་སུ་སོང་ནས་ལོ་གཅིག་ཕྱེད་ཙམ་ལ་ས་མཐའ་རུ་གནས་པའི་རྗེས་སུ་ཉག་སྐེད་ཀྱིས་མངའ་འོག་ཏུ་མ་སོང་བར་རང་ས་བཟུང་།

[page 335] སྤྱི་ལོ༡༨༡༡རབ་བྱུང་བཅུ་བཞི་པའི་ལྕགས་མོ་ལུག་གི་ལོར། ཝ་ཤུལ་བླ་རབས་བཞི་པ། མཚམས་པ་གུ་རུ་རྡོ་རྗེས་དྲུག་མོའི་ཁྲ་ཚང་རི་ཁྲོད་ཨ་ཏི་རིག་གྲོལ་གླིང་བཏབ། མཚམས་པ་འོད་གསལ་རྒྱ་མཚོས་ཟབ་རྒྱས་ཀྱི་ཆོས་ཀྱི་གདུལ་བྱའི་རྒྱུད་སྨིན་པར་མཛད་ཅིང་བཞུགས་ཡུལ་བྱས། དེ་ནས་ཀླུ་ཤུལ་བླ་རབས་ཀྱི་ཐོག་མ་བླ་མ་ཐེག་མཆོག་རྡོ་རྗེ། གཉིས་ཨཔ་དཔོན་པོ་དགོན་པ་ཡེ་ཤེས། གསུམ་པ་འཇིགས་མེད་ཡོན་ཏན་དཔལ་བཟང་། བཞི་པ་བླ་མ་ཐོས་བསམ། ལྔ་པ་སྤྲུལ་སྐུ་མདོ་སྔགས་ཉི་མ་སྟེ་ཀླུ་ཤུལ་གྱི་བླ་རབས་ལྔ་དང་ཁྱོན་རི་ཁྲོད་འདི་ཆགས་ནས་བླ་རབས་བདུན་སོང་། ཡང་མཚམས་པ་གུ་རུ་རྡོ་རྗེས་སོའི་མཚམས་ཤུར་ཟེར་བའི་ལུང་པར་རི་ཁྲོད་བཏབ་སྟེ་ཀ་དག་ཁེགས་ཆོད་དང་། འོད་གསལ་ཐོད་རྒལ་གྱི་ཆེས་ཉམས་ལེན་བཞེས་ཤིང་འཇའ་ལུས་འཕོ་ཆེན་གྱི་སྐུ་སྒྲུབ། དེའི་སྐབས་སུ་བྱེ་རུའི་བྱུག་དམར་མཆུའི་བྲག་གི་ངོ་ལ་མཚམས་པ་གུ་རུ་རྡོ་རྗེའི་སྐུ་བརྙན་ཇི་ལྟ་བ་བཞིན་རང་བྱུང་འབུར་དོད་དུ་ཤར་ཞིང་། སྔར་གོས་རྩའི་བདུད་འདུལ་དབང་ཕྱུག་གི་སྐུ་རིང་ལ་རོང་འབྲོག་གི་མཚམས་ཀྱི་རྟགས་སུ་རྡོ་འབུམ་ཞིག་ཡོད་ཀྱང་། ཝ་ཤུལ་དཔོན་རབས་བཞི་པ་ཝ་ཤུལ་མགོན་པོ་དབང་རྒྱལ་གྱིས་ལྷ་འདྲེ་འགོག་སྲུང་ཞེས་པའི་མཚན་གསོལ་ནས་རོང་འབྲོག་གི་ས་མཚམས་ཀྱི་རྟགས་སྐུ་བརྙན་འདི་རུ་བྱས་སོ།། མཚམས་པ་གུ་རུ་རྡོ་རྗེ་འདི་འབྱུང་བ་བཞི་ལ་རང་དབང་ཐོབ་ཅིང་སྤྲུལ་སྒྱུར་དུ་མ་ལ་མངའ་བརྙེས་པའི་རིག་པ་འཛིན་པའི་སྐྱེས་བུ་ནི་ཡུལ་ཕྱོགས་དེ་རུ་འདི་ལས་ལྷག་པ་མ་བྱོན་ནོ།།

སྤྱི་ལོ་༡༨༣༤རབ་བྱུང་བཞི་པའི་ཤིང་ཕོ་རྟའི་ལོར། ས་འགོ་བླ་རབས་ལྔ་པ་དཔལ་རིག་འཛིན་བཟང་པོ་གྲགས་པས། བྱེ་རུའི་དགོན་ཐོད་དུ་འོད་གསལ་དགེ་འཕེལ་གླིང་གི་རི་ཁྲོད་བཏབ། ཁོང་གི་སྐུ་ཚེ་དེ་ཉིད་ལ་ཡང་སྙིང་ཡི་གེ་དྲུག་མ་དུང་ཕྱུར་བཅུ་གསུམ་ཞལ་འདོན་མཛད་པས། ཐུགས་རྗེ་ཆེན་པོ་ཞལ་མངོན་སུམ་དུ་གཟིགས་ཏེ་མཆོག་གི་དངོས་གྲུབ་ཐོབ་ཅིང་འབྲེལ་ཚད་དོན་ལྡན་དུ་གྱུར། དགུང་གྲངས་བདུན་ཅུ་དོན་གཅིག་ལ་བྲག་དམར་པོ་སེང་གེ་གནམ་རྫོང་གི་གཟིམ་ཆུང་པདྨ་འདབ་སྟོང་དུ། སྙུན་གྱི་ཆ་ཙམ་ཡང་མེད་པར་སྐུ་ལུས་རྣམ་སྣང་ཆོས་བདུན་གྱི་མདའ་ལྟར་བསྲངས་ཏེ། ཆོས་སྐུ་ལྟ་བ་རྒྱ་འདེབས་ཀྱི་འཕོ་བས་ཆོས་ཉིད་གདོད་མའི་དབྱིངས་སུ་གཤེགས་སོ།། འདི་སྤྲུལ་པའི་རྗེ་འབངས་ཉེར་ལྔའི་ནང་ནས་རྒྱླ་བ་མཆོག་དབྱངས་ཀྱི་སྤྲུལ་པ་ཡིན་པར་རིག་འཛིན་གསྔ་སྔགས་གླིང་པས་ལུང་གིས་བསྔགས་སོ།། དེ་ནས་ལྷ་ལྕམ་པད་མ་གསླ་གྱི་སྐྱེ་མཐའ་གཏེར་ཆེན་རིན་པོ་ཆེ་སྒོ་འཛི་རིན་ཆེན་གླིང་བས་རི་ཁྲོད་དེ་རྒྱ་ཆེར་སྤེལ་ནས་བཟུགས་ཡུལ་བྱས། དེའི་རྗེས་སུ་གཏེར་ཆེནན་ཁོང་ཁམས་ཕྱོགས་སྡེ་དགེ་རུ་ཕེབས་ནས་ཨ་འཛོམས་འབྲུག་པ་རིན་པོ་ཆེའི་སྲས་མོ་གསྔ་ཡུམ་དུ་བཞེས་པའི་སྲས་སུ་དཔལ་ཡུལ་ཀརྨ་ཡང་སྤྲུལ་ཁྱབ་བདག་ཆོས་ཀྱི་ཉི་མ་འཁྲུངས་ཏེ་བསྟན་འགྲོའི་དོན་རླབས་ཆེན་མཛད་དོ།།

སྤྱི་ལོ་༡༨༨༦རབ་བྱུང་བཅོ་ལྔ་པའི་མེ་ཕོ་ཁྱིའི་ལོར། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པའི་ཟློས་གར་གཏེར་ཆེན་ཡེ་ཤེས་འབྱུང་གནས་པད་མ་བདེ་ཆེན་རོལ་པ་རྩལ་གྱིས། སྐུས་ལུང་རི་ཁྲོད་གསང་སྔགས་ཐེག་[page 336] མཆོག་གླིང་བཏབ་ཅིང་སྨིན་གྲོལ་ཟབ་གཏེར་གྱིས་གདུལ་བྱ་བསྐྱངས་པ་དང་། ཀེ་འཕན་ཨ་སེན་མ་མགོ་གསེར་ཕྱོགས་ནད་སླར་རང་ཡུལ་དུ་སླེབས་སྐབས། མ་བླ་མ་ཆོས་ཉིད་འོད་ཟེར་གྱིས། ཨ་སེན་དུས་དབེན་རི་ཁྲོད་བཏབ། དེ་ནས་སྒོ་འཛི་གཏེར་ཆེན་ཡེ་ཤེས་འབྱུང་གནས་ལ། དུས་དབེན་རི་ཁྲོད་དང་ཨ་སེན་ཡུལ་འབངས་དང་བཅས་པ་ལྷ་སྡེ་རུ་ཕུལ། གཏེར་ཆེན་ཡིད་བཞིན་ནོར་བུ་མཆོག་ལ་ཟབ་གཏེར་དག་སྣང་གི་སྐོར་གསུང་ཆོས་པོད་བཅུ་གསུམ་བཞུགས་ཤིང་། ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་སྒྲ་ཆེན་པོ་སྲིད་པ་གསུམ་དུ་འགེངས་བར་མཛད་དོ།།

བྱེ་ཁོག་གཤའ་ཡུལ་རི་ཁྲོད་བརྟུལ་ཞུགས་དགའ་བའི་ཚལ་ནི། ཞིག་སྐོར་མཚམས་པ་འོད་འཕྲོས་ཀྱི་སྒྲུབ་གནས་ཡིན། གནས་དེར་བཞུགས་པའི་གང་ཟག་གིས་ཟབ་མོ་གཅོད་ཀྱི་གདམས་པ་ཉམས་ལེན་གྱི་གཙོ་བོ་བྱེད་པ་རེད། ས་འགོ་བླ་རབས་བདུན་པ་བླ་མ་ཀུན་བཟང་སྙན་གྲགས་དང་། ལྕགས་ལ་མཁན་པོ་དཔལ་ལྡན་གཉིས་ཀྱིས་བྱེ་ཁོག་དཔལ་རི་བྲག་པད་མ་བསམ་གཏན་གླིང་གི་རི་ཁྲོད་བཏབ་སྟེ་མདོ་སྔགས་ཀྱི་བསྟན་པ་དར་བར་མཛད་དོ།།

སྤྱི་ལོ་༡༨༩༠རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག་ལོར། ཝ་ཤུལ་བླ་རབས་བརྒྱད་པ་སྐུ་ཆེན་ཉིན་བྱེད་འོད་ཟེར་གྱིས། ཨ་བླའི་ཤུག་པ་རྭ་བཞི་རུ་རི་ཁྲོད་བཏབ་སྟེ། ཁོང་གི་རྗེས་འཇུག་རྣམས་ལ་དབང་ལུང་བསམ་གྱི་མི་ཁྱབ་པ་བསྩལ། ས་འགོ་བླ་རབས་བརྒྱད་པ་སྤྲུལ་སྐུ་གཡུང་དྲུང་འོད་ཟེར་དགུང་ལོ་བཅུ་གསུམ་ཐོག་ཤེས་བྱ་རིག་པའི་ཀློང་རྡོལ་ཏེ། བཀའ་གསང་བ་ཟབ་མོ་ངོ་སྤྲོད་རིག་པ་གཅེར་མཐོང་གི་གདམས་པ་སྩོལ་བའི་སྐབས་སུ། རིག་པ་བཙན་ཐབས་སུ་ངོ་སྤྲོད་ཐེབས་པའི་ཐུགས་ཀྱི་སློབ་ཆེན་མཚམས་པ་རབ་བྱུང་རྡོ་རྗེས། སྤྱི་ལོ་༡༩༢༧རབ་བྱུང་བཅུ་དྲུག་པའི་མེ་མོ་ཡོས་ཀྱི་ལོར། དབེན་གནས་རི་རྩེ་རྒྱལ་དུ་ཟུང་འཇུག་དགའ་བའི་ཚལ་གྱི་རི་ཁྲོད་བཏབ་ཅིང་དད་ལྡན་གྱི་སློབ་བུ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་དོ།།

སྤྱི་ལོ་༡༩༥༢རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་འབྲུག་གི་ལོར། པཎ་ཆེན་བི་མའི་སྤྲུལ་པ་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་ཐུགས་ཀྱི་སློབ་ཆེན། སྒོ་འཛི་བླ་མ་གཏེར་ལོས་འོད་གསལ་རྫོགས་པ་ཆེན་པོའི་ཚོས་ཉམས་ལེན་བཞེས་པར། སྟག་མོའི་རི་སུལ་འགྲིམ་པ་ལྟར་རྒྱུ་བའི་དུས་སུ། དྲུག་མོའི་གཟི་འཕོངས་སུ་སྒྲུབ་གནས་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་ཏེ་ཁང་ཡང་བཞེངས་པ་རེད། ཝ་ཤུལ་དཔོན་རབས་ཀྱི་ཐིག་མ་གིས་ནག་མས་ཆུར་བའི་རྫིག་བུ་ཐང་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒོ་ནས་སྨན་སྒྲུབ་ཚོགས་པའི་སྦྱིན་བདག་ཞུས་ཏེ། གཙང་བླ་ཀརྨ་ཡེ་ཤེས་ཀྱིས་དབུ་བཞུགས་མཛད་སྐབསཏྲི་བཙན་ཤ་བའི་མགོ་ཅན་བཙན་རྒོད་དརྒ་རྩལ་ཅན་གྱས་ཐོ་འཚམ་པར། གཙང་བླ་ཀརྨ་ཡེ་ཤེས་ཀྱིས་འཆོར་མེད་ཏིང་ངེ་འཛིན་གྱི་ར་བར་བཙུད་དེ་རྡོ་རྗེ་མགོ་ལ་བཞག་བསྟན་པ་སྲུང་བར་ཁས་བླངས། ཡུལ་གྱི་སྲུང་མར་མངའ་གསོལ་ཞིང་རྟེན་འཛུགས་བྱེད་དེ་དཔོན་སྡེ་རྣམས་ཀྱིས་མཆོད་བསྟོད་བྱས། རྗེས་སུ་ཀླུ་ཤུལ་སྤྲུལ་སྐུ་[page 337] འཇིགས་མེད་ཡོན་ཏན་དཔལ་བཟང་གིས། ཏྲི་བཙན་ཤ་མགོ་ཅན་གྱི་སྐུ་མཁར་རྟེན་གཞི་དང་བཅས་པ་གསར་བསྐྲུན་བྱས་ཏེ་ཡུལ་ཁམས་དེའི་རི་ཀླུང་ཐམས་ཅད་དུ་རྔོན་ཁྲིམས་བཞག་ནས་བདེན་བདར་དམོད་བཅོལ་དང་བཅས་པའི་བཅའ་རྒྱ་བསྡམ་མོ།།

དཔོན་རབས་བཉིས་པ་ཝ་ཤུལ་ནོར་བུ་མགོན་པོས། བྱེ་རུའི་ལྗོ་མདོ་རུ་བདུད་འདུལ་མཆོད་རྟེན་ཐོག་བརྩེགས་གསུམ་པཔ་བཞེངས། ཡང་ནི་སྐུ་འབུམ་ཟེར་བའི་ཕྱི་ནི་རྡོ་འབུམ་གྱི་རྩིག་པ། ནང་དུ་ལྷ་ཁང་དང་འཁོར་ཁང་ཡོད་པའི་གཙུག་ལག་ཁང་བཞེངས་ཏེ། དབོན་སྲས་ཨུ་རྒྱན་དཔལ་འབྱོར་དང་། ཝ་ཤུལ་རིག་འཛིན་རྒྱ་མཚོ་གཉིས་ཀྱིས་རབ་གནས་ཀྱི་མེ་ཏོག་འཐོར་བའི་སྐབས་སུ། ནམ་མཁའ་ནས་ལྷ་དང་ལྷ་མོས་བྲོ་གར་འཁྲབ། འཇའ་ཟེར་འཁྲིགས་པའི་ཀློང་ནས་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་མེ་ཏོག་གི་ཆར་བབས་པ་སོགས་རྨད་དུ་བྱུང་བའི་རྟགས་མཚན་ཤར། རྟེན་མཆོག་དེའི་ཉེ་འདབས་སུ་དུར་ཁྲོད་ཆེན་པོ་རུ་བྱིན་གྱིས་བརླབས་ཏེ། གཙང་སྨད་ཡུལ་སྟེ་རྣམས་ཀྱི་བྱིས་པ་ཤི་བའི་དུར་ཁྲོད་བྱེད་པས་ཆུང་སྲིས་གནོད་པ་མི་སྡང་བར་གྱུར་རོ།། དཔོན་རབས་ལྔ་པ་ཝ་ཤུལ་ཀརྨ་ཀློང་ཡངས་ཀྱི་སྐུ་མཆེད་ཝ་ཤུལ་ཡེ་ཤེས་སྙིང་པོས། བྱེ་རུའི་སོ་མདོ་རུ་མཆོད་རྟེན་གསུམ་བཞེངས་ཏེ། མཚམས་པ་འོད་གསལ་རྒྱ་མཚོ་དང་། རིག་འཛིན་བཟང་པོ་གྲགས་པ་གཉིས་ཀྱིས་རབས་གནས་མཛད་ཅིང་གནས་རི་དང་སྦས་ཡུལ་དུ་བྱིན་གྱིས་བརླབས་པའོ།།

དེ་ལྟར་གཙང་སྨད་ཡུལ་གྱི་ཁོར་ཡུག་ཏུ་ལྷ་ཁང་དང་མཆོད་རྟེན། དགོན་པ་དང་རི་ཁྲོད་ཚང་མའི་ཆོས་སྲིད་ཀྱི་གཙོ་བོ་ནི། སེང་གེ་དགོན་བཤད་སྒྲུབ་རབ་རྒྱས་གླིང་ཡིན་ཅིང་། ཆོས་ལུགས་ནི་སྔ་འགྱུར་རྙིང་མ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་ཆོས་རྒྱུན་ཡིན། དགོན་དེར་ཐུབ་བསྟན་ཆོས་འཁོར་ལྷུན་པོ་ཞེས་གཙུག་ལག་ཁང་གཅིག་དང་། སྒྲུབ་གྲྭ་བསམ་གཏན་ཆོས་འཕེལ་གླིང་། ཆོས་ར་ཀུན་དགའ་ར་བ་དང་། བླ་བྲང་ཁང་གཉིས་སོགས་རྟེན་དང་བརྟེན་པར་བཅས་པ་རྣམས་དང་། གྲྭ་ཁང་ཆིག་བརྒྱ་ལྷག་དང་། གྲྭ་པ་ལྔ་བརྒྱ་ལྔ་བཅུ་ཙམ་ཡོད་པའི་བསྟན་བདག་ཝ་ཤུལ་ས་འགོ་ཁག་གཉིས་དང་། དེའི་འོག་ཏུ་སྒོ་འཛི། གོས་རྩ། ཧུ་མ་བ། ཀླུ་ཤུལ་ཏེ་བླ་ཁག་བཞི་ཡོད། མཁན་པོ་དང་དབུ་མཛད་ནི། གྲྭ་མང་ཁྲོད་ནས་རིག་གནས་དང་ཡོན་ཏན་ལ་བརྟེན་པའི་བཀོད་སྒྲིག་བྱེད་རྒྱུ་ཡིན་ཅིང་། རིག་གནས་ཀྱི་གཙོ་བོ་ནི་ནང་དོན་རིག་པ་སྟེ། དགེ་འདུན་ཡོངས་ཀྱིས་ཐུན་མོང་ཕྱིའི་ཆོས་མཐུན་རྣམས་རིམ་པར་རྫོགས་ནས། གསང་ན་སྔགས་ཀྱི་འཇུག་སྒོ་སྨིན་བྱེད་དབང་ཁྲིད་ཀྱིས་རྒྱུད་དག་པར་བྱས་ཏེ། མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ནས། ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་མཐར་ཕྱིན་ཅིང་། ཀ་དག་ཁྲེགས་ཆོད་དང་། འོད་གསལ་ཐོད་རྒལ་གྱི་ཆོས་ཉམས་ལེན་བཞེས་ཏེ། བླ་མ་ཕལ་ཆེ་བས་ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པར་མཛད་དོ།། དེ་ལྟར་སྒུབ་པའི་བསྟན་པ་གཙོ་བོར་བཟུང་ནས། ལུང་གི་བསྟན་པ་གཞུང་པོ་ཏི་ལྔ་ལ་གསན་སྦྱངས་མཛད་ཅིང་། གཞན་ཐུན་མོང་རིག་པའི་གནས་མཐའ་དག་ལ་སྦྱངས་བརྩོན་བྱེད་རྒྱུ་རེད།

[page 338] དགོན་དེ་རུ་རིག་གནས་ཀྱི་དངོས་རྫས་སྐོར། བཀའ་བསྟན་རིན་པོ་ཆེ་དང་། ས་དགེ་རྙིང་གསུམ་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་འབུམ་དང་། ཟབ་གཏེར་གསུང་རྩོམ་སྣ་ཚོགས་ཀྱི་རིགས། མདོར་ན་ཆོས་པོ་ཏི་ཆིག་སྟོང་ལྔ་བརྒྱ་ཙམ་གི་གྲངས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་བརྟེན། འཕགས་ཡུལ་གྱི་ལི་མ་ཉིས་བརྒྱ་ཙམ། གསེར་དངུལ་ཟངས་རག་ལས་གྲུབ་པའི་སྐུ་རྟེན་ཕྲ་རགས་བརྒྱཕྲག་ལྔའི་གྲངས་དང་། འཇིམ་བཟོ་དང་ཞལ་ཐང་གི་རིགས་མང་པོ་དང་། གསེར་དངུལ་བསྲེས་མ་ལས་བཟོས་ཤིང་རིན་པོ་ཆེའི་ཕྲ་རྒྱན་སྤྲས་པའི་མཆོད་ཆ་སྤུས་ལེགས་དང་། གཞན་ཟངས་རང་གི་མཆིད་ཆའི་རིགས་གྲངས་མང་། གོས་ཆེན་རྒྱ་གསེར་དང་། པད་མ་ཅན་ལྡན། སྟག་ཚང་ལྔ་ལྡན་བཅས་ཀྱི་གཙུག་ལག་ཁང་གི་རྒྱན་ཆས། དར་གདུངས་འཕན་གསུམ་གྱི་རིགས། མུ་མེན་གྱི་ཏོག་གིས་སྤྲས་པའི་རྒྱལ་མཚན་བཞི་དང་། བྱི་རུའི་དྲ་ཕྱེད་དང་། བ་སོའི་རུས་རྒྱན། གོས་དར་འཇའ་རིས་བཀྲ་བའི་དཀྱིལ་འཁོར་དྲ་ཆས་བཀོད་ལེགས་མཛེས་ཤིང་ཡིད་དུ་འོང་བ་རྣམས་དང་། གྲྭ་ཧོར་གྱི་སིལ་སྙན་དང་སྦུག་ཆལ། འཁར་རྔ། ཏིང་ཤག་རྡོ་དྲིལ་སོགས་བླ་རབས་བཅུའི་སྐུ་རིང་ལ་འཛུགས་བསྐྲུན་བྱས་པའི་དངོས་རྫས་གྱིས་མི་ཁྱབ་པ་ཡོད་དོ།།

ད་ནི་དགོན་དེའི་ཆོས་ཚོགས་དང་སྒྲིག་ཁྲིམས། སྲོལ་རྒྱུན་རྣམས་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་ཆོ་འཕྲུལ་ཧོར་ཟླ་དང་པོའི་ཚེས་གསུམ་ནས་བཟུང་ཟླ་བ་གཅིག་ལ་དགུན་བཅའ་འཚོགས། ཟླ་བ་དེ་ཚེས་བཅུ་ལ་དཔལ་ཚེ་སྒྲུབ་གསང་བ་འདུས་པའི་སྒོ་ནས་ཚོགས་མཆོད་ཀྱི་དགའ་སྟོན་ལ་རོལ་ཞིང་། དགེ་སྐོས་དང་དབུ་མཛད། མཆོད་དཔོན་རྣམས་བསྐོས་བཞག་བྱེད་པའི་དུས་སྐཔས་ཡིན་ཤིང་། འགན་འཁུར་ཡུན་ནི་ལོ་གསུམ་ཡིན། ཧོར་ཟླ་གཉིས་པའི་ཚེས་ལྔ་ནས། ཁྲིད་ཡིག་སངས་རྒྱས་ལག་འཆང་གི་སྔོན་འགྲོ་ཆོས་ཚོགས་དང་། ལོ་རིམ་ལྟར་རྩ་རླུང་དང་རྫོགས་ཆེན་རྣམས་ཟླ་བ་གཅིག་ལ་འཚོགས་རྒྱུ། དེ་ཡང་རྡོ་རྗེ་སློབ་དཔོན་ནི་བླ་མ་ས་འགོ་ཚང་གི་བླ་སྤྲུལ་གང་རུང་ཞིག་དང་། ཞུ་བའི་སློབ་མ་ནི་ཆོས་སྒོར་གཏན་ནས་བཞུགས་མ་མྱོང་བའི་གཞོན་ནུ་རྣམས་ཡིན། སྔོན་འགྲོ་ཞུ་སྐབས་སློབ་དཔོན་གྱིས་སློབ་མར་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་གནང་ཞིང་། སྐྲ་ཕུད་བླངས་ནས་མཚན་གསོལ་ཏེ། གྲྭ་ཡིག་ཐོག་ཏུ་མང་ཐོ་བཀོད་ནས། དགོན་དེའི་འཕགས་པའི་དགེ་འདུན་པའི་གྲལ་དུ་འཇོག་གོ་གལ་ཏེ་སྔོན་འགྲོ་འདི་མ་ཞུས་མཁན་མི་སུ་ཡིང་ཀྱང་རུང་། གཙང་སྨད་སེང་གེ་དགོན་པའི་ཆོས་གྲལ་དུ་གཏན་ནས་ཞུགས་མི་ཆོག་པ་དང་། གལ་ཏེ་ཁོ་ཚོ་ཟུར་ཞུགས་ཙམ་བྱེད་ན་ཡང་། དགེ་འདུན་པའི་ཐོབ་སྐལ་ཕྱེད་ཀ་ལས་མི་དབང་ཞིང་། ཐ་ན་མང་ཚོགས་ཀྱི་ཁྲོད་དུ་གྲོང་ཆོག་ཙམ་དུའང་འགྲོ་མི་ཆོག་པའོ།། སྔོན་འགྲོ་ཞུས་ནས་གྲྭ་མིང་ཐོ་བཀོད་ཚར་ནས་བཟུང་། ཆོས་མཐུན་གྱི་བྱ་བ་བསྒྲུབ་དགོས་པ་ལས། གལ་ཏེ་ཁྱིམ་ཐབ་བཟུང་ནས་ཆོས་འགལ་གྱི་བྱ་བ་བསྒྲུབས་ན། དགོན་པ་ལ་རྒྱ་དངུལ་རྡིལ་ཚད་གསུམ་དང་། ལྷ་གཡག་ཚེ་ཐར། མང་ཇ་ཞལ་འདེབས། ཚེ་འབར་ཁ་གསོ། ཡིག་བརྒྱ་དར་མོ་འཛུགས་པ་དང་། རྡོ་རྗེ་སློབ་དཔོན་ལ་[page 339] གཟན་ཤམས་དང་ཊཱ་དྲིལ་སོགས་ཀྱིས་ཞུ་བཤགས་བྱེད་དགོས། དེ་ནས་བཟུང་དགེ་འདུན་པའི་གྲལ་ནས་ཕུད་དེ། དཔོན་གྱི་སྐྱ་ཁྲལ་དུ་འདེད་རྒྱུ་རེད། ཧོར་ཟླ་གསུམ་པའི་ནང་ཐུགས་སྒྲུབ་གསང་བ་འདུས་པའི་སྒོ་ནས་ཆོས་ལོངས་སྤྲུལ་གསུམ་གྱི་སྒྲུབ་པ་སོ་སོའི་ལོ་རིམ་ལྟར་ཟླ་བ་གཅིག་ལ་འཚོགས་རྒྱུ། ཧོར་ཟླ་བཞི་པའི་ནང་མི་སྐྱ་ཕོ་མོ་དང་བཅས་པར་བསྙེན་གནས་དང་ཞིང་སྒྲུབ་འཚོགས་རྒྱུ། ཟླ་བ་དེའི་ཚེས་ཉི་ཤུ་ནས་བཟུང་ཚེས་བཅུའི་དུས་མཆོད་ཀྱི་སྦྱངས་ར་དང་། དཔལ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒོ་ནས་བུམ་སྒྲུབ་འཚོགས་པའི་ལྟ་གོན་བྱེད་པར། གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན། བསང་བརྔན་དང་ས་འདུལ་ས་བསླངས་སོགས་སྔོན་དུ་སོང་ནས་དཀྱིལ་འཁོར་གྱི་ཐིག་གདབ་དང་མཆོད་བཟོ། གདུགས་དང་རྒྱ་མཚན། བ་དན་དང་རོལ་མོ་སོགས་ཀྱི་རྒྱན་བཀོད་དང་མཆོད་རྫས་ཀྱི་ཡོ་བྱད་རྣམས་མཛེས་ཤིང་ཡིད་དུ་འོང་བ་བཤམས། གསང་འདུས་སྒྲུབ་ཆེན་འདི་ཡུལ་བའི་སྐུ་རིམ་ཡིན་པས། མང་ཚོགས་ཀྱི་ཁྲོད་དུ་ཁྱིམ་རབ་རྣམས་ཀྱི་མར་རྒྱ་མ་གསུམ་དང་མེ་ཤིང་ཁལ་གསུམ་རེ། ཁྱིམ་ཐ་རྣམས་ཀྱི་མར་རྒྱ་མ་གང་དང་མེ་ཤིང་ཁལ་གཅིག་རེ་རྣམས་ཁྲལ་བསྡུ་ནས་དགོན་པ་གཞུང་ལ་སྤྲོད་དགོས་སོ།། ཧོར་ཟླ་ལྔ་པའི་ཚེས་གཅིག་ཉིན། སྒྲུབ་ཆེན་གདན་ལ་འཁོད་དེ་བསྙེན་སྒྲུབ་ལས་སྦྱོར་ཞག་བདུན་རྫོགས་ནས་དངོས་གྲུབ་བླངས་ཤིང་ཁྲོམ་ཚོགས་དང་བཅས་པ་ལ་སངས་རྒྱས་སྟོང་དབང་བསྐུར་བ་དང་། ཆོ་གའི་རྗེས་ཆོག་རྡུལ་ཚོན་ཆུ་གཤེགས་སོགས་གྲུབ་ནས། སླར་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར། གསང་འདུས་ལེའུ་བརྒྱད་པའི་ཆོ་ཀའི་གཞུང་བསྲངས་ཏེ། ཚེས་དགུ་དང་བཅུ་ལ། ཞི་འཆམ་དང་ཁྲོ་འཆམ་སོགས་རྡོ་རྗེའི་བྲོ་གར་ཅི་རིགས་འཁྲབ་ཅིང་། སྣང་སྟོང་གཉིས་སུ་མེད་པའི་ཕྱག་རྒྱ་གར་གྱི་མཆོད་པའི་དགའ་སྟོན་ལ་རོལ་བ་ཡིན་ནོ།། ཚེས་བཅུ་གསུམ་ཉིན་སེར་སྐྱ་ཡོངས་ཀྱི་དགའ་སྟོན་གྱི་སྐྱོ་བསང་དང་། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཏེ། རྒྱལ་དབང་པདྨ་ཐོད་ཕྲེང་གིས་ལྷ་བསང་ཆེན་པོ་མཛད་པ་ལ། འཛམ་གླིང་སྤྱི་བསང་ཞེས་ཡོངས་སུ་གྲགས་པའི་དུས་ཆེན་དང་བསྟུན་ཏེ། ཚེས་བཅོ་ལྔའི་ཉིན་ལྷ་རི་གཉན་པོའི་རྩེ་ནས་བསང་མཆོད་དུད་སྤྲིན་གྱིས་ལྷ་ལམ་འགེངས་པར་མཛད་དེ། དར་ཕྱར་དུང་འབུད་ཅིང་དཀར་ཕྱོགས་དགྲ་ལྷའི་དབུ་འཕང་དགུང་ལ་བསྟོད་དེ་འཕྲིན་ལས་བཅོལ། དེ་ནས་ཉིན་བདུན་ལ་རྟ་རྒྱུག་དང་མདའ་འཕེན། གླུ་ལེན་དང་གྲོ་གར་སོགས་ཀྱི་དགའ་སྟོན་ལ་རོལ། ཉིན་གཅིག་དཔོན་གྱིས་སྒྲིག་ཁྲིམས་ཁྱབ་བསྒྲགས་དང་། གོ་མཚོན་རྩིས་ལེན། རུ་དཔོན་དང་དམག་དཔོན་རྣམས་བསྐོ་བཞག་བྱེད་རྒྱུ། རུ་དཔོན་གྱི་ལས་འགན་ནི་དབྱར་དགུན་སྟོན་དཔྱིད་ཀྱི་རྩ་རྭ་བཀོད་སྒྲིག་དང་། དམག་དཔོན་གྱིས་རྐུན་ཇག་སོགས་ཀྱིས་གཙང་སྨད་ལ་དགྲ་ཚུར་འགེལ་བྱུང་ན་དམག་གིས་བཀོད་སྒྲིག་བྱེད་ནས་དགྲ་ལན་སྤྲད་པའི་ལས་འགན་བསྒྲུབ་དགོས་སོ།། ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་འཚོགས་ཏེ་གཞི་གསུམ་གྱི་ཆོ་ག་ལ་བརྟེན་ནས་དམ་ཆོས་འདུལ་བ་རིན་པོ་ཆེའི་བསྟན་པའི་རང་རྐང་འཛིན། ཧོར་ཟླ་བརྒྱད་པའི་ནང་ཤོག་ཁག་སོ་སོའི་སྤྱི་མགོན་དང་། སེང་གདོང་བཟློག་སྟོང་[page 340] སོགས་སྐུ་རིམ་གང་འོས་བསྒྲུབ་རྒྱུ། རྟག་ཏུ་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གྱི་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོགས་པའི། བཤད་གྲྭ་དང་། སྒྲུབ་གྲྭ་གཉིས་ཀྱི་བསྟན་པ་ནི་མི་ནུས་པའི་རྒྱལ་མཚན་ལྟ་བུ་བརྟན་པར་གནས་པ་ཡོད་དོ།།

སྤྱི་ལོ་༡༩༥༦ཡན་ཆད་ཀྱི་དུས་རབས་སུ། ཡུལ་དགོན་གཉིས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ཁྲིམས་སྲོལ་ནི། གཙན་སྨད་སྤྱི་དམངས་ཡོངས་ལ་དབང་བའི་ས་ཆའི་ཁོར་ཡུག་རྣམས་སུ། ཤ་བ་དང་གླ་བ་སོགས་རི་དྭགས་ཆེ་ཕྲ་གཅིག་ཀྱང་གསོད་མི་ཆོག་པའི་རྔོན་ཁྲིམས་དང་། ནགས་རི་དང་སྤང་རི་ལ་མེ་འགོག་དང་། ཕྱི་ནང་ཀུན་ཏུ་རྐུན་ཁྲིམས་དང་ཇག་ཁྲིམས་ཤིན་ཏུ་དམ་པོ་ཡོད། སྒྲིག་ཁྲིམས་དང་འགལ་ན་འོས་འཚམས་ལྟར་ཉེས་ཆད་གཅོད་རྒྱུ་དང་། ཁྱད་པར་གཙང་སྨན་ནང་ཁུལ་ལ་རྐུ་ཇག་བྱེད་ན་ཁྲིམས་དང་འགལ་བ་དང་། འཛིང་རྩོད་ཀྱིས་རྨས་སྐྱོན་བཏང་བ་སོགས་ཀྱི་ཉེས་པ་ཚབས་ཆེན་སྒྲུབ་ན། ཁྱིམ་གཞི་ཕྱེད་ཀ་བསྡུ་ལེན་བྱེད་པ་དང་། མ་མཐའ་ཡང་རྐུན་མས་དགུ་འཇལ་ངོ་བཅུ་དང་། རྨས་སྐྱོན་ལ་ཉེས་པ་ཆེ་ཆུང་དང་བསྟུན་པའི་དངོས་རྫས་ཀྱི་སྤྲད་ལེན་དང་། རྟ་དང་མེ་མདའ་གཉིས་པོ་དང་དཔོན་བཤགས་ལ་སྤྲད་དགོས་ཤིང་། དགོན་པ་ལའང་ཇོ་དར་དང་རྡོ་འབུར་སོགས་ཀྱི་ཆོས་བཤགས་དགོས་སོ། གལ་ཏེ་རང་སྡེ་ཁྲོད་དུ་མི་ནང་གསོད་བྱེད་ན། གསོད་མཁན་གྱི་ལག་དམར་འཇུ་བཟུང་སྤྲད་དེ། ཁྱིམ་གཞི་ཚང་མ་བསྡུ་ལེན་མ་ཟད་ཉེ་རིང་རྣམས་ཀྱི་རྟ་བོག་རྣམས་ཀྱང་དཔོན་བཤགས་ལ་སྤྲད་དགོས། དགོན་པའི་ཆོས་བཤགས་ལ། དབུས་གཙང་རུ་བཞི། སེར་འབྲས་དགེ་གསུམ། ས་ངོར་གཙང་གསུམ་རྣམས་སུ་གནས་སྐོར་མཐར་ཕྱིན་པ་བྱེད་དགོས། ཤིན་ཏུ་ཉེས་ཅན་སྲོག་ཐོག་ཏུ་འབབ་པ་དང་། དབང་པོ་ལ་ཉེས་རྟགས་ལེན་རྒྱུ། ལྕག་ཚན་དབྱིག་མདའ་བསྣུན་པ་སོགས་ཀྱི་བཀའ་ཁྲིམས་ཆེན་པོ་བབས་ཚེ། དགོན་པའི་བླ་སྤྲུལ་རྣམས་ཀྱི་ཁོ་ཚོ་སྙིང་རྗེའི་ཡུལ་དུ་དགོངས་ནས། དར་དཀར་གྱི་རྒྱུད་ནས་དཔོན་ལ་ཞུ་བ་བསྐོར་ཏེ་བཀག་འགོག་བྱེད་ཅིང་། སྲོག་བསྐྱབ་པ་དང་། ཉེན་ཁ་ཆེན་པོ་ལས་ཐར་ཐབས་བྱེད་སྲོལ་ཡོད་དོ།།

སྤྱི་ལོ་༡༩༣༦རབ་བྱུང་དྲུག་པའི་མེ་ཕོ་བྱི་བའི་ལོར། དམར་དམག་བོད་དུ་སླེབས་སྐབས། གཙང་སྨད་ཚང་བྱེད་ཁོག་དང་། དྲུག་མོ་རིག་འཛིན། གླིང་ཐང་། སྐོར་ཆེན་སོགས་ན་ཡོད་ཅིང་། དམར་དམག་སྒེགས་ཁོག་ཕྱོགས་ནས་དལ་བར་སླེབས་ཏེ། སེང་གེ་དགོན་ནས་ཞག་འགའ་ཤས་ལ་བསྡད། ཟ་མ་དང་དངོས་རྫས་འབོར་ཆེན་ལ་ལོངས་སྤྱོད་དེ། ཕན་ཚུན་གནོད་སྐྱོན་ཅི་ཡང་མ་བྱུང་བར་དམར་དམག་སྤྲུལ་ཁོག་ནས་གཙང་རོང་ཕྱོགས་སུ་བསྐྱོད་དོ།།

སྤྱི་ལོ་༡༩༢༨རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོར། ལྕགས་མགོན་ཚེ་དབང་རྣམ་རྒྱལ་གྱིས་དཔོན་བྱེད་ནས་བཟུང་། དགེ་བཤེས་རྒྱལ་པོ་དང་། གཡུ་ཁོག་ཚང་། ཨ་སེན་མ་རྟའུ་མ་བུར་ཚང་། རྒྱ་ཧྲེ་བ། ལི་ཁོག་མ་རྣམས་དང་རེ་རེ་བཞིན་དགྲ་ཟླར་གྱུར་ནས། གཙང་སྨད་ཚང་ལ་རེ་ཞིག་བར་འཁྲུག་རྩོད་རྒྱུན་མི་ཆད་པར་བྱུང་། དེ་སྐབས་དགོན་པ་སོ་སོའི་བླ་སྤྲུལ་རྣམས་ཀྱིས། ཕན་ཚུན་མི་དམངས་ཀྱི་རྒྱུ་སྲོག་ལ་[page 341] སྲུང་སྐྱོབས་ཀྱི་ལས་དོན་ཅི་འགྲུབ་བྱས། ཁྱད་པར་དགེ་བཤེས་དང་གཡུ་གཙང་གི་འཁྲུག་རྩོད་ནི། སྐུ་ཞབས་གཟན་དཀར་རྡོ་རྗེ་འཆང་ཆེན་པོས་གཙོ་བོ་འགན་བཞེས་ནས་ལྷང་འཇགས་སུ་གྱུར། ལི་གཙང་གཉིས་ཀྱི་འཁྲུག་རྩོད་ནི། རྫོང་གི་མིན་ཏང་སྲིད་གཞུང་གིས་ཀྱང་ཐག་གཅོད་བྱེད་མ་ནུས་པརཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་སུ། རིག་འཛིན་པད་མ་རྒྱལ་ཚབ། གྲུབ་བརྒྱའི་སྤྱི་དཔལ་ཆེནམོ། གསང་སྔགས་འཁོར་ལོ་གདོང་གི་སྔ་འགྱུར་བསྟན་པའི་སྒྲོན་མེ། རིག་འཛིན་འགྱུར་མེད་རྡོ་རྗེ་མཆོག་སྤྲུལ་རིན་པོ་ཆེ་སྐུ་དངོས་སུ་ཕེབས་ནས། འཁྲུག་གཞི་བདེ་འཇགས་ཀྱི་ཆོས་ཁྲིམས་ཀྱི་ཆིངས་ཡིག་བཀོད། རྭ་ཧོར་རྫོགས་སྤྲུལ། ཝ་ཤུལ་སྐུ་ཆུང་། ས་འགོ་དབོན་པོ་བསོད་ནམས་ཡོངས་གྲགས། མདོ་མང་སྤྲུལ་སྐུ་ཡེ་ཤེས་རྡོ་རྗེ་མདོ་མང་སོགས་སྤྲུལ་རིན་པོ་ཆེ་རྣམས་ཀྱིས་ཆིངས་ཡིག་ལ་རྒྱབ་སྐྱོར་གནང་ཞིང་ནུས་ཤུགས་བཏོན། ལི་གཙང་གཉིས་ཀྱི་བཙན་དྲག་ཆེ་བའི་དཔོན་བློན་རྣམས་ཀྱིས། ཕན་ཚུན་གྱོད་གཞི་བཤད་གླེང་ཟླ་བ་དྲུག་ལ་བྱས། སྤྱི་ལོ་༡༩༤༦རབ་བྱུང་བཅུ་དྲུག་པའི་མི་ཕོ་ཁྱིའི་ལོར། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་མ་ཎི་བླ་མ་པདྨ་སིངྷི་གདན་འདྲེན་ཞུས་ནས། ལི་གཙང་གི་གསེར་སྐྱ་རྣམས་དང་ས་གནས་གཞན་གྱི་མང་ཚོགས་བཅས། ཆིག་ཁྲི་བཞི་སྟོང་ལྷག་ཙམ་གྱིས། ཉིན་བདུན་གྱི་རིང་ལ་ཡང་སྙིང་ཡི་གེ་དྲུག་མའི་ཆོས་འཚོགས་བྱས། ཉིན་རྟག་པར་མི་རེའི་ཆོས་སྐལ་དུ་ཡིག་དྲུག་དྲུང་ཕྱུར་བརྒྱ་རེ་ཐོབ་པའི་རྡོ་རྗེ་བཀའ་ལུང་བསྩལ་ཏེ། “གྱོད་ཁྲ་བོ་སྒང་བཟོ་”ཟེར་བའི་དཔེ་ལྟར། ལི་གཙང་གཉིས་ཀྱི་བདེན་དོན་སུ་ལ་ཡོད་ན་གཙོ་བོ་དེ་ལ་ཐོབ་པའི་བསྔོ་སྨོན་གྱི་རྒྱས་གདབ་ཅིང་། འཁྲུག་རྩོད་ཞི་འཇགས་སུ་སོང་ནས། ལི་གཙང་གཉིས་ཀའི་མཐུན་སྒྲིལ་གྱི་རྨང་གཞི་ཡང་དམ་པའི་ཆོས་ཁྲིམས་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་ནོ།། དེ་ལྟར་གཙང་ཡུལ་བཀྲ་ཤིས་ར་བ། གཙང་སྡེ་ཚོ་ཆེན་ཕྱུག་མོ། གཙང་དགོན་བཤད་སྒྲུབ་ཆས་གླིང་གི་ཆོས་སྲིད་ཟུང་འབྲེལ་གྱི་སྔོན་བྱུང་ལོ་རྒྱུས་རགས་བསྡུས་ཙམ་བཀོད་པ་ཡིན་ཅིང་། མདོར་ན་གཙང་སྨད་སེང་གེ་དགོན་འདིའི་དབུ་བརྙེས་ནས་བཟུང་ཆོས་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་ལྟར་དར་ཞིང་རྒྱས་པ་ཡུན་རིང་དུ་གནས་སོ།།

སྤྱི་ལོ་༡༩༥༩རབ་བྱུང་བཅུ་དྲུག་པའི་ས་མོ་ཕག་གི་ལོར། དུས་དབང་གིས་དགོན་དེའི་བསྟན་པའི་ཕྲིན་ལས་ཀྱི་མཇུག་བསྡུས་པ་ཡིན་ནོ།། དེ་ནས་བཟུང་གཙུག་ལག་ཁང་གི་གཙོས་ཁང་པ་ཆེ་ཆུང་ཚང་མར། སློབ་གྲྭ་ཁང་དང་ཚོང་ཁང་། བཅིང་གྲོལ་དམག་དང་ལས་སྒྲུབ་རུ་ཁག་གི་སྡོད་གནས་སོགས་བྱེད་དོ།། རིག་གནད་གསར་བརྗེ་ཆེན་པོའི་ཟིང་ཆ་སློང་སྐབས་ཁང་པ་རྣམས་ཀྱང་མི་མངོན་པའི་དབྱིངས་སུ་མཇུག་བསྡུས་སོ།།

ད་ནི་སྤྱི་ཚོགས་གསར་པའིལོ་རྒྱུས་ཅུང་ཟད་བཤད་པར་བྱ་སྟེ། སྤྱི་ལོ་༡༩༥༠རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྟག་ལོར། བོད་ཞི་བས་བཅིང་གྲོལ་སྐོར་གྱི་སྲིད་ཇུས་ཁྱབ་བསྒྲགས་གནང་ནས། ཆོས་ལུགས་ཁག་དང་གོང་གྲས་ཀྱི་མི་སྣ་རྣམས་ལ་མཐུན་སྒྲིལ་གཏིང་ཟབ་ཀྱིས་དངོས་རྫས་ཀྱི་སྐྱེས་ཕུལ་དང་། རྒྱ་ཡུལ་[page 342] དུ་བལྟ་སྐོར་ལ་ཁྲིད་བྱས་ཤིང་སློབ་གསོ་སྤྲད། དགོན་ཁག་སོ་སོ་ལ་ཆོས་དད་རང་མོས་ཀྱི་སྲིད་ཇུས་ནི་འགྱུར་བ་མེད་པ་ཡིན་ཅེས་ཁྱབ་བསྒརྒས་བྱས་ཤིང་ཡི་གེ་བཀྲམ། ཀྲུང་དབྱང་འཚམ་འདྲི་ཚོགས་པ་ཕེབས་ནས། དགོན་པའི་གྲྭ་པ་རྣམས་ལ་དངུལ་འགྱེད་བཏང་སྟེ། གོས་ཆེན་གསེར་མདོག་གི་ངོས་སུ། པད་མ་ར་གའི་མདངས་ལྡན་གྱི་ཡིག་རིས་བཀྲ་བའི་དར་ཆ་གནང་། རྒྱ་ཆེའི་མང་ཚོགས་རྣམས་ལ། ཇ་དང་འབྲས། ཀ་ར་དང་བུ་རམ། གོས་ཀྱི་རིག་བྱེད་དང་། སོ་ནམ་གྱི་ལག་ཆ་སོགས་གནང་སྦྱན་མང་པོ་བྱས་ཤིང་སློབ་གསོ་སྤྲད་པས་མང་ཆེ་བས་གུང་ཁྲན་ཏང་ལ་དགའ་གུས་ཞུས། དེ་ནས་རེ་ཞིག་ན་གོ་མིན་ཏང་གི་ཾཨ་གྲངས་ཉེར་བཞི་པའི་དམག་དཔུང་གི་ཐན་ཀྲང་། རྒྱ་རིགས། གོ་མིན་ཏང་ཡོན་པ། ཀྲང་ཧང་ཟེར་བའི་ཚོགས་པ་ཞིག་གུང་ཁྲན་ཏང་གི་དགྲ་ཟླར་གྱུར་ནས་གཙང་སྨད་དུ་སླེབས་ཏེ། ལྕགས་མགོན་སྲས་པོ་དཔོན་བློན་རྣམས་ལ་སྐྱབས་ཞུས་ནས། ཡུལ་དེར་གབ་སྦས་བྱས། དེ་ནས་རིམ་པར་གུང་ཁྲན་ཏང་གིས་བརྡ་དེད་བྱེད་སྐབས་ལྕགས་སྲས་ལ་དོགས་པ་ཆེར་འཕེལ་ཞིང་། ཁྱད་པར་དུ་རྒྱ་བོད་ཀྱི་གཏམ་ངན་དྲིལ་བསྒྲགས་ཅི་རིགས་ལ་བརྟེན་ནས། སྤྱི་ལོ་༡༩༥༦རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ལོར། གཙང་སྨད་དཔོན་སྡེ་ཚང་མས། གུང་ཁྲན་ཏང་ལ་ངོ་རྒིལ་ཚབ་ཆེན་བྱས་པའི་མཐར། ལྕགས་སྲས་དཔོན་བློན་འགའ་རེ་རྡོ་གསེར་ཕྱོགས་ལ་བྲོས་བྱོལ་བྱས་ཤིང་། ས་གནས་གཞན་དུའང་འཁྲུག་བསླངས་ཀྱི་གཞི་བཀོད་དེ། ༡༩༥༨ལོ་ནས་དེ་བས་ཀྱང་ཟིང་འཁྲུག་ཇེ་ཆེར་གྱུར་ཏེ། རྒྱ་བོད་གཉིས་ལ་བསད་རྨས་ཅི་རིགས་བྱུང་ཞིང་མང་ཚོགས་གི་རྒྱུ་སོགས་ལ་གྱོང་རྒུན་ཧ་ཅང་ཆེན་པོ་ཐེབས། ༡༩༥༩ལོའི་སྤྱི་ཟླ་བརྒྱད་པའི་ནང་། སྐྱ་རེངས་རྐྱང་མཚོའི་ཁར། ལྕགས་མགོན་ཚེ་དབང་རྣམ་རྒྱལ་དང་། བུ་སྟོབས་ལྡན། ཝ་ཤུལ་རིག་འཛིན་དོན་གྲུབ་རྣམས། བཅིང་དགྲོལ་དམག་གིས་བཀུམས་ཏེ་འཁྲུག་གཞི་ཞི་འཇགས་སུ་གྱུར། དེ་ནས་དམངས་གཙོ་བཅོས་བསྒྱུར་བྱས་ཏེ། མི་དྲག་དང་བླ་གྲགས། འབྲོག་བདག་དང་འབྲོག་ཕྱུག་རྣམས་ཀྱི་དབང་ཆ་འཕྲོག་སྟེ་རྒྱུ་ནོར་རྣམས་གཞུང་བཞེས་བྱེད་ནས། མི་དམངས་འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་བྱས་ཏེ་སྤྱི་ཚོགས་གསར་བའི་རྨང་གཞི་བཞག་སྤྱི་ལོ་༡༩༦༦རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོར། ཏང་སྲིད་ཀྱི་ནང་ནས་མཐོ་རིམ་གྱི་མི་འགའ་རེས། རིགས་གནས་གསར་བརྗེ་ཆེན་པོའི་འགུལ་སྤྱོད་ལ་བརྟེན་ནས། ཟིང་འཚུབ་བསམ་བཞིན་དུ་བསླངས་ཏེ་ཡ་ང་བའི་དུས་སྐབས་སུ་བསྒྱུར་ནས། ལྷག་འཕྲོས་རིག་གནས་ཀྱི་དངོས་རྫས་སོགས་དང་སྐུ་གསུང་ཐུགས་རྟེན་རྣམས་རྩ་བ་ནས་གཏོར་ཏེ། མི་རིགས་ཀྱི་ཡུལ་སྲོལ་བསྣུབས་ཤིང་། ཆོས་ཀྱི་སྒྲ་ཙམ་ཡང་མེད་པར་གྱུར་ཏོ།།

སྤྱི་ལོ་༡༩༧༨རབ་བྱུང་བཅུ་དྲུག་པའི་ས་རྟ་ལོར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཚོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་རྗེས་སུ། ཏང་གི་ཡང་དག་པའི་སྲིད་ཇུས་ལག་བསྟར་སྲིད་ཇུས་ལག་བསྟར་བྱེད་ཅིང་། ཉེས་ཅན་རྣམས་བཙོན་བཀྲོལ་དང་། གྱོད་གཞི་རྫུན་མ་རྣམས་ཡོ་བསྲང་བྱས། རྒྱལ་གཅེས་མི་སྣ་རྣམས་ལ་ཆབ་སྲིད་ཀྱི་གོ་གནས་དང་། དཔལ་འབྱོར་གྱི་བདག་རྐྱེན་གནང་ཞིང་ཚང་མ་མཐུན་སྒྲིལ་གྱི་གོང་བུ་གཅིག་[page 343] ཏུ་འགྱུར། མང་ཚོགས་ལའང་ཐོན་སྐྱེད་སྒེར་ལ་གཏད་པའི་ལམ་ལུགས་ལ་བརྟེན་ནས་འཚོ་བ་འཚོ་བ་རྒྱས་ཤིང་རང་དབང་ཐོབ་སྟེ་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སུ་སྤྱོད་བཞིན་པ་དང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལ་གཞིར་བཟུང་ནས་དགོན་པ་གསར་བསྐྲུན་གྱི་ཆོག་མཆན་གནང་བའི་སྐབས་སུ། ས་འགོ་བླ་རབས་བཅུ་པ་རིག་འཛིན་རྣམ་རྒྱལ་ཕྲིན་ལས་སམ་སྤྲུལ་སྐུ་ནོར་བུའི་དྲི་མེད་ཀྱིས། དགོན་ས་གསར་སྤོ་བྱེད་དགོས་པའི་རྟེན་འབྲེལ་ལེགས་ལམ་གྱི་བརྡ་ལ་བརྟེན་ནས། སྤྱི་ལོ་༡༩༨༦རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྟག་གི་ལོའི་ཟླ་བ་གསུམ་པའི་ཚེས་བདུན་ཉིན་ནས། ས་མི་འགྱུར་གཡང་གི་ར་བ། རི་མི་འགྱུར་སེང་གེ་གནམ་རྫོང་། ཆུ་མི་འགྱུར་གཡུ་འབྲུག་འཁྱིལ་འགྲོས། ཐང་མི་འགྱུར་བཀྲ་ཤིས་སྨན་ལྗོངས་སུ། གཙང་ཐུབ་བསྟན་ཆོས་འཁོར་དགོན་པ། མདོ་སྔགས་བཤད་སྒྲུབ་གླིང་ཞེས་པའི་གཙུག་ལག་ཁང་གསར་པའི་རྨང་གཞི་བཞག་སྟེ། ཡུལ་དེའི་དགེ་འདུན་འདུས་སྡེ་རྣམས་དང་། མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བཞེངས་བཀོད་བཞིན་པའོ། དགོན་དེར་ཆོས་ལུགས་བདག་གཉེར་གྱི་ལས་ཁུངས་དང་། དྲུང་ཡིག་རྩིས་པ། རྒྱུ་བདག་དང་དངོས་བདག་རྣམས་དང་། མི་དམངས་ཀྱིས་རང་མོས་ལྟར་ཐེབས་བཞག་བྱས་པའི་དཔལ་འབྱོར་ལ་བརྟེན་ནས་ཚོང་པ་བཅས་ཡོད།

དེང་སྐབས་དགོན་པ་གསར་བཞེངས་ཐུབ་བསྟན་ཆོས་འཁོར་དགོན་མདོ་སྔགས་བཤད་སྒྲུབ་གླིང་ཞེས་པའི་མཚན་གསོལ་ན་ཡང་། ཡོངས་ཁྱབ་ཏུ་གཙང་སྨད་སེང་གེ་དགོན་ཞེས་གྲགས་པའི་གཙུག་ལག་ཁང་ཀ་ཐག་བདུན་ཅུ་ཐམ་པའི་གཞི་ཁྱོན་དང་། ཀ་ཐག་བཞི་བཅུ་ཙམ་གྱི་ཐབ་ཚང་དང་སྤྱི་ཁང་། ཆོས་ར་ཀུན་དགའ་ར་བ། གྲྭ་ཁང་བརྒྱ་དང་བདུན། གྲྭ་ཚང་བརྒྱ་དང་བརྒྱད་ཅུ་གྱ་གསུམ་ཡོད། གཙུག་ལག་ཁང་གི་ནང་རྟེན་ནི། སྐུ་རྒྱུ་ཟངས་གསེར་ལས་བྱས་པའི་ཇོ་བོཤྭཀྱ་མུ་ནི་མཐོ་བཅུ་གཉིས་པ། རྣམ་མང་རིན་ཆེན་སྣ་ཚོགས་ཀྱི་ཕྲ་རྒྱན་སྤྲས་པ། སྨན་འཇིམ་གྱི་སྐུ་བརྙན། སངས་རྒྱས་ཚེ་དཔག་མེད་རྒྱལ་བ་བྱམས་པ་མགོན་པོ། འཕགས་པ་ཅན་རས་གཟིགས། སློབ་དཔོན་པད་མ་འབྱུང་གནས། རྗེ་བཙུན་སྒྲོལ་མ་རྣམས་མཐོ་བཅུ་དྲུག་གི་ཚད་དང་། རས་གཞི་ཞལ་ཐང་གི་སྐོར་ནི་བདེ་ཆེན་ཞིང་བོད། སྨན་བླ་བདེ་གཤེགས་མཆེད་བརྒྱད། ཐུབ་པ་གནས་བསྟན་བཅུ་དྲུག་སྤྲུལ་པའི་གུ་རུ་མཚན་བརྒྱད། ཞི་བ་བཞི་ཅུ་རྩ་གཉིས། འབར་བ་ཁྲག་འཐུང་ང་བརྒྱད། ལྟུང་བཤགས་ཀྱི་ལྷ་གྲངས། བདེར་གཤེགས་རྒྱལ་བ་རིགས་ལྔ། སྔ་འགྱུར་རྙིང་མའི་བླ་བརྒྱད། རྗེ་ཡབ་སྲས་གསུམ། མར་མི་དྭགས་གསུམ། ཟངས་མདོག་དཔའ་རའི་ཞིང་ཁམས་ཀྱི་བཀོད་པ། བཀའ་བརྒྱད་ཆེ་མཆོག་དཔལ་དགུ། ཕུར་བ་རྡོ་རྗེ་གཞོན་ནུ། ཡི་དམ་གུ་རུ་དྲག་པོ། དཔལ་རྟ་མགྲིན་དང་སེང་གདོང་། སྲུང་མ་མ་གཟའ་དམ་གསུམ། མགོན་པོ་མ་ཧྭ་ཀ་ལ་སོགས་སྲུང་མ་ཀུན་འདུས། གེ་སར་དཔལ་བཏུལ་སུམ་ཅུ་རྣམས་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། རིན་ཆེན་གཏེར་མཛོད། ཀློང་ཆེན་མཛོད་བདུན། སྙིང་ཐིག་པ་བཞི་དང་དུམ་གཉིས། རཏྣའི་ཟབ་གཏེར་སོགས་ཁྱོན་པོད་ལྔ་བརྒྱ་ལྷག་ཙམ། ཐུགས་རྟེན་མཆོད་རྟེན་གསུམ་བཅས་ཡོད། གཞན་ཡང་[page 344] གཙུག་ལག་ཁང་གི་རྒྱན་ཆ་དར་གདུགས་འཕན་གསུམ་དང་། མཆོད་ཆ་དང་རོལ་མོ། ཚེས་བཅུ་དུས་མཆོད་ཀྱི་འཆམ་གོས་སོགས་ཕྲན་བུ་འགྲུབ་ཡོད། དགོན་དེའི་མངའ་འོག་གི་དུད་གྲངས་ནི་ལྔ་བརྒྱ་ལྷག་ཙམ་ཡོད། ཅེས་པ་ས་འགོ་སྤྲུལ་མིང་རིག་འཛིན་རྣམ་རྒྱལ་ཕྲིན་ལས་སམ་ནོར་བུ་དྲི་མེད་ཀྱིས་བྲིས་སོ།།

བཱཿ་གནས་དགོན་གྱི་ལོ་རྒྱུས།

དེ་ཡང་གནས་འདི་ལ་ཐོག་མར་བཱཿ་ཞེས་ཐོག་དོན། ལོ་ཆེན་བཻ་རོའི་དབང་རྟེན་གྱིས་གཟུང་མ་ཡིད་འཛིན་དབང་མོའམ་མཁའ་འགྲོ་མ་སུ་ཀ་སིངྷི་བ་མོའི་གཟུགས་སུ་སྤྲུལ་བ་ཉིད། གནས་དེར་ཤིང་སྡོང་ཞིག་ལ་ཐིན་ནས་ཤིང་གི་གཟུགས་སུ་གྱུར་པས་ན་དེ་སྐད་ཅེས་གྲགས་སོ། གནས་མཆོག་འདིའི་གནས་ཡིག་ཀྱང་བདུད་འཇོམས་དང་ཆོས་རྒྱལ་གླིང་བ་སོགས་གཏེར་སྟོན་གྲུབ་བརྙེད་ཀྱི་རིག་འཛིན་དུ་མའི་གསུང་ཁུངས་དག་མང་ཙམ་མཆིས། དེ་ལྟ་བུའི་དགོན་གནས་འདིར་བརྟན་པ་དར་རྒུད་བྱུང་ཚུལ་ཡང་གཏེར་སྟོན་མ་ཏི་རཏྣ་མན་ཆད་ལོ་རྒྱུས་ཀྱི་ཡིག་ཆ་སོགས་འཕོ་འགྱུར་དུ་མ་བྱུང་བའི་རྐྱེན་ལས་གསལ་པོ་མི་སྣང་ཡང་། རྒན་པོའི་ངག་རྒྱུན་ལ་སྔོན་ལྷ་ལུང་དཔལ་གྱི་རྡོ་རྗེའང་གནས་འདིར་ཕེབས་ནས་ཡུན་རིང་སྒྲུབ་པ་ལ་བཞུགས། གནས་འདིར་རི་ཁྲོད་ཀྱང་བཏབ་ནས་རྗེས་སུ་འཕེལ་རྒྱས་བྱུང་སྟེ། ད་ལྟའི་དགོན་གནས་ནས་ལྷ་ཤིང་མདོ་ཡན་ཆད་གྲྭ་ཁང་གིས་གང་། གཙུག་ལག་ཁང་གཉིས་རེ་ཡོད། ཚོགས་པ་འཚོགས་སྐབས་ས་མཚམས་ཕྱེས་ནས་ཆོས་རྡུ་བརྡུང་དགོངས་པ་བྱུང་། ད་ལྟའི་ལྷ་ཤིང་མདོ་ཟེར་དོན་ཡང་སྔོན་དེར་ལྷ་ཁང་ཡོད་པས་ལྷ་ཁང་མདོ་ཟེར་ཡང་། སྐད་ཟུར་ཆག་ནས་དེ་སྐད་ཟེར་རོ། དགོན་དེའི་མཐའ་དུད་ནག་ཡོད་པའི་ཆང་ཚོང་མ་ཞིག་གི་ཆང་ལ་མེ་ཤོར་ནས་དགོན་པ་འཇིག་པ་ཡིན་ཞེས་སྔོན་གྱི་ལོ་རྒྱུས་བཤད་སྲོལ་འདུགདེ་ནས་ཐོག་མར་ཕྱག་འདེབས་ཚུལ་དང་བླ་རབས་དང་གདུང་རབས་སོགས་ནི་ལོ་རྒྱུས་ཀྱི་ཡིག་ཆ་སྔོན་རྒྱས་པ་དང་ཁུངས་ལྡན་ཡོད་ཀྱང་ད་ལྟ་ལག་ཏུ་མ་ཐོན་པས་རྒྱས་པར་འབྲི་རྒྱུ་མ་རྙིད་ཀྱང་། མཆོག་སྤྲུལ་རྒྱན་ལོ་རིན་པོ་ཆེ་ལ་བྲག་འགོ་རྫོང་གོང་ཡས་ཧྲོ་ཅེས་བཀའ་གནང་ནས་དགོན་སྡེ་སོ་སོའི་སྔོན་གྱི་མི་རབས་དང་ཆགས་གནས་འབྱོར་རྒུད་སོགས་ཀྱི་གནས་ཚུལ། ལོ་རྒྱུས་ཀྱི་ཐོག་ཏུ་ཁོད་ཅིག་ཅེས་བཀའ་གནང་བ་ལྟར་མདོར་བསྡུས་ཞིག་བཀོད་པ་དེ་ཉིད་ལ་ཁུངས་བྱས་ཏེ་འབྲི་བར་བྱ་སྟེ། སྔོན་གྱི་དུས་སུ་ཤར་རྒྱལ་བ་ཀཿ་ཐོག་པའི་དྲུང་རབས་བཅུ་གསུམ་གྱི་ནང་ཚན་བྱ་བྲལ་པད་མ་རྒྱལ་མཚན་ཞེས་པ་བླ་མའི་ལུང་བསྟན་བཞིན་མདོ་ཁམས་བཱཿ་ཐིམ་ཤིང་རྒྱལ་བའི་དབེན་གནས་ཞེས་ཡོངས་སུ་གྲགས་པའི་གནས་འདིར་ཕེབས་སྐབས། གནས་འདིའི་ཉེ་འདབས་སུ་ནོར་ཆ་ཞེས་གྲོང་བ་ཆུང་ངུ་ཞིག་གི་བླ་མ་ནོར་ཆ་ནག་པོ་རྒྱལ་མཚན་ཞེས་པ་དང་རྫུ་འཕྲུལ་འགྲན་བསྡུར་གྱིས་རྒྱལ་ཏེ། དེར་ཆོས་སྡེ་ཆུང་ངུ་ཞིག་བཏབ་པར་གྲགས། དེ་ནས་བཟུང་གནས་ནང་ཚང་གི་མི་རྒྱུད་ནི། ཉག་གི་ཡུལ་བཟང་རོང་ཞེས་པར་གོའུ་ཐེག་ཆེན་ལྷུན་གྲུབ་ནས་བྱུང་བའི་ཕྱག་མི་[page 345] རིགས་གསུམ་ཡོད་དེ། ཕྱགས་དུམ་མཐུ། ཕྱགས་ཐེབས་ཕྲན། ཕྱགས་མི་བདུན་རྣམས་ཡིན་ལ། དེའི་གསུམ་པ་ནི་གནས་ནང་ཚང་སྟེ། བཟོ་རིགས་བདུན་ལ་མཁས་པས་ན་མི་བདུན་ཞེས་དང་། འོད་གསལ་ལྷ་ལས་ཆད་པས་ཆོས་རྒྱལ་གྱི་གདུང་རྒྱུད་ཞིག་ཡིན་པ་གྲགས། དེ་ལ་བླ་རབས་གདུང་རབས་ནི། བཱཿ་གནས་གུ་རུ་རིག་འཛིན་ནམ་རིག་འཛིན་རཏྣ་ཀེ་ཏི་ཞེས་ཡོངས་གྲགས་དེ་ནི། འཕགས་ཡུལ་གྱི་སློབ་དཔོན་ཧུཾ་ཀར། བོད་ཡུལ་གྱི་གཉག་ཛྙ་ན་ཀུ་མ་ར་དང་། ལོ་ཆེན་བཻ་རོ་གསུམ་གཅིག་བསྡུས་ཀྱི་སྤྲུལ་བ་ཞིག་ཡིན་ལ། མཁར་ཆུ་དཔལ་གྱི་དབང་ཕྱུག་གི་སྐྱེ་མཐའ་གཏེར་ཆེན་མ་ཏི་རཏྣའ་རྩ་བའི་ཆོས་བདག་ཏུ་བཞུགས་པ་ཞིག་ཡིན་པར་གྲགས། ཁོང་ཡབ་གཞི་བཅས་བཱཿ་ཐིམ་ཤིང་དུ་ཕེབས་ནས་བྱ་བྲལ་པད་མ་རྒྱལ་མཚན་བླ་མར་བསྟེན་ནས་བཱཿ་གནས་བསམ་གཏན་ཆོས་གླིང་གི་བསྟན་བདག་མཛད་པ་ཡིན། དེའི་སྐབས་དགོན་པའང་རི་ཁྲོད་ལྟ་བུ་དང་། ལྷ་སྡེ་སོགས་རྒྱས་སྤྲོས་མེད་པའི་མཁོས་ཆུང་ཞིག་ཡིན་པར་འདྲ་ཡང་། ཁོང་གི་ཕྱག་སེན་གྱིས་རྡོ་ཕ་བོང་ཞིག་ལ་རི་མོ་བྲིས་ཏེ། ངའི་དགོན་པ་འདི་དང་པོ་འདི་ཀ་ཙམ། བར་དུ་འདི་ལྟར། ཐ་མ་འདི་ཙམ་འགྱུར་ཞེས་རི་མོ་ཕྱི་ནང་གསུམ་བྲིས་པ་བཅོས་འགྱུར་སྔོན་པར་ཡོད་ཀྱང་དེ་རྗེས་གཏོར་བརླགས་བཏང་བས་མི་སྣང་། ཁོང་གི་སྐུ་ཕྲེང་གཉིས་པ་ཉག་རོང་ལྕགས་མདུད་ཡུལ་དུ་འཁྲུངས། རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མགར་ཐར་དུ་ཕེབས་སྐབས་དེའི་མདུན་ནས་སྙེན་པར་རྫོགས་ནད་མཚན་ལ་བསྐལ་བཟང་པད་མ་འོད་འབར་ཞེས་གསོལ། འདི་ཉིད་རྡོ་རྗེ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་ལྔ་པ་བསྐལ་བཟང་པད་མ་དབང་ཕྱུག་གི་དངོས་སློབ་ཡིན་པས། ཆོས་ལུགས་ནི་སྔོན་ཆད་ཀཿཐོག་པ་ཡིན་ཡང་ཕྱིས་བྱང་པ་རྡོ་རྗེ་བྲག་ཏུ་བསྒྱུར་བར་མཛད།

དགོན་སྡེ་འདི་ཐོག་མར་འདེབས་སྐབས་ཀྱི་དུས་ཀྱང་། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ནི་སྤྱི་ལོ་༡༧༠༨རབ་བྱུང་བཅུ་གཉིས་པ་ས་བྱི་ལོར་སྐུ་འཁྲུངས་པར་ཚིག་མཛོད་ཆེན་མོ་ལས་གསལ་བ་དང་བསྟུན་ན། གོང་སྨོས་ལྟར་སྐུ་ཕྲེང་དང་པོའི་དུས་ནས་དགོན་པ་འདི་བཏབ་པས་སྤྱི་ལོ་༡༦༦༠ཡི་མཇུག་དང་རབ་བྱུང་བཅུ་གཅིག་པའི་མཇུག་ཙམ་ཡིན་པར་འདུག་སྙམ། མདོར་ན་དགོན་པ་འདི་ཆགས་ནས་ལོ་ངོ་སུམ་བརྒྱ་ལྷག་ཙམ་སོང་བར་ངེས། ཇི་ལྟར་ན་རྡོ་རྗེ་བྲག་རིག་འཛིན་ཆེན་པོའི་སྐུ་ཕྲིན་བཞི་པ་པད་མ་ཕྲིན་ལས་ཀྱི་དངོས་སློབ་བྱ་བྲལ་པད་མ་རྒྱལ་མཚན་ལ་ལུང་བསྟན་ནས་མདོ་སྨད་བླཿ་གནས་བཞེས་པར་བྱོན་ན་འགྲོ་དོན་འོང་གསུངས་ནས་བྱོན་པས་དགོན་སྡེ་བཏབ་པ་ཡིན། རིག་འཛིན་པད་མ་ཕྲིན་ལས་དང་རྒྱལ་བ་ལྔ་པ་ཆེན་པོ་གཉིས་དུས་མཉམ་པར་གྲགས། ལྔ་བ་ཆེན་པོ་བྱོན་ནས་ལོ་༣༧༦སོང་བ་ཡིན་ནོ། སྐུ་ཕརྔ་གསུམ་པ་ཨོ་རྒྱན་བསྟན་འཛིན་ཞེས་པ་སྟོང་སྐོར་ཉི་ཁྲི་ཚང་ལ་འཁྲུངས། ཁོང་དགུང་གྲངས་ཉེར་ལྔའི་དུས་ལྷ་ལྡན་གྲྭ་སར་ཕེབས་ལམ་དུ་སྐུ་གཤེགས། སྐུ་ཕྲེང་བཞི་བ་སླར་ཡང་སྟོང་སྐོར་ཉི་ཁྲི་བྱ་ཚང་ཞེས་པར་སྐུ་འཁྲུངས། བྱིས་པའི་དུས་ནས་མངོན་ཤེས་དང་རྫུ་འཕྲུལ་སོགས་མངའ་བ། མཚན་ལ་རིག་འཛིན་ཆོས་དབྱིངས་རྡོ་རྗེ་ཞེས་གོས་དཀར་ལྕང་ལོ་ཅན། དེའི་སྐུ་རིང་ལ་དགོན་སྡེ་ཡང་སྔར་ལས་ཅུང་ཟད་འཕེལ་རྒྱས་བྱུང་བ་འདྲ།[page 346] ཁོང་གི་ཚ་བོ་དབང་པོ་སྔགས་བསྙུན་གཞི་ལྕི་ཙམ་ཐེབས་སྐབས། སྟོང་སྐོར་སྤྲུལ་སྐུ་ནས་ཁོང་གཞོན་པ་ཚོས་བསྙུན་གཞི་ལ་བལྟས་ན་ང་རང་རྒན་པོ་ཚོ་སྔོན་ལ་སོང་ན་དགའ་གསུངས་ནས་བསྙུན་གཞི་མེད་བཞིན་དུ་གཤེགས་སོང་བས་ཐུགས་དམ་དཀྲོགས་མཁན་རྫོགས་ཆེན་རིན་པོ་ཆེ་མི་འགྱུར་ནམ་མཁའ་རྡོ་རྗེ་གདན་ཞུས་སོང་བས། ཁོང་ཕེབས་མི་ནུས་ཀྱང་ཁོང་དང་ངོ་མཉམ་པའི་བླ་མ་མངགས་ཆོག་གསུངས་ནས། རྫ་དཔལ་སྤྲུལ་རིན་པོ་ཆེ་གཏོང་གནང་མཛད་ཚེ། ཁོང་ཞབས་ཐང་ཕྱག་མཁར་བསྣམས་ནས་ཕེབས་པ་རེད། ཁོང་གི་གསུངས་པ་ཁྱོད་ཚང་གི་སྤྲུལ་སྐུ་ནི་རིག་འཛིན་གྲལ་དུ་བཞུགས་འདུག་ཀྱང་། དབོན་པོ་འདི་ཡང་སར་གནདས་ཀྱི་སེམས་དཔའ་ཆེན་པོ་ཞིག་འདུག་པས་ཁྱོད་ཚོས་བསོད་ནམས་ཀྱི་དཔལ་དུ་ཐོབ་དཀའ་འདུག་གསུངས། དབོན་པོའང་མི་རིང་བར་གཤེགས་སོང་། དཔལ་སྤྲུལ་རིན་པོ་ཆེ་ཡར་བྱོན་སྐབས་འདྲ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་མདུན་ནས་སྤྱོད་འཇུག་ཁྲིད་ལུང་ཞིག་གསན་པར་གྲགས། སྐུ་ཕྲེང་བཞི་བའི་ཡང་སྲིད་ཚ་ཉག་སོང་ཤུལ་ཚང་ཞེས་པར་སྐུ་འཁྲུངས། མཚན་ལ་རིག་འཛིན་ཆོས་གྲགས་འཇིགས་བྲལ་རྒྱ་མཚོ་ཞེས་པར་རག་ཤུལ་སྡེ་བས་སྐུ་བདག་བྱས་ཏེ་ཡི་གེ་འབྲི་ཀློག་དང་། ལྷ་ལྡན་དུ་གྲྭ་སར་ཕེབས་པ་སོགས། ཞབས་ཏོག་རྣམས་རག་ཤུལ་སྡེ་བ་ཡིན་པར་འདུག་རྗེས་མ་གནས་ནང་ཚང་གི་སྐུ་རྒྱབ་དཔལ་ལྡན་ཞེས་པ་འདི་གཡོ་ཐབས་ལ་མཁས་པ་ཞིག་ཡིན་པས། རག་ཤུལ་སྡེ་བའི་དབོན་ཕྱག་རྡོར་ཟེར་བ་དེ་ཁོང་གི་ཞང་པོ་ཡིན་ཡང་མགོ་སྐོར་བཏང་ནས། སྡེ་གཞུང་སྤྱི་ཁྱབ་མཁན་ཅུང་གྲགས་རྣམས་ལ། ལྐོག་ནས་ཟས་ནོར་སྤྲད་དེ་རག་ཤུལ་སྡེ་བས་བདག་པོ་སྤྲད་པས་སྐུ་ཕྲེང་ལྔ་བ་རིག་འཛིན་ཆོས་གྲགས་དེ་ཉིད་སླར་རང་དགོན་དུ་གདན་དྲངས་རྗེས་སུ་གྲུབ་བརྙེས་ཡེ་ཤེས་བསྟན་འཛིན་གྱི་རག་ཤུལ་ཨུག་ལུང་དགོན་པ་བཏབ་སྟེ་བསྟན་བདག་ཀྱང་ད་ལྟའི་བར་དུ་གནས་ནང་ཚང་གི་བྱས་པ་ཡིན། སྤྲུལ་སྐུ་རིག་འཛིན་གྲགས་དཔོན་སློབ་ཁག་གཅིག་དར་མདོ་རྡོ་རྗེ་བྲག་ཏུ་གྲྭ་སར་བྱོན་ནས་བྱང་བ་རྡོ་རྗེ་བྲག་གི་ཕྱག་བཞེས་རྣམས་བསླབ་སྦྱང་མ་ནོར་བར་རང་རྐང་ཐུབ་པ་ཞིག་བྱུང་། དེ་རྗེས་རང་དགོན་དུ་ཐུགས་རྗེ་ཆེན་པོ་འགྲོ་པ་རང་གྲོལ་གྱི་སྒྲུབ་མཆོད་གསར་འཛུགས་དང་། བླ་མ་ཆོས་དབྱིངས་རང་གྲོལ་ནས་འདུ་ཁང་གསར་བཞེངས་དང་སྒྲིག་ལམ་གསར་བཞག་བཅས་ཀྱི་དགིན་པ་ཡར་རྒྱས་བྱུང་འདུག་སྐུ་རྒྱབ་དཔལ་ལྡན་གྱི་བུ། བླ་མ་བསྐལ་བཟང་ཆོས་འཛིན། ཡེ་ཤེས་རྡོ་རྗེ། སྐུ་རྒྱབ་བསྟབ་པའི་རྒྱལ་མཚན་གསུམ་ཡོད་ལ། དེ་དག་རིང་ལ་སྐུ་ཕྲེང་དྲུག་པ་གནས་ནང་མཆོག་སྤྲུལ་མདོ་སྔགས་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་ནམ་ཡོངས་གྲགས་སུ་གནས་ནང་སྤྲུལ་སྐུ་རྒྱན་ལོ་ཞེས་པ། འཁྲུངས་ཡུལ་རྟའུ་སྟོ་ཁོ་ཚང་ཞེས་པར་འཁྲུངས། དེ་ན་འཁོར་ལོ་གདོང་གསང་འཛིན་མགོན་པོ་དབང་གི་རྒྱལ་པོའི་ངོས་འཛིན་མཛད་ནས་དགུང་གྲངས་བཞིའི་ཐོག་ནས་རང་དགོན་དུ་གདན་དྲངས། དགུང་གྲངས་ལྔ་ཙམ་ནས་ཡི་གེ་འབྲི་ཀློག་དང་ཐུན་མོང་གི་རིག་གནས་རྣམས་ལ་སྦྱོང་བ་མཐར་ཆགས་སུ་མཛད། གསང་འཛིན་མགོན་པོ་དབང་རྒྱལ་གྱི་སྐུ་སྲས་བཱཿ་གནས་ཨོ་རྒྱན་ཕུན་ཚོགས་ཀྱི་ཡང་སྲིད་ཤུགས་འབྱུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་ལས་རབ་ཏུ་བྱུང་ཞིང་ཁོང་རྣམ་[page 347] གཉིས་ཚེ་རབས་སྔོན་ནས་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་ལས་སྐུ་ཕྲེང་རིམ་བྱོན་རྣམས་བླ་སློབ་ཀྱི་འབྲེལ་སྔོན་ནས་ད་ལྟའི་བར་དུ་བྱུང་བར་གྲགས། ཁོང་སྐུ་ནར་སོན་ཚེ་རྡོ་རྗེ་བྲག་རིག་འཛིན་ཆེན་པོ་མཉམ་ཉིད་རྡོ་རྗེ་གདན་ཞུས་ནས་བླ་མར་བསྟེན་ནས་བྱང་བ་ཆོས་སྐོར་གྱི་དབང་ཁྲིད་སོགས་རྫོགས་པར་གསན་པ་དང་། གཞན་ཡང་གྲུབ་བརྙེས་ཡེ་ཤེས་བསྟན་འཛིན། གསང་འཛིན་མགོན་པོ་དབང་རྒྱལ། བྲག་འགོ་སྐུ་ཞབས་ཀེའུ་ཚང་སོགས་རིས་མེད་ཀྱི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་མཉེས་པ་གསུམ་གྱིས་སྒོ་ནས་བསྟེན་ཅིང་། རང་ལུགས་སྔ་འགྱུར་གྱི་བཀའ་གཏེར་ཡོངས་རྫོགས་དང་། གསར་ཕྱོགས་ཀྱི་གསང་བ་བདེ་དུས་འཁོར་སོགས་རྒྱུད་ལུང་མན་ངག་རྣམས་ཆ་ཚང་བ་རེ་ནོད་ནས་རིས་མེད་ཀྱི་ཆོས་དང་། བཀའ་ཡོངས་རྫོགས་ཀྱི་བསྟན་པའི་བདག་པོ་ལ་མངའ་དབང་འབྱོར། ཁྱད་པར་དུ་ཤུགས་བྱུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོའི་མདུན་ནས་མདོ་སྔགས་རིག་གཞུང་དང་བཅས་པར་ཐོས་བསམ་གྱི་སྦྱོང་བ་མཐར་ཆགས་པ་མཛད། གདུལ་བྱ་རྗེས་འཇུག་རྣམས་ཀྱི་ཆོས་སྐལ་དུ་ཞལ་གདམས་སྐོར་དང་བླ་སྒྲུབ་སོགས་འདོན་ཆ་སྐོར་བཅས་པོད་གཅིག་ལྷག་ཙམ་དང་། གཞུང་འབྲེལ་ལ་མངོན་པ་མཛོད་ཀྱི་འགྲེལ་བ་ཚིག་འགྲེལ་དང་། ས་བཅད་བསྟུས་དོན་བཅས་པོད་གཅིག་ཙམ་ད་ལྟའང་བཞུགས་ལ། རང་དགོན་དུ་ཕུར་བ་ལྷ་ཁང་དང་། བཤད་གྲྭ་ལྷ་ཁང་གཉིས་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་དང་། བཀའ་བརྒྱད་རང་ཤར་དང་གཤིན་རྗེ་ཚེ་བདག་གི་དུས་རིམ་ཆེན་མོ་དགུ་ཆེན་གསར་འཛུགས་དང་། ལྷ་ལྷན་རྡོ་རྗེ་བྲག་ཏུ་གྲྭ་སར་བྱོན་ནས་བྱང་བའི་ཕྱག་བཞེས་ཐུན་མོང་མ་ཡིན་པར་གསར་བསྒྱུར་བྱས་པ། རྒྱལ་བ་བྱམས་པ་ཉེ་སྲས་བརྒྱད་བཅས་གསེར་ཟངས་ལས་བསྐྲུན་པ་གསར་དུ་བཞེངས། རང་ཡུལ་ཨེ་ཝཾ་ལྕོགས་སྒར་པའི་ཆོས་སྤྱོད་དང་བསྐང་གསོ་ལྡེབ་སུམ་བརྒྱ་ལྷག་ཙམ་གྱི་སྤར་ཤིང་བརྐོས་ཡོད། དགུ་ཆེན་དང་སྒྲུབ་མཆོད་ཀྱི་འཆམ་ཆས་དང་མཆོད་ཆ་སོགས་གསར་བསྐྲུན་བསམ་གྱིས་མི་ཁྱབ་པ་དང་། བཤད་གྲྭ་འཛུགས་པ་སོགས་མདོར་ན་མཛད་རྗེས་ཆེན་པོ་བརྗོད་ཀྱིས་མི་ནུས་སོ།། དེ་ལྟར་བསྟན་པའི་ཉམས་རྒུད་རྨང་ནས་སླར་གསོ་བར་མཛད་དོ།། གཞན་ཡང་རང་དགོན་དུ་རྡོ་རྗེ་བྲག་ཆོས་བཟང་རིན་པོ་ཆེ་ཆོས་ཞུས་ཕེབས་པ་དང་ཆབ་གཅིག་བྱང་བའི་དགོན་ལག་ཡོད་དི་ཅོག་གི་བླ་སྦྲུལ་རྣམས་པད་མའི་ཚལ་དུ་བུང་བ་འདུས་པ་བཞིན་དུ་བླ་སྤྲུལ་རྣམས་ཀྱི་གཙོས་དགེ་འདུན་བརྒྱ་ཕྲག་མང་པོ་ལ་སྔ་འགྱུར་འདུས་པ་མདོ་དབང་གི་གཙོར་བྱེད་པའི། རང་ལུགས་བྱང་གཏེར་གྱི་ཆོས་བཀའ་ཡོངས་རྫོགས་དབང་ལུང་ཁྲིད་གསུམ་སྤེལ་བ་དང་། འབའ་གྲུ་བ་དགོན་གྱི་གྲུབ་དགོན་ཐེག་མཆོག་བསྟན་པའི་རྒྱལ་མཚན་སྐུ་ཕྲེང་རིམ་བྱོན་གྱི་ཡ་གྱལ་གྲུབ་དགོན་སྨྱ་ནག་པོ་ཞེས་པའི་གཙོར། དེ་ཕྱོགས་ནས་བྱང་བའི་དགོན་ལག་ཐམས་ཅད་ཀྱི་བྱང་བའི་དབང་ལུང་གི་རྒྱུད་སྤེལ་སྨད་དུ་གདན་ཞུས་བྱས་ནས་དེ་ཕྱོགས་ཀྱི་བླ་སྤྲུལ་རྣམས་ཀྱི་གཙོས་དགེ་འདུན་འདུས་པ་སྟོང་ལ་གོང་གསལ་གྱི་ཆོས་བཀའ་ཡོངས་རྫོགས་སྤེལ་བ་དང་། གཞན་ཡང་གྲྭ་སར་འོང་མཁན་འགོ་ཚ་མཆོག་སྤྲུལ་སྐུ་ཕྲེང་རིམ་བྱོན་རྣམས་དང་གཤི་ཆེན། རག་ཁྲོམ། རྟག་རྩེ། ཊཀི་དྲུག་སྟོད་དགོན་སོགས་ཀྱི་བླ་སྤྲུལ་རྣམས་[page 348] ལ་བྱང་བའི་དབང་ལུང་ཁྲིད་གསུམ་གྱི་རྒྱུད་སྤེལ་བ་དང་བླ་ཞྭ་གནང་དགོས་པ་སོགས་ད་ལྟའི་བར་དུ་དར་ཞིང་། དེའི་ཕྱི་ལ་ལྷ་ལྡན་རྡོ་རྗེ་བྲག་གི་རིག་འཛིན་ཆེན་པོ་ཐུབ་བསྟན་མཉམ་ཉིད་རྡོ་རྗེའི་ཡང་སྲིད་སྦྲུལ་སྐུ་རིག་འཛིན་ཆེན་པོ་རྣམ་གྲོལ་རྒྱ་མཚོ། བྱང་བའི་དབང་ལུང་ཁྲིད་གསུམ་གྱི་རྒྱུད་སྤེལ་སླད་དུ་ལྷ་ལྡན་རྡོ་རྗེ་བྲག་ཏུ་གདན་ཞུས་ཀྱི་བཀའ་མཆད་ལན་དུ་མར་འབྱོར་ཡང་དུས་དབང་གིས་འབྱོན་རྒྱུ་མ་བྱུང་ངོ་།།

གཞན་ཡང་དགོན་འདེའི་དགོན་ལག་ཁག་འཁོར་ལོ་གདོང་དང་ཤུགས་འབྱུང་དགོན། རྟའུ་གང་ཐལ་དགོན། བཱཿལོང་དགོན། ལ་བུ་ཐང་། རག་ཤུལ་ཨུག་ལོང་དགོན། འདྲ་སྨུ་དུ་དགོན། རང་མས་དགོན་སོགས་དང་རིས་མེད་ཀྱི་དགོན་སྡེ་དང་བླ་སྤྲུལ་གྲྭ་ཚང་སོགས་ལ་བཀའ་གཏེར་སྤྱི་དང་བྱེ་བྲག་བྱང་བ་རྡོ་རྗེ་བྲག་གི་ཆོས་གཏེར་མཛོད་ལྔའི་ཆ་ལག་དབང་བཅས་པའི་དབང་ལུང་ཁྲིད་གསུམ་གྱི་རྒྱུད་དར་སྤེལ་བྱས་པའི་བདག་རྐྱེན་ལས་རང་དགོན་བཱཿ་གནས་བསམ་ཆོས་གླིང་གི་གཙོས་བྱེད་ཁམས་དབུས་ཀྱི་རྡོ་རྗེ་བྲག་གི་ཆོས་རྒྱུད་བར་མ་ཆད་དུ་ད་ལྟའི་བར་དུ་བཞུགས་པ་ནི་ཁོང་གི་བཀའ་དྲིན་ཡིན་ལ། མདོར་ན་ཕྱོགས་མེད་ཡོངས་ཀྱི་ཐ་གྲུ་ཀུན་ཏུ་འཁོར་ལོ་གསུམ་གྱི་འཕྲིན་ལས་ནམ་མཁའ་དང་མཉམ་པར་མཛད་དེ་དགུང་གྲངས་རེ་བརྒྱད་པ་དང་རྔ་ཡབ་དཔལ་རིའི་ཞིང་གི་རིག་འཛིན་གྱི་གྲལ་དུ་གཤེགས་སོ། དེའི་སྐབས་སུ་དགེ་འདུན་བརྒྱ་ཕྲག་གཉིས་ལྷག་ཙམ་ཡོད་པར་ངེས། འདུ་ཁང་། ཕུར་བའི་ལྷ་ཁང་། བཤད་གྲྭ་ལྷ་ཁང་། བླ་བྲང་ཁང་། སྤྱི་ཁང་ཀུན་རྭ་བ། གྲྭ་ཤག་བརྒྱ་ལྷག་ཙམ་བཅས་ཡོད། སྐུ་རྟེན་གཙོ་བོ་རྒྱལ་བ་བྱམས་པ་སྨན་སྐུ་བརྩེགས་རིང་ལ་འཁོར་ཉེར་སྲས་བརྒྱད་དང་བཅས་པ། གུ་རུ་གཙོ་འཁོར་གསུམ་དང་། རྗེ་ཡབ་སྲས་གསུམ་སོགས་སྨན་སྐུ་དང་། གོང་གསལ་ལྟར་རྒྱལ་བ་བྱམས་པ་ཉེ་སྲས་བཟས་གསེར་ཟངས་ལས་བསྐྲུན་པ་དང་། གཞན་ཡང་གསེར་སྐུ་གཙོ་བོ་བཟོ་རྒྱལ་ཀརྨ་བ་ཤོས་ཕྱག་བཟོ་ཐུབ་པ་གངས་ཅན་མཚོ་ཐུབ་པ་མེ་ཐར་མ། སྒྲོལ་མ་དར་ལེན་མ། གུ་རུ་འཇའ་ཟུག་མ། སྐུ་ཚབ་ཉེ་ལྔའི་ནང་མཚན་རིག་འཛིན་རྒོད་ལྡེམ་གཏེར་བྱོན་གུ་རུ་བཅས་གསེར་སྐུ་དང་སྨན་སྐུ་ཆུང་བ་བསམ་བརྗོད་ལས་འདས། གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། སྔ་འགྱུར་བཀའ་མ། རིན་ཆེན་གཏེར་མཛོད། རྙིང་རྒྱུད་ཆ་ཚང་། སྙིང་ཐིག་ཡ་བཞི། བྱང་གཏེར་མཛོད་ལྔའི་ཆོས་གཏེར་ཆ་ལག་བཅས་པ། གཞན་ཡང་གངས་ཅན་མཁས་དབང་ཕལ་ཆེར་གྱི་གསུང་འབུམ་སོགས་བརྗོད་ཀྱིས་མི་ནུས་བ་དུ་མར་བཞུགས། ཐུགས་རྟེན་ལ་སྔོན་བྱོན་རིག་འཛིན་དག་གི་སྐུ་གདུང་ཕལ་ཆེར་བཞུགས། རོས་ཆས་སྐོར་ལ། སིལ་སྙན་དང་། སྦུབ་ཆལ། མཁར་རྔ་སོགས་གྲ་ཧོར་དང་རྒྱ་ཤང་ཤང་སོགས་ཡིན་ངེས་ཀྱི་དངོས་རྫས་སྤུས་ལེགས། འཕན་གདུགས་ཡོ་བྱད་བཅས་དངོས་རྫས་བཟང་ཞིང་སྤུས་ལེགས་དུ་མ་ཞིག་ཡོད། དེ་བཞིན་དུ་འཆམ་གོས་བཅུ་ཕྲག་གཉིས་ལྷག་དང་། ཤོག་འདམ་ལས་བསྐྲུན་པའི་འབག་བཅུ་ཕྲག་ལྷག་ཡོད།

དུས་མཆོད་ཀྱི་སྲོལ་ནི། བོད་ཟླ་བཅུ་གཉིས་པའི་མར་ངོ་ནས་ཆོ་འཕྲུལ་ཟླ་བའི་བཅོ་ལྔའི་བར་དགོན་པའི་བླ་གྲྭ་ཡོངས་གུ་རུ་དྲག་པོའི་བསྙེན་སྒྲུབ་ལ་གཞོལ་པས་དགུན་བྱ་དང་། དེ་རྗེས་མར་ངོ་ཚེས་ནས་[page 349] བཟུང་བཀའ་བརྒྱད་དང་གཤིན་རྗེ་ལོ་རེ་རེ་ཆོས་ཀྱི་དགུ་ཆེན་དུས་རིམ་ཆེན་མོའི་ས་དུག་ནས་བཟུང་གནམ་སྟོང་ཉིན་བར་དུ་འཚོགས་རྒྱུ་ཡོད། དེའི་ཚེས་ཉེར་བརྒྱད་ཉིན་ལྟ་གོན་དང་། ཉི་ཤུ་དགུ་ཉིན་ཟོར་འཆམ་གཏོར་རྒྱག་དང་བཅས། གནམ་སྟོང་ཉིན་ལྷག་མ་སོགས་གར་འཆམ་འགའ་ཞིག་གི་མཇུག་རྫོགས་ལ། དེ་ནས་བཟུང་ཧོར་ཟླ་བཞི་བ་ཡར་ཚེས་གསུམ་ཙམ་ནས་ཚེས་བཅོ་ལྔ་ཚུན་འཚོགས་རྒྱུ་ཡོད། དེ་ལ་བསྙེན་གནས་དང་ཞིང་སྒྲུབ་བླ་མ་མཆོད་པ་རྣམས་ཡིན། ཧོར་ཟླ་དྲུག་པའི་ཡར་ཚེས་བདུན་ནས་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒོ་ནས་སྒྲུབ་མཆོད་མ་ཎི་བུམ་སྒྲུབ་བཅས་ཉིན་བདུན་གྱི་རིང་ལ་འཚོགས་ནས་ཉིན་བརྒྱད་པར་གར་འཆམ་བཅས་མཇུག་རྫོགས་པ་དང་། དེ་ནས་ཚེས་བཅུ་དྲུག་ནས་དགེ་འདུན་ཞལ་གྲངས་བཅུ་ཕྲག་གསུམ་ཙམ་རེ་དབྱར་གནས་ལ་བཞུགས་པ་ཡིན། བཤད་གྲྭ་བ་ནི་མཆོག་སྤྲུལ་རྒྱན་ལོའི་སྐུ་རིང་ལ་དུས་མཆོད་ཚེ་ཟླ་གཉིས་མ་གཏོགས་དུས་རྒྱུན་དུ་སྔོན་འགྲོ། བློ་སྦྱོང་དོན་བདུན་མ་དང་། སྡོམ་གསུམ། སྤྱོད་འཇུག་ཡོན་ཏན་རིན་པོ་ཆེའི་མཛོད། རྒྱུད་གསང་བ་སྙིང་པོ་མན་ངག་ལྟ་ཕྲེང་སོགས་ཀྱི་གཞུང་བཤད་ལོ་རེར་བཞིན་ཆ་ཚང་རྫོགས་པར་བྱེད་པའི་སྲོལ་ཡོད། གོང་གསལ་སྐུ་རྒྱབ་བསྟན་པའི་རྒྱལ་མཚན་ལ་བུ་གསུམ་ལས། བླ་མ་ཨ་མགོན་དང་། ཨ་ཚང་དང་སྐུ་རྒྱབ་བདུད་ལོ་རྣམས་ཡིན། དེ་རྣམས་ད་ལྟའི་དུས་རབས་འདི་ལ་ཡོད་པ་ཡིན་ནོ།།

ཆོས་སྡེ་འདིའི་ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་གོ་རིམ་ནི། སྔར་ནས་ད་ལྟའི་བར་དུ་དུས་རབས་རང་རང་གི་སྐབས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ནི། བཱཿགནས་གུ་རུ་རིག་འཛིན་སྐུ་ཕྲེང་རིམ་བྱོན་དང་གདུང་རབས་ཀྱི་བླ་མ་རྣམས་ནས་རང་རང་གི་ཕྱག་རྫས་དང་རྙེད་པས་གཏོང་སྒོ་བྱས་ནས་འཛུགས་སྐྲུན་ཇེ་རྒྱས་སུ་སོང་བ་ངེས་ལ། བཤད་སྒྲུབ་འཛུགས་རྟེན་དང་ཚོགས་པའི་གཏོང་སྒོ་ནི་གཙོ་བོར་ངའི་དཔོན་ཁག་དང་། བཤད་གྲྭའི་གཉེར་ཁག་དབྱར་གནས་གཉེར་བ་སོགས་ནང་གྲྭ་ལས་རིམ་བཞིན་གྲྭ་གཉིས་ཙམ་བསྐོས་ནས་ལོ་ངོ་གསུམ་ཙམ་རེར་འགན་བཞེས་ཏེ་དུས་མཆོད་སོགས་མཆོད་ཐེབས་རེར་སྒོར་ལྔ་སྟོང་ལྷག་ཙམ་གྱི་གཏོང་སྒོ་བྱེད་ནས་འཚོགས་སྲོལ་ཡོད།

འགན་བཞེས་ཀྱི་གོ་རིམ་ནི་སྤྱིར་དགོན་སྡེ་འདིའི་བསྟན་པའི་བདག་པོ་ཐོག་མར་ཕྱག་འདེབས་པ་པོ་བཱཿགནས་གུ་རུ་རིག་འཛིན་གྱི་སྐུ་ཕྲེན་རིམ་བྱོན་རྣམས་ཡིན་ལ་ཁོང་གི་ཡང་སྲིད་རྣམས་ནི་རྣམ་པ་ཀུན་ཏུ་བསླུས་ནས་བསྟན་པའི་བདག་པོ་ཉིད་དུ་གསེར་ཁྲིར་མངའ་གསོལ་བ་དང་། དེ་མིན་རང་གི་བླ་བྲང་ལས་བླ་མ་གཞན་ལ་འཁྲུངས་པ་ཚུར་བསླུ་སྲོལ་ཡང་མེད། གཞན་གྱི་བླ་མ་ཚུར་འཁྲུངས་ཀྱང་ཕར་བསླུ་ཁར་གཏོང་རྣམས་ལ་ཆོས་བཀའ་ལུང་དབང་གསུམ་དང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་གཙོ་འགན་བཞེས་ལ། དེའི་འོག་ནས་དབུ་ཆོས་རྒན་གསུམ་ཞེས་བླ་བྲང་རང་གི་བླ་མ་གཅིག་དང་། དབུ་མཛད། དགེ་སྐོས་རྒན་པ་ཟུར་བ་དང་། ལས་ཐོབ་བུ་ཆོས་རྒན་གསུམ་བཅས་ཀྱི་དགོན་པ་གཞུང་གི་[page 350] ལས་དང་དཔལ་འབྱོར་སོགས་གང་ཅི་ཐད་ལ་བཀའ་མོལ་མཛད་ནས་ཐག་གཅོད་དགོས་པ སོགས་ཀྱིས་འགན་བཞེས་པ་དང་། དབྱར་གནས་མཁན་པོ་དང་ཞིང་སྒྲུབ་མཁན་པོ་སོགས་ནི་རང་བཤད་གྲྭ་ལས་མཁས་བཙུན་བཟང་པོའི་ཡོན་ཏན་དང་ལྡན་པའི་མཁན་སར་རྣམས་ཀྱིས་མཛད་པ་ཡིན་ནོ།།

དེང་གི་གནས་ཚུལ་ནི་སྔར་ངོ་རྒོལ་བཞིའི་སྐབས་སུ་དགོན་པའི་བླ་གྲྭ་ཡོངས་རྫོགས་བྲག་འགོར་དེད་ནས་དགོན་པ་སྟོང་པར་ལུས་སྐབས་དངོས་རྫས་ཐམས་ཅད་བཞི་མདའ་ཤང་གི་ནང་ཁུར་ནས་ཐམས་ཅད་སུ་ཐོབ་བྱསདེ་ནས་ཡུན་མི་རིང་བར་བཅིངས་འགྲོལ་དམག་དགོན་དུ་ཞག་སྡོད་བྱས་ཏེ། ཕྱི་ཉིན་མེ་མ་བསད་པར་སོང་བས་གཙུག་ལག་ཁང་དང་གྲྭ་ཁང་སོགས་རྟེན་དང་བརྟེན་པར་བཅས་མེས་འཇིག་ནས་ས་རྡོའི་ཕུང་པོར་གྱུར་ནས་མིང་གི་ལྷག་མ་ཙམ་དུ་གྱུར། ཆོས་ལུགས་སྲིད་ཇུས་བཟང་པོས་འོག་ཏུ་དགོན་སྡེ་འདི་ཡང་གསར་བསྐྲུན་ཆོག་པས་ཆོག་མཆན་ཐོབ་ཚུན་ལ་འདུ་ཁང་སྔར་ལས་འདོམ་གཉིས་གསུམ་ཙམ་ཆེ་བས་ཀ་ཐག་ཕུར་བའི་ལྷ་ཁང་ལ་ཀ་ཐགསྤྱི་ཁངབླ་བྲང་ཁར། གྲྭ་ཁང་དགུ་བཅུ་ལྷག་ཙམ་གསར་བསྐྲུན་མཛད།

སྐུ་གསུང་ཐུགས་རྟེན་གྱི་གཙོ་བོ་གསེར་ཟངས་ལས་བསྐྲུན་པས་གུ་རུ་བརྩེགས་འབྱམས་མ་དང་། མཁན་པོ་དང་ཆོས་རྒྱལ་གཉིས་ཀྱང་མཐོ་དགུ་མན་ཙམ་དང་། ཇོ་བོ། ཚེ་དཔག་མེད་བཅས་བཞེངས་ཡོད། སྨན་སྐུ་ལ་གུ་རུ་གཙོ་འཁོར་གསུམ་དང་། སྟོན་པ་གཙོ་འཁོར་གསུམ་དང་། རྒྱལ་བ་བྱམས་པ་སྐུ་བརྩེག་འབྱམས་མ་དུས་གསུམ་སངས་རྒྱས་དང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་ཕྱག་སྟོང་སྤྱན་སྟོང་། མི་འཁྲུགས་པ་དང་རྡོ་རྗེ་སེམས་དཔའ་བཅས་དང་། རྒྱལ་བ་ཙོང་ཁ་བ་ཡབ་སྲས་གསུམ་དང་། གཞན་ཡང་ཚེ་ལྷ་རྣམ་གསུམ། འོད་དཔག་མེད་གཙོ་འཁོར་གསུམ། རིགས་གསུམ་མགོན་པོ། གུ་རུ་མཚན་བརྒྱད། སྟོན་པ་སྟོང་སྐུ་བཅས་ཐང་རག་ལས་བསྐྲུན་པའི་མཆོད་རྟེན་ཆ་བརྒྱད་དང་། གུ་རུ་གཙོ་འཁོར་གསུམ་བཅས་ལྷ་དགུའི་ཐང་སྲིད་དུ་ཁྲུ་བདུན་ཅུ་ཙམ་དང་། རྒྱར་ཁྲུ་བཞི་བཅུ་ཙམ་བཞུགས། ཕུར་བའི་ལྷ་ཁང་དུ་རྡོ་རྗེ་ཕུར་བའི་གཙོས་བྱང་བའི་བདག་བསྐྱེད་རྣམ་ལྔའི་ཁྲོ་སྐུ་དང་། ཁྲོ་བཅུ་ཕྲ་ཐབས་ཉི་ཤུ། སྒོ་མ་བཞི། དཀར་བདུད་གཉིས་དང་མ་གཟའ་དམ་དམ་གསུམ་སོགས་ཀྱི་སྨན་སྐུ་བཞུགས། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་ཆ་གཉིས་གསུམ་དང་། བསྟན་འགྱུར་ཆ་ཚང་། རྙིང་མ་རྒྱུད་འབུམ། རྙིང་ཐིག་ཡ་བཞི། རིན་ཆེན་གཏེར་མཛོད། སྔ་འགྱུར་བཀའ་མ་དང་འདུས་མདོ་སྐོར་སོགས་བཞུགས་སོ།། བླ་བྲང་ཁང་ན་ཡང་གསེར་ཟངས་ལས་བསྐྲུན་པའི་གུ་རུ་གཙོ་འཁོར་གསུམ། འཇམ་དཔལ། སྒྲོལ་མ་སྨན་སྐུ་མཁན་སློབ་ཆོས་གསུམ་བཅས་བཞུགས་སོ།། གཞན་ཡང་རོལ་ཆས་སྐོར་ལ་སྔར་གྱི་དངོས་རྫས་རྙིང་བའི་རིགས་ལ། སྦུབ་སིལ་འགའ་རེ་ལྷག་ཡོད། མཆོད་རྫས་འཕན་གདུགས་རྒྱལ་མཚན་སོགས་དང་མཆོད་ཆ་སོགས་ཀྱང་འདུ་ཁང་ཆེ་ཆུང་གཉིས་པོ་བརྒྱན་བྱེད་ཙམ་ཡོད་ལ། དགེ་འདུན་ཞལ་གྲངས་བརྒྱ་ཕྲག་གཉིས་དང་བཅུ་ཕྲག་གཉིས་ལྷག་ཡོད་དོ།།

[page 351] བསྟན་པའི་བདག་པོ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་གྱི་ཡང་སྤྲུལ་ཨོ་རྒྱན་ཆོས་གྲགས་དང་། ཤུགས་འབྱུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོའི་ཡང་སྤྲུལ་ཆོས་གྱི་ཉི་མ་སོགས་བླ་སྤྲུལ་རྣམས་ཀྱི་སྔར་གྱི་དུས་མཆོད་དང་དབྱར་གནས་བཤད་གྲྭ་འཛུགས་པ་སོགས་ཀྱི་སྒོ་ནས་བསྟན་པའི་རྨང་གཞི་ཚུགས། སྔར་མེད་པའི་ད་ལྟ་གསར་འཛུགས་ཚེས་བཅུའི་དུས་རིམ་ཆེན་མོ་དང་། ཞི་ཁྲོའི་རྩ་འཆམ། གེ་སར་སྐྱེས་བུ་ཆེན་པོའི་རྟོགས་བརྗོད་ལས་རྟ་རྒྱུག་གི་འཆམ་བཅས་འཛུགས་བསྐྲུན་བྱས་ཡོད། མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་གྱི་དངོས་སློབ་བླ་མ་ཡེ་ཤེས་བདུད་འདུལ་ཁོང་གིས་ད་སྐབས་སྔ་འགྱུར་བཀའ་མ་དང་འདུས་མདོ་བྱང་བའི་ཆོས་ཚན་ཡོངས་རྫོགས་རྣམས་དབང་ལུང་ཁྲིད་གསུམ་དར་སྤེལ་རྒྱ་ཆེན་གནང་བཞིན་མཆིས་སོ།། ཞེས་སངས་དགའ་ནས་བྲིས།།

ལྕམ་བླ་དགོན་གྱི་ལོ་རྒྱུས།

དགོན་པ་འདི་ནི་རིག་འཛིན་དྲ་ཡ་སེང་ཧའམ་མཚན་གཞན་དཀོན་མཆོག་སེང་གེ་ཞུ་བ་དེས་ཐོག་མར་ཕྱག་བཏབ་གནང་བ་ཡིན། ཁོང་ཉིད་ཐོག་མར་ཡུལ་གྲུ་འདིར་ཕེབས་སྐབས་སྦས་པའི་རྣལ་འབྱོར་བའི་བརྟུལ་ཞུགས་བདག་གིར་འཆང་ནས་ལྕམ་བླ་ཞེས་པའི་གྲོང་གི་ཕུག་ཏུ་སྒྲུབ་པ་ཉམས་བཞེས་མཛད་ནས་བཞུགས་སྐབས། ཀཿཐོག་དྲི་མེད་ཞིང་སྐྱོང་གི་སྐུ་ཡི་ཕྲེང་བ་གང་ཡིན་གསལ་པོར་མ་ངེས་ཀྱང་། སྐུ་ཉིད་གྲོང་པའི་གསེབ་ཏུ་ཕེབས་འཇགས་སྐབས། ཡུལ་འདིའི་ཕུག་ཏུ་རྣལ་འབྱོར་བའི་གང་ཟག་ཁྱད་པར་ཅན་སུ་བཞུགས་ཞེས་ཞལ་འདྲི་གནང་ཚེ། སྤྱིར་བཏང་གི་བླ་མ་དབུལ་པོ་ཞིག་འདུག་ཅེས་གསུང་ལན་ཕུལ་ཚེ། ཆུ་འདི་ལ་གུ་རུའི་སིངྷིའི་རང་སྒྲ་འབྱིན་བཞིན་འདུག་ཅེས་གསུངས་ཏེ་བླ་མ་མཇལ་བཅར་ཞུས་ཏེ། ཐོག་མར་གྲུབ་པའི་དབང་ཕྱུག་རྣམ་གཉིས་ཀྱིས་སེང་གེ་དང་སྟག་སོགས་སུ་སྤྲུལ་ནས་ཉམས་སད་ཀྱི་ཚོད་བགམ་གཟིགས། མཐར་ཐུགས་ཡིན་གཅིག་ཏུ་འདྲིས་ནས་བསྟན་དོན་གྱི་བཀའ་མཆེད་ལྷུག་པར་གནང་ཞིང་ཁྱེད་ཉིད་ཀྱིས་འདིར་དགོན་པ་ཞིག་གསར་བཏབ་གནང་ན་ལེགས་ཞེས་མཆོག་སྤྲུལ་དྲི་མེད་ཞིང་སྐྱོང་ནས་བཀས་སྐུལ་བ་མཛད་པར་ཕྱག་ཐལ་མོ་སྦྱར་ཏེ་གསུང་ངག་སྤྱི་བོའི་གཙུག་རྒྱན་དུ་བཞེས་ཏེ་རྣམ་གཉིས་ཀྱིས་ས་གཟིགས་མཛད་ཅིང་། གསོལ་ཆུའི་ཆ་རྐྱེན་དུ་ལྡིང་མིག་གཏེར་ནས་བཏོན་པ་སོགས་རྒན་རབས་རྣམས་ཀྱི་ཞལ་རྒྱུན་ལ་ཁུངས་གདུགས་པ་ཙམ་ལས་ལོ་རྒྱུས་ཀྱི་གཙུག་ལག་རྣམས་ནི་མི་མངོན་པའི་དབྱིངས་སུ་ཡིབ་པས་ཇི་བཞིན་སྨྲ་བ་མི་ནུས་སོ།། ལྕམ་བླ་དཀོན་མཆོག་སེང་གེ་ལ་སྐུ་ཕྲེང་བཅུ་གསུམ་ཙམ་བྱོན་ཟིན་པས། དེ་ལ་གཞིགས་ན་དགོན་པ་འདི་ཉིད་རབ་བྱུང་བཅུ་གསུམ་པ་ཡས་མས་ཞིག་ལ་ཕྱག་བཏབ་གནང་བར་སྙམ། གུ་བཀྲའི་ཆོས་འབྱུང་དུ། རྒྱལ་ཐང་བའི་སློབ་མ་ཨ་ངྷོ་དཀོན་མཆོག་སེང་གེ་ཞུ་བ་དེ་ཡིན་ནམ་སྙམ། དེ་ཡིན་ན་དེའི་དངོས་སློབ་གཏེར་ཆེན་བདུད་འདུལ་རྡོ་རྗེ་དང་། ཡང་དཀོན་མཆོག་སེང་གེ་དེའི་

[page 352] སློབ་མ་གསེར་ལོ་བསྟན་པ་རྒྱལ་མཚན་དང་། ཆོས་ཉིས་རྒྱ་མཚོ་གཉིས་ཡིན་ལ། དེ་གཉིས་ཀའི་སློབ་མ་རིག་འཛིན་ཀུན་བཟང་ཤེས་རབ་ཡིན་གསུངས་སོ། དགོན་འདིའི་སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ། གྲུབ་དབང་དཀོན་མཆོག་སེང་གེ་དེ་ཉིད་ཀྱིས་ཇོ་ར་གསེར་མཚོ་ནས་གསེར་གཏེར་བཏོན་ནས་གསེར་དངུལ་བཀྲ་མའི་ཡུམ་འབྲིང་གི་གླེགས་བམ་ཆ་ཚང་བསྐྲུན། ཉིད་ཀྱིས་ཕྱག་བཟོ་གནང་བའི་ཕྱག་རྡོར་གྱི་སྐུ་བརྙན་བྱིན་རླབས་ཅན་གཙོས་སྐུ་བརྙན་འགའ། བཀའ་གདམས་མཆོད་རྟེན་ཆ་གཅིག་རོལ་ཆའི་སྐོར་ལའང་སྦུབ་དང་། སིལ་སྙན་སོགས་རིན་པོ་ཆེའི་རིགས་ལས་གྲུབ་པའི་རོལ་ཆས་འགའ་དང་། དངུལ་མཆོད་སོགས་དང་གསུང་རབ་ཀྱི་སྐོར་དང་མང་དུ་བཞུགས་སུ་གསོལ་ནས་མཉེས་པར་བྱེད་པའོ།།

དགོན་པ་འདི་རུ་སྔ་རྟིང་དུ་ཀས་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དཔལ་སྤྲུལ་རིན་པོ་ཆེའི་དངོས་སློབ་ཡེ་ཤེས་བསྟན་འཛིན་དང་། འབྲི་ཚེའི་སྐུ་ཆེན་སོགས་ཕེབས་ནས་བཀའ་ཆོས་བདུད་རྩིའི་ཆར་རྒྱུན་ཕབས་ནས་གདུལ་བྱ་རྫོགས་ལྡན་གསར་བའི་དཔལ་ལ་ལོངས་སྤྱོད་པར་མཛད་པ་བྱུང་ངོ་།། ལྕམ་སྤྲུལ་རིན་པོ་ཆེའི་གདུང་རབས་བཅུ་གསུམ་ནི། རིག་འཛིན་དྲ་ཡ་སེང་ཧའམ། མཚན་གཞན་དཀོན་མཆོག་སེང་གེ ཀུན་མཁྱེན་དཀོན་མཆོག་དར་རྒྱས། མཚུངས་མེད་དཀོན་མཆོག་རྒྱལ་མཚན། མཁས་གྲུབ་དཀོན་མཆོག་ལྷུན་གྲུབ། བྱ་བྲལ་དགེ་འདུན་དཔལ་བཟང་། སྦས་པའི་རྣལ་འབྱོར་དཀོན་མཆོག་ཐུགས་དམ་འབུམ། གྲུབ་ཐོབ་དཀོན་མཆོག་ལོ་པཎ། འགྲོ་འདུལ་དཀོན་མཆོག་ཤེས་རབ། ཀརྨ་གསུང་རབ་རྒྱ་མཚོ། རིགས་འཛིན་སྙན་གྲགས་རྒྱ་མཚོ། འདྲེན་མཆོག་དགོན་མཆོག་རིག་འཛིན། དཀོན་མཆོག་བསྟན་པའི་ཉི་མ། དཔལ་ལྡན་དཀོན་མཆོག་གྲགས་པ། དེ་དག་སྔ་གཞུག་ཏུ་བྱོན་པའི་སྐྱེས་ཆེན་རྣམས་ཀྱིས་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་སོགས་དམ་པའི་ཚུལ་དགུས་ལུང་རྟོགས་ཀྱི་བསྟན་པ་ལ་བྱ་བ་མཛད་ཚུལ་གྱི་རྣམ་ཐར་འབྱམས་སུ་ཀླས་པ་གོར་མ་ཆག་ཀྱང་། ཇི་བཞིན་མི་ངེས་པས་འོལ་ཚོད་ཀྱིས་སོར་མོའི་འདུ་བྱེད་ཀྱི་ངལ་བ་མ་བགྱིས་སོ།། ལྕམ་བླ་དགོན་ཟེར་བའི་རྒྱུ་མཚན་ནི། ལྕམ་བླ་གྲོས་ཞེས་པའ་ས་མིང་ལས་ཐོགས་པ་ཡིན་ནམ་སྙམ། དེ་ལྟ་བུའི་ལྕམ་བླ་དགོན་པའང་ཁ་བ་རི་བའི་དགོན་པ་སྤྱི་དང་འདྲ་བར་ངོ་རྒོལ་བཞི་པ་དང་། རིག་གསར་སྐབས་རྟེན་དང་བརྟེན་པར་བཅས་པ་རྗེས་དྲན་གྱི་ཤུལ་ལམ་ཙམ་ལས་རྨང་ནས་མེད་པར་བཟོས་ཀྱང་། རྒྱལ་བསྟན་གྱི་ཉི་གཞོན་སླར་ཡང་ཤར་རིའི་རྩེ་ནས་མངོན་པར་འཆར་སྐབས། གྲྭ་མང་ཡོངས་རྫོགས་དང་དད་ལྡན་དམངས་ཚོགས་རྣམས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དགོན་པ་སླར་གསོའི་བྱ་བ་ཕྲག་ཏུ་བླངས་ཏེ། མཐར་འདུ་ཁང་ཁ་ཐག་བཅུ་གཉིས་ཅན་དང་། མགོན་ཁང་ཤག་བཞིན་ཅན་ཞིག་ལེགས་གྲུབ་བྱུང་ནས། དེ་དག་གི་རྟེན་དུ། མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་དང་། རྒྱལ་བའི་བཀའ་འགྱུར་ཆེན་མོ་འཕྲུལ་སྦར་བཅས་བཞུགས། དེ་མིན་ལྕམ་དགོན་མཁར་རྔ་ཟེར་བའི་གཡེར་གྲགས་ཅན་ཞིག་ཡོད་པའང་ད་ལྟ་ལུས་ཡོད། སེར་མོ་བའི་གྲྭ་ཤག་ཀྱང་ཉི་ཤུ་ཙམ་བཞེངས་[page 353] བསྐྲུན་བྱུང་ཡོད། དགོན་པའི་ཡུལ་སྡེར་གཏོགས་པའི་གྲོང་ནི། ཀོ་རེ་དང་། ལྕམ་བླ། སེར་ཕྱེ་སོགས་ཡིན་ནོ། ད་ལྟ་ལྕམ་སྤྲུལ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་ཀུན་བཟང་གྲགས་པ་མཆོག་གསེར་ཁྲི་རུ་མངལ་གསོལ་ཞིང་། བསྟན་པའི་བདག་པོར་བཞེས་བཞིན་པ་དང་གཞན་ཡང་མཁར་རྩེ་བྲ་བྲང་གི་གདུང་རྒྱུད་སྤྲུལ་པད་མ་ནོར་བུའམ་མཁན་བསྟན་འཛིན་དྲི་མེད་ཀྱིས་སྡོམ་གསུམ་སོགས་ཀྱི་བཀའ་ཁྲིད་དང་རྒྱབ་སྐྱོར་གྱི་བཀྲིན་བསྐྱངས། གྲྭ་ཨུ་རྒྱན་དང་ཡིད་དགའ་རབ་བརྟན་གཉིས་དགོན་དུ་རྒྱུན་བཞུགས་མཛད་ནས་དགོན་པའི་བདག་གཉེར་གྱི་ཞབས་འདེགས་ལ་འབད་འབུངས་བགྱི་བཞིན་ཡོད། ཚོགས་དུས་མཆོད་ནི། གྲྭ་སུམ་ཅུ་ཙམ་གྱིས་དབྱར་ལ་བཀའ་མའི་ཆོ་ག་ལས་ཞི་ཁྲོ་ན་རག་དུང་སྤྲུགས་དང་། སྨྱུང་གནས་གདན་གཅིག་ཆ་བཞི་ཙམ་དང་། ལོ་གསར་རྙིང་མཚམས་སུ་དུས་མཆོད་ཐོས་གྲོལ་དང་། བཀའ་བརྒྱད་མགོན་པོ་སེང་གདོང་སོགས་ཀྱི་སྒྲུབ་པ་རེ་འཚོགས་བཞིན་བཞུགས་སོ།། ཞེས་བཀྲ་ཤིས་བསྟན་འཛིན་ནས་བྲིས།

མདོ་མང་དགོན་གྱི་ལོ་རྒྱུས།

དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་ནི། འཇང་སྒང་ཨ་འཕེན་དང་ཁོང་གི་ཚ་བོ་རིགས་དབོན་ཚིལ་ཁྲིམས་རྡོ་རྗེ་གཉིས་ཏེ་ཁོང་རྣམ་པ་གཉིས་ཀྱི་རྣམ་ཐར་དངོས་དེང་དུས་མཇལ་རྒྱུ་མི་འདུག་ཀྱང་། ཁོང་རྣམ་གཉིས་ཀྱི་གདུང་རུས་ནི་འབྲི་གུང་སྐྱུ་རའི་རིགས་སུ་འཁྲུངས་པའི་མཚན་སྔགས་འཆང་སྟོན་པ་རྒྱལ་མཚན་ཞེས་བྱ་བ་མདོ་ཁམས་སྨད་དུ་བྱོན། སྙི་རོང་གི་ཡུལ་དུ་གདུལ་བྱའི་རྟེན་འབྲེལ་ལ་དགོངས་ཏེ་གཞི་ཆགས། གྲུབ་པའི་མཛད་པས་ཡུལ་དེའི་ནགས་ཕྱོགས་གདོན་བགེགས་ཀྱི་རིགས་རྣམས་དམ་ལ་བཏགས་ཏེ་རྡོ་རྗེའི་གླུ་བྲོའི་བརྟུལ་ཞུགས་མཛད། རྡོ་ཕ་བོང་སྟེང་ལ་ཞབས་བྲོ་བརྡུང་བས་ཞབས་རྗེས་རྣམས་གདམས་ལྟར་བརྫིས། དེའི་སྐབས་ཁོང་གིས་སྟེང་གོ་ལའི་འགྲོ་ཅན་ཉི་ཟླའི་འོག དོན་རིག་སྔགས་འཆང་བ་ང་རང་ཙམ། ཞེས་སོགས་མགུར་བཞེངས་པས་ཁོང་གི་གདུང་རིགས་ལ་གོ་ལའི་སྔགས་རྒྱུད་ཅེས་མཚན་དེ་སྐད་དུ་ཆགས། དེ་ནས་གདུང་རབས་སུམ་བཅུ་སོ་ལྔ་ན་འཇང་སྒང་ཨ་འཕེན་བྱོན། ཁོང་གིས་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་རིགས་ཀྱི་བདག་པོར་བསྙེན་ནས། མདོ་སྨད་འདིར་ཐུགས་ཀྱི་བུ་ཆེན་བཞི་ཡོད་པ་ལས་གཅིག་ནི་ཁོང་ཉིད་དོ། རིགས་དབོན་ཚུལ་ཁྲིམས་རྡོ་རྗེ་ནི་གྲུབ་པའི་རྟགས་མཚན་མངོན་གྱུར་བྱུང་བས། གོང་མ་ཆན་ལུང་གི་དབུའི་མཆོག་གནས་སུ་རྒྱ་ནག་ཏུ་སྤྱན་དྲངས། རྒྱལ་མོ་རོང་རབ་བརྟན་ཆུ་ཆེན་རྒྱལ་པོ་ནས་གོང་མ་ལ་བརྩི་བཀུར་མ་ཞུས་པས་དེ་ལ་མཐུ་རྟགས་བསྟན་དགོས་ཞེས་བཀའ་ཕབ་པས། དཔལ་རྟ་མགྲིན་ནག་པོའི་ཟླ་སྒྲུབ་ལ་བརྟེན་ནས་རྒྱ་ནག་གི་གདན་ས་ནས་ཟོར་འཕང་ཚད་རབ་བརྟན་ཆུ་ཆེན་ནག་པོའི་ཁང་ཐོག་ཏུ་བབས། དུས་མིན་ལ་གནམ་ལྕགས་ཀྱི་ཐོག་ཆར་བབས་ཏེ་ཕོ་བྲང་བཤིག རབ་བརྟན་རྒྱལ་པོ་བརླག་པར་མཛད་པས། དེའི་བདག་རྐྱེན་དུ་རྒྱལ་མོ་རོང་ནས་ཧོར་ཡུལ་[page 354] བར་གྱི་གཏན་ཅིང་དགོན་བཞི་བཞེངས་ནས་གོམ་མ་ཆེན་པོར་སྐུའི་རིམ་འགྲོ་སྒྲུབ་དགོས་པའི་གསེར་ཡིག་དང་། ཏོག་ཐམ་ཀ་སྔོན་སྟག་གཟིག་ནོར་རྫོང་ལེན་སྐབས་ཀྱི་ཡིན་པར་གྲགས་པའི་སིལ་སྙན་དང་། སྦུབ་ཆལ་རྒྱ་ནག་གི་བང་མཛོད་ནས་བྱུང་བའི་འཛམ་གླིང་གཡས་བཞག་ཏུ་གྲགས་པ་གསུམ་སོགས་ནོར་སྣ་ཁྱད་འཕགས་དུ་མའི་དངོས་རྫས་ཀྱི་གཏོང་རག་འབུལ་བ་ཕུལ་ནས་རྒྱ་ནག་གི་དབུ་བླར་གྱུར་པ་ཞིག་གོ ། དེར་བརྟེན་འཇང་སྒང་ས་འཕེན་དང་ཚུལ་ཁྲིམས་རྡོ་རྗེ་ཁོང་རྣམ་གཉིས་ཀྱི་ཡོངས་འཛིན་གྲུབ་ཆེན་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་སྤྲུལ་ཡོངས་འཛིན་སྦྱིན་པ་རྒྱ་མཚོ་ཞེས་རྟེན་རབ་བྱུང་རྡོ་རྗེ་འཛིན་པ་མཁས་བཙུན་བཟང་པོའི་རྣམ་ཐར་གྱིས་བརྒྱན་པ་ཞིག་བཞུགས་པ་དེ་ལ་ཁོང་རྣམ་གཉིས་ནས་དགོན་འདེབས་སར་ཕེབས་དགོས་པའི་རེ་འདུན་ཞུས་པ་བཞིན་ཁོང་གིས་དགོན་གསར་བཞེངས་གཉིས་དང་། ཞིག་གསོས་གཅིག་བཅས་དགོན་གསུམ་བཞེངས་པའི་ནང་ནས་དགོན་འདི་གསར་བཞེངས་ཅིག་ཤོས་དེ་ཡིན་ནོ།། དེ་ཡང་ཁོང་དགོན་ས་འདིར་ཕེབས་ཤིང་དགོན་བཞེངས་པའི་རྟེན་འབྲེལ་ལེགས་པར་འགྲིགས་ནས་དགོན་གཞི་བཏབ་སྟེ་མདོ་མང་དགོན་ཞེས་མཚན་གསོལ་བ་སྟེ། དེ་ཡང་ཇི་སྐད་དུ། གཏེར་ཆེན་བདེ་ཆེན་གླིང་པའི་རྣམ་ཐར་ལས། རྟེན་བཞེངས་ཀུན་གྱི་ཐོག་མ་རུ་ཆོས་མདོ་སྡེ་བསྐལ་བ་བཟང་པོ་བཞེངས། དེ་ཕྱིར་ན་མདོ་མང་དགོན་དུ་བཏགས། ཞེས་གསུངས་པ་ལྟར་རྟེན་གྱི་ཐོག་མར་མདོ་སྡེ་བསྐལ་པ་བཟང་པོ་བཞེངས་པས་དེ་སྐད་ཅེས་གྲགས་སོང་། དེ་ལྟར་དགོན་པ་འདི་ནི་རབ་བྱུང་བཅུ་གཅིག་པའི་དཀྱིལ་ཙམ་ལ་ཆགས་པར་མངོན་ནོ།།

དགོན་འདིའི་ཆོས་རྒྱུད་གྲུབ་མཐའ་ནི། སྤྱིར་སྔ་འགྱུར་རྙིང་མ་ཡིན་ལ་བྱེ་བྲག་ཏུ་དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་རྒྱལ་བ་དཔལ་ཡུལ་ཚང་གི་གུར་དཀར་པོའི་ཆོས་ཆེན་བཞི་ཞེས་མདོ་སྨད་འདིར་བུ་དགོན་ཆེན་པོ་བཞི་ཡོད་པའི་ནང་ནས་འཇང་སྒང་མ་དགོན་གྱི་དགོན་ལག་གམ་བུ་དགོན་ཡིན་སྟབས་རྒྱལ་བ་དཔལ་ཡུལ་བའི་ཆོས་བརྒྱུད་ཡིན་ཞིང་ཐོག་མ་ནས་ད་སྐབས་བར་དགོན་གཞི་ལ་ཆག་འཇིག་མང་དུ་སོང་ཡང་། ཆོས་ལུགས་ལ་གྲུབ་མཐའ་བསྒྱུར་བ་སོགས་ཅུང་ཟད་ཀྱང་མ་བྱས་པའོ།།

དགོན་ས་འདིར་གདན་རབས་དང་མཁན་བརྒྱུད་སོགས་སྐྱེས་ཆེན་དམ་པ་ཇི་ལྟར་བྱོན་པའི་ཚུལ་ནི། སྤྱི་རྒྱལ་བ་དཔལ་ཡུལ་བའི་ཐོག་མའི་རྒྱལ་བ་ཡབ་སྲས་གསུམ་ནི་གནམ་ཆོས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ། མཁས་གྲུབ་ཀརྨ་ཆགས་མེད། རིག་འཛིན་ཀུན་བཟང་ཤེས་རབ་སྟེ་ཁོང་རྣམ་པ་ནས་བརྒྱུད་པའི་མཐུན་མོང་མ་ཡིན་བཀའ་སྲོལ་ཕྱག་རྫོགས་ཟུང་འཇུག་གི་ཟབ་ཆོས་ཀྱི་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པར་ཐུགས་ཉམས་སུ་བཞེས་པའི་སྐྱེས་ཆེན་འཇའ་ལུས་ལྷག་མེད་དུ་དྲངས་པ་གསུམ་དང་། གདུང་ལ་ལྷག་མ་ཅུང་ཙམ་རེ་ལུས་པའི་སྐྱེས་བུ་དམ་པ་བཅུ་ཕྲག་གཅིག་བཅས་འཇའ་ལུས་པ་བཅུ་གསུམ་བྱོན་པ་དང་། དགོན་གཞི་དེར་བཞུགས་པའི་གྲྭ་ཆུང་ཡན་ཆོད་ཀྱི་རྒྱུད་ལ་སྐྱོ་ཤེས་དང་ངེས་འབྱུང་སོགས་ལམ་རྟགས་ཀྱི་ཡོན་ཏན་སྣ་རེ་མ་འཁྲུངས་པ་མེད་པར་གྲགས་སོ། །དེ་ལྟར་གྲངས་བྱ་རིམ་པར་[page 355] འདས་ནས་ཧ་ལམ་རབ་བྱུང་བཅུ་བཞི་པར་ཉེ་སྐོར་གདན་སའི་བདག་པོར་དབོན་དབང་ཕྱུག་ཞེས་དམ་ཅན་བྲན་དུ་འཁོལ་བ་ཞིག་དང་། ཡང་རིགས་དབོན་ཆོས་སྐྱོང་ཞེས་སྒྲུབ་བརྒྱུད་འཛིན་པ་གཉིས་བྱོན། དུས་དེའི་རྗེས་ཟིན་ཙམ་དུ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་རྣམ་འཕྲུལ་སྐུ་ཆེན་ཀུན་བཟང་རྣམ་རྒྱལ་ཞེས་པ་དེ་ཧོར་འཛི་བྲག་ཏུ་སྐུ་འཁྲུངས། དགོན་ཐོག་མར་འདེབས་པ་པོ་ཡོངས་འཛིན་སྦྱིན་པ་རྒྱ་མཚོའི་ཡང་སྲིད་དུ་མཚན་གསོལ། སྤྱིར་ཁོང་གིས་མཁས་གྲུབ་དུ་མའི་ཞབས་རྡུལ་ལ་བསྟེན་ཀྱང་། དཔལ་ཡུལ་རང་ངོས་ནས་ཀརྨ་ཆོས་དཔལ་བཟང་པོར་གཙུག་ཕུད་ཕུལ་ནས་རིག་བདག་ཏུ་བསྟེན། སྔ་འགྱུར་སྙིང་མའི་ཆོས་བཀའ་རྒྱ་མཚོ་ལྟ་བུ་མན་ངག་རྒྱབ་སྐྱོར་བཅས་རྫོགས། རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ནས་མདོ་མང་གི་གྲུབ་པའི་ཁྱུ་ཚོགས་ཡོངས་ཀྱི་གཙུག་རྒྱན་དུ་བྱོན། སྤྱི་བྱེ་བྲག་གི་སྨིན་གྲོལ་གྱི་ཆོས་བཀའ་དུ་མས་སྐལ་ལྡན་རྣམས་བསྐྱངས། ལྷག་པར་གནམ་གཏེར་དང་། རཏྣ་གླིང་པ། འཇའ་མཚོན། ཀར་གླིང་གི་ཟབ་ཆོས་རྣམས་ཀྱི་གཙོས་བཀའ་གཏེར་གྱི་བསྟན་པ་བསྐྱངས་ནས་སྒྲུབ་བརྙེས་མང་དུ་བྱོན་ཀྱང་། འདིར་མཚོན་ཙམ་བཀོད་ན། རྒྱ་ཤུལ་མཚམས་པ་རིན་ཆེན་དཔལ་བཟང་ཁོང་སྐུ་ཚེ་ཧྲུལ་པོར་སྨྲ་བ་བཅད་ནས་ཡང་ཟབ་རྫོགས་པ་ཆེན་པོའི་ཉམས་ལེན་དང་འབྲེལ་དཔལ་རྟ་མགྲིན་གྱི་བསྙེན་སྒྲུབ་ཁོ་ན་མཛད་ནས་བཞུགས་པའི་སྐབས་ཤིག་ན། མགོ་ལོག་གི་དམག་ཤོག་ཅིག་ལི་སྡེའི་ཐོག་ཏུ་འོང་ནས་ལིའི་བྲག་དཀར་ཐང་ཞེས་པའི་སར་ཐོན་སྐབས་གློ་བུར་དུ་ནམ་མཁའ་ནས་རྟ་སྐད་དྲག་པོ་ཞིག་གྲགས་བྱུང་ཚེ་འོག་རྟ་ཐམས་ཅད་མཚེར་སྐད་ལྷང་ལྷང་བྱེད་བཞིན་ཉལ་ནས་འགྲོ་མ་འདོད་པས་ལྟས་ངན་དུ་རྟོགས་ནས་དམག་ཕྱིར་ལོག དགོན་དུ་བཞུགས་པའི་ཉེ་གནས་སོགས་ཀྱི་རྟ་ཡི་མཚེར་སྐད་ལྷང་བ་ཐོན་ནས་མགོ་ལོག་གི་དམག་ཐོན་བྱུང་ཞེས་འུར་ཟིང་བྱེད་སྐབས། བླ་མས་ཉེ་གནས་ལ་ཕྱག་བརྡ་མཛད་དེ་སྤྱི་གཙུག་གི་རྟ་མགོ་ལ་མཛུབ་སྟོན་གནང་བས་རྟ་དབུས་མངོན་པར་མཇལ་བ་དང་། དེ་བཞིན་དུ་ཨ་རྫི་བླ་མ་བན་ཁོ་ཞེས་བྱ་བས་རཏྣའི་གུ་དྲག་མེ་རླུང་འཁྱིལ་བའི་བསྙེན་སྒྲུབ་ལ་བཞུགས་སྐབས། ཡུལ་གཙང་རོང་གི་རྒྱལ་གདོན་མ་རུང་བས་བར་ཆད་བརྩམ་ཕྱིར་གཙང་ཁོག་བརྒྱུད་འཇིགས་རྔམ་བཅས་འོང་ནས། སྡིག་གི་རྔ་མོང་ཁ་ཞེས་པའི་ས་གནས་བལྟས་པས་མདོ་དགོན་ཕྱོགས་ཀྱི་གནས་ས་ཐམས་ཆད་མེ་དཔུང་ཞིག་ཏུ་གྱུར་བའི་ཀློང་ན་གུ་རུ་དྲག་པོའི་སྐུ་རི་བོ་ཙམ་བགྱིང་བ་མཐོང་བས་དྲན་མེད་དུ་བརྒྱལ། ཡང་སད་ཙ་ན་ཕྱིར་མིག་ལྟ་མ་ཕོད་པར་ལོག་ནས་བྲོས། དེ་ཕྱིན་ཕྱོགས་དེར་རྒྱུ་བའི་གོ་སྐབས་བྲལ་བར་གྱུར་པ་སོགས། དེ་ལྟར་བསྐྱེད་རིམ་གྱི་ཡུལ་གསུམ་གྱད་དུ་གྱུར། རྫོགས་རིམ་དོན་གྱི་འོད་གསལ་ལ་མངའ་དབང་འབྱོར་བ་རེ་རེ་ནས་བརྗོད་པར་མི་ནུས་ཀྱང་། མདོར་ན་དུས་དེའི་སྐོར་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དགོན་འདིར་ཕེབས་བཞུགས་མཛད་སྐབས། ཁོང་གི་དགོན་མའི་གྲྭ་ཁྱིམ་རེ་རེ་བཞིན་དུ་ཞབས་བཅགས་ཏེ་གཟིགས་པ་ན། ཐམས་ཅད་ཀུན་ཀྱང་ནབ་ཟ་དང་གསོལ་ཟས་དམན། རྫ་སྣོན་རེ་དང་། ལྡུམ་བུའི་གདན་ཙམ་རེ་ལས་ཉེར་སྤྱོད་གཞན་མེད་པར་འདིའི་བྱ་བ་བྲལ་བའི་ཆོས་པ་ཤ་སྟག་ཏུ་འདུག་པས། ཁོང་གི་ཞལ་ནས་ད་དུང་[page 356] ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉམས་མི་འདུག་ངོ་མཚར་ཆེ་ཞེས་ཕྱག་ཐལ་མོ་སྦྱར། དགོན་གནས་ཟེར་བ་འདི་འདྲ་ཞིག་དགོས་སུ་དཔལ་སྤྲུལ་རིན་པོ་ཆེ་ཞལ་སློབ་ཏུ་གྱུར་པ། ཨ་འཛི་པདྨ་བསྟན་འཛིན་ནམ་པད་བསྟན་ཞེས་མདོ་སྔགས་རིགས་གཞུང་ཐམས་ཅད་མཁྱེན་པའི་མཁས་གྲུབ་ཆེན་པོ་ཞིག་བཞུགས་པ་ཁོང་དགོན་འདིའི་མཁན་བརྒྱུད་ཀྱི་ཐོག་མར་འདུག་གོ ། ཁོང་ལ་གསུང་ཆོས་སྐོར་མང་ཙམ་ཡོད་པར་གྲགས་ཀྱང་ད་སྐབས་མི་བཞུགས། གསེར་ལྷ་རྩེ་དགོན་གྱི་གྱང་ཁང་སངས་རྒྱས་དཔལ་ལྡན་ཞེས་པ་དེ་ཡང་ཁོང་གིས་བླ་མར་བསྟེན་མྱོང་སྟབས་དགོན་དེར་ཡང་ཁོང་གི་བཀའ་དྲིན་གྱིས་བསྐྱངས་འདུག མདོ་མང་བླ་མ་གྲགས་པ་བསྟན་འཛིན་ནི། གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་སྤྲུལ་ཏེ། ཧོར་བྲག་འགོ་ཆུ་བར་དུ་སྐུ་འཁྲུངས། མཆོག་སྤྲུལ་ཀུན་བཟང་རྣམ་རྒྱལ་ནས་སྐུ་བདག་མཛད། རི་བོ་དགེ་ལྡན་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཀེའུ་ཚང་བསྟན་པ་ཡར་རྒྱས་ལས་བསྙེན་པར་རྫོགས། ཚུལ་ཁྲིམས་གཙང་བའི་ཚད་དུ་གླེང་། གསར་རྙིང་བཀའ་གཏེར་གྱི་དཀྱིལ་འཁོར་དུ་མའི་བསྙེན་སྒྲུབ་ཚད་དུ་འཁྱོལ། ལྷག་པར་མཁའ་སྤྱོད་མའི་བསྙེན་སྒྲུབ་ཁོ་ན་ལ་ཐུགས་འདུན་ཆེར་མཛད་པས་ཚེམས་ལ་མཁའ་སྤྱོད་མའི་སྐུ་ངོ་མཚར་ཅན་འབུར་དོད་འཁྲུངས། ཁོང་གིས་སྤྱིར་མཁས་གྲུབ་དུ་མའི་ཞབས་ལ་གཏུགས། ཁྱད་པར་དཔལ་ཡུལ་པདྨ་མདོ་སྔགས་བསྟན་འཛིན་ལས་སྨིན་གྲོལ་ལམ་གྱི་རིམ་པ་ནོད་ཅིང་ཚེ་དང་སྒྲུབ་པ་མཉམ། སྨན་དཔྱད་ལ་མཁས་ཤིང་ས་སྟོད་སྨད་སྐྱེ་འགྲོ་དུ་མར་སྨན་གྱིས་ཕན་པའི་འཕྲིན་ལས་བྱས་པས་སངས་རྒྱས་སྨན་བླའི་སྤྲུལ་པར་གྲགས། དད་པ་ཅན་ལ་ལའི་སྣང་ངོར་སངས་རྒྱས་སྨན་བླའི་སྐུར་དངོས་སུ་མཇལ་བ་སོགས་ངོ་མཚར་བའི་ཁྱད་ཆོས་དུ་མ་དང་ལྡན་ནོ།། བླ་མ་གྲགས་པ་ཁོང་གིས་པདྨ་འོད་གསལ་མདོ་སྔགས་གླིང་པའི་མདུན་དུ། མཆོག་སྤྲུལ་ཀུན་བཟང་རྣམ་རྒྱལ་གྱི་ཡང་སྲིད་གར་བཞུགས། ལུང་བསྟན་ཞུས་ཏེ་སྐུ་བདག་མཛད་པ་དེ་ནི་གཏེར་ཆེན་རྡོ་རྗེ་བདེ་ཆེན་གླིང་པ་སྟེ། གུ་རུའི་གཏེར་ལུང་དང་སྐྱེས་ཆེན་གཞན་དག་གི་ལུང་བསྟན་ལས་ཐུབ་པའི་དྲུང་དུ་དགེ་སློང་ཤ་ནའི་གོས་ཅན། ཨུ་རྒྱན་གྱི་ཞལ་སློབ་གྲུབ་ཆེན་རྒྱལ་བ་མཆོག་དབྱངས། དེ་འོག་ཀརྨ་དུས་གསུམ་མཁྱེན་པ། མ་འོངས་སངས་རྒྱས་འཇམ་དཔལ་རོལ་པ་ཞེས་དང་གཞན་ཡང་སོག་པོ་དཔལ་གྱི་ཡེ་ཤེས་དང་། འཕགས་ཡུལ་དུ་གྲུབ་ཆེན་ཕག་ཚང་པ་སོགས་ཀྱི་སྤྲུལ་པར་གསུངས་པའི་གཏེར་ཆེན་ཁོང་གི ། ཧོར་བྲག་འུ་རྡོ་མཁར་དུ་སྐུ་འཁྲུངས། སྐུ་ཤིན་ཏུ་ཆུང་དུས་ནས་ཞལ་གཟིགས་དག་སྣང་ལུང་བསྟན་དང་མཁྱེན་རབ་ནམ་མཁའ་ལྟར་རྒྱ་ཆེ། ཡི་གེ་ཀློག་སྦྱོང་སོགས་ཡོན་ཏན་ཀུན་ལ་སྦྱོང་བ་ཆེར་མ་མཛད་པར་འཇམ་དཔལ་བསྟོད་སྒྲུབ་ཁོ་ན་ལ་བརྩོན་པས་ལྷག་ལྷ་འཇམ་དཔལ་དབྱངས་ཀྱི་ཞལ་གཟིགས། དགོངས་བ་ཤུགས་འབྱུང་དུ་ཀློང་རྡོལ། ཁོང་གིས་སྤྱིར་བཤེས་གཉེན་དུ་མ་བསྟེན་པ་ལས། ཐུན་མིན་གྱི་བླ་མ་ནི་པདྨ་འོད་གསལ་མདོ་སྔགས་གླིང་པ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དཔལ་ཡུལ་མདོ་སྔགས་ཆོས་ཀྱི་ཉི་མ་རྣམས་ཡིན། དགུང་གྲངས་ཉེར་གཅིག་ནས་གུ་རུའི་ཟབ་གཏེར་རྒྱ་མཚོ་ལྟ་བུའི་ཞལ་ཕྱེ། ས་སྟོད་སྨད་ཀུན་དུ་འགྲོ་དོན་བསྐྱངས་ནས་ཁོང་གི་ཞལ་སློབ་ཏུ་གྱུར་[page 357] པ་ནི་སྟོད་རྒྱ་གར་ནས་སྨད་རྒྱ་ནག་བར་དུ་བསམ་ལས་འདས་ཀྱང་རག་བསྡུས་ཙམ་ནི། སྟོད་དབུས་གཙང་ཕྱོགས་ནས་འབྲི་གུང་སྐྱབས་མགོན་རིན་པོ་ཆེ། མཆོག་སྤྲུལ་བསོད་ནམས་ཀུན་དགའ། སྟག་ལུང་ཞབས་དྲུང་། ཀརྨ་པ་མཁའ་ཁྱབ་རྡོ་རྗེ་སོགས་འབྲི་སྟག་ཀ་ར་གསུམ་བླ་གྲྭ་ཡོངས་ལ་རིན་ཆེན་གཏེར་མཛོད་སོགས་ཀྱི་སྨིན་དབང་དང་། ཐུན་མིན་ཉམས་ཁྲིད་ཀྱི་སྐོར་མང་དུ་བསྩལ་ནས་ཀུན་གྱི་སྤྱི་བོའི་མཆོད་གནས་སུ་གྱུར། ཁམས་ཕྱོགས་ནས་རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མཁན་གཞན་དགའ་རིན་པོ་ཆེ། སྐུ་ཞབས་གཟན་དཀར་རིན་པོ་ཆེ་པདྨ་དངོས་གྲུབ། མཚམས་པ་བླ་མ་འཇམ་དབྱངས་ཨ་ཚབ་ཀུན་མཁྱེན། བོན་འཇའ་སྐུར་གཤེགས་པ་ཟླ་བ་གྲགས་པ། གཙང་སྨད་ཝ་ཤུལ་སྐུ་ཆེན། སྒོ་འཛི་གཏེར་ཆེན་ཡེ་ཤེས་འབྱུང་གནས། ལོ་ཤུལགཏེར་སྟོན་འཕན་ལོ། གཏེར་སྟོན་རང་བྱུང་། འཇང་སྒང་འཆི་མེད། ཆ་ནང་བླ་མ་ཤེས་རབ་འོད་ཟེར། ར་ཧོར་རྫོགས་སྤྲུལ། ར་ལའི་བླ་མ་རོལ་པའི་རྡོ་རྗེ་སོགས་བརྗོད་ལས་འདས། ལྷག་པར་ཁོང་དཔའ་བོ་རྒྱ་ཚ་ཞལ་དཀར་གྱི་སྐུ་སྐྱེ་ཡིན་རབས་གླིང་ཚང་རྒྱལ་པོས་ཁོང་གིས་སྤྲུལ་སྐུ་ཡིན་ཞེས་དད་མོས་བརྩེ་གདུང་ཚད་མེད་གནང་ནས་ཕོ་བྲང་གདན་དྲངས་ནས་ཟླ་བ་གཉིས་ཙམ་བཞུགས། རྒྱལ་པོ་ཉིད་བར་ཆད་ལམ་སེལ་གྱི་ཆོས་བདག་ཏུ་ལུང་གི་ཟིན་པས་ཆོས་བཀའ་དེའི་དབང་ལུང་རྫོགས་པར་གནང་། གཏེར་སྟོན་རང་ཉིད་ཀྱི་རྫོགས་ཆེན་ཆོས་བདག་ཡོངས་རྫོགས་ཀྱི་གདམས་ཁྲིད་མ་ལུས་པ་ཆིག་རྫོགས་སུ་བསྩལ་བ་ནི་གླིང་ཚང་རྒྱ་ནག་རྒན་མའམ་གསང་མཚན་པདྨ་བདེ་ཆེན་རོལ་པ་སྩལ་དེ་ཉིད་དོ།། དུས་དེ་དང་ཕྱོགས་མཚུངས་སུ། མཚན་མདོ་སྔགས་བསྟན་པའི་ཉི་མའམ་ཚེ་མཚམས་པ་མདོ་ལོ་ཞེས་བྱ་བ་ཁོང་། གྲུབ་ཆེན་ཐང་རྒྱལ་དང་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་རྣམ་སྤྲུལ་དུ་གྲགས་ཤིང་། གོ་ལའི་སྔགས་བརྒྱུད་འཇང་སྒང་བླ་བྲང་གི་གདུང་སྲས་སུ་སྐུ་འཁྲུངས། སྐུ་བྱིས་པའི་དུས་ནས་གནས་དབེན་ཁྲོད་དུ་ཐུགས་སྤྲོ་བ། བྱམས་སྙིང་རྗེ་ཆེ་བས་ཐེག་ཆེན་གྱི་རིགས་སད་པ་སོགས་ཀྱི་ཡོན་ཏན་སྐྱེས་ཐོབ་ཀྱིས་ཡོད་པའི་དམ་པ་འདིའི་ཐུན་མིན་གྱི་རྩ་བའི་བླ་མ་ནི། ཨ་འཛོམས་འབྲུག་དགོན་སྣ་ཚོགས་རང་གྲོལ་ཉིད་ཡིན་ལ་གཞན་ཡང་དཔལ་ཡུལ་རིག་འཛིན་དཔལ་ཆེན་འདུས་པ། མི་ཕམ་འཇམ་དབྱངས་རྣམ་རྒྱལ། ལྕགས་སྐོང་གཏེར་ཆེན་བདུད་འཇོམས་རྡོ་རྗེ། སྐུ་ཞབས་བྲག་དཀར་རིན་པོ་ཆེ་སོགས་གསར་རྙིང་གི་བཤེས་གཉེན་མང་པོ་བསྟེན། སྐུ་ཚེ་ཧྲིལ་པོར་ཚེ་མཚམས་མཛད་ནས་བཞུགས་ཀྱང་མཛད་པ་ཐའ་མའི་ཚེ་སྐུ་གདུང་ལས་རིང་བསྲེལ་བབ་པ་དང་། འཇའ་ཤར་བ་སོགས་ངོ་མཚར་གྱི་རྟགས་ཐོན་པ་ཙམ་ལས་འཇའ་ལུས་ལྷག་མེད་དུ་དེངས་མ་ནུས། གཡུ་ཁོག་བླ་མ་ཆོས་དབྱིངས་རང་གྲོལ་གྱི་ཞལ་ནས། ཁོང་ཨ་འཛོམས་འབྲུག་རྒན་ལ་སློབ་མ་འཇའ་ལུས་པ་བཅུ་གསུམ་ལུང་གིས་ཟིན་པའི་ནང་ནས་གཅིག་ཡིན་པས་འཇའ་ལུས་ལྷག་མེད་དུ་དེངས་ངེས་ཀྱང་། མདོ་མང་བླ་བྲང་གི་ཁུར་བཞེས་དགོས་ཐུག་ནས་དཀོར་ཕྲན་བུ་བཞེས་པའི་རྐྱེན་གྱིས་ལེན་ཞེས་གསུངས་སོ།།

མདོ་མང་སོག་སྤྲུལ་ལམ་ཀུན་བཟང་ཐེག་མཆོག་རྡོ་རྗེ། ཁོང་སོག་རྦ་ནག་ཏུ་སྐུ་འཁྲུངས། ཨ་ལག་[page 358] པདྨ་མ་དངོས་གྲུབ་ཀྱིས་ངོས་འཛིན་གནང་སྐུ་བདག་མཛད་ནས་དམོ་དགོན་དུ་གདན་དྲངས། དབོན་དམ་པ་དབང་ཕྱུག་གི་སྐྱེ་སྤྲུལ་དུ་མངའ་གསོལ། གཞོན་དུས་ནས་གཏེར་ཆེན་རྡོ་རྗེ་གླིང་པའི་ཞབས་འབྲིང་བྱས་ནས་རྩ་བའི་བླ་མར་བསྟེན། སྣང་སེམས་ལ་དབང་ཐོབ། གཏེར་ཆེན་རིན་པོ་ཆེ་གདན་གྱི་པདྨ་རི་མཐོར་བཞུགས་སྐབས། སོག་སྤྲུལ་ཁོང་རང་དགོན་གྱི་དབོན་བླ་མ་མདོ་ལོའི་མདུན་ཕྱག་ཡིག་སྐྱེལ་དུ་བཏང་ཚེ་ཁོང་འབྲི་ཆུས་ཕ་རི་ལ་མ་ཕེབས་ཐབས་མེད་དོ་གལ་བྱུང་སྐབས། འབྲི་ཆུའི་གྲུ་པ་ཚོས་ཁོང་ལ་གྲུ་མ་བཏང་བས་ཐུགས་རྒྱལ་བཞེངས་པའི་ཚུལ་གྱིས་ཆིབས་རྟ་མ་བཅིབ་སྟེ་ཆུ་ལ་ཐད་ཀར་བརྒལ་ནས་ཕ་རི་ལ་བྱོན་པས་ཐམས་ཅད་ཧ་ལས་ཤིང་དད་པར་གྱུར། མཚན་ལ་ཁམས་པ་ཆུ་བཅད་བླ་མར་གྲགས། གཞན་ཡང་དུས་གཅིག་ན་ཁོང་བླ་གྲྭ་ཉུང་ཙམ་ཧོར་བྲག་འགོའི་ཆུ་བར་ཐང་དུ་ཐོན་སྐབས་དྲེའུ་ཞིག་གློ་བུར་དུ་འདྲོག་དེ་ཁལ་ས་ལ་དྲུད་ནས་རྒྱུག་སྐབས་ཁོང་གིས་ལྕག་ཚན་གྱིས་བྲབ། ཆིབས་ལས་བབ་སྟེ་ཞབས་ལྷམ་གཉིས་ཕུད་ནས་ལྷམ་སྒྲོགས་ཀྱིས་ཁ་བསྡམས་སྟེ་སེང་ལྡེང་ནང་སྐུ་ཞབས་རྒོད་ཚང་གི་གཟིམས་ཁང་དུ་ཕེབས་ནས་བཞུགས་སྐབས་བྲག་དགོན་དུ་ཤུགས་ལྡན་གྱི་སྐུ་བརྟེན་པར་ལྷ་ཕབ་དགོས་པས་རྒོད་ཚང་རིན་པོ་ཆེ་སྐུ་ཞབས་མཁན་ཆེན་རྣམ་གཉིས་སོགས་ཡང་ཡང་སྤྱན་འདྲེན་ཇི་ལྟར་མཛད་ཀྱང་ལྷ་བབ་ཏུ་མ་སྟེར། ཁོང་རྣམ་གཉིས་ནས་ལྷ་གོས་ཞུ་དར་བཅས་བསྐུར་ཏེ་མདོ་མང་སོག་སྤྲུལ་ལ་ཐུགས་ལྷོད་པར་ཞུ་བ་གྱིས་ཤིག་ཅེས་བང་མི་མངགས་པས། མི་དེ་ཤིས་མདོར་ཐོན་པ་སོགས་སྤྲུལ་དཔོན་གཡོག་ཕ་རི་མངགས་པས། མི་དེ་ཤིས་མདོར་སོག་སྤྲུལ་དཔོན་གཡོག་ཕ་རི་ལ་ཕེབས་འདུག་ཅེས་ཐོས་པ་ས་དེར་ས་དེར་སོང་ནས་ལོ་རྒྱུས་རིམ་བཞིན་ཞུས། ཁོ་བོའི་ལྷམ་དེ་ཁྱེར་ཤོག་གསུངས་ཤིང་ལྷམ་གཉིས་ཀྱི་ཁ་ཕྱེ་མ་ཐག་བྲག་དགོན་གྱི་ལྷ་བབས་བྱུང་བ་སོགས་ལོ་རྒྱུས་ངོ་མཚར་དུ་མ་མཆིས། ཁོང་གིས་མདོ་དགོན་ལ་བཀའ་དྲིན་ཆེ་བས་ཕྱག་རྗེས་མང་དུ་ཡོད་ཀྱང་ཡི་གེ་མང་བས་མ་བྲིས། 1959ལོར་ཧོར་བྲག་དགོན་དུ་གསར་རྗེའི་སློབ་སྦྱོང་མཛད་བཞིན་པའི་སྐབས་མཛད་པའི་མཐའ་མ་ཉེ་བར་བསྡུས་སོ།།

བཀའ་དྲིན་འཁོར་མཐའ་བྲལ་བ་མཆོག་སྤྲུལ་ཡེ་ཤེས་རྡོ་རྗེ་ནི་ཧོར་ཁམས་ཀྱི་བཀྲ་ཁྱོམ་ཞེས་པའི་འབྲོག་སྡེ་ཞིག་ཏུ་སྐུ་འཁྲུངས། འཇང་སྒང་ཨ་དཀོན་གྱིས་སྐུ་བདག་མཛད། འཇང་སྒང་སྤྲུལ་རྒོད་ཞེས་གྲུབ་བརྙེས་ཀྱི་སྐྱེས་བུ་ཞིག་བཞུགས་པ་དེ་ལ་སྐུ་སྐྱེའི་མཚན་གསོལ། དེ་རྗེས་ནས་མདོ་དགོན་གྱི་བསྟན་པའི་བདག་པོར་ཕེབས། དཔལ་ཡུལ་དར་ཐང་མཆོག་སྤྲུལ་རིན་པོ་ཆེ་རྩ་བའི་བླ་མར་བསྟེན། སྨིན་གྲོལ་ལམ་གྱི་རིམ་པ་མཐར་ཆགས་སུ་ནོད་གནས་ལུགས་ཀྱི་རང་ཞལ་མཇལ། སླར་ཡང་གཙང་སྐོར་གྲུབ་ཆེན་བྱམས་པ་ཆོས་འཛིན་ལས་དགོངས་བརྒྱུད་ཀྱི་སྒོ་ནས་འོད་གསལ་རྫོགས་པ་ཆེན་པོའི་དོན་ལ་བོག་འདོན་གྱི་བྱིན་དབབ། མཉམ་རྗེས་དབྱེར་མེད་དུ་གྱུར་ནས་ཆོས་བརྒྱད་བྲལ་བའི་དབེན་ཁྲོད་ཁོ་ན་ལ་ཐུགས་འདུན་ཆེ་ཡང་དགོན་པའི་ཁུར་མི་བཞེས་ཐབས་མེད་པའི་འཁོར་ལོ་གསུམ་གྱི་མཛད་འཕྲིན་བསྐྱངས་བཞིན་པ་ལས་དུས་ཀྱི་རྐྱེན་དབང་གིས་ཡུལ་ཕྱོགས་གཞན་དུ་བཤོས་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་[page 359] བསྡུས་པའི་ཞུལ་བསྟན་ནོ། དེ་སྐབས་མཁན་རིན་པོ་ཆེ་ཁ་ཤུས་དགེ་འདུན་གྲགས་པ་ཞེས་པ་ཁོང་ནི། འཇང་དབོན་ཚིལ་ཁྲིམས་རྡོ་རྗེའི་སྐུ་སྐྱེ་རུ་གྲགས། མདོ་སྔགས་ཆོས་མཛོད་རྒྱ་མཚོའི་དབང་ལུང་ཁྲིད་གསུམ་སྤྱི་དང་ཁྱད་པར་དཔལ་ཡུལ་རང་ལུགས་ཀྱི་ཆོས་བརྒྱུད་གྲུབ་མཐའ་བསྐྱངས་ནས་འཇང་སྒང་མ་དགོན་དང་མདོ་དགོན་གཉིས་ཆར་དུ་བཀའ་དྲིན་ཆེ་བའི་བླ་མ་ཡིན།

མདོ་མང་སོག་སྤྲུལ་རིན་པོ་ཆེ་ནས། རྫོགས་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་སྟག་ལུང་རྩེ་སྤྲུལ་རྣམ་གཉིས་མདུན་ནས། མདོ་མང་གཏེར་ཆེན་གྱི་ཡང་སྲིད་གར་བཞུགས་ལུང་བསྟན་ཞུས་ཏེ་སྐུ་བདག་མཛད་པ་ནི་གཡང་ཐང་སྤྲུལ་སྐུ་དང་རིན་ཆེན་སྤུང་སྤྲུལ་གཉིས་ཏེ། ཁོང་རྣམ་གཉིས་སྦས་ཡུལ་འབྲས་མོ་ལྗོངས་སུ་སྐུ་འཁྲུངས། 1942ལོ་བསྐལ་པ་ཆུ་རྟ་ལོར་མདོ་དགོན་དུ་ཆགས་ཕེབས་སྤྲུལ་སྐུ་ཏི་ཥྠ་དང་རྣམ་པ་གསུམ་ལྷན་གཅིག་ཏུ་རྡོ་རྗེའི་ཁྲི་ལ་མངའ་གསོལ། དེ་དང་ལྷན་དུ་སྔོན་གཏེར་ཆེན་རང་ཉིད་སྐུ་བཞུགས་པའི་དུས་སྐབས་རྡོ་རྗེའི་གསུང་གི་རྟེན་འབྲེལ་ལ་བསྟེན་ནས་ལི་སྲས་ཚེ་རིང་བོན་སྐྱབས་ཡང་ཁྲི་ཁར་མངའ་གསོལ་བྱས་པ་རེད།

དེ་ལས་རིན་ཆེན་སྤུང་སྤྲུལ་ནི། སྟོང་དཔོན་མཁན་པོ་དགེ་མཆོག་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ཞུས། མཚན་པདྨ་བསྟན་འཛིན་དབང་ཕྱུག་ཏུ་གསོལ། དེ་རྗེས་དཔལ་ཡུལ་མཁན་པོ་པད་མའི་མདུན་ནས་བསྙེན་པར་རྫོགས། དཔལ་ཡུལ་རང་ལུགས་ཀྱི་ཕྱག་རྫོགས་ཟུང་འཇུག་གི་ཉམས་ཁྲིད་ཕལ་ཆེར་ཞུས། དེ་རྗེས་རྫ་ཁ་བླ་མ་ཚུལ་ལོའི་མདུན་ནས་ཐུན་མིན་རྫོགས་ཆེན་གྱི་ཆོས་སྐོར་ལ་ནན་ཆེར་གསན་ནས་ཆོས་ཉིད་མངོན་སུམ་གྱི་རང་ཞལ་འཇལ། ཉམས་སྣང་གོང་འཕེལ་གྱི་རྩལ་རྫོགས་ལ་ཉེ་བའི་སྐབས་རྒོལ་བ་བཞིའི་སློབ་སྦྱོང་དང་བསྟུན་ཆོས་ཅན་རྟེན་འབྲེལ་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་བསྡུས་སོ།།

གཡང་ཐང་སྤྲུལ་སྐུ་ནི། སྟག་ལུང་རྩེ་བ་སྤྲུལ་སྐུའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཞུས། མཚན་ཀུན་བཟང་འཇིགས་མེད་བདེ་ཆེན་འོད་གསལ་རྡོ་རྗེའི་ཞེས་གསོལ། དེ་རྗེས་ནས་རིམ་བཞིན་དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་དང་རིག་འཛིན་འཇའ་ལུས་རྡོ་རྗེ་སོགས་ཐུན་མིན་གྱི་བླ་མ་བཅུ་གསུམ་ཙམ་བསྟེན་པ་ལས་སྨིན་གྲོལ་གདམས་ངག་བཅས་ཀྱི་བདུད་རྩི་ཐུགས་ཉམས་སུ་བསྟར་ཏེ་དེང་གི་དུས་སུ་ཞབས་པད་མི་འཇིགས་གདོང་ལྔའི་ཁྲི་ལ་བརྟན་བཞིན་པ་འདི་ཀོའོ།

མཆོག་སྤྲུལ་ནི་ཥྠ་ནི། མདོ་སྨད་ལི་གཙང་གཉིས་ལས་གཙང་སྟོད་འབྲོག་སྡེར་སྐུ་འཁྲུངས། ལྕགས་སྐོང་གཏེར་ཆེན་ཀུན་བཟང་ཉི་མ་དང་། ལོ་ཤུལ་གཏེར་སྟོན་འཕན་ལོ་རྣམས་གཉིས་ནས་མགྲིན་དབྱངས་གཅིག་སྒོ་ནས་བླ་མ་མདོ་ལོའི་ཡང་སྲིད་དུ་ངོས་འཛིན་གནང་། སྤྲུལ་སྐུ་ཡེ་ཤེས་རྡོ་རྗེས་སྐུ་བདག་མཛད། ཁོང་སྐུ་བྱིས་པའི་དུས་ནས་བྱམས་སྙིང་རྗེ་སོགས་ཐེག་ཆེན་གྱི་རིགས་བསད། མཚན་བརྗོད་པར་དཀའ་བ་དཔལ་ཡུལ་མཁན་ཆེན་པདྨའི་མཚན་ཅན་ལས། དབུ་ཕར་འདུལ་མཛོད། གསང་སྔགས་བླ་མེད་ནང་རྒྱུད་མདོ་སྒྱུ་སེམས་གསུམ་སྤྱི་དང་། ཁྱད་པར་དཔལ་ཡུལ་ཐུན་མིན་གྱི་ཟབ་ཆོས་ཕྱག་རྫོགས་ཟུང་འཇུག་གི་མན་[page 360] ངག་རྒྱབ་ཆོས་དང་བཅས་ཏེ་གསན་བསམ་སྒོམ་པའི་ཉམས་ལེན་དང་འབྲེལ་བའི་སྨིན་ཁྲིད་རྫོགས་པར་བྱས་པ་སོགས་སྔོན་བྱོན་དམ་པ་གོང་མའི་རྣམ་ཐར་གྱི་རྗེས་སུ་བསྙེགས། ཕྱིས་སུ་འཛམ་གླིང་བསྟན་པའི་མངའ་བདག་ཆོས་རྗེ་དམ་པ་མཁན་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་གང་གི་ཐུགས་ཀྱི་སྲས་སུ་བཞུགས་ཏེ་དབང་ཁྲིད་མན་ངག་གི་དགའ་སྟོན་འགྱེད་བཞིན་པ་འདིའོ།།

པད་མ་ཡེ་ཤེས་སམ་འཇམ་དབྱངས་བློ་གྲོས་ནི། གོ་ལའི་གདུང་རིགས་འཇང་སྒང་བླ་བྲང་གི་དབོན་པོར་སྐུ་བལྟམས། སྐུ་ཆུང་དུས་ནས་བླ་མ་གྲགས་པ་བསྟན་འཛིན་གྱི་སྐུ་སྐྱེར་མངའ་གསོལ། ཨ་འཛོམས་འབྲུག་སྲས་འགྱུར་མེད་རྡོ་རྗེ་རིགས་ཀྱི་བདག་པོར་བསྙེན་ནས་སྨིན་གྲོལ་ལམ་གྱི་ཟབ་ཁྲིད་དུ་མ་ནོད་པ་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན། མདོ་སྔགས་བཀའ་གཏེར་གྱི་རིམ་པ་དུ་མ་ཐུགས་ཀྱི་མཛོད་དུ་བསྙིལ་ནས། དེང་གི་ཆར་འཇང་སྒང་མ་འགོན་དང་། མདོ་དགོན་གཉིས་ཆར་བཀའ་དྲིན་སྐྱོངས་བཞིན་དུ་བཞུགས་སོ།།

སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ནི། ལི་ཁོག་མ་རང་སྡེའི་ཁྱིམ་གཞི་ཞིག་ཏུ་སྐུ་འཁྲུངས། ཀོང་ནི་ཀས་ཐོག་དམ་པ་བདེར་གཤེགས་དང་། ལྕགས་སྐོང་གཏེར་ཆེན་བདུད་འཇོམས་རྡོ་རྗེའི་རྣམ་རོལ་དུ་གྲགས། སྐུ་ཆུང་དུས་ནས་གཞན་སེམས་སོགས་བསྐལ་དོན་གྱི་ཤེས་བྱ་མཁྱེན་པ་དང་། ཞལ་གཟིགས་དགུ་སྣང་གི་ཆེ་བ་དུ་མ་མངའ། ཁོང་གིས་ངོས་འཛིན་གནང་བའི་མདོ་མང་རྒྱ་སྤྲུལ་རིན་པོ་ཆེ་ནི། རྒྱ་རོང་བྲག་ལྷ་མགོན་པོའམ་རྒྱལ་མོ་དམུ་རྡོའི་ཉེ་ཆར་རྒྱ་བཙན་ལའི་ཁྱིམ་ཞིག་ཏུ་སྐུ་འཁྲུངས། མདོ་དགོན་གྱི་མཚམས་པ་ཀུན་ཁྱབ་ཀྱི་སྐུ་སྐྱེ་རུ་མཚན་གསོལ། ཤུགས་འབྱུང་གི་ཉམས་རྟོགས་དང་མཁྱེན་པ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། ད་སྐབས་ཕྱི་རྒྱལ་ཨ་མི་རི་ཀའི་རྒྱལ་ཁབ་ཀྱི་ཨོ་རྒན་ཞེས་པའི་ས་ཆར། སྔ་འགྱུར་རྙིང་མའི་ཆོས་ལུགས་འཛིན་པའི་དགོན་གཞི་བཀྲ་ཤིས་ཆོས་གླིང་ཞེས་བྱ་བ་ཕྱག་བཏབ་མཛད་པ་སོགས་ངོ་མཚར་བའི་མཛད་འཕྲིན་རྒྱས་བཞིན་པའོ།།

གཞན་ཡང་དགོན་འདིའི་མཁན་བརྒྱུད་ཀྱི་རིམ་པ་ནི། ཐོག་མར་གོང་དུ་བྲིས་པའི་མཁན་རིན་པོ་ཆེ་ཨ་འཛི་པདྨ་བསྟན་འཛིན། དེའི་རྗེས་སུ་ལྷ་ཤུས་མཁན་པོ་ཐུབ་བསྟན་ཁོང་མི་ཉག་ཀུན་བསོད་དང་ལྕགས་སྐོང་གཏེར་ཆེན་སློབ་མ་ཡིན། དེའི་རྗེས་སུ་མཁན་དགེ་འདུན་གྲགས་པ་སྟེ་གོང་དུ་བཤད་པ་དེ་ཀའོ། དེ་རྗེས་སུ་མཁན་རིན་པོ་ཆེ་རྫ་ཁ་བླ་མ་ཚུལ་ལོ། །ཁོང་ནི་བླ་མ་གྲགས་པ་བསྟན་འཛིན་དང་མདོ་མང་གཏེར་ཆེན་གྱི་སློབ་མ་ཡིན། མཁན་ཆེན་བློ་བཟང་ཆོས་གྲགས་ནི་རྫོགསཆེན་མཁན་གཞན་དགའ་རིན་པོ་ཆེ་སོགས་བཤེས་གཉེན་དུ་མའི་སློབ་མ་ཡིན། རྒྱ་རོང་མཁན་ཆེན་བཀྲ་ཤིས་དགེ་ལེགས་ནི། དཔལ་ཡུལ་ཀརྨ་ཡང་སྤྲུལ་སོགས་ཀས་དཔལ་གཉིས་ཀྱི་མཁས་གྲུབ་དུ་མའི་ཞབས་རྡུལ་ལ་བསྟེན་པ་སྟེ། ཁོང་རྣམ་གསུམ་ནི་དུས་མཉམ་དུ་བྱོན་པའོ། །དེ་རྣམས་ཀྱི་རྗེས་སུ། གནམ་མཚོ་མཁན་རིན་པོ་ཆེ་ལེགས་བཤད་ཉི་མ། ཁོང་ནི་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་དང་། ཀ་ཐོག་མཁན་པོ་ནུས་ལྡན། དཔལ་ཡུལ་མཁན་ཆེན་[page 361] པདྨ་རིན་པོ་ཆེ་སོགས་ཀྱི་ཐུགས་སྲས་སུ་གྱུར་ནས་ད་སྐབས་ཆོས་ཚུལ་བཞིན་སྒྲུབ་ངེས་ཀྱི་གང་ཟག་རྣམས་ལ་བློ་སྦྱོང་ཉམས་ཁྲིད་ཀྱི་སྐོར་བཀའ་དྲིན་སྐྱོངས་བཞིན་བཞུགས་པའོ། མཁན་བསོད་དར་རྒྱས་ཁོང་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་རྣམ་གཉིས་ཀྱི་ཞབས་རྡུལ་སྤྱི་བོར་བསྙེན་ཅིང་། མདོ་སྔགས་གཞུང་ལུགས་ཡོངས་ལ་སྦྱངས་བ་མཐར་ཕྱིན་དུ་མཛད་ནས། ད་ལྟ་མདོ་དགོན་གྱི་བཤད་གྲྭ་བ་རྣམས་ལ་སྔ་འགྱུར་རང་ལུགས་ཀྱི་གྲུབ་མཐའ་ནོར་བའི་དཔེ་ཁྲིད་ཀྱི་བཀའ་དྲིན་ལྷོད་མེད་དུ་སྐྱོང་བཞིན་པའོ། དེ་ལྟ་བུའི་དགོན་གཞི་འདི་ལ་བར་བར་དུ་དར་རྒུད་ཅི་མང་ཞིག་བྱུང་བར་བརྟེན་དགོས་གཞི་གཏན་བརླག་ཏུ་ཤོར་བའང་ལན་གསུམ་ཙམ་བྱུང་སྟེ། སྔོན་མར་བཏབ་པའི་དགོན་པ་དེ་ལ་མདོ་མང་དགོན་རྙིང་ཞེས་བྱ་ལ། གཏེར་ཆེན་རིན་པོ་ཆེའི་སྐུ་དུས་སུ། གཏེར་ཆེན་གུ་རུ་ཆོས་དབང་གི་ཚེ་བཅུའི་རྩ་འཇམ་གྱི་དུས་མཆོད་ཚུགས་སྐབས། དགོན་གསར་དེ་ཅུང་ཟད་ས་རྒྱ་ཆུང་བའི་རྐྱེན་གྱིས་དགོན་གནས་སྤོས་ཏེ་རྨ་ཆེན་ཁམས་མདོ་ཟེར་བའི་སར་དགོན་པ་བཏབ། དེ་ཡུན་རིང་མ་བརྟན་པར་རྒྱལ་རོང་ཁྲོ་སྐྱབས་དམག་གིས་གཙུག་ལག་ཁང་སོགས་མེར་བསྲེགས་ནས་གཞི་མེད་སོང་། དེ་ནས་རྙིང་རོང་གི་རྒྱུད་དུ་གཏོགས་པའི་སྐྱིད་ཡུལ་ཁ་མདོ་ཞེས་པར་དགོན་གཞི་ཕྱག་བཏབ་བྱས། ཐུབ་བསྟན་དགེ་འཕེལ་གླིང་ཞེས་མཚན་གསོལ། གཙུག་ལག་ཁང་དང་བླ་བྲང་སྒྲུབ་གྲྭ་ཤག་སོགས་སྤུས་གཙང་བ། ནང་རྟེན་ཟངས་གསེར་དང་སྨན་འདམ་གྱི་སྐུ་གསར་བཞེངས་དང་རྟེན་རྙིང་ལི་མའི་སྐོར། གཞན་ཡང་བྲིས་མའི་སྐོར་གྱི་སྐུ་རྟེན། བཀའ་བསྟན་གཙོ་གྱུར་གསུང་རྟེན་པོ་ཏི་སྟོང་ཕྲག་ལྷག་དང་། གནའ་རྫས་བཟང་པོ་སྤུས་ལེགས་ཀྱི་རོལ་ཆ་མང་པོ། གསེར་ཟངས་དང་དངུལ་དཀར་སྐུ་གདུང་ཆ་བརྒྱད་ཆེ་ཆུང་སྣ་ཚོགས། གསེར་འབག་མང་པོ། གསེར་དངུལ་གྱི་མཆོད་རྫས་དུང་གླིང་གི་སྐོར་སོགས་དགོན་སྔ་མ་གཉིས་ལས་བླ་ལྷག་ཏུ་གྱུར་པའི་དགོན་བཞི། གཞན་མ་ཚོས་ཡིད་སྨོན་བྱེད་པའི་སྟོབས་མངའ་ཐང་རྒྱས་པ་ཞིག་གཏེར་ཆེན་རིན་ཆེན་ནི་སྟོད་འབྲས་ལྗོངས་ཀྱི་ཕྱོགས་སུ་ཕེབས་དགོས་ཐུག དེ་རྗེས་དམར་དམག་རྒྱང་བསྐྱོད་སྐབས་འདི་སྐོར་གྱི་འབྲོག་སྡེ་ཐམས་ཅད་མགོ་ལོག་གི་ཕྱོགས་སུ་བྲོས་བྱོལ་ཕྱིན། བླ་གྲྭ་རྣམས་ཀྱང་ཐུག་ཚབ་ཚུབ་ཏུ་ཡོད་སྐབས། དམག་ཉེ་འགྲམ་དུ་སླེབས་ཚེ་གློ་བུར་ནགས་གསེབ་དང་རི་སྒང་རྣམས་སུ་བྲོས་ཏེ་ཕྱིན་ཤུལ་དགོན་སྟོང་ནང་དམར་དམག་རྣམས་སྡོད་སྐབས་གཙུག་ལག་ཁང་སོགས་མེ་ལ་ཤོར། དགོན་གཞི་དེ་ཁང་མཚེ་སྒྲོལ་མ་ཡིན་སྟབས་རྟེན་གསུམ་དང་མཆོད་རྫས་ཐམས་ཐད་ལྷག་མེད་དུ་སོང་། རྐྱེན་དེས་སྟོབས་ཀྱིས་དེར་དགོན་གཞི་ཆགས་མ་ནུས་པར་སྔར་གྱི་མདོ་མང་དགོན་རྙིང་གི་ཉེ་ཆར། སྤྲུལ་སྐུ་ཡེ་ཤེས་རྡོ་རྗེའི་སྐུ་རིང་དུ་དགོན་གཞི་སྔ་མ་བཞིན་ཆགས་ཏེ། དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་གཙུག་ལག་ཁང་གི་ས་དཔྱད་དང་ས་འདུལ་ཞིབ་རྒྱས་སུ་མཛད། ཆོས་འཆད་ཉན་གྱི་ཐོག་མར་དཔལ་ཡུལ་མཆོག་སྤྲུལ་ཉིད་ནས་གནམ་ཆོས་ཀྱི་དབང་ལུང་རྒྱས་པར་གནང་། དེ་རྗེས་ནས་རིམ་པར་སྟོད་ཕྱོགས་ནས་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཡང་སྲིད་རྣམ་གཉིས་དང་། འདི་ཕྱོགས་ནས་བླ་མ་གྲགས་པ་དང་། དབོན་པོ་མདོ་ལོ་རྣམ་[page 362] གཉིས་ཀྱི་ཡང་སྲིད་བཅས་ཁོང་རྣམ་པ་བཞི་ལྷན་དུ་གདན་འཛོམས། སྤྲུལ་སྐུ་རྒན་པ་སོག་སྤྲུལ་དང་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱིས་བསྟན་གཞི་ལ་གཟིགས་ཏེ། བསྟན་གཞི་ཆེར་རྒྱས། བཤད་སྒྲ་དང་སྒྲུབ་གྲྭ་ཚུགས། ཁྱད་པར་དུ་དཔལ་ཡུལ་མ་དགོན་ནས་མཁན་ཆེན་པདྨ་གདན་ཞུས་ཏེ་ལོ་བརྒྱད་ལ་ཆོས་གྲའི་མཁན་པོ་གནང་། ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། མི་ཕམ་རིན་པོ་ཆེའི་གྲུབ་མཐའ་བསྐྱངས། མདོ་སྔགས་རིགས་གཞུང་མཐའ་དག་རྫོགས་པའི་བླ་སྤྲུལ་མཁས་པའི་འདུ་ཚོགས་རྒྱས། རྒྱལ་མོ་ཚ་རོང་ཡན་ནས་གྲྭ་སའི་འདུ་བ་འཕེལ། དགོན་སྔ་མ་དག་གི་ཕྱག་རྒྱུན་ལྟར་དུས་མཆོད་གར་འཆམ་བཅས་ཚུགས་པར་མ་ཟད་གསར་གྱིས་དུས་མཆོད་ཀྱང་མང་དུ་ཚུགས་སོ། དེ་ལྟར་བསྟན་གཞི་ཤིན་ཏུ་རྒྱས་བཞིན་པའི་སྐབས་དེར། ངོ་རྒོལ་བཞི་དང་རིག་གནས་གསར་རྗེའི་སྐབས་གྱོང་རྒུད་ཧ་ཅང་འབྱུང་བ་ནི་སྤྱིའི་གནས་ཚུལ་ལྟར་དགོན་གཞི་རྩ་མེད་དུ་གྱུར་པའོ།།

སླར་ཡང་རྒྱལ་བའི་བསྟན་པ་ཡང་དར་གྱི་སྐབས། རབ་བྱུང་བཅུ་བཅུ་དྲུག་པའི་ཤིང་མོ་གླང་གི་ལོར་མཆོག་སྤྱུལ་ཏི་ཤྠ་ཉིད་ཐུགས་བསྐྱེད་ཁུར་བཞེས་ཀྱིས་རང་རེ་བྲག་འགོ་རྫོང་རིམ་པ་ཁག་གི་ལས་ཁུངས་རྣམས་ཀྱི་ཆོག་མཆན་དང་བསྟནུ། འཛམ་གླིང་རྒྱལ་བསྟན་གྱི་མངའ་བདག་ཆོས་རྗེ་དམ་པ་མཁན་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་སུམ་ཚོགས་འབྱུང་གནས་གང་ཞིག་གི་ཞལ་གསུང་སོགས་ནང་པ་སངས་རྒྱས་པ་སྤྱའི་སྒྲིག་ལམ་ཕྱག་བཞེས་ལྟར། སྔར་གྱི་དགོན་ཐེངས་བཞི་པ་ཆགས་པའི་དགོན་པ་རྙིང་པ་དེར། དམ་ཚིག་ལ་སྐྱོན་མེད་པའི་འདུས་སྡེ་གཙང་མས། ལྷ་མཆོག་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་བརྟེན་ནས་ཐོག་མར་ས་འདུལ་མཛད་པ་སོགས་སྣ་འགྲོའི་ཆོ་ག་རྫོགས་པར་མཛད་ནས་དགོན་གསར་བཞེངས་རྒྱུ་གཞི་བཞག དེ་མ་ཐག་ཤྰཀྱའི་དགེ་ཚུལ་སློང་མདའ་དབང་གྲངས་55ཀྱིས་དབྱར་སྔ་མ་ཞལ་གྱིས་བཞེས་ཏེ། དཀོན་མཆོག་གསུམ་རྗེ་སུ་དྲན་པའི་མདོ་འགྲེལ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས་ཀྱི་ཐོག་དྲངས། འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་དབྱར་ཆོས་མཛད་པ་སོགས་བཤད་སྒྲུབ་འཁོར་ལོ་གསུམ་ལྡན་གྱི་དབུ་བཙུགས། གཙུག་ལག་ཁང་དང་གྲྭ་ཤག་སོགས་དགོན་སྤྱིའི་འཛུགས་སྐྲུན་ལ་མཆོག་སྤྲུལ་ཏིཥྠ་ཉིད་ནས་སྐུ་ཚེགས་འཛེམས་མེད་དང་། གྲྭ་ཚང་ཡུལ་སྡེ་ཀུན་ནས་གཅིག་སྒྲིལ་དུ་རྒྱུ་ནོར་དང་ལས་ཤུགས་ལ་ཧུར་ཕྱུང་བྱས། སྤྲུལ་པདྨ་ཡེ་ཤེས་ཁོང་ནས་ཀྱང་ཕྱག་རྫས་དང་ཞལ་བཀོད་སོགས་རྒྱབ་སྐྱོར་གནང་བར་བརྟེན་གཙུག་ལག་ཁང་དང་གྲྭ་ཤག་སོགས་ལེགས་ཙམ་གྲུབ། མཁན་ལེགས་བཤད་དང་། དེས་པ་རྣམ་གཉིས་ནས་བཤད་སྒྲུབ་ཀྱི་རྒྱུན་བར་མེད་དུ་བཟུང་སྟེ། དབུ་ཕར་འདུལ་མཛོད། མདོ་རྒྱུད་སེམས་གསུམ་སོགས་ཀྱི་འཆད་ཉན་སྤེལ། སྔར་གྱི་དབུ་མཆོད་རྒན་པ་དང་མཚམས་དཔོན་རྒན་པ་རྣམས་གར་དབྱངས་ཐིག་གསུམ། བཅའ་འབུད་བརྡུང་གསུམ་སོགས་རང་རང་ལ་ཡོན་ཏན་ཡོད་ཚད་ཀུན་གྲྭ་ཆུང་རྣམས་ལ་ལེགས་པར་བསླབས། དགོན་སྔ་མ་རྣམས་ཀྱི་ཕྱག་སྲོལ་ལྟར་ན་དུས་མཆོད་སོགས་མང་ཙམ་ཡོད་པ་དེ་དག་ཀུན་རེ་རེ་ནས་བཙུག་མ་ཐུབ་ཀྱང་། ཚེས་བཅུ་དང་དགུ་གཏོར་སོགས་གར་འཆམ་བཅས་འགའ་རེ་ཚུགས། དུས་དེ་ཡི་སྐབས་སུ་རབ་[page 363] བྱུང་བཅུ་བདུན་པའི་ཆུ་སྤྲེལ་ལོར། རང་རེའི་བསྟན་བདག་གཡང་ཐང་རིན་པོ་ཆེ་འབྲས་སྗོངས་ཡབ་གཞིས་ནས་བལ་ཡུལ་བརྒྱུད་གསང་གསུམ་ལ་ཉེ་ཞོ་མེད་པར་བཀྲ་ཤིས་པའི་ཁྲིར་ཕེབས། བལ་པོའི་ལི་གསར་ཨོ་རྒྱན་རིན་པོ་ཆེ་སྟོང་སྐུ་སོགས་སྐུ་རྟེན་དུ་མ་དང་། རོལ་མོའི་རིགས་དུ་མ་སོགས་དགོན་སྤྱིའི་རྟེན་རྫས་དང་མཆོད་རྫས་སུ་གནང་བཞག་མཛད། དེར་མ་ཟད་བཤད་སྒྲུབ་གཉིས་ཀྱི་གཙུག་ལག་ཁང་དང་གྲྭ་ཤག་བཅས་ལ་ཕྱག་རྫས་གཏོང་སྒོ་མཇད་ནས་བཀའ་དྲིན་སྐྱོང་བཞིན་པའོ། སྤྱིར་སྔར་གྱི་རྟེན་རྙིང་སྐར་ལ་སྟོན་པའི་ཞལ་ཚབ་ཐུབ་པ་གསང་ཆེན་མཚོ་ཞེས་ལྷ་སའི་ཇོ་བོ་དང་སྐུ་རྒྱུ་གཅིག་ཅིང་བྱིན་རླབས་མཉམ་པར་གྲགས་པ་དེ་ད་ལྟར་བཞུགས་ལ། དེ་མིན་སྦུབ་ཆལ་རྙིང་པ་རེ་གཉིས་དང་། དགེ་སྐོས་ཁྲིམས། དབྱུག་བྱིན་ཅན་གཅིག་ཙམ་ལས་མ་ལུས། གསུང་འབུམ་སྐོར་ལ་སྔོན་བྱོན་གོང་མ་དག་ལ་གསུང་འབུམ་སོགས་ཡོད་མིན་ཆེར་མི་གསལ་ཏེ་དགོན་ཆགས་འཇིགས་མང་པའི་རྐྱེན་གྱིས་མ་ངེས་ལ། ད་སྐབས་སུ་བཞུགས་པ་ནི། གཏེར་ཆེན་རྡོ་རྗེ་བདེ་ཆེན་གླིང་པའི་གཏེར་བྱོན་གཙོར་གྱུར་བའི་པོད་བཅུ་གསུམ། ཨ་ལག་དོན་ཡོད་ཀྱི་དག་སྣང་སྐོར་པོད་གཅིག གཡང་ཐང་རིན་པོ་ཆེའི་གསུང་ཐོར་བུའི་སྐོར་ཕྲན་བུ། མཁན་དེས་པའི་གསུང་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་རྩ་བ་དང་དེའི་འགྲེལ་བ་བཅས་པོད་གཅིག་དབུ་མ་འཇུག་པའི་རྣམ་བཤད་པོད་གཅིག་བཅས་བཞུགས། གསུང་རབ་སྤར་ཤིང་གི་སྐོར སྔོན་གཏེར་ཆེན་རིན་པོ་ཆེའི་གཏེར་པོད་ཡོངས་རྫོགས་ཀྱི་སྤར་ཤིང་དང་། མཁན་གཞན་དགའི་ཕྱག་མཆན་གཞུང་པོད་བཅུ་གསུམ་གྱི་སྤར་ཤིང་བཞེངས་པར་བརྩམས་ནས་དབུ་པོད་སྤྱོད་འཇུག་འགྲེལ་ཆེན་ཙམ་བཞེངས་གྲུབ་པ་དང་། གཟུངས་ཆེན་སྡེ་ལྔ་གཙོས་གཟུངས་འབུལ་སྐོར་སྤར་དཔེ་བརྒྱ་ཙམ་དང་། གནོད་སྦྱིན་འཁོར་ལོ་སོགས་དང་བཏགས་གྲོལ། གདུགས་དཀར་སོགས་བསྲུང་བ་ཙཀྲའི་སྐོར། ལས་སྒྲོབ་རྒྱུན་གཅོད་སོསག་ལག་འཁོར་གྱི་སྤར་ཤིང་། ལྟུང་བཤགས་དང་བསམ་ལྷུན་སྒྲོལ་མ་སོགས་དར་ལྕོག་སྤར་ཤིང་གི་སྐོར་སོགས་ཧ་ཅང་མང་པོ་ཞིག་ཡོད་ཀྱང་བོད་སྤྱིའི་གནས་ཚུལ་ལྟར་ཐམས་ཅད་གཞི་མེད་དུ་གྱུར་རོ།

དགོན་འདིའི་དགོན་ལག་ཏུ་གྱུར་པ་ནི། སྔར་མདོ་སོག་སྤྲུལ་གྱི་ཕྱག་བྲིས་དཔེ་དེབ་ཤིག་ཡོད་པའི་ནང་འཁོད་ལྟར་ན། སྟོད་རྒྱ་གར་འབྲས་ལྗོངས་དང་། སྟོད་གངས་རི་དེང་རི་ཁུ་ནོ་རོང་། སྟ་འགོ་ལ་རྒྱབ་སོགས་ནས་སྨད་རྒྱལ་མོ་ཚ་བ་རོང་ཡན་ཆོད་དུ་ཧ་ཅང་གྲངས་མང་བ་ཞིག་ཡོད་ཀྱང་། ད་ལྟ་དཔེ་དེབ་བརླག་ཤོར་བའི་རྐྱེན་གྱིས་ཚུལ་བཞིན་མ་ངེས་ཀྱང་། འདི་ཕྱོགས་ཉེ་སྐོར་ནས་མཚོན་ཙམ་བཀོད་པར་བྱ་སྟེ། དེ་ཡང་འཛམ་ཐང་རྫོང་ཀུན་མཚར་དགོན། དེའི་དབང་གི་ཆུ་བྲག་རྫོང་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་དགོན་དེའང་འདིའི་དགོན་ལག་ཏུ་སོང་། བྲག་བར་དབང་གི་དགོན་པ། ཉན་མཁས་དགོན། འབུར་རྩེ་དགོན། སེ་ཏུ་དགོན། ཀྱོ་དག་དགོན། ཀྱོམ་གྱོ་སྦར་རྔ་དགོན་འདི་རྣམས་འབར་ཁམས་རྫོང་། རོང་བྲག་རྫོང་གི་གཡང་རྭ་དགོན། བྲག་འགོ་རྫོང་གི་གཅམ་ལ་དགོན་འདི་སྔ་མ་ཀ༔ཐོག་གི་དགོན་ལག་ཡིནཀྱང་སྤྲུལ་སྐུ་ཡེ་ཤེས་རྡོ་རྗེ་སྐུ་རིང་ལ་མདོ་མང་དགོན་གྱི་དགོན་ལག་ཏུ་གྱུར་རོ།

[page 364] གཞན་ཡང་མདོ་དགོན་འདིའི་མ་དགོན་དངོས་ནི་འཇང་སྒང་དགོན་པ་ཡིནཀྱང་། སྡེ་དགེ་དཔལ་ཡུལ་མ་དགོནདང་། དར་ཐང་དཔལ་ཡུལ་དགོན་གཉིས་ནི་རྒྱལ་བ་དཔལ་ཡུལ་བའི་ཆོས་བརྒྱུད་རྩ་བ་ཡིནཔ་དང་། གཙང་རྭ་ཧོར་དགོན་དང་མདོ་དགོན་གཉིས་བླ་མ་གཅིག་གིས་ཕྱག་བཏབ་ཡིན་ལ། སྙི་ཁོག་གི་སྒོ་ཆེན་དགོནཔ་ཡང་ང་ཚོའི་དགོན་འདེབས་པའི་བླ་མ་དེས་ཞིག་གསོ་མཛད་པའི་དགོན་པ་ཡིན་སྟབས་དགོན་དེ་གསུམ་ནི་བུ་སྤུན་ལྟ་བུའི་འབྲེལ་བ་ཆགས་པའོ། གཙང་རྩེ་མདའ་དགོན་པའི་བླ་བྲང་ནང་སོའི་གདུང་བརྒྱུད་དེ་གོ་ལའི་སྔགས་འཆང་གི་གདུང་རྒྱུད་དངོས་ཡིན་བ་དང་། འཇང་སྒང་ཨ་འཕེན་དང་། གཙང་མདའ་རྡོ་རྗེ་ཐར་ཤུག་སྒང་འབའ་ཏིང་། ལྷ་རྩེ་ཡེ་ཤེས་སེང་གེ་བཞི་པོ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་ཐུགས་སྲས་བུ་ཆེན་བཞི་ཡིན་ལ། དེ་བཞིས་བབཏ་པའི་དགོན་པ་བཞི་ལ་རྒྱལ་བ་དཔལ་ཡུལ་ཚང་གི་གུར་དཀར་པོའི་ཆོན་ཆེན་བཞི་ཞེས་གྲགས་པས་དགོན་བཞི་ཧ་ཅང་ཐུགས་མཐུན་ལ་འབྲེལ་བ་ཆེའོ།།

དགོནའདིའི་ད་སྐབས་བསྟན་བདག་ནི། གཡང་ཐང་རིན་པོ་ཆེ་དང་། མཆོག་སྤྲུལ་ཏི་ཥྠ་སྤྲུལ་སྐུ་པདྨ་ཡེ་ཤེས་ཁོང་རྣམ་པ་གསུམ་ཡིན། ཁྲི་པ་ནི་ཨ་ལག་ཞེས་སྔོནགཏེར་ཆིན་རིན་པོ་ཆེའི་སྐུ་དུས་ནས་བྱོན་པའི་སྔགས་འཆང་གི་གདུང་རིགས་ཡོད་པ་ཡིན་ལ། ཁོང་གི་གདུང་རབས་ཐོག་མ་ཨ་ལག་པདྨ་དངོས་གྲུབ་ཞེས་པ་དེ་སོག་ཡུལ་དུ་ཕེབས་ནས་དབྱར་ཆུ་པོ་རྒྱས་པའི་སྐབས་ཁོང་གི་གཟན་དཀར་དེ་བཞི་ལྡེབ་བྱས་ནས་སོགས་མཚོ་སྔོན་སྟེང་དུ་བཞག་ཁོ་རང་དེའི་སྡེང་དུ་སྐྱོལ་གྲུང་བཅས་ནས་བཞུགས། ཕྱག་རྟེནདེས་གྲུ་དབྱུག་མཛད་ནས་མཚོའི་ཕ་རི་ལ་ཕེབས་སོང་བས་དེ་ཕྱོགས་སོག་སྟོད་སྨད་ཀུན་ཏུ་མཚན་སྙན་གྲགས་ཀྱིས་ཁྱབ་ཅིང་འགྲོ་དོན་ཚད་མེད་རྒྱས་ནས་དེ་སྐབས་ཡུལ་སྐད་ལྟར་ཨ་ལག་ཐོགས་པ་ཡིནལ་ཁོང་གི་གདུང་རྒྱུད་བླ་མ་ཁྲི་བ་མང་པོ་བྱོན། ད་སྐབས་ཀྱང་ཁོང་ལ་ཁྲི་བ་ཐོབ་པ་རེད།

དགེ་བསྐོས་དང་རྒྱན་པ་ཞེས་སྤྱའི་འགན་བཞེས་གནང་མཁན་རྣམས་རེས་མོ་བྱེད་ནས་བསྐོ་བཞག་བྱེད་རྒྱུ་ཡིན།

ད་སྐབས་དགོན་འདི་གཙུག་ལག་ཁང་གཅིག སྤྱི་ཁང་གཅིག ལྷ་ཁང་ཆུང་ངུ་གཉིས། གྲྭ་ཤག་བརྒྱ་ལྷག་ཙམ་ཆོས་གྲྭ་སོགས་བཞེངས་བྱེད་པའི་སྐབས་སུ་བབས་པ་གྲངས་ངེས་པ་མི་འདུག དགོན་འདིར་དུས་མཆོད་ཀྱི་རིམ་པ་ནི། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་ནས་མཆོད་དཔོན་རྣམས་ཀྱིས་མཆོད་བཞེངས་བྱེད་རྒྱུའི་དབུ་བཙུགས་ནས་ཟླ་བ་དང་པོའི་ཚེས་གཅིག་ནས་ལོ་གསར་བའི་དགའ་སྟོན་དང་འབྲེལ། ཀར་གླིང་ཞི་ཁྲོའི་བདུན་སྒྲུབ་རྒྱས་པར་འཚོགས་རྒྱུ་དང་ཧོར་ཟླ་བཞི་པའི་ཚེས་བཅུ་གསུམ་ནས་ཚེས་བཅུ་ཆེན་མོའི་འཚམ་སྦྱང་དང་། མཆོད་དཔོན་རྣམས་ནས་མཆོད་ལྷ་སོགས་གཏོར་མའི་སྟ་གོན་དབུ་བཙུགས་ནས་གནམ་གང་ལ་བསྒྲིགས་འཆམ་རྒྱས་པ། ཧོར་ཟླ་ལྔ་པའི་ཚེས་གཅིག་ནས་བཟུང་ཐིག་ཆོག་སོགས་སྒྲུབ་པའི་དབུ་བཙུགས་ཏེ། ཚེས་དགུ་ལ་དམར་འཆམ ཚེས་བཅུ་ལ་འབག་འཆམ། ཚེས་བཅུ་[page 365] གཉིས་ཉིན་ལ་རྗེས་ཀྱི་ཆོ་ག་རྣམས་ཀྱི་མཐའ་བརྒྱན་ཏེ་ཚོགས་གྲོལ་ལོ། ཧོར་ཟླ་དྲུག་པའི་ཚེས་བརྒྱད་སྐོར་ནས་སྤྱི་བསང་ཆེན་པོའི་དབུ་འཛུགས་ཏེ་ཕུར་སྒྲུབ་དང་མགོན་སྒྲུབ་ཡུལ་ལྔའིསྤྱི་བསང་དང་དཔུང་བསྟོད་རླུང་རྟ་བཙུགས། ཡུལ་སྡེ་སྤྱིའི་སྐྱ་མི་སྟོང་ཕྲག་ལྷག་གི་བསང་བྱེད་སྲོལ་འདུག་དེའི་ཚེས་བཅོ་ལྔ་ནས་གསོ་སྦྱོང་སོགས་བྱས་ཏེ་དབྱར་ལྔ་མའི་ཕྱག་བཞེས་ལྟར་དབྱར་གནས་པར་བྱ་བ་དང་། ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་དགུ་ཆེན་གཤིན་རྗེ་དང་ཕུར་སྒྲུབ་གཉིས་ཀྱི་འཚམ་སྦྱང་དང་མཆོད་དཔོན་རྣམས་ནས་བཅའ་ཀའི་ལས་རྣམས་ཀྱི་དབུ་འཛུགས། ཚེས་བཅུ་དགུ་ལ་བསྒྲིགས་འཆམ། ཚེས་ཉི་ཤུ་ལ་སའི་ཐིག་ཆོག་སོགས་སྔོན་འགྲོ་ནས་བཟུང་སྒྲུབ་པའི་ཁོག་བསྲངས་ཏེ་ཉེར་བརྒྱད་ལ་གཤིན་རྗེའི་རྩ་འཆམ་དང་ཉེར་དགུ་ལ་གཏོར་གཟོར་གྱི་བྱ་བ་དང་སྒྲུབ་པའི་རྗེས་ཀྱི་བྱ་བ་རྣམས་ཀྱིས་མཇུག་བསྡུ་བའོ། །གནམ་གང་ལ་རྒྱལ་བའི་བཀའ་འགྱུར་ཆེན་མོའི་ཞལ་ཕྱེས་ནས་ཆོས་སྐོར་རྒྱས་པར་བྱེད་བཞིན་དགོན་སྤྱིའི་ཕྱོགས་བཞིར་ཟབ་མདོ་དགུ་བཟློག་རེ་དང་གསུར་བསྔོ་རྒྱ་ཆེར་བྱས་ཏེ་རྒྱལ་བསྟན་སྤྱིའི་སྐུ་རིམ་བྱ་རྒྱུའི་སྲོལ་ཡོད་དོ། དུས་རྒྱུན་དུ་བཤད་གྲྭ་དང་སྒྲུབ་གྲྭ་ཡོད་ལ། དེ་ཡང་གང་བཤད་པར་བྱ་བའི་ཆོས་ནི་སྤྱིར་གཞུང་བོད་བཞི་ཡན་ལག་དང་བཅས་པ་དང་། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་ནང་རྒྱུད་རིན་པོ་ཆེ་གསུམ་ལ་བཤད་སྒྲུབ་ཅི་ནུས་དང་ཡིག་ཆ་ནི་བཀའ་སྡེ་ཟུར་བའི་ལུགས་དང་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་མཁས་མཆོག་འཇུ་མི་ཕམ་རིན་པོ་ཆེ་རྗེས་འབྲངས་དང་བཅས་པའི་གསུང་ལ་གཙོར་བཟུར་བྱེད་པའི་ཕྱག་སྲོལ་ཡོད་དོ། ད་ལྟ་མཁན་ཡིད་བཞིན་ནོར་བུའི་གསུང་ལ་བརྟེན་ནས་བཤད་གྲྭ་བའི་འདུས་སྡེ་རྣམས་ནས་ལས་གླིང་གི་ཕུར་བ་དགུ་སྒྲུབ་ལོ་རེ་བཞིན་དུས་སྐབས་གང་བདེར་འཚོགས་རྒྱུའི་སྲོལ་རྒྱུན་གསར་དུ་བཞག་ཡོད་དོ།། གཞན་ཡང་དགོན་སྔ་མ་རྣམས་ཀྱི་སྐབས་སུ། ཟླ་བ་དང་པོ་ཆོས་འཕྲུལ་ཟླ་བའི་ཚེས་གཅིག་ནས་ཁྱིམ་པ་རྒན་པོའི་རིགས་ལ་ཆོས་སྦྱིན་སྨྱུང་གནས་ཆ་བརྒྱད་འཚོགས་རྒྱུ་དང་། དབྱར་དགུན་གྱི་དུས་སྐབས་གང་བདེར་ཞིང་སྒྲུབ་ཉིན་བདུན་འཚོགས་རྒྱུ། ཟླ་བ་གཉིས་པའི་ཚེས་བཅུ་གསུམ་ནས་གནམ་ཆོས་རྫོགས་ཆེན་གྱི་ཁྲིད་སྦྱང་ཟླ་བ་གཅིག་ལ་འཚོགས་རྒྱུ། ཟླ་བ་ལྔ་པའི་ཚེས་ཉེར་ལྔ་ལ་སྤྱི་གུར་ཕུབ་ནས་གྲྭ་པ་ཡོངས་ཀྱི་སྤྲོ་གསེང་ཉིན་གསུམ་ཉེར་དགུ་ཉིན་སྔ་དྲོ་གནས་བདག་ལ་རི་བསང་རླུང་རྟ་འཛུགས་རྒྱུ་ཕྱི་དྲོ་རྒྱགས་རྔན་ལྟ་བསང་ཆེན་མོ། གནམ་གང་ལ་ས་འཐིག་ཆོག་ནས་དབུ་བཙུགས་ཏེ། རཏྣའི་གུ་དྲག་ཕུར་པ་གཉིས་ཀྱི་སྒྲུབ་པ་ཆེན་པོའི་ཁོག་དབུབ་སྟེ་སྒྲུབ་ཕྲན་བཅུ་གསུམ་བཅས་ལྷན་གཅིག་ཚེས་དགུ་བར་འཚོགས་རྒྱུ། དབྱར་གནས་ཀྱི་མཇུག་དབྱར་གནས་པའི་འདུ་སྡེ་ཡོངས་ཀྱིས་གཙོ་མཛད། གྲྭ་པ་གཞན་འཚོགས་ལ་ཞུགས་འདོད་ཡོད་ཚད་ཟུར་བཞུགས་བྱས་ནས་གཏེར་གསར་གྱི་བར་ཆད་ལམ་སེལ་ལ་བརྟེན་པའི་འདས་མཆོད་ཉིན་བདུན་འཚོགས་རྒྱུ། ཟླ་བ་བཅུ་པའི་ཚེས་བཅུ་གསུམ་ནས་དཔལ་ཡུལ་རང་ལུགས་ཀྱི་སྔོན་འགྲོ་དང་རྩ་རླུང་ཟླ་བ་གཅིག་གི་བར་འཚོགས་སྲོལ་ཡོད་ཀྱང་། དེ་རྣམས་ནི་དགོན་གསར་ཆགས་ཀྱི་སྐབས་འདིར་ད་དུང་[page 366] འཚོགས་མ་ཐུབ་ནས་ལྷག་ཡོད་པས། རྗེས་སུ་རིམ་བཞིན་འཚོགས་ཐུབ་རྒྱུའི་རེ་བ་བྱེད་བཞིན་མཆིས།

དེ་ལྟར་དགོན་འདིའི་ཚེས་བཅུའི་རྩ་འཆམ་དེ་གཏེར་ཆེན་གུ་རུ་ཆོས་དབང་ལ་ཟངས་མདོག་དཔལ་རིའི་སྟེང་ཁང་འོག་བར་ཁང་གསུམ་གྱི་གཟིགས་སྣང་མི་འདྲ་བ་གསུམ་ལས་འདི་ནི་བར་ཁང་གི་གཟིགས་སྣང་ལྟར་ཡིན་ནོ། སྲོལ་དེ་དག་རབ་བྱུང་བཅོ་ལྔ་པའི་སྟོད་ཀྱི་ཆ་ཙམ་དུ་གཙང་མདའ་དགོན་ནས་བསླབ་བོ། ད་ལྟའང་དབྱངས་དང་གར་འཆམ་ཐམས་ཅད་རྒྱུན་མ་ཆད་བར་ཆ་ཚང་བར་ཡོད། དགུ་ཆེན་ནི་མདོ་མང་གཏེར་ཆེན་གྱི་གཏེར་གསར་ཡིན་ནོ།

དགོན་འདིའི་ད་སྐབས་ཀྱི་གཏོང་སྒའི་འབྱུང་ཁུངས་ནི་ལི་སྡེ་སྟོད་སྨད་སྤྱིར་དུད་གྲངས་བརྒྱད་བརྒྱ་ཙམ་ཡོད་པས་རང་མོས་དད་འབྱོར་ལ་བརྟེན་ནས་བྱུང་བའོ།།

ད་སྐབས་དགོན་འདིར་འདུས་སྡེའི་ཞལ་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད་ལ། དགོན་སྔ་མའི་དུས་རྣམས་སུ་བརྒྱད་བརྒྱ་ཙམ་རེ་ཡོད་པ་ཡིན། དགོན་འདིར་སྔོན་མར་གཏེར་ཆེན་རིན་པོ་ཆེ་ཕྱག་བྲིས་བཅའ་ཡིག་ཆེན་མོ་ཞེས་བསྒྲིགས་ཡིག་རྒྱས་པ་ཞིག་ཡོད་ཀྱང་དུས་དབང་གིས་བརླགས་ནས་ད་སྐབས་བཅའ་ཡིག་དངོས་གསལ་ཞིག་དེ་སྔོན་མེད་པ་ཡིན། འོན་ཀྱང་བླ་གྲྭ་ཀུན་གྱིས་ཐུགས་མཐུན་ལ་འདུལ་ཁྲིམས་གཙང་བ་གཙོ་བོར་བྱས་ཏེ་བསྟན་པ་ལ་བྱ་བ་ཅི་ཐོན་གནང་བཞིན་པར་མཆིས་ལགས་སོ།།

ཆ་ནངདགོན་གྱི་ལོ་རྒྱུས།

གངས་ལྗོངས་མདོ་ཁམས་ཧོར་བྲག་འགོའི་ཉིན་ཕྱོགས། ཨ་བླ་ཁོག་གི་སྲིབ་ཕྱོགས་སུ་ཡིད་འོང་ཞེས་པའི་ལུང་བ། གནས་དབེན་པའི་ཡོན་ཏན་ཐམས་ཅད་ཚང་བའི་ཡུལ་དེར། ཕྱག་འདེབས་པ་པོ་ཐོག་མ་མཆོག་སྤྲུལ་རིན་པོ་ཆེ་སྟག་བླ་པདྨ་དབང་ཕྱུག་ནས། རྫོགས་ཆེན་པདྨ་རིག་འཛིན་དང་། སློབ་དཔོན་ནམ་མཁའ་འོད་གསལ་སོགས་བསྟེན་ནས་ལྷ་དང་བླ་མས་ལུང་བསྟན་དང་། ཁོང་གི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་བྱ་བྲལ་གྱི་ཚུལ་དུ་ཆ་ནང་ཞེས་པ་དེར་བྱོན། ཆ་ནས་ཚང་ནས་སྦྱིན་བདག་བྱས་པས་དང་པོར་རི་ཁྲོད་ལྟ་བུ་ཞིག་བཏབ། སྦྱིན་བདག་ཆ་ནང་ཚང་ནས་བྱས་པས་ཆ་ནང་ཞེས་ཐོགས་དོན་དེ་ཡིན། རྗེས་སུ་མཛད་འཕྲིན་རྒྱས་ནས་སླར་ཡང་དེར་ས་དཔྱད་གནང་། སྟག་བླ་དང་ཆ་ནང་ཚང་གཉིས་ཀྱིས་གཙོ་བོར་མཇད་ནས་དགོན་པ་གཙུག་ལག་ཁང་སོགས་རབ་བྱུང་བཅུ་གཉིས་པའི་མགོར་ཡས་མས་སུ་བཏབ་པོ།།

གྲུབ་མཐའ་ནི་རྙིང་མ་བ་ཡིན། སྟག་བླ་ཞིང་གཞན་དུ་གཤེགས་རྗེས། གླུ་རྒྱག་བླ་བསོད་ཚང་ལ་སྐུ་འཁྲུངས། རྫོགས་ཆེན་རིན་པོ་ཆེ་སོགས་ནས་ཡང་སྲིད་འཁྲུལ་མེད་ངོས་འཛིན་བྱས་ཏེ། མཚན་རིག་འཛིན་རྒྱ་མཚོ་ཞེས་གསོལ། ཆུང་དུས་ནས་སྤྱོད་པ་བཟང་ཞིང་ཐུགས་རིག་ཤིན་ཏུ་གསལ་བས་ཡི་གེ་འབྲི་[page 367] ཀློག་དང་། རིག་གནས་ཐམས་ཅད་ལ་སྦྱངས། རྫོགས་ཆེན་སོགས་གྲྭ་ས་ལ་བྱོན་ནས་དབང་ལུང་དང་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་རབ་དང་དབུ་ཕྱག་རྫོགས་གསུམ། ཚད་མ་དང་བཀའ་གཏེར་གསར་རྙིང་གི་ཆོས། རབཀའ་འགྱུར་རོ་ཅོག་སོགས་གསན་ཏེ་ཕྱིར་ཕེབས་སྐབས་ཡིད་འོང་དགོན་དུ་ཕྱོགས་སོ་སོའི་ནས་ཆོས་ཞུ་མཁན་མང་པོ་འདུས་པ་ལ། ཁོང་ལ་གསུང་རྩོམ་ཡང་དབུ་མ། སྤྱོད་འཇུག བཤེས་སྤྲིངས། ཡོན་ཏན་མཛོད། སྨྱུང་གནས་འགྲེལ་བ་བཅས་ཡོད། ཁོང་ཞིང་ལ་གཤེགས་རྗེས། དེའི་ཡང་སྲིད་སྐུ་རྒྱབ་ཚང་ལ་འཁྲུངས། རྫོགས་ཆེན་ཡིད་བཞིན་ནོར་བུ་དང་བླ་མ་རྣམས་ནས་ངོས་འཛིན་འཁྲུལ་མེད་གནང་། ཀུན་བཟང་རྣམ་རྒྱལ་ཞེས་མཚན་གསོལ། མི་འགྱུར་རྡོ་རྗེའི་ཁྲི་ལ་མ

ངའ་གསོལ། སྐུ་ཉིད་ཆུང་དུས་ནས་སྒྲུབ་པ་ལྷུར་བླངས་ནས་ཡི་དམ་ལྷས་ཞལ་གཟིགད། འདྲེ་སྲན་རྒྱལ་འགོང་རྣམས་ཀྱི་ཁ་གནོན་མཛད་པའི་ནུས་བ་ཐོབ། སྤྱིར་དགོན་པ་འདི་བླ་མ་རིག་འཛིན་རྒྱ་མཚོའི་སྐུ་རིང་ལ་འདུ་འཚོགས་ཀྱི་སློབ་མང་བས་གནས་ཡུལ་དང་འདུ་ཁང་ཆུང་བས་གོང་ཐག་སྒང་གི་སྲིབ་ལུང་ཡོང་ནགས་ལྷས་ཐོག་ཟེར་བ་དེར་དགོན་པ་གསར་བཞེངས་བྱེད་རྒྱུ་ཐག་བཅད། གཞན་ཡང་སྐོར་བླ་ཚུལ་ཁྲིམས་རྡོ་རྗེ། བླ་མ་ཀུན་བཟང་རྒྱ་མཚོ། དབོན་པོ་སྨིན་གྲོལ། སྤྲུལ་སྐུ་མི་ཕམ། གཤེགས་པ་པད་རྒྱལ་སོགས་སྐུ་ཕྲེང་རིམ་བྱོ་དང་དབོན་པོ་སོགས་བྱོན་པ་ཚང་མ་སྐོར་སྐུ་རྒྱབ་དང་གླུ་རྒྱག་དག་ལ་འཁྲུངས་བ་ཤ་སྟག་གོ། བླ་མ་ཤེས་རབ་འོད་ཟེར་ཡང་སྐོར་སྐུ་རྒྱབ་ཚང་ལ་འཁྲུངས། ཁོང་ཆུང་དུས་ནས་ཐུགས་རིག་ཤིན་ཏུ་གསལ་ཞིང་། ཡི་གེའི་འབྲི་ཀློག་སོགས་ཚེགས་མེད་མཁྱེན། ཁྱད་པར་དུའང་རྫོགས་ཆེན་རིན་པོ་ཆེ་མི་འགྱུར་ནམ་མཁའ་རྡོ་རྗེའི་མདུན་དུ་བྱོན་སྐབས། དྭགས་པོ་ཟླ་འོད་གཞོན་ནུའི་སྤྲུལ་པ་རེད་གསུངས་ནས་ཐུགས་མཉེས་མཉེས་མཛད། བཀའ་ལུང་དབང་གསུམ་ཐམས་ཅད་དགྱེས་པ་ཆེན་པོས་བུམ་པ་གང་བྱོའི་ཚུལ་དུ་གནང་། ཁོང་གིས་ཀྱང་སྒོམ་སྒྲུབ་ལ་བརྩོན་པ་མི་ལྷོད་པར་གནང་གས་ཡི་དམ་གུ་རུ་སྲད་ཟིལ་གནོན་དང་། རྗེ་བཙུན་སྒྲོལ་མ་དག་གིས་ཞལ་གཟིགས། མཐུ་སོགས་མངོན་སྤྱོད་ཀྱི་ལས་ལ་རང་དབང་ཐོབ། དཔེར་ན། སྔོན་འབའ་ཆ་ཕྲེང་གི་ཇག་པས་ཡུལ་སྡེ་ཐམས་ཅད་བཅོམ་པའི་སྐབས། ཆ་ནང་དགོན་གྱི་རྟ་དྲེལ་རྣམས་དེད་དུས། ར་མདའ་བ་རྣམས་འགྲན་པའི་རེ་བ་བྲལ་ནས། བླ་མ་ཉིད་ལ་རིན་པོ་ཆེས་ཆོས་སྐྱོང་ལ་བསྟོད་བསྐུལ་དྲག་པོར་བྱས། །ཞག་བདུན་ཙམ་ནས་མཐུ་རྟགས་ཐོན་ཅིང་ཕུད་ཕོར་དུ་ཁྲག་འཁྱིལ་བ་དང་། མ་གཟའ་དམ་གསུམ་སོགས་དངོས་སུ་རྒྱུགས་པ་ཀུན་གྱིས་མཐོང་ཆོས་སུ་གྱུར། ཡང་ཆ་ནང་དགོན་གྱི་གསོལ་མཛོ་མ་རྐུན་མས་ཁྲིད་སྐབས། ཁོ་ཚོས་ཇ་འཐུང་བཞིན་པའི་སྐབས། གློ་བུར་དུ་ས་གལཡོ་བ་ལྟར་ཁང་བ་ཤིག་ཤིག་འདར་བྱུང་། དེའི་སྐབས་ཅི་ཡིན་བལྟ་ཕྱིན་ཚེ་མཛོ་མོས་རྭ་བར་ཀ་བ་བཅུག་ནས་ཡང་འདེབས་མར་ཕབ་བྱེད་ཅིང་རྭ་རྩེ་ནས་མེ་སྟག་ཚ་ཚ་འཕྲོས་བ་བྱུང་། ཁོ་[page 368] ཚོས་སྐྲསག་དངས་དང་འགྱོད། པ་ཚད་མེད་པའི་སྒོ་ནས་བཤགས་པས་བྱས་སོ།།

ཁོང་ལ་གཏེར་ཆོས་ཡང་ཟབ་རང་གྲོལ་སྐོར་བདུན་ཟེར་བ་པོད་གཉིས་ཙམ་མཆིས། དགུང་ལོ་བརྒྱ་ཙམ་བཞུགས་ཀྱང་ན་ཚོད་བྱིས་པ་བཞིན་དབུ་ལོ་ནག་པོ་དང་ཚེམས་གཅིག་ཀྱང་བུད་མེད། དེ་ལྟར་འགྲོ་དོན་མཐར་ཕྱིན་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། ཁོང་ཞལ་བཞུགས་པའི་དུས་གཙང་སྨད་སྡེ་ཤོག་ཁ་ཀྱ་ཞེས་རིགས་རིས་ཕུན་སུམ་ཚོགས་པ་ཞིག་ལ། སྤྲུལ་སྐུ་པད་རྒྱལ་གྱི་ཡང་སྲིད། མ་ཎི་བླ་མ་པདྨ་སིངྷི་དང་འཁོར་གདོང་འགྱུར་མེད་རྡོ་རྗེ་དག་དགོངས་པ་གཅིག་གྱུར་གྱིས་ངོས་འཛིན་གནང་ཞིག།

ཡབ་ཁ་ཀྱ་རྣམ་སྲས་དང་། ཡུམ་ར་བཟང་ཕྱུག་སྐྱིད་གཉིས་ལ་སྐུ་འཁྲུངས། མི་འགྱུར་རྡོ་རྗེའི་ཁྲི་ལ་མངའ་གསོལ། མཚན་ལ་བསྐལ་བཟང་རྒྱ་མཚན་ཞེས་གསོལ། ཁོང་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་ལ་མཁས་པར་གྱུར། ཆ་ལང་འཛམ་གླིང་གཡས་བཞག་ལ་བྱ་ཤང་ཤང་གི་སེན་རྗེས་ཡོད་པར་གཟིགས་པ་དང་། རྡོ་དྲིལ་སོགས་ངོས་འཛིན་མཛད་ནས་སྔོན་གནས་རྗེས་དྲན་དང་། དུས་དབང་གིས་ལོ་བཅུ་ཕྲག་ཁ་ཤས་ལ་ཆོས་འཆད་ཉན་མ་དར་ཡང་། མདོ་མོ་མཁན་སྤྲུལ་རྣམས་ཀྱི་མདུན་དུ་རབ་བྱུང་གི་སྡོམ་པ་ཞུས། དགོན་པ་གསར་བཞེངས་ཀྱི་གཙོ་འགན་བཞེས་མཁན་ཡིན་ཡང་། དགུང་ལོ་ཞེ་དགུ་ལ་གཤེགས་སོ། དེ་ལྟར་བླ་སྤྲུལ་དབོན་པོ་དུ་མ་བྱོན་ཡང་ལོ་རྒྱུས་ཀྱི་དེབ་ཐར་སོགས་མེད་པས། འགའ་རེ་ནི་མཚན་ཡང་མི་ཤེས་པའི་གནས་གྱུར་ཡོད་པས། ངག་རྒྱུན་ཙམ་ལ་གཞི་བཅས་ནས་འབྲི་བར་མ་སྤོབས། དགོན་པ་གཞན་དང་འབྲེལ་བ་ཡོད་དེ། གྲུབ་དབང་རྫོགས་ཆེན་པའི་བུ་དགོན་ཡིན་པས་དེ་ལ་གྲྭ་སར་འགྲོ་དགོས་པ་མ་ཟད། མཁན་པོ་དང་བླ་མའི་མཚན་བཏགས་དང་། མཁན་ཞྭ་དང་བླ་ཞྭ་རྡོ་དྲིལ་སོགས་གནང་སྲོལ་ཡོད། རྫོགས་སྤྲུལ་བཞི་བ་མི་འགྱུར་ནམ་མཁའ་རྡོ་རྗེ་དགོན་འདིར་བྱོན་ནས་ཆོས་གསུངས། ཡུལ་ལྷ་གཞི་བདག་ཤ་ཕྲོ་ཞེས་བ་དེ་ལ་བསངས་ཡིག་ལྗགས་རྩོམ་ཞིག་ཀྱང་གནས་ཡོད། རྡོ་བླ་ཕུན་ཚོགས་འབྱུང་གནས་ཀྱང་དགོན་འདིར་ཕེབས་ནས། ལྷ་མོ་དང་། གྲི་བཙན་དང་། ཤ་ཕྲོ་རྣམས་ལ་ལྗགས་རྩོམ་ལྷ་མོ་མངའ་གསོལ། གྲི་བཙན་ལ་བསྐང་བ་དང་ཤ་ཕྲོ་ལ་བསངས་ཡིག་བཅས་མཛད། རིག་འཛིན་འཇིགས་གླིང་གི་སྤྲུལ་བ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཡང་དགོན་འདིར་བྱོན་ཏེ་ཆོས་བསྟན་ནས་རྩ་གསུམ་ཚོགས་མཆོད་ཞིག་གསུངས། གཞན་ཡང་དམ་པ་མང་པོས་ཞབས་ཀྱིས་བཅགས་སོ།།

དར་རྒུད་དང་གྲྭ་གྲངས་ཅི་འདྲ་ཡོད་མེད་ནི། སྔོན་སྟག་བླ་སྐུ་རིང་ལ་དགོན་པའང་རི་ཁྲོད་ཙམ་ལས་མེད། དེ་རྗེས་རིག་འཛིན་རྒྱ་མཚོ་སྐུ་རིང་ལ་གྲྭ་བ་ལྔ་བརྒྱ་ཙམ་དང་ཕྱོས་ནས་ཆོས་ཞུ་མི་སྟངོ་ཕྲག་རེ་ཡོད། དུས་མཆོད་སྐོར་ལ་དབྱར་གནས་དང་། ཚེས་བཅུ་བུམ་སྒྲུ། དགུན་ཆོས་སོགས་ལ་གར་འཆམ་དང་བཅས་པ་ཡོད།

ཡོན་བདག་སྡེ་བའི་སྐོར་ལ། གོང་ཐག་སྒང་། བྲག་འགོ་ནོར་བ། ལི་རྔ་བ། ཉིན་མོ་དྲ་མདའ་མན་ཆད། རྒྱག་རྗེ་ཁོག་ཨ་བླ་ཁོག་མཚོ་འགོ་མན་ཆད། ཀུན་བཟང་རྣམ་རྒྱལ་སྐུ་རིང་ལ་དེ་ལྟར་ཡིན་ཡང་དགོན་[page 369] པ་གནས་སྤོར་རྗེས་ལོ་རེ་བཞིན་ཇེ་ཉམས་ལ་སོང་། ལོ་འགའ་ལ་སྔར་སྲོལ་གྱི་དུས་མཆོད་རྣམས་ཡོད་ཀྱང་། གྲུབ་འགའ་རེ་དབྱེན་དཀྲུགས་དང་བཙན་ཤེད་ཀྱི་དབང་གིས་བླ་མ་ཤེས་རབ་འོད་ཟེར་སྐུ་རིང་ལ་སྡེ་བ་དང་གྲྭ་བ་མང་པོ་མེད་པར་གྱུར་ནས་འཐོར་ལ་ཉེ་སྐབས། བླ་མ་ཁོས་ཉམས་པ་སླར་གསོ་བྱས་ཤིང་། དེའི་སྐབས་རྒྱ་ཧྲེ་ཟེར་བའི་ཚོ་ཤོག་ཞིག་ཡོད་པ་དེ། ཆ་ནང་དགོན་དང་འབྲེལ་བ་ཆེན་པོ་ཡོད་པས། དུས་མཆོད་རྣམས་ལ་དེའི་གྲྭ་བ་རྣམས་འཚོགས་དགོས། བསྐལ་བཟང་རྒྱལ་མཚན་ཁྲི་བདག་བྱས་རྗེས། རྒྱ་ཧྲེ། རྒྱ་རྗེ། ཨ་བླ་ཁོག མཚོ་འགོ། ལི་ཁོག་སྨད་པ་སོགས་ནས་ཉིས་གྲྭ་བྱེད་མཁན་མང་བས་གྲྭ་བ་བདུན་ཅུ་བརྒྱད་ཅུ་ལ་སླེབས་སོང་། ལི་ཁོག་མདོ་མང་ཚང་དང་བླ་སློབ་ཀྱི་འབྲེལ་བ་དང་ཆོས་སྲིད་ཀྱི་འབྲེལ་བ་ཡོད་པས་གྲྭ་བ་དང་ས་ཆ་གང་ལ་ཡང་ང་ཁྱོད་མེད་པས་འབྲེལ་བ་ཆེའོ། རང་དགོན་ལ་བླ་དཔོན་མང་པོའི་རིང་ནས་མགོ་འདྲེན་བརྩེ་སྐྱོང་བྱས་ནས་ད་ལྟའི་བར་བཀའ་དྲིན་ཆེན་བོས་གནང་བཞིན་ཡོད། རྒུད་པའི་དུས་གྲྭ་སུམ་ཅུ་ཡས་མས་ཡིན། བསྐལ་བཟང་རྒྱལ་མཚན་གྱི་སྐུ་རིང་དུས་མཆོད་ཀར་གླིང་ཞི་ཁྲོའི་ཐོས་གྲོལ་གནས་སྟོང་ཧོར་ཟླ་བཞི་པའི་ཚེས་བཅུ་གསུམ་ནས་ཉིན་གསུམ། སྨྱུང་གནས་ཧོར་ཟླ་ལྔ་བའི་ཚེས་བཅུ་གཅིག་ནས་ཉིན་བཞི། ཧོར་ཟླ་བཅུ་པའི་ཚེས་ཉེར་བདུན་ནས་བླ་བྲང་དུ་བཀའ་བརྒྱད་དང་། མགོན་པོ། སྨན་བླ་རྣམས་ཉིན་གསུམ་འཚོགས་ནས་ཚེས་ཉིར་དགུར་གཏོང་རྒྱག་རྒྱུ་ཡིན། མགོན་ཁང་དུ་རྒྱུན་གསོལ། འཚོགས་པའི་གཏོང་སྒོ་ནི་གྲྭ་མང་ནས་ལོ་གསུམ་རེས་མོས་བྱེད་ནས་སྤྱི་བ་འགན་ཁུར་ཞིང་སློང་མོ་སོང་བའི་རྒྱུན་ནོར་མ་རྩ་དེ་སྤྲད་རྗེས་འཕེལ་ཁ་དེ་དུས་མཆོད་འཚོགས་དགོས། ལོ་གསུམ་སོང་རྗེས་མ་རྩ་རྩིས་སྤྲད་དགོས། དེ་དག་ནི་གནས་སྟོང་དང་སྨྱུང་གནས་ཀྱི་ཡོང་སྒོ་ཡིན། བླ་བྲང་ལ་ས་ཞིང་དང་ཕྱུགས་ཟོག་ཡོད་ལ་སྤྲུལ་སྐུ་དབྱར་དུས་དཀར་སློང་དང་། དགུང་དུས་ནས་སློང་དེ་མིན་འཕོ་བ་དང་། གྲོང་ཆོག་སོགས་ཡོངས་སྒོ་ཚང་མས་གཙུག་ལག་ཁང་དང་། འདུ་ཁང་། སྐུ་གསུང་ཐུགས་རྟེན་བཞེངས་བ་དང་། རྒྱུན་གསོལ་བ་ལ་འབུལ་བ་དང་གསོལ་ཆས། ཕྱོགས་ནས་འོང་བའི་བླ་མ་དང་དཔོན་པོ་སོགས་སྣེ་ལེན། བཀའ་བརྒྱད། མགོན་པོ། སྨན་བླ་སོགས་འཚོགས་སྐབས་གྲྭ་མང་ཡོངས་རྫོགས་ལ་གཏོང་སྒོ་སོགས་འགན་ཁུར་དགོས། དེའི་སྐབས་འདུ་ཁང་དང་གཙུག་ལག་ཁང་། གྲྭ་ཁང་ཉི་ཤུ་ཙམ་ཡོད་པ་ཐམས་ཅད་ངོ་རྒོལ་བཞིའི་སྐབས་འཐོར་ནས་འབྲོག་པ་རྣམས་ལི་སྨད་དུ་ཡར་ལ་སོང་། དགོན་མཐའ་ཡོད་པའི་མི་རྣམས་ཉིན་མོ་སྡེ་ཤོག་ཏུ་མར་སོང་ནས་སྟོང་དུ་གྱུར། སྐུ་གསུང་ཐུགས་རྟེན་དང་རོལ་ཆས་སྐོར་ནི། དེ་ལས་སློབ་དཔོན་གྱི་སྐུ་ནི་གསུང་འབྱོན་མ་དང་། དེའི་ནང་རྟེན་དུ་གཏེར་ཆེན་ཉི་གྲགས་ཀྱི་ཆོས་གོས་དང་། ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་གྱི་གཏེར་ཤོག་དང་། གཞན་ཡང་སྒྲོལ་མ་གསུང་འབྱོན་མ་དང་། བྱམས་པ། ཐུགས་རྗེ་ཆེན་པོ་ཕྱག་སྟང་ཅན། གནས་བརྟན་བཅུ་དྲུག གུ་རུ་སྣང་སྲིད་ཟིལ་གནོན། བླ་མ་རིག་འཛིན་རྒྱ་མཚོའི་འདྲ་སྐུ་སོགས་ས་སྐུ་ཆེ་ཆུང་ཐམས་ཅད་བརྒྱ་ཙམ། གསེར་སྐུ་ལ་སློབ་དཔོན་ཟངས་གླིང་མ་སོགས་[page 370] ཤར་ལི་མ་ཡིན་ངེས་བཅུ་བརྩིས་པའི་གསེར་སྐུ་ལྔ་བརྒྱ་ལྷག་ཙམ་ཡོད། སྐྱེས་རབས་དཔག་བསམ་འཁྲི་ཤིང་གཙོ་ཞལ་ཐང་ཆེ་ཆུང་ཐམས་ཅད་ཉིས་བརྒྱ་ཙམ་ཡོད། འདུ་ཁང་གི་ངོས་བྲིས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་གསེར་ཀོ་བའི་མཐུག་སྲབ་ཙམ་རེ་ཡོད། གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་ཆ་བཞི་དང་། བསྟན་འགྱུར། རྙིང་མའི་རྒྱུད་འབུམ། བཀའ་དགོངས་ཕུར་གསུམ་གྱི་རྒྱུད། ཀུན་མཁྱེན་ཡབ་སྲས་ཀྱི་གསུང་འབུམ། སྨིན་གླིང་ཆོས་སྐོར་དང་། རཏྣ་ཆོས་སྐོར་དང་གཏོ་ཡིག་སོགས་པོད་སྟོང་གཅིག་ལྷག་ཙམ་བཞུགས། འདུ་ཁང་ལ་འཁོར་ཆུང་གིས་བསྐོར་ཡོད། དུང་འཁོར་གསུམ་དང་། ཐུགས་རྟེན་ལ་གོང་གི་བླ་མ་རིམ་བྱོན་གྱི་སྐུ་གདུང་རྣམས་ཟངས་རག་ལས་གྲུབ་པ་དང་། ས་རྡོ་ལས་བཞེངས་པའི་མཆོད་རྟེན་ཆེན་པོ་བཅས་ཡོད། མཆོད་ཆས་ལ་ཆ་ལང་འཛམ་གླིང་གཡས་བཞག་གཙོ་བཅུ་ཙམ་མཆིས། སིལ་ཆེན་གསུམ། དུང་དཀར་དམར་ཆ་གསུམ། རྒྱ་གླིང་དང་རྐང་དུང་ཆ་གསུམ་བཞི་ཙམ་ཡོད། རྒྱ་དྲིལ་དང་ཧོར་དྲིལ་དང་ཚ་ཉག་བཅས་བཅུ་ཡོད། ཌྰ་མ་རུ་བཅུ་དང་། གཞན་ཡང་རྔ་དང་མཁར་རྔ་སྤུས་ལེགས་མང་ཙམ་མཆིས་པ་འདིར་བཀོད་མེད། མདོར་ན་སྐུ་གསུང་ཐུགས་རྟེན་དག་དགོན་ཁག་གཞན་ལས་མི་ལྷག་ཀྱང་མཉམ་པ་ཞིག་ཡོད། དེང་གི་གནས་ཚུལ་ནི་གོང་ཞུས་ལྟར་རྟེན་གསུམ་དང་རོལ་ཆས་གཙུག་ལག་ཁང་སོགས་ངོ་རྒོལ་བཞའི་སྐབས་མེད་པར་བྱས་པའི་མཐར། སླར་ཡང་གངས་ལྗོངས་སུ་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་སྐབས་ལ། མཆོག་སྤྲུལ་བསྐལ་བཟང་རྒྱལ་མཚན་གཙོ་ཆ་ནང་དགོན་པའི་བླ་གྲྭ་ཅུང་ཟད་ལྷག་ལུས་རྣམས། སྔོན་དང་པོ་ཆགས་སར་ཁ་སྐད་དུ་ཡར་ཡོང་དང་། མིང་གཞན་ཡིད་འོད་ཞེས་ཨ་བླ་གོང་ཐག་སྒང་གི་སྲིབ་ལུང་ལེ་ལོ་དང་འདུ་འཛི་མེད་པ། མི་གཞན་ལ་ཡིད་དུ་མི་འོང་ཡང་། རྩེ་གཅིག་སྒྲུབ་ལ་གཞོལ་པ་དང་། ཚེ་བློ་བཏང་གི་གང་ཟག་ལ་གནས་དབེན་ཞིང་ཡིད་དུ་འོང་བས་དེ་སྐད་ཅེས་ཟེར་རོ། དེ་ལྟར་ས་དཔྱད་ཕུན་སུམ་ཚོགས་པའི་གནས་དེར། ལོ་གསུམ་ཙམ་གྱིས་འདུ་ཁང་དང་ཇ་ཁང་། བླ་བྲང་ཁང་སོགས་དང་། གྲྭ་ཤག་ལྔ་བཅུ་ཙམ་གྲུབ་ནས་ལོ་ཁ་ཤས་སོང་རྗེས། སྟབས་མ་ལེགས་པས་མཆོག་སྤྲུལ་ཉིད་ཞིང་གཞན་དུ་གཤེགས་ནས་རང་ཅག་རྣམས་ཕ་མ་མེད་པའི་དྭ་ཕྲུག་ལྟར་གྱུར་ནས་ཅི་བྱེད་མེད་པར་གནས་པའི་དུས་སུ། དགོན་འདིའི་ཨ་ཁུ་བསམ་དཀར་འགའི་བྱ་བ་ལ་བརྟེན་ནས། འདུ་ཁང་གི་ངོས་བྲིས་དང་། ས་སྐུ་ལས་གྲུབ་པའི་ཆོས་ལོངས་སྤྲུལ་གསུམ་བཅས་བཞེངས་ཡོད། གསེར་སྐུ་ཆེ་ཆུང་ཉི་ཤུ་དང་། །ཞལ་ཐང་གསར་རྙིང་བརྒྱ། གསུང་གི་རྟེན་བཀའ་འགྱུར་ཆ་གཅིག རྙིང་མའི་རྒྱུད་འབུམ། མཛོད་བདུན་ཆ་གཉིས། དུམ་གཉིས་ཆ་གཅིག ཡ་བཞི་ཆ་གཅིག ཀུན་བཟང་བླ་མའི་ཞལ་ལུང་ཆ་བཅུ། གདུགས་དཀར། བསམ་ལྷུན། སྒྲོལ་མ། ཟབ་མདོ། སེང་གདོང་བསྙེན་པ། ཡིག་བརྒྱ། མ་ཎི། བཛྲ་གུ་རུ། ལྟུང་བཤགས་སོགས་ཡོད། འདུ་ཁང་ལ་འཁོར་ཆུང་གིས་བསྐོར་ཡོད། ཐུགས་རྟེན་ལ་བླ་མ་ཤེས་རབ་འོད་ཟེར་དང་ཤེར་བཟང་གཉིས་ཀྱི་སྐུ་གདུང་ཟངས་རག་ལས་གྲུབ་པ་ཡོད། མཆོད་ཆས་ལ་ཆ་[page 371] ལང་བདུན་དང་། སིལ་སྙན་གཅིག རྒྱ་གླིང་བཞི་དུང་དཀར་དམར་དང་། རྐང་དུང་ཆ་གཉིས་སོ།། དུས་མཆོད་སྐོར་དབྱར་གནས་ཟླ་བ་གཅིག་ཕྱེད་དང་། དགུན་དུས་སུ་སྔོན་འགྲོ་ཟླ་བ་གཅིག་དང་། ཐོས་གྲོལ་གནས་སྟོང་དང་ཕུར་སྒྲུབ་བཅས་ཡོད།། གྲྭ་གྲངས་ལྔ་བཅུ་ཡོད། དེ་ལ་གཏོང་སྒོ་ནི་སྔར་བཞིན་དབྱར་དུས་སུ་དཀར་སློང་དང་། དགུན་དུས་སུ་འབྲུ་སློང་དང་། ཡོན་ཁའི་ནང་ནས་ཅུང་ཟད་བཞག་པ་དེ་དགོན་པའི་སྤྱི་རྒྱུ་ཡིན། དུས་མཆོད་རྣམས་ལ་ཇ་ཙམ་བསྐོལ་ནས་གསོལ་ཆས་རང་གི་ཁུར་དགོས་སོ། དད་ལྡན་འཇམ་དཔལ་རྒྱལ་མཚན་ནམ་སངས་དགའ་ནས་བསྒྲིགས།།

འཇང་སྒང་དགོན་གྱི་ལོ་རྒྱུས།

ཧོར་བྲག་འགོའི་ཡུལ་གྲུར་གཏོགས་པ་འཇང་སྒང་བཀྲ་ཤིས་ལྷ་རི་ཞེས་པའི་སར། སྔ་འགྱུར་བསྟན་པའི་མངའ་བདག་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་སློབ་ཆེན་བཞིའི་ཡ་གྱལ་འཇང་སྒང་ཨ་འཕེན་ཞུ་བ་དེ་ཉིད་ཀྱི་ཕྱག་བཏབ་གནང་བ་ཡིན། ཁོང་གི་གདུང་རབས་ནི། འབྲི་གུང་སྐྱུ་རིའི་རིགས་སུ་འཁྲུངས་པའི། སྔགས་འཆང་སྟོན་པ་རྒྱལ་མཚན་ཞེས་བྱ་བ་མདོ་ཁམས་སྨད་དུ་བྱོན་ཏེ། སྙི་རོང་གི་ཡུལ་དུ་གདུལ་བྱའི་རྟེན་འབྲེལ་ལ་དགོངས་ཏེ་གཞི་ཆགས། གྲུབ་པའི་མཛད་པས་ཡུལ་དེའི་ནག་ཕྱོགས་གདོན་བགེགས་ཀྱི་རིགས་རྣམས་དམ་ལ་བཞག་ཏེ་རྡོ་རྗེ་གླུ་བྲོའི་བརྟུལ་ཞུགས་མཛད། རྡོ་ཕ་བོང་ཞིག་ལ་ཞབས་བྲོ་བརྡུང་བས་ཞབས་རྗེས་རྣམས་འདམས་ལ་བརྫིས་པ་ལྟར་གྱུར། དེའི་སྐབས་སུ་ཁོང་གིས། སྟེང་གོ་ལ་འགྲོ་ཅན་ཉི་ཟླའི་འོག། དོན་རིག་སྔགས་འཆང་བ་ང་རང་ཙམ། ཞེས་སོགས་མགུར་བཞེངས་པས་ཁོང་གི་གདུང་རིགས་ལ་གོ་ལའི་སྔགས་བརྒྱུད་ཅེས་མཚན་དེ་སྐད་དུ་གྲགས་སོ། རྩེ་མདའ་རུ་གོ་ལའི་ཕ་མཁར་ཞེས་ད་ལྟ་ཡང་ཁང་ཤུལ་ཡོད་པ་དེའོ། དེ་ནས་གདུང་རབས་སུམ་ཅུ་སོ་ལྔའི་མཚམས་སུ། འཇང་སྒང་ཨ་འཕེན་ཁོང་ཉིད་བྱོན། ཁོང་གིས་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་རིགས་ཀྱི་བདག་པོར་བསྟེན་ནས། མདོ་སྨད་འདིར་ཐུགས་ཀྱི་ཐུགས་སློབ་ཆེན་བཞི་ཡོད་པའི་ཡ་གྱལ་དུ་གྱུར་པ་འདི་ཁོང་ཉིད་དོ།།

དེ་ལྟ་བུའི་དམཔ་གང་ཉིད་ཀྱི་ཐུགས་སློབ་ཀྱི་ཐུ་བོར་གྱུར་པ་ཨ་འཕེན་ནམ་སྦྱིན་པ་རྒྱ་མཚོ་ལ་དཔལ་ལྡན་བླ་མ་དམ་པ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་ཞལ་སྔ་ནས་ཁྱེད་ཉིད་མདོ་ཁམས་སུ་ཕྱིན་ནས་འཇང་ཡུལ་ཞེས་པའི་ཡུལ་གྲུར་དགོན་པ་ཐོབས་ཞེས་ལུང་བསྟན་པ་ལྟར། མདོ་ཁམས་ཧྲེ་ཧོར་ཤེས་ཁོག་གི་ཡུལ་འཇང་ཡུལ་མདའ་ཞེས་པའི་སར་སླེབས་སྐབས། སའི་མིང་དཔྱད་སོགས་ཀྱིས་རྟེན་འབྲེལ་འགྲིག་པར་དགོངས་ནས་དགོན་པ་འདེབས་རྩིས་མཛད་སྐབས། ཀླུ་དཀར་ར་དམར་ཞེས་པའི་ཀླུ་མཐུ་བོ་ཆེ་ཞིག་ཡུལ་དེར་གནས་པ་དེ་ཉིད་ཀྱིས། གནས་འདིར་ངེད་གཉིས་མི་ཤོང་པས་ཅུང་ཟད་འཕགས་པའི་སྟེང་དུ་སོང་དང་། དེའི་ཡུལ་དང་འཐུང་ཆུ་སོགས་ཀྱི་ཆ་རྐྱེན་ངས་སྦྱིན་ཞིང་བསྒྲུབ་ཆོག་ཅེས་པའི་ངག་ལམ་ལྟར་དེར་[page 372] ཕྱིན་ཚེ། ཆུ་མིག་གསར་བརྡོལ་བྱུང་བ་སོགས་རྟེན་འབྲེལ་ལེགས་ལམ་གྱི་དབུ་བརྙེས་ཏེ། འཇང་སྒང་དགོན་པ་དེ་ཉིད་ཕྱག་བཏབ་གནང་ཞེས་རྒན་རབས་རྣམས་ཀྱི་ཞལ་རྒྱུན་ལ་གཞིག་ན། ཡུལ་འཇང་མདའི་སྒང་རྒྱུད་དུ་ཆགས་ཡོད་པས་དགོན་མིང་ལ་འཇང་སྒང་ཟེར་བ་དེ་ལས་བྱུང་བར་ཡིན་སྙམ་མོ། ཁོང་གི་དགོན་པ་འདི་ཉིད་གཙོས་ཤིག་ཁོག་གི་ཡུལ་དུ་དགོན་པ་ཆེ་ཕྲ་བཅུ་གཅིག་ཕྱག་བཏབ་གནང་ཞེས་བཅའ་ཡིག་ལ་གསུངས། དེ་ལྟར་ཆོས་སྡེ་གསར་བཏོད་སོགས་གནས་སྐབས་དང་མཐར་ཐུག་གི་བདེ་བ་རྩ་ལག་དང་བཅས་པ་འབྱུང་བའི་གཞི། རྒྱལ་བསྟན་རིན་པོ་ཆེའི་ཕྲིན་ལས་ནམ་མཁའ་དང་མཉམ་པར་བྱས་པའི་མཛད་རྣམ་རྨད་དུ་བྱུང་པ་བསྐྱངས།

ཁོང་གི་སྐུ་ཚ་རིགས་དབོན་ཚུལ་ཁྲིམས་རྡོ་རྗེ་ནི་གྲུབ་པའི་རྟགས་མཚན་མངོན་གྱུར་དུ་བྱུང་པས། གོང་མ་ཆན་ལོང་གི་དབུའི་མཆོད་གནས་སུ་རྒྱ་ནག་གི་གདན་སར་སྤྱན་དྲངས། རྒྱལ་མོ་རོང་གི་རབ་བརྟན་ཆུ་ཆེན་རྒྱལ་པོ་ནས་གོང་མ་ལ་བརྩི་བཀུར་མ་ཞུས་པས། དེ་ལ་མཐུ་རྟགས་ཐོན་དགོས་ཞེས་བཀའ་བུད་པས། དཔལ་རྟ་མགྲིན་ནག་པོའི་ཟླ་སྒྲུབ་ལ་བརྟེན་ནས་རྒྱ་ནག་གི་གདན་ས་ནས་ཟོར་འཕང་ཚད་རབ་བརྟན་ཆུ་ཆེན་རྒྱལ་པོའི་ལ་མ་རུང་བའི་རྟགས་མཚན་དངོས་སུ་བསྟན་པས། དེའི་བདག་རྐྱེན་དུ་རྒྱལ་མོ་རོང་ནས་ས་ཧོར་ཡུལ་བར་གྱི་གྲྭ་རྒྱུད་གཏད་ཅིག། གོང་མ་ཆེན་པོས་སྟག་གཟིགས་ནོར་རྫོང་ལེན་སྐབས་ཀྱི་སིལ་སྙན་དང་། སྦུབ་ཆལ་གོང་མ་ཡོད་པ་དེ་གཉིས་དང་། རྒྱ་ནག་གི་བང་མཛོད་ལས་ཕྱུངས་པའི་འཛམ་གླིང་གཡས་བཞག་དུ་གྲགས་པའི་སྦུབ་ཆལ་དང་། རིན་པོ་ཆེའི་བླ་བྲེ། མུ་མིན་གྱི་ཡོལ་བ། བ་སྭོའི་རུས་རྒྱན། གཟིའི་དྲྭ་ཕྱེད་ཀྱི་དཀྱིལ་འཁོར། རྨ་བྱའི་གདུགས། རིནཔོ་ཆེ་ལྗང་གི་མཆོང་རྐོང་། སོས་ཕོར་ཆ་གཅིག ཁྱུང་ཞྭ་གཅིག འབྲུག་བརྐོས་མའི་རྔ་བཅས་ནོར་སྣ་ཁྱད་འཕགས་དུ་མའི་དངོས་རྫས་ཀྱི་གཏང་རག་ཕུལ་ནས་རྒྱ་ནག་གི་དབུ་བླར་གྱུར་པ་ཞིག་གོ ཁོང་གིས་དགོན་ལག་ཏུ་གྱུར་པའི་ཕྱག་འདེབས་ཡང་། གཙང་ར་ཧོར་དགོན་པ་དང་། སྒོ་ཆེན་དགོན་པ། མདོ་མང་དགོན་པ་སོགས་མང་རིམ་ཡོད་པ་ནི། ད་ལྟ་ཡང་མཐོང་ཆོས་སུ་གསལ། སྤྲུལ་སྐུ་དར་རྒྱས། (འདི་བའི་སྐབས་གྲྭ་པ་སྟོང་ལས་བརྒལ་བ་བྱུང་ནས་བཤད་སྒྲུབ་ཀྱི་བསྟན་པ་ཆེས་ཆེར་དར་རྒྱས་སུ་བཏང་ངོ་།)ཉིན་ཁ་སྤྲུལ་སྐུ། འཇང་སྒང་སྐུ་ཆེན། དབོན་པོ་ནོར་བཟང་སྐུ་མཆེད་གཉིས། དབོན་སྤྲུལ་འཆི་མེད། དབོན་པོ་པད་མ་རིག་འཛིན། སྤྲུལ་སྐུ་ཡེ་ཤེས་རྡོ་རྗེ། དབོན་པོ་གྲགས་པ་རྒྱལ་མཚན། དབོན་པོ་འོད་གསལ། དབོན་པོ་ཀུན་ཁྱབ། དབོན་པོ་རིག་རྣམ། སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ། ད་ལྟའི་དབོན་པོ་རྡོར་ཚེ་བཅས་མཁས་གྲུབ་ཀྱི་སྐྱེས་ཆེན་ཤ་སྟག་སྔ་རྟིང་དུ་བྱོན་ནས་ཡར་གྱི་ཝ་ཤུལ་གསེར་རྟ་དང་། མར་རྒྱ་རོང་འོད་འབར་ཁག་གསུམ་ཡན་ཆོད་ཀྱི་བུ་སློབ་ཉི་ཟེར་ལ་[page 373] རྡུལ་འཁྲུགས་པ་ལྡར་དུ་འཚོགས་ནས། ལས་ཆོས་སྤྱོད་བཅུ་ལ་ཐུགས་བསྟན། ལམ་བསླབ་པ་གསུམ་ལ་ཚུལ་མཐུན། ཁྲིམས་བསྡོམས་པ་གསུམ་གྱིས་གཞིར་བཟུང་། འཁོར་ལོ་ཆེན་པོ་གསུམ་དང་འབྲེལ་བའི་སྒོ་ནས་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་ཅིང་། རྒྱུད་པ་ལས་བརྒྱུད་པའི་བར་དུ་བཀའ་རྒྱུད་བླ་མའི་གདུང་བརྒྱད་མ་ཆད། བྱིན་རླབས་ཀྱི་དྲོད་མ་ཡལ། དངོས་གྲུབ་ཀྱི་ཚན་ཁ་མ་ཉམས། དམ་ཚིག་ལ་གཡའ་མ་གོས་ཤིང་། བཤད་སྒྲུབ་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་དར་རྒྱས་སུ་མཛད་པའོ།།

ད་ལྟ་འཚོ་བཞེས་སུ་ཡོད་པའི་རྒན་རབས་རྣམས་ཀྱི་དྲན་ཡུལ་དུ་འཆར་ཐུབ་པའི་སྐབས་ལ། གྲྭ་མང་གི་འདུ་ཁང་བཞི་མིག་སོ་ལྔའི་ཁྱོན་ཅན་ཡོད་ལ་འདུས་སྡེའི་ཞལ་གྲངས་བརྒྱ་བཅུ་ལྷག་དང་བཞུགས་ཤག་ཀྱང་སུམ་ཅུ་ཙམ་

ཡོད། དེ་དག་གིས་སྤྱིའི་སྒྲིག་སྲོལ་ལྟར་ཚེས་དུས་མཆོད་འཚོགས་ཚུལ་ནི། སྦྲུལ་ཟླའི་ནང་ལ་ཐོས་གྲོལ་སྒྲུབ་མཆོད་འཚོགས་དགོས། དེ་མིན་དབྱར་གནས་དང་། སྨྱུང་གནས་བཅས་ཀྱང་འཚོགས་རྒྱུ་ཡོད། ལོ་གསར་སྐབས་དགུ་གཏོར་ཉིན་བཞི་དང་འཆམ་ཉིན་གཉིས་ཡོད། དགུན་ཆོས་ཞེས་པའི་ཟླ་བ་གཅིག་གི་ནང་དུ་སྔོན་འགྲོའི་ཁྲིད་སྦྱང་གནང་དགོས། ཟླ་བ་གཅིག་གི་ཕྱེད་ལ་སྐུ་གསུམ་སྒྲུབ་པ་འཚོགས་དགོས། དེའི་སྐབས་ཀྱི་སྐུ་གསུང་ཐུགས་རྟེན་ནི་གསེར་ཟངས་ལས་བསྐྲུན་པའི་སྐུ་བརྙན་བརྒྱ་མཚོ་ལྔ་དང་གཏེར་ལས་གྲངས་པའི་གསེར་སྐུ་མང་པོ་ཁྱད་དུ་འཕགས་པའི་རྒྱ་གར་ཤར་ལི་མ་བཅུ་དྲུག་གཅིག་དང་བྱི་རུའི་ཚེ་དཔག་མེད་ཀྱི་སྐུ་བརྙན། གསེར་དངུལ་བཀྲ་མའི་མཆོད་ཆ། སྦུབ་ཆལ་ཉི་ཤུ། དུང་མར་ཆ་གསུམ། རྒྱ་གླིང་ཆ་བཞི། སིལ་སྙན་ལྔ་དཀྱིལ་འཁོར་དྲྭ་ཆས། ཞལ་ཐང་ལྔ་བཅུ་དང་གོང་མས་གནང་བའི་ནོར་སྣ་ཁྱད་འཕགས་རྣམས་སྔར་ཞུས་ལྟར་ལགས། བཀའ་བསྟན་རིན་པོ་ཆེའི་གཙོས་འཕགས་བོད་ཀྱི་གསུང་རབ་ཡང་མང་དུ་བཞུགས་ཀྱང་ངོ་རྒོལ་བཞིའི་སྐབས་དང་རིག་གནས་གསར་རྗེ་སྐབས་བརླགས་པས་ད་ལྟ་ཆེར་ལྷག་མེད། དེ་ནས་རིང་པོར་མི་འགོར་བར་ཏང་གི་ཡང་དག་པའི་སྲིད་ཇུས་རྟ་བདུན་དབང་པོའི་གཟི་དཔལ་སླར་ཡང་ཤར་རིའོ་རྩེ་ནས་ལེགས་པར་འཆང་བས་བསྟན་འགྲོའི་བདེ་སྐྱིད་ཀྱི་པད་ཚལ་ཅི་དགར་བཞད་པའི་བསྐལ་བཟང་གི་དུས་དང་ཉེ་བར་འགྲོགས་ཏེ། མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་དང་། མཁན་རིག་རྣམ། དབོན་པོ་རྡོར་ཚེ་བཅས་ཀྱིས་གཙོ་འགན་བཞེས་པའི་གྲྭ་རྒན་གཞོན་ཡོངས་རྫོགས་དང་། དད་ལྡན་མང་ཚོགས་རྣམས་ཀྱིས་དམིགས་པ་གཅིག་འཁྱིལ་གྱིས་འཇང་སྒང་བྱང་ཆུབ་ཆོས་གླིང་གི་ཆོས་སྡེ་བསྐྱར་བཞེངས་ཀྱི་རིམ་པ་མང་པོ་རྒྱུད་ནས་དེང་གིས་དུས་སུ་གཟིགས་རྟེན་དུ་བཞུགས་པའི་གྲུབ་འབྲས་ནི། འདུ་ཁང་བཞི་མིག་སོ་ལྔ་ཅན། སྟེང་དུ་གཙང་ཁང་སོགས་ཡོད་པ་ཞིག་ལེགས་གྲུབ་བྱུང་བ་མ་ཟད། གྲྭ་ཤག་ཀྱང་གཉེ་གསུམ་གསར་གྲུབ་བྱུང་ཡོད་ལགས། ནང་རྟེན་དུ་སྨན་འཇིམ་གྱི་སྟོན་པ་གཙོ་འཁོར་གསུམ་དང་། གུ་རུ་གཙོ་འཁོར་གསུམ། ཚེ་ལྷ་རྣམ་གསུམ་སོགས་བཅུ་ཕྲག་གཉིས་ལྷག་དང་བཀའ་ཆོས་དང་རྙིང་མ་རྒྱུད་འབུམ་སོགས་ཀྱི་གསུང་རབ་འགའ་དང་། སྔོན་ཆད་ལོང་གོང་མས་གནང་བ་རྣམས་ལས་སིལ་སྙན་དང་སྦུབ་ཆ། རྔ། མདུན་ཅོག་བཅས་ད་ལྟའང་ལྷག་ཡོད། ད་ལྟ་དབོན་པོ་རྡོར་ཚེ་[page 374] དང་བསོད་རྒྱལ་རྣམ་གཉིས་ནས་དགོན་པའི་བསྟན་པའི་འགན་བཞེས་ནས། ཐོས་གྲོལ་སྒྲུབ་མཆོད་ཉིན་ལྔ་དང་། དགུ་གཏོར་ཉིན་བཞི། དབྱར་གནས་བཅས་འཚོགས་དགོས། དེ་རྣམས་ཚོགས་པའི་ཆ་རྐྱེན་ནི་དད་ལྡན་རྣམས་ཀྱིས།

ཕུལ་བའི་འབྱོར་བ་ལ་བརྟེན་ནས་འཚོགས་དགོས། སྡེར་གཏོགས་ཀྱི་དུད་ཚང་བརྒྱ་ཙམ་ཡོད། སྤྱིར་ངུར་སྒྲིག་གི་འདུས་སྡེ་ལྔ་བཅུ་རྩ་གསུམ་གྱིས་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་སྒོ་ནས་དུས་དང་བཀོད་པ་ལ་མ་ལྟོས་པར་རྣམ་དཀར་བསོད་རྣམ་ཀྱི་ལས་ཅི་འགྲུབ་གནང་དང་གནང་མུས་ཡོད་པ་ལགས་སོ།། ཞེས་ཧྲེ་ཧོར་འཕྲིན་ལས་དོན་གྲུབ་ཀྱིས་བྲིས།

ཅོག་སྟེང་དགོན་གྱི་ལོ་རྒྱུས།

བྲག་འགོ་རྫོང་ཧྲེ་ཧོར་མཁར་གཉའ་རུ་ཆགས་ཡོད་པའི་དགོན་འདིའི་གྲུབ་མཐའ་ནི་དང་པོར་ཇོ་ནང་ལུགས་དང་། བར་དུ་བཀའ་རྒྱུད་ལུགས། ཐ་མར་རྙིང་མ་དཔལ་ཡུལ་བའི་ལུགས་འགྱུར་བ་ཐེངས་གསུམ་བྱུང་ཡོད། ད་ལྟ་དཔལ་ཡུལ་ལུགས་ཀྱི་སྔ་འགྱུར་གསང་སྔགས་རྡོ་རྗེ་ཐེག་པར་ཐོས་བསམ་སྒོམ་སྒྲུབ་བྱེད་པ་ཡིན། དང་པོེར་ཇོ་ནང་པའི་ལུགས་ནི། ཆོས་ལ་མོས་པའི་གྲྭ་པ་ཚོ་ཤར་གྱི་འཛམ་གླིང་ཐང་དགོན་དུ་གྲྭ་སར་འགྲོ་དགོས་པ་ཡོད།

བླ་རབས་དང་པོ་བླ་མ་གཅོད་པ་པདྨ་ཐབས་མཁས་ཀྱིས་ཇོ་ནང་གི་ལུགས་དོར་ནས་བཀའ་རྒྱུད་པའི་ཆོས་སྲོལ་འཛིན་མཁན་ཡིན་ནོ། གཅོང་བླ་པདྨ་ཐབས་མཁས་ནི་མཁས་ཡོན་ཆེ་བ་དང་། ཁོང་འཁྲུངས་གཞིས་ནི། ཧྲེ་ཧོར་དཔོན་གྱི་བློན་པོའི་གྲས་ཀ་ཞྭ་སྡེ་ཤོག་གི་འགོ་པ་ཀ་ཞྭ་ཚང་ཞེས་པའི་སྲས་སུ་འཁྲུངས་སྟབས། ཧྲེ་ཧོར་དཔོན་ཚང་གིས་རང་འོག་གི་འབངས་སྡེའི་གྲས་ནས་ཀ་ཞྭ་བརྒྱ་བཅུ་ཤོག་པ་གཅིག་ཁོང་ལ་ཆོས་སྡེའི་གྲྭ་རྒྱུན་ཡོང་ས་དང་། དཀོར་སར་ཕུལ། ཁོང་གིས་ཐུགས་བབ་ཡོད་སའི་དཔོན་གྱི་མངའ་ཁོངས་སུ་གཏོགས་པའི་ས་ཆ་གང་དུ་རི་ཁྲོད་གཅིག་བཞེངས་ན་འཐུས་པའི་བཀའ་ཡང་ཐོབ་སྟེ་གཅོད་བླ་པདྨ་ཐབས་མཁས་ཀྱིས་ས་དཔྱད་མཛད་པར། ཆོས་སྲིད་གཉིས་ལྡན་ཡིན་པའི་སྙི་མཁར་གཉའི་ཤར་གྱི་ཆ། སྙི་ཆུ་འབབ་པའི་འགྲམ། གཞི་བདག་ཅོག་བླ་གཡུ་རྩེ་གཉན་པོིའི་ཞོལ། སྟེང་འོག་གདུགས་དང་། པདྨའི་གདན་གྱི་བཀོད་པ་ཡོངས་སུ་ཚང་ཞིང་། ས་གཞི་རང་བྱུང་གིས་འབུར་དུ་ཐོན་པ་ཅོག་ཚེ་དང་འདྲ་བའི་སྟེང་དུ། གསང་སྔགས་སྒྲུབ་རྒྱུད་ཀྱི་བསྟན་པ་རྒྱས་ཤིང་། བསྟན་པ་དེ་འཛིན་གྱི་མཁས་གྲུབ་དམ་པ་དུ་མ་འབྱོན་པར་རྒྱུན་མི་ཆད་པ་ཡོང་བ་སོགས་ཀྱི་རྟེན་འབྲེལ་དང་། དགེ་མཚན་ཆེ་བར་གཟིགས་ནས་དེར་རི་ཁྲོད་བཏབ་པར་ས་དབྱིབས་ལ་བརྟེན་ནས་ཅོག་སྟེང་རི་ཁྲོད་ཅེས་མཚན་ཐོག་མར་དེ་འདྲ་ཞིག་ཆགས་པ་ཡིན་ནོ།

དེ་ནས་ཀེ་འཕེན་སྟོད་སྨད་བར་གསུམ་ཡོད་པའི་ནང་ནས་ཀེ་འཕེན་བར་ཐ་མའི་ཚོ་པ་དེ་དང་གཅོད་[page 375] བླ་པདྨ་ཐབས་མཁས་གཉིས་མཆོད་ཡོན་སྤྲེལ་ཏེ་ཆོས་སྡེའི་གྲྭ་རྒྱུན་ཡུལ་འབྲོག་འདྲེས་མར་གྱུར་ཏོ། རི་ཁྲོད་དེར་ཆོས་པ་ཚེ་དང་སྒྲུབ་པ་མཉམ་པ་བཅུ་ཕྲག་ལྷག་ཙམ་ཡོད།

བླ་རབས་གཉིས་པ་ཨོ་རྒྱན་བསྟན་འཛིན་བྱོན། དེའི་སྐུ་རིང་ལའང་བཀའ་བརྒྱུད་ཀྱི་ཕྱག་ལེན་མཛད་རོང་འབྲོག་བླ་གྲྭ་རྣམས་སྐུ་ཚེ་བསྒྲུབ་ལ་གཞོལ། གྲྭ་རྒྱུན་སུམ་ཅུ་འཕར་སྣོན་བྱུང་། བླ་རབས་གསུམ་པ། གཅོད་བླ་ཐབས་མཁས་ཀྱི་ཡང་སྲིད་ཅོག་སྟེང་སྤྲལ་སྐུ་ཨོ་རྒྱན་ཤེས་རབ་བྱོན། བླ་རབ་བཞི་པ་ཅོག་སྟེང་བླ་མ་བསྟན་པ་དར་རྒྱས་བྱོན། ཁོང་ནི་མཁས་གྲུབ་ཀྱི་སྙན་གྲགས་ཆེ་བས་བསྟན་འགྲོར་ཕན་པའི་མཛད་ཕྲིན་རྒྱས། ཁྱད་པར་དུ་གཙང་མདའ་རྡོ་རྗེ་ཐར་བླ་མར་བསྟེན་ནས་མཆོད་པ་གསུམ་གྱིས་མཉེས་པར་མཛད་དེ། བཀའ་བརྒྱུད་ཀྱི་ཆོས་སྲོལ་དེ་བོད་རབ་བྱུང་བཅུ་གཅིག་པའི་ནང་རྙིང་མ་དཔལ་ཡུལ་ལུགས་སུ་བསྒྱུར། དགོན་དུ་གྲྭ་རྒྱུན་རོང་འབྲོག་གཉིས་བརྒྱ་ཕྲག་འཕར་ནས་བསྟན་པ་ཡར་རྒྱས་བྱུང་བའི་དུས་ཡིན། རི་ཁྲོད་དེའང་དགོན་གཞིའི་རྣམ་པར་བསྒྱུར་ནས་འདུ་ཁང་དེ་ཀ་བ་རིང་ཐུང་སུམ་ཅུ་སོ་བཞིའི་རྒྱ་ཁྱོན་དང་། ཐོག་བརྩེགས་གཉིས་པ། སྒོ་མཚར་དང་བཅས་པ་གསར་བཞེངས་བྱས། ལྷ་ཁང་ཐོག་ཏུ་གུ་རུའི་ལྷ་ཁང་། བཀའ་བརྒྱད་ལྷ་ཁང་། ཕུར་པའི་ལྷ་ཁང་། མགོན་ཁང་བཅས་དང་། འདུ་ཁང་སྦུག་ཏུ་བྱམས་པའི་ལྷཕ་ཁང་བྱམས་སྐུ་བརྩེགས་གཅིག་ཅན་དང་། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་གསུང་འབྱོན་མ་འཇམ་དབྱངས་སྨྲ་སེང་གི་སྐུ་འོད་འཕྲོ་བ། གུ་རུ་མཚན་བརྒྱད་ཀྱི་སྐུ་ཐང་གསེར་བྲིས་མ། བདེ་ཆེན་ཞིང་ཞིང་བཀོད་ཀྱི་སྐུ་ཐང་བཅས་ཐང་ཀ་མང་ཙམ་བཞེངས། གསུང་རྟེན་དུ། བཀའ་འགྱུར་དང་བསྟན་འགྱུར་ཆ་གཅིག། གནམ་ཆོས་རཏྣ་སོགས་དང་། རྙིང་མ་རྒྱུད་འབུམ། མཛོད་བདུན་ཆ་ཚང་། གསང་འདུས་བུམ་སྒྲུབ། གཞན་ཡང་གཏོ་ཡིག་སྣ་ཚོགས་བཅས་པོ་ཏི་བརྒྱ་ཕྲག་གསར་བཞེངས་གནང་སྟེ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས།

ཅོ་སྟེ་བླ་རབས་ལྔ་པ། བླ་མ་ཨོ་རྒྱན་རང་གྲོལ་ནས་དགོན་གྱི་ཕྱོགས་བཞིར་ཕུར་བའི་ལྷ་ཁང་རེ་དང་གུ་དྲག་གི་ལྷ་ཁང་རེ་རེ་བཞེངས། དེ་ནས་བླ་རབས་དྲུག་པ་བླ་མ་མཚན་བཟང་། བདུན་པ་སངས་བཟང་བརྒྱད་པ་དཔོན་སྤྲུལ་བསོད་རྣམས་ཀུན་བཟང་། དགུ་པ་བླ་མ་མཐུ་སྟོབས། བཅུ་པ་བླ་མ་ལྷ་དབང་རྣམས་བསྟན་འགྲོའི་དོན་དུ་མཛད་པ་གཅིག་མཚུངས་ལས་ཁྱད་པར་ཅན་གྱི་མཛད་རྣམ་མེད།།

བླ་རབས་བཅུ་གཅིག་པ། ཅོག་སྟེང་སྤྲུལ་སྐུ་འཇིགས་མེད་ངེས་གསང་སྙིང་པོ་ཁོང་ནི་ཆུང་དུས་ནས་མཁྱེན་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་ཞིང་གདུལ་བྱ་འགྲོ་བ་ཀུན་གྱི་སྐྱིག་སྡུག་ལེགས་ཉེས་ཐམས་བཅད་མངོན་སུམ་དུ་ཐོག་པ་མེད་པར་གཟིགས། ཁྱད་པར་དུ་རྒྱལ་ཁམས་སྤྱི་ལའང་འབྱུང་འགྱུར་གྱི་ལུང་བསྟན་དུ་མ་དང་། གཏེར་ཆོས་དང་། བཀའ་ཐང་ཆེ་ཆུང་བཅས་ཐུགས་ཐུགས་རྩོམ་གནང་། དར་མདོ་ལྕགས་ལ་རྒྱལ་པོས་དབུ་བླར་བཀུར་ཏེ་ཕལ་ཆེར་ཁོང་དར་མདོ་རུ་བཞུགས་པར་ཅོག་སྟེ་མདོ་སྤྲུལའང་ཟེར། ཁོང་གིས་རྒྱ་ལྕགས་ལའི་གཡང་སྒྲོམ་དུ་མར་མེ་བདུན་སྦར་བར་གཉིས་ཀྱི་ཡུན་དུ་འདང་བའི་བྱིན་[page 376] རླབས་མཛད་པ་སོགས་གྲུབ་རྟགས་བསྟན་པས་ཡུལ་གྲུ་ཀུན་ལ་སྙན་གྲགས་ཆེ། གདུལ་བྱ་དུ་མ་སྨིན་གྲོལ་གྱི་ལམ་དུ་བཀོད་པར་མཛད། བླ་རབས་བཅུ་གཉིས་པ་བླ་མ་བསོད་ནམས་ཀུན་གསལ་བྱོན། བླ་རབས་བཅུ་གསུམ་པ་གཏེར་སྟོན་སྤྲུལ་སྐུ་རིན་ཆེན་ཆོས་ལྟན་བྱོན། ཁོང་ལ་སྤྱན་གཉིས་ཀ་མེད་ཀྱང་སྔོན་སྦྱང་མི་བརྗེད་པའི་གཟུངས་ཐོབ་ཡོད་པ་དང་། ཡེ་ཤེས་ཀྱི་ཐུགས་དང་ལྡན་པས་བསྒྲུབ་སྐོར་དང་ཞལ་འདོན་ཐམས་ཅད་ལ་ས་ལེར་འཁྱེན་ཐུབ། གཞན་ཡང་འཇིག་རྟེན་པའི་ཉེར་མཁོའི་བླང་དོར་སྐོར་ཁོང་ལ་ཞུ་འཕྲལ་ཞེགས་ཉེས་སོགས་གསལ་ལ་ནོར་འཆུག་མེད་པར་ལུང་བསྟན། འོན་ཀྱང་ཆོམ་རྐུན་བརྐམ་སྲེད་ཅན་གྱི་འདོད་པ་བསྐོང་བའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་ལ་མི་ལྟོས་པར་རྡོ་རྡོིའི་སྐུ་བླའི་ཞོལ་དུ་དགོངས་བཞིན་དུ་བཀྲོངས་བཅུག་པ་རེད། བླ་རབས་བཅུ་བཞི་པ། བླ་མ་ཀརྨ་ཞེས་པ་བྱོན། བླ་རབས་བཅུ་བདུན་པ་སྤྲུལ་སྐུ་སངས་རྒྱས་བཟང་པོ་ནི། མཁས་དང་གྲུབ་པའི་སྙན་གྲགས་ཆེ་བ་ཡོད། ཁོང་གི་རིང་ལ་ཆོས་སྡེའི་གྲྭ་རྒྱུན་ཡོངས་ཁུངས་ནི་ལྗགས་ཐ་མ་གྱུར་ཡོད། ཀ་ཞྭ་ཤོག་ཆེན་དེ་རྗེས་སུ་ཕྱག་ཕྲེང་དགོན་པའི་ཡུལ་བྱོལ་དམག་དང་ཐུག་སྒོ་བྱུང་སྟེ་ཉམས་ཉེས་ཆེན་པོ་ཐེབས། འོན་ཀྱང་ཀ་ཞྭ་ཚང་ལ་ཧྲེ་ཧོར་དཔོན་ཚང་གིས་རྒྱབ་སྐྱོར་གྱི་གོ་གནས་སྔར་མུས་སུ་ཡོད་པར་ཀ་ཞྭ་བ་ཁྱིམ་དུད་བཞི་བཅུ་ཙམ་གྱི་འགོ་དཔོན་ཡིན་པས་ཁོང་གིས་ཅོག་སྟེང་བླ་རབས་རིམ་བྱོན་ལ་ག་ནུས་ཀྱིས་བསྙེན་བསྐུར་དང་། སྐུ་རྒྱབ་མཛད་ཡོད་པས་ཁོང་གིས་ཅོག་སྟེང་བླ་རབས་རིམ་བྱོན་ལ་ག་ནུས་ཀྱིས་བསྙེན་བསྐུར་དང་། སྐུ་རྒྱབ་མཛད་ཡོད་པས་ཁོང་ཚང་ནི་གཞན་ལས་ལྷག་པའི་སྐུ་རྒྱབ་དང་། ཆོས་སྡེའི་གཙོ་བོར་ཡིན། གཞན་ཀེ་འཕན་བར་ཐ་མ་དང་རྒྱུ་ཐ་མ་སྨད་མ། ལྗགས་ཐ་མ་གསུམ་པོ་རིམ་པར་ཅོག་སྟེང་དགོན་གྱི་ཆོས་སྡེ་བྱུང་བ་ཡིན་པས་ད་ལྟའི་དམངས་གཙོ་བཅོས་བསྒྱུར་སྐབས་ཡན་ཆོད་དུ་ཆོས་སྡེ་ཡིན་པས་གྲྭ་རྒྱུན་ཡང་སོ་སོར་ནས་ཡོད། ཀ་ཞྭ་བ་དང་། ཅོག་སྟེང་དུའང་བར་སྐབས་ཤིག་ནས་གྲོང་ཁྱིམ་རེ་འགའ་བྱུང་བར་དེའང་ཆོས་སྡེ་ཡིན། བླ་རབས་བཅོ་བརྒྱད་པ་ཏིང་འཛིན་བཟང་པོ་ཡིན། འདི་ཡིན་ཆད་བཤད་སྲོལ་དུ་བླ་རབས་ཉེར་ལྔ་དང་། གདུང་རབས་བཅོ་བརྒྱད་ཟེར་བ་ཡོད་ཀྱང་དོན་དུ་འདི་མ་ལས་ཁུངས་བཙུན་མེད་པས་འདི་ནི་ཇོ་ནང་པའི་ལུགས་ད་ལྟ་ཡན་བྱོན་པའི་བླ་རབས་དང་དགོན་པ་རི་ཁྲོད་འབྲེལ་བའི་ཆོསའབྱུང་ངམ་ལོ་རྒྱུས་སོ།།

འཚོགས་རྒྱུན་དང་མཆོད་སྐོར་ནི། ཅོག་སྟེང་དགོན་འདིར་སྒྲུབ་པ་གཙོ་བོར་འཛིན་རྒྱུ་ལས་གཞན་འཚོགས་རྒྱུ་མང་པོ་མེད། འཚོགས་རྒྱུན་གྱི་གཉེར་པ་གཉིས་པ་ཡོད་པར་དེས་འཚོགས་རྒྱུན་ཐམས་ཅད་གསྟོང་སྒོ་བྱེད་རྒྱུ་དང་། རྒྱུ་རྩ་ས་ཞིང་མུའུ་སུམ་ཅུ་ཙམ་གྱི་ཐོན་འབབ་ལ་བརྟེན་རྒྱུ་གཙོ་བོར་བྱེད་ནས་དེའི་ཐོག་དངུལ་ཚད་ལྔ། ནས་ཁལ་སུམ་ཅུ། མར་རྒྱ་མ་བརྒྱ་དང་ལྔ་བཅུ། ཇ་སྒམ་བཞི། ཕྱུར་བ་བྲེ་ལྔ་བཅུ། གྲོ་མདང་། རྗེན་རྩམ་གང་འཚམས་ཡོད་པ་བཅས་ཀྱིས་གཏོང་སྒོ་བྱེད་ནས། གཉེར་ཡུན་ལོ་ལྔའི་རིང་དང་ལོ་རེ་བཞིན་འཚོགས་རྒྱུ་ནི། ཧོར་ཟླ་བཞི་པའི་ནང་དུ་བདེ་ཆེན་ཞིང་སྒྲུབ་ཧོར་ཟླ་བཅུ་པའི་[page 377] ནང་དུ་མ་ནི་བུམ་སྒྲུབ། ཧོར་ཟླ་བཅུ་གཉིས་པའི་ནང་དུ་ཐུགས་རྗེ་ཆེན་པོ་གསང་འདུས་པའི་སྒྲུབ་མཆོད་ཚེས་བཅུ་དང་ཚེས་ཉེར་ཉེར་ལྔའི་མཆོས་པ་ལས་དེ་མིན་མཚམས་དང་བསྙེན་སྒྲུབ་ཀྱིས་ལས་ལ་གཞོལ་དགོས།

བཅའ་ཁྲིམས་ནི། དགོན་སྡེ་གཞན་དང་འདྲ་བའི་ཆོས་མཐུན་གྱི་མཛད་སྤྱོད་ཤ་སྟག་ལས་ཆོས་མིན་གྱི་བྱ་བ་ཕྲན་བུ་ཙམ་ཡང་བྱེད་མི་ཆོག། དེ་ལས་འགལ་ཆེ་ཆུང་ལ་བརྟེན་པའི་ཆོས་བཞིན་འོས་པའི་ཉེས་ཆད་ཀྱང་ཆོས་མཐུན་དུ་གཅོད་རྒྱུ་ཡིན།

དགོན་གྱི་བདག་གཉེར་དང་འགན་དབང་གི་སྐོར། བླ་རབས་རྣམས་ཀྱིས་དགོན་པ་དང་རི་ཁྲོད་ལ་དབང་སྒྱུར་བའི་འགན་ཡོད་པ་དང་དགོན་པ་དེ་ཉིད་གསོ་སྐྱོང་དང་ཆོས་བཤད་སྒྲུབ་ཀྱི་འགན་བཞེས་དགོས་པ་དང་། དགོན་ཕྱིའི་འབྲེལ་ཡོད་གནད་དོན་ཐག་གཅོད་དང་། གཉེར་པ་དང་། སྤྱི་ནོར་རྩིས་སྤྲོད་ལེན་ཚང་མར་འགན་འཁུར་མཛད་དགོས། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་། སྒོས་གདུལ་བྱ་མཐའ་དག་ཐར་བའི་ལམ་དུ་དཀྲི་དགོས་པ་ནི་འགན་བཞེས་གཙོ་བོ་ཡིན་ནོ།།

མཆོད་ཆས་སྐོར། རྟེན་གསུམ་ནི་གོང་གི་བླ་རབས་རྣམས་ཀྱིས་མཛད་རྗེས་དང་འབྲེལ་ནས་བཀོད་ཟིན། མཁར་རྔ་ཉི་ཟེར་མའི་གཙོས་མཁར་རྔ་བཟང་ངན་གསུམ། རྒྱ་གླིང་ཆ་གསུམ། དུང་དཀར་ཆ་བཞི། གཞན་ཡང་ཉེར་མཁོའི་ཅ་ལག་རང་འཁོས་དང་འཚམ་པ་ཡོད། བཅུ། དགོན་བཞི་ཉམས་པའི་སྐོར། ཅོག་སྟེང་རི་ཁྲོད་དང་དགོན་པ་བཏབ་ནས་བཟུང་ཡོང་མྱོང་མེད་པའི་1958ལོ་ནས་རྒོལ་བཞི་དང་1966སྐོར་ལ་རིག་གནས་གསར་བརྗེའི་དུས་རྣམས་སུ་གོང་གི་དགོན་བཞི་དཀོར་ནོར་རྟེན་གསུམ་དང་བཅས་པ་ཤུལ་མེད་དུ་གྱུར་ཏེ་ཆོས་བྱེད་དགེ་འདུན་རྣམས་ཀྱང་ཁྱིམ་ལས་བྱེད་དགོས་པ་བྱུང་། ཆོས་བྱེད་མི་ཆོག་པའི་བཙན་བཀའ་གནང་སྟེ་ལོ་ངོ་སུམ་ཅུ་ལངས་ཙམ་འགོར་རོ།།

དགོན་ཉམས་གསོ་བྱེད་པའི་སྐོར། སྤྱི་ལོ་1987ལོར་རང་རེའི་བྲག་རྫོང་ནས་ཅོག་སྟེང་དགོན་པར་ཡང་ཆོས་སྡེ་སྒོ་ཕྱེ་ཆོག་པ་དང་། ཉམས་གསོ་བྱེད་ཆོག་པའི་བཀའ་ཐོབ། དེ་ནས་ཅོག་སྟེང་བླ་རབས་དང་གདུང་རབས་ཀྱི་རྒྱུད་པར་གཏོགས་པའི་ད་ལྟ་འཚོ་བཞུགས་ཡོད་པའི་བླ་མ་ནོར་བུ་རྒྱལ་མཚན་ནས་གོང་རིམ་ས་གནས་དང་། གཤམ་འོག་གི་ཆོས་དད་མང་ཚོགས་ཚོའི་འདོད་ལྟར་གྱི་ཁོང་གིས་འགན་ཁུར་ཏེ་རྒྱལ་ཁབ་ཀྱིས་དགོན་ཉམས་གསོའི་གནང་དངུལ་སྒོར་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་ཐམ་པ་དེ་རང་རྫོང་ཆོས་ལུགས་ཅུས་ནས་གནང་བ་དེ་རྒྱུ་གདན་གཙོ་བོར་བྱས། དེའི་ཐོག་རོང་འབྲོག་མང་ཚོགས་ཚོར་ཞལ་འདེབས་རོགས་སྐྱོར་ཅི་འབྱོར་མ་གཡེལ་ཞེས་བསྐུལ་ནས། ལྷག་བསྡོད་པའི་རྒན་འགའ་ཡིས་བློ་གྲོས་དང་དང་རྒྱུ་ཤུགས་སོགས་ལ་བརྟེན་ནས་ལོ་ངོ་འགའ་ཡི་རིང་ཉམས་གསོ་བྱས་ཏེ་རང་གི་འབྱོར་འཁོས་དང་། ཆོས་སྡེ་[page 378] ཆོས་བློའི་ཐོངས་ཚད་ཀྱི་རྒྱུ་དངོས་དང་། ངལ་རྩོལ་གྱི་རོགས་རམ་ལ་བསྟུན་པའི་སྔར་ཤུལ་དུ་འདུ་ཁང་ཆུང་ངུ་གཅིག། ཇ་ཐབ་ཁང་པ་གཅིག་དང་། གྲྭ་པ་བཞི་ལྔ་ཙམ། འདུ་ཁང་ནང་དུ་འཇིམ་སྐུ་འགའ་ཤས་དང་། སྐུ་ཐང་དང་། གསུང་རྟེན་པོ་ཏི་འགའ་ཤས་ཡོད་ཀྱང་ལོ་རྒྱུས་ལྡན་པའི་གནའ་རྫས་དང་། རིག་གནས་ཐོག་ཏུ་གལ་ཆེ་བའི་ཡིག་ཆ་གཞན་ལས་ཁྱད་འཕགས་པ་གང་ཡང་མེད། འོན་ཀྱང་ཆོས་བྱེད་ཀྱི་སེར་མོ་ཚོ་སྒོམ་སྒྲུབ་བྱེད་ས་དང་། དུས་ཆོད་འཚོགས་པའི་ཆ་ཡོངས་སུ་ཚང་བ་ཞིག་གྲུབ་ཡོད་པ། དེའི་ཆོག་ཤེས་དང་ཡི་རང་ཐོག་ནས་སྡོད་རྩིས་ཡིན་ནོ།།

དགོན་ཧྲིལ་པོའི་རྒྱ་ཁྱོན་ལ་མུའུ་དྲུག་བདུན་གྱིས་དང་། གནའ་དུས་མུའུ་བཅུ་ཙམ་ཡོད། ད་ལྟ་བླ་སེར་ཞལ་གྲངས་ཉི་ཤུ་རྩ་ལྔ་ཡོད་ལ། དེའི་ནང་གི་བླ་སེར་བཅོ་ལྔ་དགོན་དུ་རྒྱུན་བཞུགས་ཀྱིས་སློབ་གཉེར་གནང་བ་དང་མཚམས་ལ་བཞུགས་ཤིང་ཐོས་བསམ་མཛད་རྒྱུ་དང་། དེ་མིན་རྣམས་ནི་སྦྱིནབདག་ཚོའི་རེ་བ་ལྟར་སྐུ་རིམ་དང་གཏོ་ཆོག་གནང་བར་ཕེབས་ཀྱིན་ཡོད་དོ།།

ཡང་དག་གཅིག་ཡོང་བར་བྱེད་རྒྱུ་ཡིན། ད་ལྟ་དགོན་པར་དོ་དམ་ཨུ་ཡོནལྷན་ཁང་གི་འགན་འཁུར་པ་ནི་བླ་མ་ནོར་བུ་རྒྱལ་མཚན་ཡིན། ཞེས་རྟ་མགྲིན་ཚེ་དབང་གཙོས་དགོན་པའི་ལོ་རྒྱུས་ཚོ་ཆུང་ནས་བྲིས།།

ར་ཧོར་དགོན་གྱི་ལོ་རྒྱུས།

དགོན་སྡེ་འདི་ཉིད་དུས་ནམ་གྱི་ཚེ་བཏབ་པ་ནི། ལོ་ཆེན་བེེ་ཅོ་ཙ་ན་

དང་གཡུ་སྒྲ་སྙིང་པོ་གཉིས་ས་གནས་འདི་ཅ་བརྒྱུད་དེ་དབུས་སུ་བྱོན་པའི་

སྔོན་དུའང་བོན་དགོན་ཞིག་ཡོད་པའི་ངག་རྒྱུན་འདུག་མོད་སྐབས་དེར་

དགོན་པ་ཡོད་མེད་ཀྱི་གསལ་ཁ་བཏོད་པའི་ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་མ་

མ་མཐོང་བས་ཁ་ཚོན་གཅོད་དཀའ་མོད་གང་ལྟར་ཡང་དེ་ལས་ཅུང་འཕྱིས་

ཙམ་ཞིག་གིས་བོན་ལུགས་ལྟར་ཕྱེས། གྲུབ་ཐོབ་དེ་ཉིད་ཀྱི་མིང་ལ་ནག་ལི་ཞེས་

ཀྱང་ཟེར་བར་འཇམ་དབྱངས་གྲུབ་པའི་དབང་པོས་མཛད་པའི་གནས་འདིའི་

དཀར་ཆག་ཨུ་དུམ་ཝ་རིའི་ཕྲེང་བ་ལས་གསུངས་ལ། གཞན་བཀའ་བརྒྱད་

རྣམ་བཤད་ཆེན་མོ་ལས་ཀྱང་གསུངས་བར་བཤད། དེ་རྗེས་བོད་རབ་བྱུང་གསུམ་པ་བཞི་པའི་ནང་སྟེ་སོག་རྒྱལ་པོ་ཇིང་གིར་ཧན

ཨོ་གོ་ཏ། གོ་དན་སོགས་ཀྱིས་སྲིད་དབང་བཟུང་སྟེ་ར་ཧོར་ཁ་ཧོར་ཁ་མདོ་དང་གཡག ་སྙིང་སོགས་སུ་མཁར་རྫོང་བཙིགས་ཤིང་ལོ་བཅུ་གཉིས་ཙམ་དུ་གཞིས་ཆགས། བྱས་ཏེ་མདོ་ཁམས་འདི་དབང་དུ་བསྒྱུར། མཁར་རྫོང་གི་རྗེས་ཤུལ་ཀྱང་ད་

དུང་ཡོད། དུས་སྐབས་དེར་བོན་དགོན་འདི་ཉིད་ནང་བའི་དཔལ་ས་སྐྱའི་

ཆོས་ལུགས་སུ་བསྒྱུར་ཏེ་ཁོ་ཚོས་མཆོད་གནས་མཛད་ཅིང་མིང་ལའང་ཧོར་

དགོན་པ་ཞེས་ཆགས་ཤིང་བཏབས།[page 379] ཧོར་དམག་གིས་ས་སྐྱར་བསྒྱུར་བའི་རྒྱུ་མཚན་ཀྱང་དེ་དུས་ས་སྐྱ་ཏནྡི་ཏ་ཡབ་སྲས་དང་ཧོར་རྒྱལ་པོ་གཉིས་ཡོན་མཆོད་ཀྱི་འབྲེལ་བར་གྱུར་ཅིང་ཧོར་ཡིག་གསར་གཏོད་གནང་བ་སོགས་ཆོས་སྲིད་གཉིས་ཆར་མཛད་རྗེས་ཆེན་པོ་བཞག་པས་ཡིན། སྔར་ངུར་བའི་བླ་མ་སྒར་བཞེས་པ་གཙང་ས་སྐྱའི་བླ་ཚབས་གནས་འདིར་གཏོང་སྲོལ་དང་གཙང་སྟོད་སྡེ་བས་ཕོ་རྟ་འབུལ་སྲོལ་ཡོད་པ་དང་། ད་ལྟའང་ཀུན་རིག་ཆོ་ག་ས་ལུགས་ལྟར་བྱས་ནས་འདོན་གྱིན་ཡོད་པ་ནི་སྔོན་ས་སྐྱ་བ་ཡིན་པའི་ཤུགས་རྐྱེན་ཐེབས་པས་རེད། དེ་སྟེ་དགོན་པ་འདི་ལ་ར་ཧོར་ཞེས་པའི་མིང་ཆགས་ཤིང་བཏགས་དོན་ཅི་ཞེ་ན། ར་ཧོར་མཆོག་སྤྲུལ་འཇམ་དབྱངས་ཐུབ་བསྟན་སྙན་གྲགས་ཀྱི་ཞལ་ནས། ར་ཧོར་ཞེས་པ་སོག་སྐད་རེད་ཅེས་གསངས་པ་ལྟར། ར་ཞེས་པ་ནི་སོག་སྐད་དུ་བྲག་ལ་འབོད་པ་དང་། ད་ལྟའང་དེའི་རྐྱེན་གྱིས་གཙང་རོང་སྨད་དང་བྲག་འགོའི་ཤ་རྭ་ཐང་ཆུས་རྟའུ་སོགས་ཀྱི་མིང་ཚང་ཕལ་ཆེ་བས་བྲག་ལ་ཞེས་ཟེར་བ་དང་། ཧོར་ཞེས་པའི་ཐ་སྙད་གྲུ་གུ་སོགས་ཡུལ་མང་མོད། འདིར་པདྨ་བཀའ་ཐང་ལས་སྣ་ཐག་སས་བྱས་ཧོར་ཞེས་བྱས། དེ་ཡང་དགོན་པ་འདི་ཉིད་ཆགས་སའི་ས་གདན་ལ་བྲག་རྒྱུད་ཞིག་ཡོད་པ་དང་ཧོར་དམག་གི་མཆོད་གནས་ཀྱི་དགོན་པའང་ཡིན་པས་ན་བྲག་ཧོར་དགོན་ནམ་ར་ཧོར་དགོན་ཞེས་ཐོགས། དེ་ན་བྲག་ཧོར་ཞེས་པའི་བརྡ་ཐོག་མར་འདོགས་ཡུལ་ནི་ར་ཧོར་ཁ་མདོ་འདི་ཕྱོགས་ཡིན་པ་ལས་ད་ལྟའི་ཧོར་ཁོག་མིན། བརྡ་དེ་ཡང་རིམ་གྱིས་ཁ་སྐད་ཡིག་སྐད་ཡིག་སྐད་གཉིས་ཀར་སྒྲ་འགྱུར་ཏེ། དེང་དུས་ཀྱི་ཧོར་པ་ལ་ཧྲེ་བོ་དང་། འབྲས་སྤུངས་བྲག་ཧོར་ཁམས་ཚན་ལ་ཧྲེ་བོ་ཁམས་ཚན་ཞེས་འབོད། ཡིག་སྐད་དུ་ཡང་ཧོར་པ་ལ་ཧྲོ་ཧོར་དང་། ལྷ་སའི་ཁམས་ཚན་ལ་འབྲས་སྤུངས་ཧེ་ཧོར་ཁམས་ཚན་ཞེས་འབྲི་བཞིན་ཡོད། འདི་དག་གི་སྐོེར་ནི་མཁས་དབང་ཡེ་ཤེས་དར་རྒྱས་པའི་མཛད་པའི་གཙང་ར་ཧོར་དགོན་བའི་བྱུང་བ་བརྗོད་པ་དད་གསུམ་འདབ་མ་གཡོ་བའི་ལོ་རྒྱུས་ཡིད་ཆེས་གསུམ་ལྡན་ཞེས་བྱ་བ་ལས་སྙིང་པོའི་གནད་བསྡུས་ཤིང་ངག་རྒྱུན་ཁུངས་མ་རེ་ཟུང་གིས་ཟུར་བརྒྱན་ཏེ་བྲིས་པ་ཡིན་ཞིང་གཞན་ཧོར་དམག་སྔ་ཕྱིའི་དཔྱད་པ་དང་བྲག་ཧོར་ཞེས་པའི་མིང་དེ་དེ་རིང་སྐབས་ཧོེར་ཁོག་ཏུ་ཐོགས་པའི་རྒྱུ་མཚན་གྱི་དཔྱད་ཞིབ་སོགས་ཀྱང་ཤེས་པར་འདོད་ན་བློ་ལྡན་རྣམས་ཀྱིས་ཡི་གེ་དེ་ཉིད་དུ་བལྟ་བར་བྱའོ།།

གཉིས་པ། བརྒྱུད་པའི་བླ་རབས་བྱོན་ཚུལ། ཐོག་མར་བོན་བླ་ཀུན་དགའ་ཉི་མ་དང་གཡུང་དྲུང་དར་རྒྱས་ཀྱིས་བོན་ལུགས་གྱིས་དགོན་གནས་བསྐྱངས། དེ་རྗེས་རྒྱལ་བ་ཀརྨ་པ་རང་བྱུང་རྡོ་རྗེའི་དངོས་སློབ་ས་སྐྱའི་བླ་མ་ཝ་ཤུལ་བསོད་རྣམས་ཕུན་ཚོགས་དང་གཙང་ས་སྐྱའི་ཆོས་ལུགས་སུ་གྱུར་ཏེ་བསྟན་དགོན་དར་སྤེལ་བྱས། རྒྱལ་བ་ཀརྨ་པ་རང་བྱུང་རྡོ་རྗེ་རྒྱ་ནག་ཏུ་བྱོན་སྐབས་ཡུལ་དགོན་འདི་ཀ་ཞབས་ཀྱིས་བཅགས་ཏེ་དམངས་སེར་ཀུན་ལ་ཁྲོམ་དབང་བསྐུར་བའི་བཞུགས་ཁྲི་དང་། ཁོང་ཉིད་ཀྱིས་ཕྱག་[page 380] མཛུབ་ཀྱིས་བྲིས་པར་གྲགས་པའི་རྒྱལ་བ་ཀརྨ་པ་མཁྱེན། ཅེས་པའི་རྡོ་རིང་ཞིག་དང་བཅས་སྔོན་ཆེད་དགོན་འདིར་མཇལ་རྒྱུ་ཡོད་ཀྱང་གསར་རྗེས་སྐབས་གཏོར་བརླགས་གྱུར། །དུས་རབས་བཅུ་བདུན་པའི་ནངཙམ་ལ་རྒྱལ་དབང་ལྔ་བ་ཆེན་པོའི་ཞལ་སློབ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་སློབ་མ་འཇང་སྒང་ཚུལ་ཁྲིམས་རྡོ་རྗེས་རང་གི་རྩ་བའི་བླ་མའི་བཀའ་ལུང་ལྟར་དགོན་པ་འདི་ཉིད་ས་སྐྱ་པ་ནས་རྒྱལ་བ་དཔལ་ཡུལ་བའི་ཆོས་ལུགས་སུ་བསྒྱུར། དམ་པ་འདི་ཉིད་དེ་དུས་མདོ་ཁམས་སྨད་དུ་སྙན་གྲགས་ཧ་ཅང་ཆེ་བས་ཆིང་། གོང་མའི་སྲིད་གཞུང་དང་རྒྱལ་རོང་ཆུ་ཆེན་རྒྱལ་པོ་གཉིས་ཀྱི་དར་དམགས། འཁྲུག་ངྱུང་སྐབས་སི་ཏུ་པན་ཆེན་དང་གཉམ་དུ་བར་འདུམ་དུ་ཕེབས་ཏེ། ཕྱོགས་གཉིས་ཀར་ཕན་ཐོགས་རྒྱ་ཆེན་པོ་གནང་བའི་སྟབས་ཀྱིས་ཆན་ལུང་། གོང་མས་ཁོང་ལ་ཧུ་ཐོག་ཏུ་ཞེས་པའི་འཇའ་ས་དང་གོ་གནས་སྤྲད། གཞན་རྨ་བྱའི་གདུགས་མུ་མེན་གྱི་ཏོག་བཅས་ཀྱང་གནང་། དེ་རྗེས་བླ་རབས་གཉིས་པ་འཇང་སྒང་བསོད་ནམས་འཕན། གསུམ་པ་བསོད། ནམས་འགྱུར་མེད། བཞི་པ་ཐེག་མཆོག་བསྟན་འཛིན། ལྔ་པ་བསོད་ནམས་དཔལ་མཆོག། དྲུག་པ་ར་ཧོར་རྒྱ་མཚོ། བདུན་པ་བླ་མ་མཆོག་སྦྲུལ་ཀརྨ་རྒྱ་མཚོ། བརྒྱད་པ་ར ཧོར་སྐུ་ཆེན། དགུ་པ་བླ་མ་དཔལ་འབྱོར། བཅུ་པ་དླ་མ་དཇིགས་མེད་རྡོ་རྗེ། བཅུ་གཅིག་པ་མཚན་བརྗོད་པར་དཀའ་བ་དོན་གྱི་བསླད་དུ་མཚན་ནས། སྨོས་ན་མཆོག་སྤྲུལ་འཇམ་དབྱངས་གྲུབ་པའི་དབང་པོའམ་སྣ་ཚོགས་རང་། གྲོལ་དུ་འབོད་པ་དེ་ཉིད་ཡིན། དེ་ལྟར་ཡང་ཆོས་འཚམས་ཡོན་བསྔོའི་འདོད་གསོལ་དུ་འཇང་སྒང་ཧུ་ཐོག། ཐུ་ཚུལ་ཁྲིམས་རྡོ་རྗེ་ནས་ཉེ་བར་བཟུང་ཁྱབ་བདག་དཀའ་འགྱུར་བ་ཆེན། པོ་འཇམ་དབྱངས་གྲུབ་པའི་དབང་པོའམ་སྣ་ཚོགས་རང་གྲོལ་དུ་འབོད་པ་དེ། ཉེད་ཡིན། དེ་ལྟར་ཡང་ཆོས་འཚམས་ཡོན་བསྔོའི་འདོད་གསོལ་དུ་འཇམ་དབྱངསགྲུབ། པའི་དབང་པོ་ཡབ་སྲས་སོགས་ཞེས་གསུངས་བ་ལྟར་ལགས་སོ། དམ་པ་འདི་ཉིད་ནི་མདོ་ཁམས་དམར་རྫ་སྒང་གི་ས་ཡི་ཆར་ཧོར་བྲག། འགོར་ཡབ་དཀྲ་གཡུང་དྲུང་བརྟན་དང་ཡུམ་ཁྲ་སྡེ་བཟའ་སྨན་གཉིས་ཀྱི། སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་འབྲུག་ལོ་1880ལ་ལྷུམས་ནས་གུ། རུ་སིབྷི་གསུངས་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། བླ་མ་དཔལ་འབྱོར་ནས་ར་ཧོར་སྐུ་ཆེན་གྱི་ཡང་སྲིད་དུ་ངོས་བཟུང་། ཆུང་ངའི་དུས་ནས་བྱིས་པའི་སྤྱོད་ལམ་ཐམས་ཅད་དང་བྲལ་ཏེ་ཡ་རབས་ཀྱི་ལས་ལ་ཐུགས་དགྱེས། སྙིང་སྟོབས་ཆེ་ཞིང་མཁྱེན་པའི་རྩལ་རྫོགས་པས་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། དགུ་གྲངས་བཅོ་ལྔའི་ཐོག་ར་ཧོར་འབྲང་ལ་གསང་སྟབས་ཀྱིས་བྱང་སྟེ་རྫ་ཆུ་ཁར་ཕེབས་ཏེ། རྫ་མུ་ར་རྡོ་རྗེ་འཆང་ཆེན་པོའི་ཞབས་ལ་བཏུམས། མཉེས་པ་གསུམ་གྱིས་བགྲང་བྱ་དུ་མར་བསྟེན་ཏེ་གསང་སྔགས་རྙིང་མའི་མདོ་སྔགས་ཀྱི་གཞུང་རྒྱ་མཚོ་ལྷ་བུ་ལ་མཁས་པར་སྦྱངས། ཁོང་གིས་ཀྱང་དགྱེས་པ་ཆེན་པོས་རྗེས་སུ་བཟུང་ནས་རང་གི་རྩ་བའི་བའི་བླ་མ་འབར་ཆུང་ཡང་སྲིད་དུ་ངོས་བཟུང་སྟེ་ཁམས་རྫོགས་ཆེན་དུ་ཁྲི་སྟོན་བྱས། དེ་རྗེས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ཞལ་སྔ་ནས་འདུས་པ་མདོ་དང་བཀའ་བརྒྱད་སོགས་དབང་ཞུས་ཏེ་བཀའ་མའི་སྒྲུབ་ཁག་ལས་ཚོགས་ཆེན་འདུས་པ་དང་ལོ་མཇུག་བཀའ་བརྒྱད་སྒྲུབ་མཆོད་སོགས་གསར་དུ་འཛགས་པའི་དམ་བཅའ་ཕུལ། དེ་ནས་བཟུང་རྒྱ་བ་དཔལ་ཡུལ་བའི་ཆོས་ལུགས་ལས་[page 381] རིམ་གྱིས་མདོ་ཁམས་རྫོགས་ཆེན་པར་གྱུར། ཨ་འཛོམས་འབྲུག་པའི་ཡང་ཞལ་སློབ་གྱི་ཐུ་བོར་གྱུར་ཏེ་མན་ངག་སྙིང་ཐིག་གི་གདམས་པ་མང་ཞུས་ཁོང་ལ་ཡུམ་བརྟེན་དགོས་པར་གསུངས་ཀྱང་ཞལ་བཞེས་མ་གནང་བར་སྔགས་དགོན་ཞིག་གསར་འདེབས་བྱས་པའི་དམ་བཅའ་ལྟར་ཕྱིས་དབེན་རི་ཐུམ་འགོའི་རི་ཁྲོད་བཏབ། གཞན་ཡང་དགེ་ཕྱོགས་ཀྱི་མཁས་པ་ཆེན་པོ་ཧོར་བྲག་དཀར་སྤྲུལ་བའི་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་གྲགས་ཀྱི་བདུན་ནས་རི་བོ་དགེ་ལུགས་པའི་གཞུང་བཀའ་བོད་ལྔ་དང་ཐུན་མོང་རིག་གནས་ཀྱི་སྐོར་མཐའ་དག་རྫོགས་པར་གསན། ཕར་ལའང་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་དང་མན་ངག་གི་ལྟ་ཁྲིད་ཟབ་མོ་གང་མང་བརྩལ་ཏེ་ཕན་ཚུན་བླ་སློབ་ཏུ་གྱུར། དེ་ལྟར་དམ་པ་འདི་ཉིད་ཀྱིས་གསར་རྙིང་གི་མཁས་གྲུབ་དུ་མ་བཤེས་གཉེན་དུ་བསྟན་ནས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས། གཞུང་ལུགས་མ་ལུས་བདམས་པར་ཤར་གྲུབ་མཐའི་ཕྱོགས་ཞེན་གྱི་རྩོད་པ་ཞི་ཁམས་རྫོགས་ཆེན་དང་འབྲས་སྤུངས་སྒོ་མང་། གཙང་བཀྲ་ཤིས་ལྷུན་པོ་སོགས་སུ་གྲྭ་རྒྱུན་མངགས་ཏེ་མཁས་ཤིང་གྲུབ་པ་བརྙེས་པའི་རྫོགས་ཆེན་ཆོས་གྲགས་རྣམ་གཉིས་ཀྱི་ཡ་གྱལ་ར་ཧོར་ཆོས་གྲགས་དང་འབྲས་སྤུང་ལྷ་མ་པ་དགེ་བཤེས་ཨང་འགུ་དང་པོ་དགེ་འཇམ་དབྱངས་ཕུན་ཚོགས། འཇམ་དབྱངས་རྒྱ་མཚོ། དཀྲ་ཐུབ་བསྟན་སྙན་གྲགས་སོགས་སྙན་གྲགས་ཅན་གྱི་སྐྱེས་ཆེན་དུ་མ་བྱུང་བའང་རྗེ་འདི་རྙིད་ཀྱི་བྱིན་མཐུའོ། རྫགས་ཆེན་གངས་ཁྲོད་དང་བཀྲ་དབུས་སབེན་རི་འཆི་མེད་གྲུབ་པའི་ཀེའུ་ཚང་སོགས་དབེན་གནས་རི་ཁྲོད་ཀུན་ཏུ་སྒྲུབ་པ་མཛད་དེ་ཉམས་དང་རྟོགས་པའི་རྩལ་འབར་དེ་གྲུབ་པའི་ས་མཐོར་གཤེགས། བསེར་ལྷ་རྩ་དགོན། གླག་བྲག་རྫོང་དགོན་རྡ་ཥེ་ཀྲོང་སྟོད་དགོན། ཨ་བསེ་ཀླུ་མོ་སོགས་དགོན་སྡེ་མང་པོར་རྒྱལ་བའི་བཀའ་འགྱུར་ཆེན་མོ་དང་རྙིང་རྒྱད་སོགས་ཀྱི་བརླག་ལུང་ཀྱང་ཉིན་རེར་དུམ་པ་བདུན་བརྒྱད་ཙམ་མིག་འཕྲུལ་བཞིན་བསྩལ་བས་ར་ཧོར་བཀའ་འགྱུར་བ་ཞེས་པའི་མཚན་སྙན་གྱི་གྲགས་པ་ཐོབ་སྐུ་ཕྱོགས་བྲག་དཀར་ནས་ཁོང་ཉིད་ཀྱི་བླ་ཚབ་ཏུ་ཆེ་མངགས་བྱས་ཏེ་ཧོར་དཀར་མཛེས་དགོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར། གཞན་ཉག་རོང་དང་མི་ཉག་གི་དགོན་པ་སེང་གེ་དགོན། བྲག་དགར་དགོན་སོགས་རྙིང་དགོན་དང་། རྫ་བསམ་གྲུབ་དགོན་དང་། རྫ་དགོན་སར་དགོན་སོགས་གསར་དགོན་དུ་མར་རྙིང་ཐིག་གི་ཆོས་སྐོར་སོགས་གསར་རྙིང་གི་རྒྱུད་སྡེའི་དབང་ལུང་མང་དུ་བརྩལ། དར་མདོ་ཇག་ལ་རྒྱལ་པོའི་དབུ་བླར་བཤེགས། དཔལ་རི་དགོན་སེང་གེ་དགོན་སོགས་མི་ཉག་གི་དགོན་ཁག་བཅུ་གསུམ་དབང་ཡོན་དུ་ཕུལ། རྒྱལ་རོང་གི་འབྲོ་རྫོང་ཏ་རོ་དཔོན། རྫི་འགགས་རྒྱལ་པོ། ཅོག་ཚེ་རྒྱལ་པོ་སོགས་ཀྱིས་གདན་ཞུས་བྱས་ཏེ་ད་ལྟ་འབར་ཁམས་རྫོང་གི་འབྲོང་རྫོང་དགོན། གྱབ་གྱོ་རྦ་རྟེ་དགོན། ཅོགཚེ་དགོན་དམ་པ་དགོན། ཁྲོ་སྐྱབས་རྫོང་བང་གི་ཉ་མཁས་དགོན་སྐྱ་པེའུ་དགོན། ཝ་གོ་དགོན་བཅས་ཀྱང་གྲྭ་འབུལ་བྱས། ཨ་མདོའི་དགེ་བཤེས་འཇམ་རོལ་ཚང་དང་ཡང་ཕན་ཚུན་བླ་སློབ་ཏུ་གྱུར། རྗེ་འདི་ཉིད་ཀྱི་ཞལ་སློབ་ཀྱང་འཁོར་འདུས་པ་རེ་རེའི་དབང་གྲལ་དུ་གསར་རྙིང་གི་མཁས་[page 382] གྲུབ་ཚད་མེད་པ་བཞུགས་པ་ལས་ཉུང་ཙམ་སྨྲས་ན་སྨིན་གླིང་མཁན་ཆེན། བྱ་བྲལ་ཆོས་དབྱིངས་རང་གྲོལ་ར་ཧོར་རྫོགས་སྤྲུལ། སྐུ་ཕྱོགས་རྒོད་ཚང་། སྒོ་འཛི་བླ་མ་རིག་གྲོལ། མཁན་ཆེན་པདྨ་འགྱུར་མེད་སོགས་ཚད་མའི་སྐྱེས་ཆེན་གྲངས་ཀྱི་མི་ལང་བ་ཞི་བྱུང་། ལྗགས་རྩོམ་གྱི་སྐོར་ལ་རིགས་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་རྣམ་བཤད་དང་བསྙེན་ཡིག་ཟུང་དུ་འབྲེལ་བ་སྔགས་རྒྱུད་རྒྱ་མཚོར་འཇུག་པའི་གྲུ་གཟིངས་དགེ་ལྡན་བླ་མ་མཆོད་པ་དང་འབྲེལ་བའི་ཕྱག་ཆེན་ཁྲིད་ཀྱི་ཟིན་བྲིས་ཨ་མདོའི་དགེ་བཤེས་འཇམ་རོལ་གྱི་གསུངས་རྒྱུན་བཞིན་བཀོད་པ། ཟློས་གར་གྱི་བསྟན་བཅོས་འཇོལ་མོའི་གཏམ་སྤྲིན་གྱི་ལྕུག་མོའི་དོ་ཤལ། ཀནྟ་ཀའི་དྲིལ་ལན་སྤྲིན་གྱི་སྒྲ་ཀོ་ཀུ་ལའི་གཏམ་སྤྲིན་གྱི་མྱུ་གུ། བྱིའི་གཏམ་སྤྲིན་ཆོས་རྣམ་གསུམ་གྱིས་གསལ་བྱེད་སྦྱོར་ངག་གི་ལམ་ནས་བཀོད་པ། གཞན་སླབ་བྱ་རྒན་པོའི་བདེན་གཏམ། ཐེག་ཆེན་གསོ་སྦྱོང་འབོག་ཚུལ། ལྷ་མགུར་བསྟོད་ཚོགས་སོགས་གསུངས་པོད་གཉིས་ཙམ་བསྟན་འགྲོའི་བཙས་སུ་བཞག་གཞན་བཀའ་བརྒྱད་རྣམ་བཤད་དཔལ་དགུ་དགྱེས་པའི་རོལ་མོ་དང་ཕུར་བའི་རནམ་བཤད་ཞིག་ཀྱང་ཡོད་པར་བཤད་ཀྱང་དེང་སང་དཔེ་རྒྱུན་ཡོད་པར་མ་མཐོང་། དེ་མིན་སྐུ་སྐྱེས་སྔ་མ་བཞུགས་སའི་བྲག་ཤོར་ནས་རྡོའི་ནང་མཆོད་དང་ས་རྫ་ཞིག་བཅས་ཚེགས་མེད་དུ་བཏོན་པས་མཚོན་སྔ་རབས་དྲན་པའི་མངོན་ཤེས་མངའ་ཚུལ་དང་མི་དང་མི་འགྲོགས་པ་བཞིན་ལྷ་སྲིན་བྲན་དུ་ཁོལ་བའི་ལལོ་རྒྱུས་བཅས་མང་དུ་བརྗོད་རྒྱུ་ཡོད་ཀྱང་ཉོག་དོགས་ནས་མ་བྲིས་ལ། དེ་དག་ནི་ཐུན་མོང་ཕྱིའི་རྣམ་ཐར་ཆེ་ལོང་ཙམ་སྟེ། མདོར་ན་བསྟན་འགྲོར་སྨན་པའི་མཛད་བཟང་མཐའ་ཡས་པ་བགྱིས་ཏེ་དགུང་གྲངས་ང་གསུམ་པར་མཚོ་སྙིང་མ་ཧྰ་དེ་ཝར་སྒྲུབ་པ་མཛད་དེ་ངོ་མཚར་བའི་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བཤེགས། བླ་རབས་བཅུ་གཉིས་པ་ར་ཧོར་རྫོགས་སྤྲུལ་ལམ་མཆོག་སྤྲུལ་འཇམ་དབྱངས་ཐུབ་བསྟན་སྙན་གྲག་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ལོར་སྐུ་བསྟམས། སྐུ་ན་ཆུང་དུས་ནས་མཆོག་སྤྲུལ་འཇམ་དབྱངས་གྲུབ་པའི་དབང་པོས་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། རྫགས་སྤྲུལ་ལྔ་པ་དང་མཁན་དགེ་མཆོག་སོགས་བཤེས་གཉེན་དུ་མ་བསྟེན་ཅིང་སྐྱེས་ཐོབ་ཤེས་རབ་ཀྱི་རྩལ་འབར་དེ་མཁས་གྲུབ་ཀྱི་གོ་འཕང་བརྙེས། གཙང་སྟོད་སྡེ་བར་ཡུལ་དཔོན་ཟུར་བ་མེད་སྟབས། ཆོས་སྲིད་ཟུང་འབྲེལ་དུ་བསྐྱངས་ཏེ་ཡུལ་དགོན་ཀུན་བདེ་སྐྱིད་ཀྱི་དཔལ་ལ་བཀོད། རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་གདུང་འཛམ་གླིང་རྒྱན་གཅིག་དང་ཚད་མཉམ་པའི་ཟངས་གསེར་གྱི་སྐུ་གདུང་ཞིག་ར་ཧོར་སྐུ་ཕྱོགས་རིན་པོ་ཆེའིགདུང་རྟེན་དུ་བཞེངས་བ་སོགས་མཛད་རྗེས་བསམ་གྱིས་མི་ཁྱབ། སྤྱི་ལོ་1955ལོ་ལ་ཕྱོགས་འདིའི་དམངས་གཙོའི་གསར་རྗེས་ལས་བྱེད་རུ་ཁག་གི་སྲོག་དངོས་ཕས་རྒོལ་ངོ་ལོག་པའི་འཇིགས་པ་ལས་སྐྱོབ་སླད་ར་ཧོར་བླ་བྲང་གཡར་གནང་མཛད་པ་དང་མ་ཟད་རྒྱལ་ཁབ་ལ་ངོ་རྒོལ་བྱས་པའི་རྗེས་སུ་འབྲས་མངོན་སུམ་དུ་མཁྱེན་ནས་ཆོས་དམ་ཚིག་གི་འགགས་ལ་གཏུགས་ཏེ་སྤྱི་ལོ་1957ལོར་གཙང་སྟོད་སྡེ་བའི་མེ་མདའ་ཉིས་བརྒྱད་དོན་དྲུག་ལས་བྱེད་རུ་ཁག་ལ་སྤྲད་པ་དང་། ངོ་རྒོལ་བཞི་པའི་སྐབས་ཡུལ་འདིའི་དམངས་སེར་ལ་རང་ཉིད་ལ་བརྟེན་པའི་ཕྱི་མའི་རྣམ་སྨིན་མི་འབྱུང་འབའ་[page 383] ཞིག་བརྣགས་ཏེ་འབྲི་གུང་དུ་བྱོན། མཐར་ནག་ཆུ་རྫོང་དུ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས། 1783ལོར་བྲག་འགོ་རྫོངསྤྱི་བདེ་ཅུའུ་ནས་རྗེ་འདི་ཉིད་ནི་ཏང་དང་རྒྱལ་ཁབ་ལ་མཛད་རྗེས་ཆེ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་ཡིན་པའི་དཀར་འདོན་ཡང་དག་པར་བྱས། བླ་རབས་བཅུ་གསུམ་པ་མཆོག་སྤྲུལ་ཐུབ་བསྟན་སྐལ་བཟང་རིག་འཛིན་རྒྱ་མཚོ་ནི་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ལོར་དམ་པ་རྫོང་གི་དགེ་བཤེས་ཁོག་ཏུ་ཡབ་ཀརྨ་བསོད་རྣམས་དང་ཀུན་སྐྱིད་སྒྲོལམ་གཉིས་ཀྱི་སྲས་སུ་སྐུ་བསྟམས། ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ཐབས་ཤེས་ལྷ་དང་ཀར་མའིམིང་ཅན་ལ། རིག་ལྡན་ཁྱེའུ་བྱ་ཡི་ལོ་བ་འཁྲུངས། བསྟན་ཆོས་ཀྱི་རྡོ་རྗེའི་ལུང་གིས་མཆོག་སྤྲུལ་འཇམ་དབྱངས་གྲུབ་པའི་དབང་པོའི་ཡང་སྲིད་དུ་ངོས་བཟུང་། སྐུ་ན་ཆུང་དུས་ནས་དགོན་འདིར་བསུས་ཤིང་ཁྲི་སྟོན་བྱས། དཀྲ་ཐུབ་བསྟན་སྙན་གྲགས་སོགས་རྩོད་མེད་ཀྱི་བཤེས་གཉེན་དུ་མ་བསྟེན་ཏེ་ཐོས་བསམ་ཕྱོགས་མེདདུ་བྱས། དགུང་ལོ་ཉེར་གཅིག་པར་ལྷ་ལྡན་འབྲས་སྤུངས་གྲྭ་ཚང་དུ་ཆོས་བཞུགས་གནང་སྟེ་འཚོགས་ཆེན་སྤྲུལ་སྐུའི་གོ་གནས་ལ་བཞུགས། བཀའ་པོད་ལྔ་ལ་མཁས་པར་སྦྱངས། 1757ལོར་བོད་དུ་དུས་ཟིང་གི་རྐྱེན་ལས་བཞུགས་མ་བདེ་བར་ཕྱི་རྒྱལ་དུ་ཕེབས་རྒྱལ་དབང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་མཆོག་གིས་བཀའ་མངག་ལྟར་རི་པིན་ཐེ་ལན་འཇར་མིན་སོགས་སུ་མང་པོར་བཞུགས། ད་ལྟ་ཨ་མེ་རི་ཀ་ན་སྐུ་འཚོ་བདེ་བཞུགས་ངོས་འདི་ཀའི་བསྟན་དགོན་ལ་གཟིགས་དང་གཟིགས་མུས་སུ་ལགས། དེ་མིན་ར་ཧོར་དཀྲ་སྤྲུལ། ཁམས་སྤྲུལ། དབུས་སྤྲུལ། དབོན་འཇམ་ལོ་སོགས་དམ་པ་མང་བ་ཞིག་བཞུགས་ཀྱང་ཀུན་གྱི་མཛད་རྣམ་འགོད་མི་ནུས་པས་སྐབས་འདིར་བཏང་སྙོམས་སུ་བྱའོ།།

དམ་པ་དེ་དག་གི་སྐུ་རིང་ལ་འཆར་ཉན་དང་སྒྲུབ་མཆོད་ཀྱི་ཕྱག་སྲོལ་ལྟར་བྱུང་བའི་རིམ་པ་ནི་བླ་རབས་སྔ་མ་རྣམས་སུ་སྔོན་འགྲོ་རྩལ་སོགས་སྔག་ཕྱོགས་མན་ངག་གི་གདམས་ཁྲིད་ལས་གཞི་གསུམ་གྱིས་ཕྱག་བཞེས་དང་མཚན་ཉིད་ཐེགས་པའི་འཆད་ཉན་རྒྱ་ཆེར་མེད་ཀྱང་། འཇམ་དབྱངས་གྲུབ་གསུམ་གྱིས་པའི་དང་པོ་ནས་ཉེ་བར་བཟུང་སྐུ་ཉིད་ནས་གྲུབ་དབང་རྫོགས་ཆེན་ལྟར་གྱི་དབྱར་གནས་གསར་འཛུགས་མཛད་དེ་ལོ་ཤེས་ཁོང་ཉིད་ནས་མཁན་པོའི་ཐུགས་ཁུར་བཞེས་དམ་ཆོས་འདུལ་བའི་གནང་བཀག་གི་དབྱེ་མཚམས་ལྟར་འདུས་སྡེ་ཡོངས་ལ་དག་ཐེར་ལན་མང་མཛད་ཅིང་གྲུབ་མཐའ་རིས་མེད་ཀྱི་མཚན་ཉིད་ཐེག་པའི་འཆད་ཉན་གྱི་ཕྱག་སྲོལ་རྒྱ་ཆེར་བཏོད། ཟུར་དུ་སྒྲུབ་གྲྭ་དང་སྐལ་བསྡན་དོན་གཉེར་ཅན་ལ་ཕྱི་ནང་གི་རྒྱུད་སྡེའི་སྨིན་གྲོལ་གདམས་པའི་བདུད་རྩི་བསྕལ་ཏེ་མདོ་བསྔགས་བཤད་སྒྲུབ་ཟུང་དུ་མཛད། དེ་ནས་རྫོགས་ཆེན་མཁན་པོ་གཞན་དགའི་སློབ་ཆེན་མཁན་རབས་དང་པོེར་འབོད་པ་ར་ཧོར་ཆོས་གྲགས་དང་གཉིས་པ་གྲྭ་ལག་མཁན་པོའི་ཐུགས་ཁུར་ཡང་གང་འཚམས་ཞིག་བཞེས། དེ་རྗེས་མཁན་རབས་གསུམ་པ་རྫ་རྒྱལ་མུ་ར་པདྨ་བདེ་ཆེན་བཟང་པོ་དང་མཁན་ཆེན་ཡོན་ཏན་རྒྱ་མཚོ་སོགས་བཤེས་གཉེན་དུ་མའི་ཞལ་སློབ་ཀྱི་[page 384] ཐུ་བོར་གྱུར་པ་མཁས་བཙུན་བཟང་པོའི་གོ་འཕང་མཐོན་པོར་གཤེགས་པ་སྟོན་དཔོན་མཁན་པོ་དགེ་མཆོག་དང་ལྔ་རིག་སྨྲ་བའི་མཁན་ཆེན་པད་མ་འགྱུར་མེད་གཉིས་ནས་རིམ་པ་དབྱར་གནས་དང་ཆོས་གྲྭ་གཉིས་ཆར་གྱི་མཁན་པོ་ལོ་མང་དུ་མཛད་དེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་མཛོད་ཆེན་བདུན་དང་ཡིན་མཛོད། མངའ་པཎ་སྡོམ་གསུམ་རྣམ་ངེས་ཀྱི་འབྲེལ་ཆེན་དཔག་བསམ་མ་སྙེ་མ། རྫོགས་ཆེན་རྒྱ་འགྲེལ་གཞུང་ཆེན་བཅུ་གསུམ་སོགས་ཀྱི་བཤད་ཁྲིད་མཐར་ཆགས་སུ་བགྱིས་ཏེ་བཤད་གྲྭའི་གཞི་རྐང་བརྟན་པར་བྱས། དེ་རྗེས་མཁན་རབས་ལྔ་བ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་སློབ་ཆེན་གནམ་མཚོ་མཁན་པོ་བསྟན་འཛིན་ནས་ལོ་བཅུ་གཅིག་གི་རིང་ལ་དགོན་གཞུང་དབྱར་གནས་ཀྱི་མཁན་པོ་མཛད་པ་དང་མཉམ་དུ་ཆོས་གྲྭའི་ཁུར་ཀྱང་ལོ་ཤས་བཞེས། དེའི་སྐབས་ཙམ་ལ་འཇམ་དབྱངས་གྲུབ་པའི་དབང་པོའི་གསུང་ཕྲིན་གྱི་རེ་འདུན་ལྟར་ལྷ་ལྡན་འབྲས་སྤུངས་ནས་དགེ་བཤེས་བྱམས་པ་མཆོག་གྲུབ་དགོན་འདིར་མངགས་འབྱོར་བྱུང་བར་བརྟེན། ཁོང་ཉིད་ཀྱིས་ལོ་གཉིས་ཙམ་ལ་དགེ་ཕྱོགས་ཀྱི་ཡིག་ཆ་གཙོ་བོར་བཟུང་ནས་མཚན་ཉིད་རིག་པའི་རྩོད་གྲྭ་བཙུགས་ཏེ་ཆོས་གྲྭའི་ཁུར་བླངས། དེ་ནས་སླར་ཡང་མཁན་དགེ་མཆོག་ནས་ཆོས་གྲྭའི་མཁན་པོ་བགྱིས་ཏེ་རྒྭ་གཞུང་གི་འཆད་ཉན་ནར་མར་བགྱིད་མུས་སུ་ལྷ་ལྡན་འབྲས་སྤུངས་སྒོ་མང་ནས་དགེ་བཤེས་ལྷ་རམས་པ་དཀྲ་ཐུབ་བསྟན་སྙན་གྲགས་རང་ཡུལ་དུ་བྱོན། དེ་ནས་བཟུང་ཁོང་ཉིད་ནས་ཆོས་གྲྭའི་ཁུར་བཞེས་ཏེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་སྐུ་ཕྱོགས་བྲག་དཀར་གྱི་ཡིག་ཆ་གཙོ་བོར་བཟུང་ནས་རི་བོ་དགེ་ཕྱོགས་ཀྱི་ཕྱག་སྲོལ་ཇི་ལྟ་བར་འཛིན་གྲྭ་གོང་འོག་ཕྱེས་ཏེ་དབུ་ཕར་གྱི་མཚན་ཉིད་རིགས་པའི་རྩོད་གྲྭ་རྒྱ་ཆེར་བཙུགས་ཤིང་དགོན་གཞུང་གི་ཆོས་གྲྭའི་དཀྱུས་བཟུང་། མཁན་རབས་ལྔ་བ་དང་མཁན་རབས་དྲུག་པ་མཁན་ིག་འཛིན་འོད་ཟེར། བདུན་པ་མཁན་མགོན་གྲགས་རྣམས་ཀྱི་ས་དགོན་གཞུང་དབྱར་གནས་ཀཡི་མཁན་པོ་མཛད་ཅིང་གཞན་མཁན་རབས་སྔ་མ་རྣམས་དང་བཅས་པས་གསམ་སྔགས་སྔ་འགྱུར་བའི་མདོ་རྒྱུད་མན་དག་གི་གདམས་ཁྲིད་དང་། སྒྲ་སྙན་སྐར་རྩིས་སོགས་ཐུན་མོང་རིག་པའི་འཆད་ཉན་དབ་བཅས་བས་ཟུར་བརྒྱན་ཏེ་རྒྱལ་བསྟན་འགལ་མེད་དཀར་འཇམ་ཡུག་གཅིག་ཏུ་དར་སྤེལ་བྱས། སྒྲུབ་གྲྭ་བ་རྣམས་གང་འདོད་དེར་མོས་ཀྱི་བླ་མ་བསྟེན་པ་ལས་ཐུན་མོང་དུ་སྒྲུབ་གྲྭའི་མཁན་པོ་ཟུར་བ་བསྐོ་བའི་ཕྱག་སྲོལ་མེད། དེ་ལྟར་བཀའ་འགྱུར་བ་འཇམ་དབྱངས་གྲུབ་པའི་དབང་པོས་ཆོས་གྲྭ་གསར་བཙུགས་བྱས་ནས་བཟུང་ཕྱོགས་སོ་སོ་ནས་གྲྭ་རྒྱུན་ཡང་མང་དུ་འཕེལ་ཏེ། འགོ་ལོག སྐྱེ་སྐུ། རྔ་བ། རྒྱལ་རོང་། མི་ཉག ཉག་རུང་། དར་མདོ་སོགས་ཀྱི་གྲྭ་བ་བཅས་ཁྱོན་འདུས་པ་ལྔ་བརྒྱ་ཙམ་དུ་འཕེལ། དུས་མཆོད་རྒྱུན་སྲོལ་ཡང་བླ་རབས་གོང་མ་རྣམས་སུ་དུས་མཆོད་ཀྱི་དར་རྒུད་སྣ་ཚོགས་བྱུང་བ་འདིར་འབྲི་མི་ལང་ལ། འཇམ་དབྱངས་གྲུབ་པའི་དབང་པོ་ནས་བཟུང་ལོ་རེ་བཞིན་ཕལ་ཆེར་གཏན་འཇགས་སུ་སོང་བའི་དུས་མཆོད་ལ་ཆོ་འཕྲུལ་ཟླ་བའི་ཚེས་བཞི་ལྔ་ན་ས་བརྩམས་སྤྱོད་འཇུག་ཆེན་མོའི་བཤད་ཁྲིད་དང་འབྲེལ་བའི་སེམས་བསྐྱེད་མཆོད་པ། མཇུག་གི་ཉིན་གསུམ་མམ་བདུན་སོགས་ཅི་[page 385] རིགས་ལ་བདེ་ཆེན་ཞིང་སྒྲུབ། ཧོར་ཟླ་གཉིས་པ་རིལ་པོ་ལ་སྔོན་འགྲོའི་ཁྲིད་སྦྱང་། ཟླ་གསུམ་པའི་ཚེས་དྲུག་ནས་ཉིན་གསུམ་ལ་སྨིན་གླིང་རབ་གནས། ཚེས་དགུ་ནས་ཉིན་གསུམ་ལ་བླ་རབས་སྔ་མའི་འདས་མཆོད་དུ་རྒྱལ་དབང་ལྔ་པའི་སྨན་བླ་མདོ་ཆོག་དང་གཞན་མཆོག་བདུན་མ་བཅས་འདོན། ཟླ་བཞི་པའི་ཚེས་བཅུ་གསུམ་ནས་སྦྱོར་ཆོས་ལ་བརྩོན་པ་ལས་དངོས་གཞི་ཚེས་ཉེར་གསུམ་ནས་བརྩམས་བཀའ་མའི་སྒྲུབ་ཁག་ལས་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་ཞག་བདུན་ཕྲག་གཅིག་ལ་འཚོགས། ཚེས་སུམ་ཅུའི་ཉིན་བསྟན་སྲུང་ཡོངས་རྫོགས་ཀྱི་གསོལ་མཆོད། ཟླ་ལྔ་བའི་ཚེས་གཅིག་ནས་ཉིན་བརྒྱད་ལ་སྨྱུང་གནས། ཚེས་བཅུ་གཅིག་ནས་ཉིན་གསུམ་ལ་མགོན་པོའི་སྒྲུབ་མཆོད་དང་འབྲེལ་བའི་སྡེ་འདིའི་སེར་སྐ་ཀུན་གྱིརི་བསངས་ཆེན་མོ། སྐབས་འདིར་སེམས་ཅན་བཤའ་བ་དམིགས་ཀྱིས་བཀག་སྟེ་ཟས་ལ་ཞོ་སོགས་དཀར་གསུམ་ལྟ་བུ་སྤྱོད་པ་ཤས་ཆེ་བས་མགོན་སྒྲུབ་ལའང་ཞོ་མགོན་དུ་གྲགས། ཟླ་དྲུག་པའི་ཚེས་གསུུམ་ནས་ཉིན་བརྒྱད་ལ་སྤྱི་སྲུང་ཆེན་མོར་བསམ་ལྷུན་འབུམ་ཐེར་འདོན། ཚེས་བཅུ་བཞི་ནས་ཞག་ཞེ་དགུའི་བར་དུ་དབྱར་གནས་ལྗོངས་རྒྱུ་དང་བཅས་པ། ཟླ་བརྒྱད་པའི་ཚེས་བདུན་ཙམ་ནས་བཟུང་སྟོན་སྲུང་ཆེན་མོར་ཉིན་བརྒྱད་ལ་སྒྲོལ་འབུམ་ཐེར་འདོན་པ་སྤྱིར་བཏང་། དམིགས་བསལ་མོ་རྩིས་ལ་གང་བབས་ཀྱི་གཏོ་སྣ་ཚོགས་ཀྱང་ཅི་རིགས་པར་འདོན། ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ནས་སྦྱོར་ཆོས་ལ་བརྩོན་པ་ལས་དངོས་གཞི་ཚེས་ཉེར་གསུམ་ནས་བརྩམས་ཉིན་བདུན་ལ་གྲུབ་དབང་རྫོགས་པའི་ཕྱག་སྲོལ་ལྟར་གྱི་བཀའ་བརྒྱད་ཁྲོ་བོ་རོལ་བའི་གཏོར་བཟློག ཉིན་ཐ་མ་གཉིས་སུ་རིམ་བཞིན་དམར་འཆམ་དང་འབག་འཆམ། ཟོར་འཆམ་གཏོར་རྒྱག་དང་བཅས་པ། ཚེས་སུམ་ཅུའི་ཉིན་བསྟན་སྲུང་ཡོངས་རྫོགས་ཀྱི་གསོལ་མཆོད་བཅས་དེང་སང་གི་བར་དུ་ལོ་ལྟར་འཚོགས་བཞིན་མཆིས། དེར་མ་ཟད་ཕྱོགས་གཞན་གྱི་དགོན་ཁག་དུ་མར་དབྱར་གནས་སོགས་དུས་མཆོད་དང་ཆོས་གྲྭ་གསར་དུ་བཙུགས་པའི་མཛད་རྗེས་ཀྱང་ཡོད་དེ། མཁན་དགེ་མཆོག་ནས་གཙང་སྨད་སེང་གེ་དགོན། མདོ་མང་དགོན། ད་ལྟ་འཛམ་ཐང་རྫོང་གི་རྒྱ་སྨོན་རི་ཝི་ཐང་གསུམ་ལ་དབྱར་གནས་སོགས་དུས་མཆོད་དང་ཆོས་གྲྭ་གཉིས་ཆར་བཙུགས། དགེ་བཤེས་བྱམས་པ་མཆོག་གྲུབ་ནས་བསེར་ལྷ་རྩེ་དགོན་པར་དབྱར་གནས་དང་ཆོས་གྲྭ་གཉིས་ཆར་བཙུགས་ཏེ་ཐུགས་ཁུར་བྱས། མཁན་མགོན་གརྒས་ནས་འཁོར་གདོང་དགོན་པར་དབྱར་གནས་དང་ཆོས་གྲྭ་གཉིས་ཆར་བཙུགས་ཏེ་ཐུགས་ཁུར་བྱས། གཙང་ཉིན་བླ་མ་འགྱུར་མེད་སོགས་ནས་གཙང་སྨད་སེང་གེ་དགོན། འཛམ་ཐང་རྫོང་གི་ས་འགོའི་དགོན་གསེར་རྟ་རྫོང་གི་སྐྱི་སྔོན་དགོན་དང་། རྒྱའུ་གདོང་བཅས་ལ་འཚོགས་ཆེན་འདུས་པ་གསར་དུ་བཙུགས་པས་མཚོན་ལེགས་མཛད་འཕྲིན་ལས་ཀྱི་སྙན་པས་ཁྱབ། དེ་མིན་སྒྲ་སྙན་ལག་མཁས་པའི་མཁན་ཆེན་པད་མ་འགྱུར་མེད། གསོ་རིག་ལ་བྱང་ཆུབ་པ་སྟག་རིང་སྨན་རྒནངེས་ལེགས། མོ་རྩིས་ལ་ཐོགས་རྡུགས་བྲལ་བ་གོས་རྩའི་མོ་བ། གཞན་ལྷ་བཟོ་སོགས་ཐུན་མོང་རིག་གནས་ལ་མཁས་པའི་སྙན་གྲགས་ཅན་གྱི་སྐྱེས་བུ་དུ་མ་བཞུགས་པས། དེའི་སྐབས་དེར་དགོན་སྡེ་འདི་ཉིད་ནི་ས་ཕོགས་འདི་ཀའི་ཆོས་ཚུགས་ཀྱི་ཡུལ་དབུས་[page 386] དང་རིག་གནས་ཀྱི་ལྟེ་བ་ལྟ་བུར་གྱུར། དེ་ལྟར་ཡང་བསྟན་རྩ་དམ་ཆོས་འདུལ་བས་གཞི་བྱས་དགོན་གཞུང་སྒྲུབ་ཆོག་ཕལ་ཆེར་སྔ་འགྱུར་རྫོགས་ཆེན་ལྟར་ལ་ཆོས་གྲྭའི་འཆད་ཉན་གཙོ་ཆེར་རི་བོ་དགེ་ཕྱོགས་འབྲས་སྤུངས་ལྟར་བྱས་ཏེ་རྒྱལ་བསྟན་འགལ་མེད་ཟུང་འཇུག་ཏུ་སྒྲུབ། ཚུལ་འདི་ལ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་ཀྱང་བསྔགས་བརྗོད་དང་དགྱེས་ཚོར་ཆེན་པོ་གནང་ནས་ཁོང་སྐུ་དངོས་ཀྱིས་དགོན་འདིའི་བཅའ་ཡིག་ལྗགས་རྩོམ་མཛད་གནང་བགྱིས་པ་ལྟའང་བཀའ་རྟག་ཕྱག་རྒྱའི་རི་མོ་མ་ཉམས་པར་ཡོད་ཀྱང་ཟུར་དུ་འགོད་པར་བྱའོ།

བཞི་པ། རྟེན་དང་བརྟེན་པའི་བཞུགས་ཚུལ། གཙུག་ལག་ཁང་། མཆོད་རྟེན། གྲྭ་ཤག་སོགས་བཞེངས་སའི་དགོན་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་བརྒྱད་ཁྲི་(80000平方米)ཙམ་མཆིས་གནས་དེར་གཙུག་ལག་ཁང་དང་བཅས་པ། སྐུ་གདུང་ལྷ་ཁང་ཆེན་མོ། བླ་བྲང་ཁང་། བཤད་གྲྭ་ཁང་། སྒྲུབ་གྲྭ་ཁང་། སྤྱིཁང་། ཇ་ཁང་། མགོན་ཁང་། སྔོན་འགྲོ་འཚོགས་སའི་ལྗང་ར། ཕུར་བའི་ལྷ་ཁང་བཞི། གྲྭ་ཤག་བརྒྱད་ཅུ་ལ་ཉེ་བ། མདུན་ཐང་རྡོ་འབུམ་རིང་མོ། མཎྜལ་རྡེའུ་འབུམ། ཝ་ཡོངས་མཆོད་རྟེན་དཔངས་སུ་ཁྲུ་ལྔ་བཅུ་ཙམ་པ། སྒང་ཐ་མའི་མཆོད་རྟེན་ཁྲུ་བཅུ་གསུམ་ཙམ་པ། དེ་ལས་ཅུང་ཆུང་བའི་མཆོད་རྟེན་བརྒྱད་ཙམ་ཡོད། ར་ཧོར་སྐུ་ཕྱོགས་ཀྱི་མ་ཡུམ་གདུང་རྟེན་ཁང་བརྩེགས་མཆོད་རྟེན་ཁྲུ་ཉི་ཤུ་ཙམ། དེ་མིན་ཁང་བརྩེགས་མཆོད་རྟེན་གཉིས་དང་དུང་འཁོར་ཁང་བཅས་བཞུགས། གཡས་ཟུར་དུ་རྫ་རྒྱལ་མུ་རའི་གདུང་རྟེན་ཁང་བརྩེགས་མཆོད་རྟེན་དཔངས་སུ་ཁྲུ་ཉི་ཤུ་ཙམ་ཡོད་པ། མཎྜལ་རྡེའི་འབུམ་གཉིས། སྐལ་བཟང་རྡོ་འབུམ། བདུད་འདུལ་མཆོད་རྟེན་དཔངས་སུ་ཁྲུ་ཉེར་གཅིག་ཙམ་ཡོད་པ་བཅས་བཞུགས། དེའི་མཐའ་སྐོར་གྱི་གླིང་སྐོར་ལམ་ཚུན་ཆད་ནི་ཐུན་མོང་མ་ཡིན་པའི་དགོན་པའི་ས་རྒྱ་ཡིན་པས་བུད་མེད་རྒན་གཞོན་སུ་ཡིན་རུང་མཚན་སྡོད་ལྟ་ཅི་ཉིན་མོའང་འགྲོ་འདུག་མི་ཆོག་པའི་མོ་ཁྲིམས་དམ་པོ་ཡོད་སའི་གནས་ཡིན། དེ་མིན་གླིང་སྐོར་ལམ་གྱི་ཕྱི་རོལ་ཙ་ཐར་ཡར་ཁྲུག ཙ་རིའི་དཀྱིལ་འཁོར། དགོན་ཐོད། དགུ་ཆེན་གཏོར་རྒྱག་བྱེད་ས་བཅས་ཀྱང་ཐུན་མིན་དགོན་པའི་ས་རྒྱ་ཡིན། གཞན་དགོན་སྡེ་འདི་ལས་འཕྲོས་པའི་རི་ཁྲོད་རྣམ་པ་གཉིས་ཀྱ་དབེན་རི་ཐུམ་འགོའི་རི་ཁྲོད་དུ་ཁང་པ་ཉེར་གསུམ། ཞིང་ཐར་རི་ཁྲོད་དུ་ཁང་པ་ཉེར་གཅིག་དང་བཅས་མཆིས་སོ། དེ་ལ་གཙུག་ལག་ཁང་དུ་བཞུགས་པའི་སྐུ་རྟེན་གཙོ་བོ་ལ་ཟངས་གསེར་ལས་གྲུབ་པའི་གུ་རུ་ཁྲུ་ལྔ་ཙམ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་༪༪ར་བ་གཉིས་ཁྲུ་དོ་རེ་ཙམ། ཐུབ་པ་ལོངས་སྐུའི་ཆས་ཅན་ཁྲུ་གསུམ་ཙམ་ཞིག་དང་། དེ་མིན་ཐུབ་སྐུ། པད་འབྱུང་། ཀུན་མཁྱེན་ཀློང་ཆེན་པ། འཇམ་དབྱངས་གྲུབ་པའི་དབང་པོའི་སྐུ་འདྲ་བཅས་རྒྱུ་ས་འདམ་ལས་གྲུབ་པ་ཁྲུ་ལྔ་རེ་ཙམ་ཡོད་པ་དང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རྒྱུ་གསེར་ཟངས་ལས་གྲུབ་པ་ཁྲུ་ཚད་བཅས་བཞུགས། གཙང་ཁང་དུ་རྒྱལ་ཚབ་བྱམས་མགོན་ཁྲུ་དགུ་ཙམ་པ། རྗེ་བཙུན་འཇམ་དབྱངས་ཁྲུ་ལྔ་ཙམ་པ། རྒྱལ་ཡུམ་སྒྲོལ་མ་ཁྲུ་ལྔ་ཙམ་པ་བཅས་རྒྱུ་ས་འདམ་ལས་གྲུབ་པ། དེ་མིན་གུ་རུ་མཚན་བརྒྱད་དང་ཙན་དན་ཕྱེ་འདམ་གྱིས་བཟོས་[page 387] པའི་གུ་རུ་རྒྱ་གར་མ་བརྒྱད་སོགས་བཞུགས། བཤད་སྒྲུབ་ཁང་དུ་སྐུ་ཞབས་མོག་ཅོག་བྱམས་པ་རིན་པོ་ཆེ་ནས་རྒྱ་གར་གྱི་དུར་ཁྲོད་བསིལ་བ་ཚལ་ནས་གདན་དྲངས་པའི་མགོན་སྐུ་ཕྱག་དྲུག་པ་ལྔ་ལས་གཉིས་འབྲས་སྤུངས་སུ་བཞུགས་པའི་ཡ་གྱལ་ར་ཧོར་ཆོས་གྲྭ་ལ་རྟེན་སྐལ་དུ་བསྩལ་བའི་མགོན་སྐུ་དང་ཟངས་གསེར་ལས་གྲུབ་པའི་བྱམས་པ་རྩ་ཆེན་ཁྲུ་གསུམ་ཙམ་ཡོད་པ་སོགས་བཞུགས། བླ་བྲང་ཁང་དུ་རྫ་རྒྱལ་མུ་ར་དང་ཆོས་རྗེ་མར་པ་གཉིས་ཀྱི་སྐུ་འདྲ་ཟངས་གསེར་ལས་གྲུབ་པ་ཁྲུ་གང་བ་རེ་དང་ཁྱད་པར་རྟེན་ཐམས་ཅད་ཀྱི་གཙོ་བོ་ཐུབ་པ་ནས་ལེན་མ། སྒྲོལ་མ་གཡུ་ཐོད་མ། འཇམ་དབྱངས་གསུང་བྱོན་མ། ཀུན་མཁྱེན་ང་འདྲ་མ། ཕྱག་རྡོར་གཏེར་མ། རྟ་མགྲིན། དམ་ཅན་ར་ཞོན། གནམ་ལྕགས་ཕུར་བུ་སོགས་རིན་ཐང་བྲལ་བའི་རྟེན་ཁྱད་པར་ཅན་དུ་མ་བཞུགས་པ་ལགས། གཞན་ཡང་འཇམ་དབྱངས་གྲུབ་པའི་དབང་པོས་ཕྱག་བཟོས་རྫོགས་ཆེན་དཔལ་སྤྲུལ། རྫ་རྒྱལ་མུ་ར། སྐུ་ཞབས་བྲག་དཀར་སོགས་ཀྱི་བླ་སྐུ་དུ་མ་རི་ཁྲོད་ན་བཞུགས། དེ་མིན་གསར་སྐུ་ཆུང་བ་ཐུང་པ་ནས་ལེན། རྟ་མགྲིན་ཡབ་ཡུམ་མཐོ་ཚད། གནས་བརྟན་བཅུ་དྲུག གུ་རུ་མཚན་བརྒྱད་སོགས་ཀྱིས་མཚོན་ཁྱོན་དགོན་སྡེ་འདི་ཉིད་ལ་གསེར་སྐུ་བརྒྱ་ཕྲག་གཉིས་ལྷག་ཙམ་ཡོད། ཞལ་ཐང་སྐོར་ལའང་ལྷ་གཙོ་འཁོར་ཡོད་དགུའི་ཞལ་ངོ་དང་སྐུ་ཤ་ཚང་མ་གསེར་ནག་འབའ་ཞིག་གིས་བྱས་པའི་སངས་རྒྱས་སྟོང་སྐུའི་གསེར་ཐང་བཅུ། མཛད་པ་བཅུ་གཉིས་ཀྱི་ཐང་ཀ། སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་ཐང་ཀ་སོ་གཉིས། གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ། རྒྱན་དྲུག་མཆོག་གཉིས། བདེ་ཆེན་ཞིང་ཐང་ཆེ་བ། མི་འཁྲུགས་པའི་གྲུབ་ཐང་ཆེ་བ་གཉིས། བླ་བརྒྱུད་ཐང་ཆེན། མར་པའི་ཞལ་ཐང་། སྐྱབས་འགྲོའི་ཚོགས་ཞིང་ཐང་ཆེན། ཆོས་སྐྱོང་ཙིའུ་དམར་ཐང་ཆེན་དང་གྲི་བཙན་ཐང་ཀ་བྱིན་ཅན་སོགས་ཞལ་ཐང་ཆེ་ཆུང་ལྔ་བརྒྱ་ཙམ་བཞུགས། གསུང་རྟེན་སྐོར་ལ་རྒྱལ་བའི་བཀའ་འགྱུར་ཆ་ཚང་། དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་ཆ་ཚང་། འབུམ་ཆ་བཞི། རྙིང་རྒྱུད་ཆ་ཚང་། ཀློང་ཆེན་ཡབ་སྲས་ཀྱི་གསུང་འབུམ་ཡོངས་རྫོགས་དབང་སྐོར་ལྷ་ཙཀ་བཅས། འདུས་མདོའི་དབང་སྐོར་ལྷ་ཙཀ་ཡོངས་རྫོགས། རཏྣའི་ཆོས་སྐོར་དང་འཇའ་ཚོན་གྱི་ཆོས་སྐོར། པཀའ་བརྒྱད་དབང་མོ་ཆེའི་སྐོར་ལྷ་ཙཀ་དང་བཅས་པ། འདོན་ཡིག་གི་སྐོར་ལ། བཀའ་བརྒྱད། ཕུར་བ། སེང་གདོང་། མགོན་པོ། ཕྱག་རྡོར། འོད་ཟེར་ཅན་མ། ཙེ་སྒྲུབ། ཐོས་གྲོལ། ཞིང་ཆོག་སོགས་སྔ་འགྱུར་བཀའ་གཏེར་གྱི་དགོངས་འགྲེལ་སྒྲུབ་ཐབས་ཟིན་བྲིས་སོགས་ཅི་རིགས་པ་དང་། འཇམ་དབྱངས་གྲུབ་པའི་དབང་པོའི་གསུང་འབུམ་དང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཀུན་མཁྱེན་འཇམ་བཞད་དང་སྐུ་ཞབས་བྲག་དཀར་སོགས་ཀྱི་གསུང་འབུམ། འབྲས་སྤུངས་སྒོ་མང་ནས་ར་ཧོར་ཆོས་གྲྭ་ལ་རྟེན་སྐལ་དུ་བསྩལ་བའི་སྒོ་མང་ཡིག་ཆ་ཆ་ཚང་བས་མཚོན་ཁྱོན་པོད་སྟོང་གཅིག་ལྷག་ཙམ་བཞུགས། ཐུགས་རྟེན་གྱི་སྐོར་ལ། སྐུ་གདུང་ལྷ་ཁང་དུ་འཇམ་དབྱངས་གྲུབ་པའི་དབང་པོའི་གདུང་རྟེན་གསེར་གདུང་མཐོ་ཚད་ཁྲུ་ཉེར་གསུམ་ཙམ་གཡུ་བྱུར་སྤོས་ཤེལ་གྱི་ཕྲད་དང་བུམ་སྒོའི་གཟི་ཞགས་བཅས་རིན་ཐང་བྲལ་བ་བཞུགས། གསེར་དངུལ་བཀྲ་མའི་སྐུ་གདུང་ཆ་བརྒྱད་[page 388] ཕྲ་དང་ལྡན་པ་ཁྲུ་ཚད་ཙམ་དང་གཞན་རྫ་རྒྱལ་མུ་ར་དང་ར་སྦྲུལ་མ་ཡུམ་གཉིས་ཀྱི་གདུང་རྟེན་དུ་གསེར་དངུལ་བཀྲ་མའི་སྐུ་གདུང་ཕྲ་ལྡན་ཁྲུ་དོ་ལྷག་ཙམ་དང་བཀའ་གདམས་མཆོད་རྟེན་ཁྲུ་ཕྱེད་ཙམ་པ་གསུམ་བཅས་ཐུགས་རྟེན་ཡང་མང་ཞིག་བཞུགས། མཆོད་རོལ་ཡོ་བྱད་ཀྱི་སྐོར་ལ། གསེར་མཆོད་ཆེ་ཆུང་ཆ་ལྡན་གཉིས། གསེར་དངུལ་བཀྲ་མའི་དུང་དམར་འདོམ་གཅིག་ཕྱེད་ཙམ་ཆ་གཅིག དངུལ་མཆོད་ཆ་ལྡན། གསེར་དངུལ་བཀྲ་མ་ཆ་ལྡན། ཟངས་རག་མཆོད་ཆ། གསེར་གླིང་ཕྲ་བཅས་ཆ་ལྡན། དངུལ་གླིང་ཕྲ་བཅས་ཆ་ལྡན། ཟངས་རག་གི་གླིང་བུ་ཆ་གསུམ། ཟངས་རག་གི་དུང་ཆེན་ཆ་ཆེ་ཆུང་ལྔ་ཙམ། ཆེ་བའི་རིང་ཐུང་གི་ཚད་ལ་བསྐུམས་ཁྲུ་བཅུ་དྲུག་ཙམཡོད་པ། རྐང་གླིང་ལ་ཆུ་སྲིན་ཁ་སོགས་ཆ་བཅོ་ལྔ་ཙམ། མཁར་རྔ་དྲུག་ཙམ། དུང་དཀར་གསེར་དངུལ་བཀྲ་མའི་གཤོག་པ་ཅན། གཤོག་པ་རེ་རེའི་སྟེང་དུ་གཡུ་བྱུར་གྱི་ཕྲ་བཅུ་རེ་ཙམ་ཡོད་པ་ཆ་གཅིག རིེང་ཐུང་ལ་ཁྲུ་གང་ལྷག་ཙམ་ཡོད། དེ་མིན་དུང་དཀར་གཤོག་པ་ཆུང་ངུ་ཅན་ཆ་གཉིས་དང་བཅས་ཁྱོན་དུང་དཀར་ཆ་བཅུ་ཙམ། རྔ་ཆེ་ཆུང་ལྔ་བཅུ་ཙམ། འཇང་སྒང་ཚུལ་ཁྲིམས་རྡོ་རྗེ་ལ་རྒྱ་ནག་གོང་མས་གནང་བའི་ཡིད་བཞིན་ནོར་བུ་ལྟ་བུའི་སྦུབ་ཆལ་ཤང་ཐིས་སམ་ཆ་ལང་སེང་ཐོད་མར་གྲགས་པ་ཞིག་དང་། ཕུར་ཆལ། ཏ་ཆལ། གཡུ་ཆལ། རྦ་ཆལ། དབུ་ཆལ། རྒྱ་ཆལ། ཟེར་བ་སོགས་རྙེད་དཀའ་ཆ་ལང་དུ་མ་དང་། གཞན་ཆ་ལང་དང་སིལ་སྙན་དཀྱུས་མ་སྣ་ཚོགས་བཅས་ཁྱོན་ཆ་ལང་སུམ་ཅུ་ལ་ཉེ་བ་ཙམ་མཆིས། ཚོགས་ཞིང་ཟངས་ཆེ་ཆུང་དྲུག ཆེ་བའི་ནང་ཆུ་ཟོམ་ཆུ་ཆེན་སུམ་ཅུ་རྩ་གསུམ་ཤོང་། གཞན་མཆོད་རྫས་དར་གདུགས་འཕན་གསུམ། འབོལ་ས་གདན། དབང་ཕྱག་ཉེར་བརྒྱད་སོགས་ཀྱི་འཆམ་གོས་སྣ་ཚོགས་ཆ་སུམ་ཅུ་ལྷག སྲིན་མོ་གཡག་གདོང་མའི་གསེར་འབག་སྐབས་སྐབས་སུ་མེ་སྟག་འཕྲོ་བ་དང་དུད་པ་འཕྱུར་བར་གྲགས་པ་སོགས་ཀྱིས་མཚོན་འབག་སྣ་ཚོགས་སུམ་ཅུ་ལྷག་ཙམ། དེ་མིན་པར་ཤིང་གི་སྐོར་ལ། ཚིག་གསུམ་གནད་བརྡེགས་དང་བཛྲ་གུ་རུའི་ཕན་ཡོན་སོགས་པར་ཤིང་དང་། གདུགས་དཀར། བཏགས་གྲོལ། གཟུངས་སྔགས་སྣ་ཚོགས། བཀའ་བརྒྱད་དགུ་ཆེན་སོགས་ཀྱི་དགོས་མཁོའི་པར་ཤིང་དང་བསྐང་རྫས་པར་ཤིང་སོགས་ཀྱི་མཚོན་ཁྱོན་པར་ཤིང་དྲུག་ཅུ་ཙམ་བཞུགས་པ་ལགས་སོ༎

ཡོན་གྱི་འབྱུང་ཁུངས་ཐོབ་ཐང་གི་གོ་རིམ་དང་སྒྲིག་སྲོལ། དེ་ལ་ཚོགས་དུས་མཆོད་ཁག་གི་འཛུགས་རྟེན་དང་བཤད་གྲྭའི་གླ་ཕོགས་བཅས་གང་ལས་བྱུང་བའི་ཚུལ་ནི། དགོན་སྡེ་འདི་ཉིད་ཀྱི་མངའ་འོག་གི་ལྷ་སྡེ་ལ་དུད་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད། ལོ་མཇུག་དགུ་ཆེན་དང་ཚོགས་ཆེན་འདུས་པ་གཉིས་ནི་སྡེ་འདིའི་ཁྱིམ་ཆེན་ཕྱུག་པོ་རེ་རེ་དུས་མཆོད་གང་རུང་རེ་རེའི་སྤྱི་བར་བསྐོས་ཏེ་ལོ་རེ་ལ་འཚོགས་དགོས། དེ་འདྲའི་སྲོལ་དེ་རྒྱུན་འཁྱོངས་གང་འཚམས་ཞིག་བྱས། དེ་རྗེས་ཁྱིམ་འབྲིང་གཉིས་རེ་སྤྱི་བར་བསྐོས་ཏེ་སྔ་སྲོལ་རྒྱུན་མཐུད་བྱས། དེ་རྗེས་ཁྱིམ་ཐ་ཅུང་དབུལ་བ་གསུམ་གྱི་བཞི་སོགས་ཅི་རིགས་པ་དགུ་ཆེན་ལྟ་བུའི་དུས་མཆོད་རེ་རེ་སྤྱི་བར་བསྐོས་ཏེ་ལོ་རེ་ལ་སྦྱིན་བདག་བྱས་ནས་འཚོགས་རྒྱུ་ཡིན། དགུ་ཆེན་དང་[page 389] ཚོགས་འདུས་ཀྱི་སྤྱི་བ་ཁྱིམ་ཚང་ཁག་གཉིས་ལ་དགོན་གཞུང་ནས་སྤྱི་ཞིང་རྨོ་རྒྱུ་སོ་སོར་གཏད་རྒྱུ་ཡོད་ཅིང་སྤྱི་ཐེབས་སུ་མར་རྒྱ་མ་སུམ་བརྒྱ་ཙམ་དང་ཇ་སྒམ་མང་ཙམ་སྤྱི་བ་ཁག་སོ་སོར་སྤྲད་རྒྱུ་ཡོད་ཅིང་དེས་ཚོང་ཁེ་སྤོགས་བསྒྲུབས་ཏེ་ཕྱིས་སུ་སྤྱི་ཐེབས་མ་གདན་སྤྱི་བ་རྗེས་མ་ལ་གཏད་དགོས་པའི་སྲོལ་རྒྱུན་བཙུགས། རབ་གནས་ཀྱིི་སྦྱིན་བདག་ནི་དགེ་བསྐོས་ནས་བྱེད་རྒྱུ་ཡིན། དེ་སྟེ་དགེ་སྐོས་ནས་ཟླ་རེའི་འདོན་བྱ་གསུངས། ཡོན་བདག་གཉེར་བྱེད་པའི་ཟླ་སྤྱི་བསྐོ་དགོས། ཟླ་སྤྱིས་ཟླ་མཇུག་ཏུ་སླེབས་དུས་ཡོན་དངུལ་ཡོངས་རྫོགས་ཀྱི་བརྒྱ་ཆ་དགུ་བཅུ་གྲྭ་པ་རྣམས་ལ་བགོས། བརྒྱ་ཆ་བཅུ་དགེ་སྐོས་ལ་རབ་གནས་འཚོགས་རྟེན་དུ་ཡོན་སྐལ་ཟུར་བ་སྦྱིན་དགོས། དགེ་སྐོས་ནས་ལོ་གཅིག་གི་ཡོན་ཁའི་བརྒྱ་ཆ་བཅུ་བསོགས་ཏེ་རབ་གནས་དང་སྤྱི་སྲུང་ཚེ་བཅུའི་སྟོང་མཆོད་བཅས་འཚོགས་དགོས། དེར་མ་ཟད་རྒྱུ་ཚོད་དང་རང་ནུས་བསྟུན་པའི་དགོན་གཞུང་ལ་ཐེབས་བཞག་བྱེད་སྲོལ་མཆིས། ཞིང་སྒྲུབ་ནི་རྒྱུ་ཐ་ཡོངས་གྲགས་སོགས་དད་སྟོབས་གཏོང་ཕོད་ཆེ་བའི་སྐྱེ་བོ་དུ་མས་མ་བསྐུལ་དང་བླང་གིས་སྦྱིན་བདག་བྱས་ཏེ་འཚོགས་རྒྱུན་ཆགས་མེད་དུ་བྱུང་བ་ཡིན། གཙང་གི་སྤྱི་སྲུང་ཆེན་མོ་བསམ་ལྷུན་འབུམ་ཐེར་སྐབས་སྡེ་འདིའི་ཆོ་ཤོག་བཞི་ལས་ཤོག་ཁ་རེ་རེས་ཉིན་གཉིཤ་རེ་ལ་སྦྱིན་བདག་བྱས་ནས་འཚོགས་རྒྱུ་ཡིན། དེ་མིན་འདས་མཆོད། ཞོ་མགོན། སྟོན་སྲུང་ཆེན་མོ་སོགས་དུས་མཆོད་གཞན་དག་དགེ་སྐོས་དང་སྤྱི་བ་རྣམས་ནས་སྐབས་བསྟུན་འོས་འཚམས་ཀྱི་ཐབས་ཤེས་སྤྱད་དེ་འཚོགས་འཚོགས་པ་ལས་སྦྱིན་བདག་གཏན་འཁེལ་ཅི་ཡང་མེད། ཆོས་གྲྭ་བའི་གླ་ཕོགས་ནི་ར་སྤྲུལ་འཇམ་དབྱངས་གྲུབ་པའི་དབང་པོ་དང་ར་ཧོར་རྫོགས་སྤྲུལ་གཉིས་ནས་ཕྱག་རྫས་ཀྱི་ཐེབས་རྩ་སྔ་ཕྱིར་བཞག་པ་སྤྱི་བ་དང་ཚོང་བ་སོགས་ཀྱིས་ཁེ་སྤོགས་བྱས་ཏེ་མར་ཆུར་ཇ་ནས་སོགས་ཀྱི་གསོལ་ཕོགས་ཅི་རིགས་པ་ནར་མར་བསྩལ། སྒྲུབ་གྲྭ་ལ་གླ་ཕོགས་སྟེར་བའི་ཕྱག་སྲོལ་མ་བྱུང་ངོ་༎ བླ་རབས་བཅུ་གསུམ་པ་སྐུ་ཞབས་མདོ་སྤྲུལ་མ་གཏོགས་ེར་མིན་བླ་རབས་སྔ་མ་ཚང་མ་ཁུ་དབོན་གྱི་འབྲེལ་བར་གྱུར་ཅིང་བསྟན་དགོན་གྱི་གཙོ་འགན་དབོན་པོས་བཞེས་པའི་སྲོལ་བྱུང་། དེའི་མངའ་འོག་ཏུ་ཞིག་གསུམ་གྱི་ལག་ལེན་དང་འཆད་ཉན་གྱི་ཐུགས་ཁུར་ཆེ་བའི་མཁན་པོ་དང་དགོན་གཞུང་གི་བྱ་བྱེད་གང་ལའང་ལྟ་རྟོག་གི་ཁུར་ཡོད་ཅིང་བློ་འདྲི་གྲོས་བསྡུབ་བྱེད་སའི་མཁྱེན་དཔྱོད་ལྡན་པའི་རྒན་རྣམ་བཞིར་གྲགས་པ་ཡོད། དེའི་འོག་དཔལ་འབྱོར་གྱི་ལག་ལེན་བྱེད་པའི་སྤྱི་བ་གཉིས། གཙུག་ལག་ཁང་སྟེང་འོག་གི་སྤྱི་ནོར་སྣ་ཚོགས་བདག་གཉེར་བྱེད་པའི་རྒྱན་གཉེར་གཉིས། དབུ་མཛད་གཅིག མཆོད་དཔོན་གཉིས། ལྷ་གཉེར་སོགས་ལས་སྣེ་དང་གྲྭ་བཙུན་དཀྱུས་མ་ཡོད་དགུ་ཡིན། མཁན་པོ་དང་རྒན་པ་ནི་ལོ་དུ་མར་བརྗེ་རྒྱུ་མིན་ལ་དགེ་སྐོས་དབུ་མཆོད་སོགས་ལས་སྣེ་གཞན་དག་ནི་ལོ་གཅིག་གི་བརྗེ་རེས་བྱེད་རྒྱུ་ཡིན། དེ་མིན་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པའི་སྡོམ་བརྩན་ལ་མཁན་པོའི་མཚན་གསོལ་ཏེ་མཁན་ཞྭ་གནང་སྲོལ་དང་། སྔོན་འགྲོའི་ཁྲིད་སྦྱང་འབུམ་ལྔ་ཆ་ཚང་རྫོགས་ཤིང་སྒྲུབ་གྲྭ་ལས་ཐོན་ཏེ་བླ་མའི་མདུན་ངག་སློབ་བཤད་ཀྱིས་སྨིན་གྲོལ་གྱི་དྲོད་རྟགས་[page 390] བྱུང་བ་ལ་བླ་མའི་མཚན་གསོལ་ཏེ་བླ་ཞྭ་གནང་སྲོལ་བཅས་བྱུང་བ་ཡིན་ནོ༎ གཞན་ཡང་ཆོས་སྡེ་འདི་ཉིད་ཀྱི་སྒྲིག་སྲོལ་གྱི་ཁྱད་པར་ཡང་། དམ་ཆོས་འདུལ་བའི་བཅས་མཚམས་མིག་གི་འབྲས་བུ་བཞིན་གཅེས་བསྲུང་དང་། དགོན་ནང་མོ་ཁྲིམས་ལ་རྩི་བསྲུང་བྱེད་རྒྱུ་དང་། གཟན་ཤམ་རྒྱུན་བཞེས་མ་གཏོགས་སྐྱ་ཆས་རྣམས་ཀུན་བྱེད་མི་ཆོག འཇིག་རྟེན་མ་དད་གྱུར་བའི་ཆ་འཁྲེབ་ཞྱ་སོགས་གྱོན། དུ་བ་སྣ་དུད་བཅས་རྩད་ནས་སྤང་དགོས། མེ་མདའ་འཆང་བ་ལྟ་ཞོག གྲི་རིང་དང་ལྕགས་འཁོར་ཡང་བཏགས་ཉར་མི་ཆོག་པ་སྟེ་ལྔ་ལྔ་པོ་འདི་ནི་མཆོག་སྤྲུལ་འཇམ་དབྱངས་གྲུབ་པའི་དབང་པའོ་འདུས་སྡེ་འདི་ཉིད་ལ་སྤྲིང་ཡིག་གི་ལམ་ནས་བཀའ་ཁྲིམས་སུ་གདམས་པ་ལགས།

ཞར་བྱུང་དེང་གི་གནས་ཚུལ་དང་ཟུར་བཀོད་བཅས། དེ་ལྟར་གཙང་ར་ཧོར་བཀྲ་ཤིས་ལུང་རིགས་འཆི་བ་མེད་པའི་དགའ་ཚལ་དུ་གྲགས་དེར་སྔོན་བྱོན་མཁས་གྲུབ་ཀྱི་སྐྱེས་བུ་ཀརྨ་པ་རང་བྱུང་རྡོ་རྗེ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། སྐུ་ཞབས་བྲག་དཀར། ཨ་མདོའི་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས། ཉག་བླ་བསོད་རྒྱལ། བྱ་བྲལ་ཆོས་དབྱིངས་རང་གྲོལ། སྐུ་ཞབས་རྒོད་ཚང་སོགས་ཚད་མའི་གང་ཟག་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། ལུང་དང་རིག་པའི་མགྲིན་སྒྲ་སྙན་པར་སྒྲོགས་པ་ཕན་བདེ་མ་ལུས་པའི་འབྱུང་ཁུངས་རིས་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱིས་འགལ་མེད་ཤུང་འཇུག་ཏུ་སྤེལ་བྱས། ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་གཙུག་ལག་པང་རྟེན་དང་བརྟེན་པ་བརྟན་བརྗིད་ལྷམ་མེར་བཞུགས། དེ་ལྟ་ནའང་སྐྱེ་རྒུ་བསོད་ནམས་དམན་པའི་སྡིག་སྟོབས་ལས་བཅོས་བསྒྱུར་དུས་ཟིང་གི་རྐྱེན་གྱིས་གཙུག་ལག་ཁང་རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་ལུས་པ་ལྷག་མེད་དུ་གཏོར་བརླགས་ཐེབས་ནས་བསྟན་དགོན་དང་རིག་གནས་ལ་ཉམས་ཉེས་ཆེན་པོ་བྱུང་། ཚུལ་འདིར་སྙིང་ནས་བསམ་ན་བློ་ལྡན་གྱི་སྐྱེ་བོ་སུ་ཞིག་ཡིད་སྐྱོ་དང་ཕོང་སེམས་ཀྱིས་མཆི་མ་འཆོར། དེ་ལྟར་དཀོན་མཆོག་གི་བདེན་སྟོབས་གདུལ་བྱའི་དཀར་པོ་རྣམ་པར་སད་པའི་མཐུ་བརྟན་པ་དང་ཆབས་གཅིག་སྲིད་ཇུས་གསར་བའི་སྒོ་འཕར་ཡངས་པོར་ཕྱེས། དེ་ནས་བཟུང་བླ་མ་འཇིགས་ལོ་དང་རྒྱན་ལོ་མཁས་ལོ་གསུམ་ནས་གཙོ་འགན་བཞེས། གཞན་ཤིང་དཔོན། གྱང་དཔོན། སྤྱི་བ། གཉེར་བདག ཚོང་པ། དྲུང་ཡིག་སོགས་ལས་སྣེ་དུ་མ་ལྷག་བསམ་རྣམ་པར་དག་པས་བློ་སེམས་གཅིག་སྒྲིལ་དུ་བྱས། མཉམ་དུ་སྡེ་འདིའི་དད་སྟོབས་གཏོང་ཕོད་ཀྱིས་མཛེས་པའི་འབྱོར་ལྡན་སྦྱིན་བདག་གི་རྒྱུ་ཚེགས་ཀྱི་སྟོབས་ལས་གཙུག་ལགཁང་གཙང་ཁང་བཅས་དུས་ཐུང་ངུས་ལེགས་གྲུབ་བྱུང་། མཆོག་སྤྲུལ་རྟ་ཁྱུང་རིན་པོ་ཆེས་ར་ཧོར་ཛོགས་སྤྲུལ་གྱི་རྡོ་རྗེའི་བཀའ་བསྒོ་འབྱུང་འགྱུར་མ་འོངས་པར་འདི་ཀའི་བསྟན་དགོན་ལ་གཟིགས་རྟོག་དགོས་པའི་ཐ་ཚིག་དུས་ལ་བབས་པར་མཁྱེན་ནས་ཆོས་སྡེ་འདི་ཉིད་ཉམས་གསོ་བྱེད་པ་ལ་སྔ་ཕྱིར་ཐུགས་ཁུར་རྒྱ་ཆེན་བྱས་ཏེ་སྨིན་གྲོལ་གྱི་གདམས་པ་དང་བཀླག་ལུང་མང་དུ་བསྩལ། གཙང་ཁང་དུ་བྱམས་ཆེན་གཙོ་འཁོར་གསུམ་པ་ཁང་བརྩེགས་གསུམ་སླེབས་པ་བཞེངས། སྔར་གྱི་དབུ་མཆོད་རྙིང་བ་རྣམས་ཀྱི་བཀའ་དྲིན་[page 391] ལས་སྔར་ཡོད་ཀྱི་དུས་མཆོད་རྣམས་ཀྱང་རིམ་གྱིས་ལེགས་ཚུགས་བྱུང་། ཚངས་པ་སོགས་གནས་འགོ་ཁྲིད་ཀྱི་རྒྱབས་སྐྱོར་འོག་སྤྲུལ་རྟ་ཁྱུང་དང་འཇང་སྐོར་མས་གཙོ་འགན་བཞེས་ཏེ་སྐུ་གདུང་ལྷ་ཁང་ཆེན་མོ་ཡང་ལེགས་གྲུབ་བྱུང་། ར་ཧོར་སྐུ་ཆུང་ཀརྨ་རྒྱ་མཚོའི་གདུང་རྒྱུད་ལས་བྱུང་བ་དཀྲ་བླ་མ་ཀློང་པོ་རྨེ་ཁོག་ནས་བྱོན་དེ་ར་ཧོར་སྒྲུབ་གྲྭ་གསར་དུ་བཞེངས། མཚམས་གྲྭ་བ་རྣམས་ལོ་བཞིན་ཕྱག་ཕོགས་གནང་བའི་མ་དངུལ་ཐེབས་རྩ་རྒྱ་ཆེར་བཞག ཟླ་འདུག་དང་སྙིང་ཐིག་རྩ་གསུམ་གྱི་ཚོགས་མཆོད་ཚེས་བཅུ་ཉེར་ལྔ་རྒྱུན་ཆགས་སུ་ཕུལ་བའི་ཕྱག་སྲོལ་བཏོད་པས་མཚོན་བཀའ་དྲིན་ཤིན་ཏུ་ཆེ། མཁན་ཆེན་ཟླ་བའི་འོད་ཟེར་རྒྱ་གར་ནས་བྱོན་དེ་ཞིང་སྒྲུབ་དང་གཞི་གསུམ་གྱི་ཕྱག་བཞེས་སྔ་སྲོལ་ཇི་བཞིན་བཙུགས། ཞིང་སྒྲུབ་ཀྱི་མཆོད་ཐེབས་གནང་། སོ་ཐར་གྱི་སྡོམ་རྒྱུན་སྤེལ། དཔལ་རུ་དམ་སེང་གེ་རིའི་ཆོས་གྲྭ་རུ་གྲྭ་རྒྱུན་ཁྲིད་དེ་དགོན་མ་ལག་བར་གྱི་འབྲེལ་བ་དམ་ཟབ་བྱས། དེར་རྟེན་གྲུབ་དབང་རྫོགས་ཆེན་པས་དགོན་འདིར་བཅའ་ཡིག་ཀྱང་བསྩལ། དེ་མིན་ཁོང་ཉིད་ཀྱི་ཐུགས་བཞེད་བཞིན་བླ་མ་ཆོས་ལྡན་དང་དབང་དར་སོགས་ནས་ཟངས་གསེར་ལས་གྲུབ་པའི་མཁན་སློབ་ཆོས་གསུམ་མི་ཚད་ཙམ་བཞེངས། བླ་མ་ཆོས་སྣང་དང་ཆོས་བདེ་རྒྱལ་མོ་རོང་འཛམ་གླིང་རྒྱལ་གསུམ་ནས་གཙོ་འགན་བཞེས་ཏེ་ཧོར་རྫོགས་སྤྲུལ་གྱི་གདུང་རྟེན་ཁོང་ཉིད་ཀྱི་ཕྱག་རྫས་དངུལ་སྒོར་དགུ་བརྒྱ་ལྷག་ཙམ་སོང་བའི་མཆོད་རྟེན་གསར་དངུལ་བཀྲ་མ་མཐོ་ཚད་བསྐུམས་ཁྲུ་བརྒྱད་ཙམ་ཡོད་པ་བཞེངས། སྐྱབས་རྗེ་མཚུངས་མེད་མཁན་ཐུབ་བསྟན་མཆོག་ཀྱང་ཕྱི་རྒྱལ་ཨ་རི་ནས་བསྟན་དགོན་ཉམས་གསོ་ཆེད་སྐོར་ཐེངས་གསུམ་དུ་བྱོན་ནས་ར་ཧོར་རྫོགས་སྤྲུལ་གྱི་སྐུ་གདུང་ལ་གཟུགས་འབུལ་བྱས་ནས་སྐུ་གདུང་ལྷ་ཁང་དུ་ཁྲི་གསོལ་བྱས། དེ་མིན་ལྷ་ཁང་ཤིང་ཚོན། ཐང་ཀ་ལོགས་རིས་ཡོངས་རྫོགས། བལ་བོའི་ལི་གསར་གུ་རུ། རྒྱལ་བའི་བཀའ་འགྱུར་བསྟན་འགྱུར་ཆ་ཚང་། སྔ་འགྱུར་བཀའ་གཏེར་ཆ་ཚང་། འཇམ་མགོན་མི་ཕམ་གསུངས་འབུམ། སྐུ་གདུང་ཆེ་ཆུང་བཅུ། རྫ་རྒྱལ་མུ་རའི་གདུང་རྟེན་ཁང་བརྩེགས་མཆོད་རྟེན་ཆེན་མོ་ནང་དུ་གསར་རྒྱ་མ་གང་ཕྱུགས་པའི་གསེར་འཁོར་གཅི་དང་དེ་མིན་རག་འཁོར་གཅིག གྱང་ལྷ་སོགས་རིས་དང་བཅས་པ། བལ་པོའི་གསེར་མགར་གྱིས་མགར་བའི་གསེ་མཆོད་ཚེ་བུམ་བཅས། གསེར་དངུལ་གྱི་བདུན་ཚར་ཆ་གསུམ། མཎྡལ་ཆ་གཉིས། ཀོང་བུ་ཆ་གཉིས་སོགས་ཀྱིས་མཚོན་ཁྱོན་སྒོར་ཁྲི་ཕྲག་སུམ་ཅུ་རྩ་ཉིས་ཙམ་གྱི་རིན་གྱིས་ཐེབས་བཞག་རྒྱ་ཆེར་བྱས། མན་ངག་སྙིང་ཐིག་གི་དབང་ཟབ་མོ་མང་དུ་བསྐུར་བས་དམ་པ་འདི་ཉིད་ཀྱི་བཀའ་དྲིན་གཞལ་དུ་མ་མཆིས་སོ༎

མཆོག་སྤྲུལ་མངའ་རིས་པ་པད་མ་རིག་རྩལ་དང་སྤྲུལ་རྟ་ཁྱུང་སོགས་ཀྱིས་གཙོ་འགན་བཞེས་ཏེ་མཁན་ཟླ་ཟེར་གྱི་གདང་རྟེན་གསེར་གདུང་བསྐུངས་ཁྲུ་དྲུག་ཙམ་ཡོད་པ་སྐུ་གདུང་ལྷ་ཁང་དུ་བཞུགས་གསོལ་བགྱིས། དེ་མིན་སྔར་གྱི་རྟེན་གཙོ་ཐུབ་པ་ནས་ལེན་མ་སོགས་གསེར་སྐུ་དུ་མ་དང་གནམ་ལྕགས་ཕུར་བུ། ར་ཧོར་ཆོས་གྲགས་ཀྱི་རྟེན་གཙོ་རྒྱལ་བ་རྡོ་རྗེ་འཆང་རྒྱལ་ཚབ་བྱམས་མགོན། སངས་རྒྱས་མར་མེ་མཛད་[page 392] སོགས་ཀྱི་གསེར་སྐུ་ཁྱད་འཕགས་དུ་མ་དང་། གཞན་རྒྱལ་བའི་བཅའ་ཡིག་ཆེད་མོ་བཅས་ཀྱང་མ་ཉམས་པར་བཞུགས། དེ་མིན་གཉི་བྱེས་འདུས་པའི་ཞལ་གྲངས་བརྒྱ་ཕྲག་ཕྱེད་གཉིས་ལ་ཉེ་བ་ཀུན་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས། དོན་ལྡན་ཆོས་མཐུན་གྱི་སྤྱོད་པས་སྔ་སྲོལ་འཁོར་ལོ་གསུམ་གྱི་མཛད་བཟང་མི་ཉམས་གོང་འཕེལ་དུ་འབྱུང་སླད། སྒོ་དུ་མ་ནས་བརྩོན་དང་བརྩོན་མུས་སུ་བཞུགས་ལགས་སོ༎ ཞེས་པའང་བསོད་ནངས་དར་རྒྱས་ནས་སྡུད་སྒྲིག་བྱས་པ་དགེའོ༎

མི་མྱ་དགོན་གྱི་ལོ་རྒྱུས།

དགོན་པ་འདི་བོད་རབ་བྱུང་གསུམ་པའི་ཐོག་མ་ཙམ་ལ་ཀརྨ་པ་དུས་གསུམ་མཁྱེན་པས་ཆགས་བཏབ་སྟེ་ཆོས་སྲོལ་དང་གྲུབ་མཐའ་ནི་དྭགས་པོ་བཀའ་བརྒྱུད་ཡིན། ཡང་མཐར་གྲུབ་མཐའ་ལ་འགྱུར་ལྡོག་སོང་ཡོད་ཀྱི་དྭགས་པོ་བཀའ་བརྒྱུད་ཀྱི་སྲོལ་མ་ནུབ་པར་དྭགས་ཞྭ་ཞེས་པའི་ཞྭ་ནག་མང་པོ་ད་ལྟའང་གྱོན་གྱིན་ཡོད་པ་ནི་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་ཡིན། དུས་སྐབས་ཤིག་ན་སོག་པོ་གུ་ཤྲིའི་དམག་གིས་ཐོག་མའི་བཀའ་བརྒྱུད་ཀྱི་བསྟན་གཞི་དེ་གཏོར་བརླགས་བྱས། དེའི་ཡང་གོང་དུ་བཀའ་བརྒྱུད་ཀྱི་བླ་མ་ཆོས་འཕེལ་ཞེས་པས་མདའ་མདོའི་ལྷ་དབང་དཀར་པོ་ཞེས་པའི་གངས་རི་ལས་གཏེར་བླངས་པའི་རྣམ་པ་འགྲོ་མགོན་ཆོས་འཕགས་དང་མཚུགས་པའི་འགྲོ་མགོན་སངས་རྒྱས་ཡེར་བ་ཞེས་པའི་རང་བྱུང་གི་ལུགས་སྐུ་ཆེན་པོ་དེ་རབ་དྲུག་པའི་ནང་། ལྕགས་འབྲུག་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་གཉིས་སྔ་དྲོའི་ཆ་ལ་མདའ་མདོའི་ཕུ་ནས་གདན་དྲངས་བར། ནམ་དུས་དགུན་ཁ་ཡིན་ཡང་། ཆར་ཟིམ་དང་། འཇའ་འོད་སྣང་བ་སོགས་ངོ་མཚར་བའི་རྟགས་མཚན་ཀུན་གྱིས་མཐོང་བ་བྱུང་། དེ་ནས་གྲྭ་སློབ་འགའ་ཡིས་ཤུགས་ཀྱིས་དྲངས་ནས་གདན་སར་སླེབས་དུས་ཤུགས་པའི་དྲི་ཞིམ་ཞིག་བདུག་རྩིས་ཀྱི་མེ་བཙལ་བར་དགོན་ལ་མེ་འབུད་མཁན་མེད་པའི་ཚང་མ་སྐུ་དེ་དྲངས་མཁན་ཕྱིན་ཡོད་པར་མེ་མ་འདུག་ཅེས་ལབ་གླེང་བྱེད་སྐབས། སྐུ་དེས་གསུང་ཐོག་མར་འབྱོན་རྒྱུ་ནི་མེ་མེད་དགོན་པ་གསུངས་སོ། དེ་ནས་བཟུང་མེ་མེད་དགོན་པའི་མཚན་ཆགས། རྗེས་སུ་རིམ་པར་མིང་ཟུར་འགྱུར་ཏེ་མེ་མྱ་དགོན་ཞེས་ཀུན་གྱིས་འབོད་སྲོལ་བྱུང་བས་ད་ལྟའང་མཚན་དེ་ཐོགས་ཡོད་པ་ཡིན། དེ་ནས་སྐུ་དེ་རྟེན་གཙོ་རུ་བཞུགས་སུ་གསོལ་བར་མཐར་གོང་གསལ་སོག་དམག་གིས་འཇིག་དུས་སྐུ་དེ་དགོན་པའི་ལྟག་གི་ཤུག་སྡོང་ཆེན་པོའི་འོག་ཏུ་སྦས་ཏེ་སྐུ་དེ་ལ་ཉེས་སྐྱོན་མ་ཤོར། དགོན་གཞི་དེ་ཡོངས་སུ་བརླགས། དེ་དུས་མ་རུང་བའི་རྐུན་མ་མེ་གཉིས་སྐུ་དེ་ཆེ་བས་རིལ་པོ་མ་ཐེག་པར་ཕྱག་ལག་ཡ་གཅིག་གཅོད་སྙམ་སྟེ་སྟ་རེ་བསྣུན་པས། སྐུ་དེས་”ཨ་ཚ་དམ་ཉམས”གསུང་འབྱོན་པར་རྐུན་མ་གཉིས་སྐྲག་ཅིང་བྲོས་སོང་བར་དགོན་འདབས་དེར་སླེབས་སུས་ཆོས་སྐྱོང་ཁྲོས་པའི་ཆད་པས་རྐུན་མ་གཉིས་ཀ་ཤི་སྐད། དེ་ནས་ལྷ་གཉེར་གྱིས་ལྷ་དེ་མཇལ་སྐབས་སྟ་རེས་བརྒྱབ་ཤུལ་གྱི་སྐྱོན་[page 393] བཏང་ཡོད་པ་མཐོང་འཕྲལ། ཕོངས་སོམས་ཚད་མེད་པ་སྐྱེས་བཞིན་ངག་ནས་ཨ་ཁ་ངའི་ལྷ་ལ་རྨ་སྐྱོན་གཏོང་ཚར་འདུག་ཅེས་མིག་ནས་མཆི་མ་ཤོར་བ་ན། སྐུ་དེའི་ཞལ་ནས་ད་རྨ་དྲག་ཚར་ཞེས་གསུང་འབྱོན་པ་ལྷན་དུ་སྐྱོན་རྗེས་”ཤུལ་ཙམ་ཡང་མེད་པར་གྱུར་སོང་བར། ད་རྨ་དྲག་ཅེས་དེ་ནས་བཟུང་མིང་དུ་ཆགས་སོ། དགོན་པ་དེ་ཉིད་ཞིག་རལ་དུ་སོང་ཡང་རྟེན་དེ་བོར་བརླག་མ་ཤོར། ཐོག་མའི་བཀའ་བརྒྱུད་ཀྱི་གྲུབ་མཐའི་སྲོལ་དེ་རྙིང་མར་བཏྲྱར་བའི་སྐོར་ནི། རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་རྩོམ་ཡིག་བཻཌཱུརྱ་དམར་པོ་ལས། སྨད་མདོ་ཁམས་ཞིང་དང་འདྲ་བའི་ཆར་ཞེས་པ་ནི་ཧྲེ་ཧོར་ཡུལ་དུ་གོ་ཞིང་། སྤྱི་ལོ་1659སྐོར་ལ་ཏྲེ་ཧོར་དཔོན་དྲིན་རྗེ་ཧོར་ཨུཆིའི་ནོར་ཡོན་གྱིས་མེ་མྱའི་དགོན་ས་དེ་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་ལ་ཕུལ། ས་ཆ་དེ་ནི་རུས་སྦལ་གྱི་དབྱིབས་སུ་ཡོད་པའི་རྒྱབ་རི་ཁྱུང་ཆེན་གཤོག་པ་བརྒྱང་འདྲ་ལ་མདུན་རི་ནགས་ཚལ་ཐགས་སུ་བཀྲ་ཞིང་རྩེ་མོ་མཎྚལ་ཕུལ་བ་ལྟ་བུ། གཡོན་དུ་དབྱངས་ཅན་ལྷ་མོའི་རྟེན་མཁར་བརྗིད་ཆགས་པ་སོགས་རང་བྱུང་སྣོད་ཀྱི་བཀོད་པའི་དགེ་མཚན་ཡོངས་སུ་ཚང་བའི་ས་དེར་རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ནས་དགོན་གཞི་སླར་གསོ་མཛད་དེ་སྨིན་གྲོལ་བཀའ་གཏེར་གྱི་ཕྱག་སྲོལ་དར་བ་ནས་བཀའ་རྙིང་འདྲེས་མ་ལྟ་བུའི་གྲུབ་མཐའ་ཡིན་པར་དཔལ་ཡུལ་དགོན་གྱི་ཆོས་འབྱུང་ལས་གསལ་བ་དང་། དཔལ་ཡུལ་གྱི་ཤར་གྱི་དགོན་ལག་གྲས་སུ་བརྩིས་ཡོད་པ་ཡིན། དེ་ནས་བརྩམས་ཏེ་རྙིང་ལུགས་སུ་གྱུར། དེ་ནས་གྲུབ་མཐའ་རྙིང་ལུགས་ཀྱིས་དགོན་གཞི་སྐྱོང་མཁན་བླ་བྲང་གཞུང་གི་བླ་རབས་སྐོར་ནི། བླ་རབས་དང་པོ་ཕྲིན་ལས་དོན་གྲུབ་ནི་ཚེ་དང་བསྒྲུབ་པ་མཉམ་པར་མཛད་དེ་གཤེགས། བླ་རབས་གཉིས་པ། བླ་མ་ཚེ་སྒྲུབ་ཞེས་པ་བྱོན་ཏེ་སྒྲུབ་པ་སྙིང་པོའི་སྐུ་ཚེ་འཁྱོལ་བ་མཛད་དེ་ཆོས་བརྒྱད་ཀྱི་སྤྲོས་པ་མེད་པའི་སྒོ་ནས་ཞིང་དུ་གཤེགས། བླ་རབས་གསུམ་པ། བསོད་ནམས་མཐར་ཕྱིན་ནི་ཆུང་དུས་ནས་རང་སེམས་དབང་དུ་འདུ་བས་བསམ་གཏན་བཟང་བ་དང་། འདིར་སྣང་ཆོས་ཀུན་གྱི་གནས་ལུགས་བདེན་པ་མངོན་དུ་རྟོགས། ཆོས་བརྒྱད་དང་འདུ་འཛིའི་གཡེང་བ་མེད། བྲག་ཕུག་དང་། ནགས་ཁྲོད་རྣམས་སུ་ཅི་བདེར་བྱ་བྲལ་མཛད་དེ་བཞུགས་པ་ལས་མེ་མྱ་དགོན་གཞི་རུ་ཆེར་བཞུགས་པ་མེད་པ་ལ། སྐབས་དེ་དུས་སྙི་སྒོ་ཆེན་ཚང་གི་ཡང་སྤྲུལ་ཞེས་པ་ནས། མེ་མྱ་ཚང་དང་གྲུབ་མཐའ་ཡང་མཐུན་པ། གྲྭ་ས་ཡང་དཔལ་ཡུལ་དུ་མཉམ་བཞུགས་ཀྱིས་འབྲེལ་བ་ཡོད་པར་བརྟེན། ཁོང་དགོན་གཞིར་དོ་དམ་མི་མཛད་པར་དབེན་པ་ལ་ཐུགས་གཞོལ་བ་སོགས་ཀྱིས་སྒོ་ཆེན་ཡང་སྤྲུལ་ལ་འཚོགས་དུས་སྒྲུབ་མཆོད་ཀྱི་བླ་མ་མར་བརྡ་ཕུལ་གདན་འདྲེན་ཞུ་རྒྱུ་དང་། ཡང་སྤྲུལ་ནས་ཀྱང་གདུལ་བྱར་གཟིགས་ནས་བྱོན་སྙིང་ཐུགས་བཞེད་ཡོད་པས། ནམ་རྒྱུན་འབྲེལ་བ་ཇེ་ཟབ་ཏུ་གྱུར། ཡང་སྤྲུལ་ནས་མེ་མྱ་དགོན་དེ་ཤིན་ཏུ་ཉག་ཕྲ་བར་གཟིགས་ནས་སྔར་ཡོད་ཀྱི་རྟེན་བརྟེན་པ་རྣམས་ཁ་སྣོན་དང་ཞིག་གསོ་མཛད། ལྷག་པར་དུ་འདུ་ཁང་ཀ་བ་བདུན་བཅུའི་ས་བཞེངས། ནང་རྟེན་སྔར་ཡོད་ད་རྨ་དྲག་གི་གཙོས་སྐུ་གསུང་ཐུགས་རྟེན་དང་། གསེར་བྲིས་ཀྱི་བཀའ་འགྱུར་ཀྱང་བཞེངས། གྲྭ་རྒྱུན་ཡང་འཕར་སྣོན་བྱུང་སྟབས། དཀོར་ས་དང་གྲྭ་རྒྱུན་ཐད་ནས་ལྕོག་རི་དགོན་[page 394] པ་དང་འགལ་ཟླར་ཕྱིན་ནས་ལོ་རབས་འགའ་ཡི་རིང་ལ་རང་གཞན་གྱི་ཆོས་སྲིད་ལ་ཉམས་ཉེས་ཆེན་པོ་ཐེབས། འོན་ཀྱང་ཏྲེ་ཧོར་དཔོན་དཔོན་མོ་སོགས་ཀྱིས་མེ་མྱ་ཚང་ལ་གཟིགས་སྐྱོང་མི་དམན་པ་མཛད། ཡང་མཐར་ཤིས་ཁམས་ཞིང་ཆེན་ནས་མའུ་ཆོས་མཛད་ཞེས་པ་འཐུས་ཚབ་མངགས་ནས་དགོན་སྡེ་གཉིས་ཀྱི་རྩོད་གཞི་ཞི་འཇགས་སུ་བཏང་། ཏྲེ་ཧོར་ལུང་གི་སྡེ་ཤོག་བཅུ་གཅིག་པོ་དེ་མང་ཉུང་ཁག་གཉིས་སུ་བགོས་ཏེ་སྨད་ཀྱི་ཤོག་བཞི་དེ་མེ་མྱ་དགོན་ལ་དཀོར་ས་དང་གྲྭ་རྒྱུན་ཡོང་ཁུངས་མཛད། སྟོད་ཀྱི་ཤོག་པ་བདུན་དེ་ལྕོག་རི་དགོན་ལ་དཀོར་ས་དང་། གྲྭ་རྒྱུན་མཛད་དེ་དུས་ད་ལྟའང་དགོན་སྡེ་གཉིས་མཐུན་གྱི་རྨང་གཞི་ཆགས་ཡོད་པ་ཡིན། གོང་གསལ་སྒོ་ཆེན་ཡང་སྤྲུལ་ནས་རོགས་རམ་མཛད་ཚུན་ཆད་མེ་མྱ་དགོན་པ་འདི། སྒོ་ཆེན་ཚང་གི་ཡན་ལག་གཅིག་ཏུ་གྱུར། ཡང་སརྦ་བླ་མ་ཤེས་རབ་རྒྱལ་མཚན་ཞེས་པ་དེས་འདུ་ཁང་ཀ་བ་སུམ་ཅུ་ཡོད་པ་གཅིག་བཞེངས། དེའི་ཐོག་ཐུབ་དབང་ཤཱཀྱའི་རྒྱལ་པོས་གཙོ་བོར་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་གསེར་ཐང་བྱིན་རླབས་ཅན་དང་། ལེའུ་བདན་མའི་གསེར་ཐང་བཅས་བཞེངས།

སརྦ་བླ་མའི་སྐུ་ཚ་སྤྲུལ་སྐུ་སེམས་ཉིད་རྡོ་རྗེ་ཞེས་དབང་པོ་རྣོ་བས་གང་སྦྱང་པ་རྣམས་ཚེགས་ཆུང་ངུའི་མཁྱེན། དམ་པ་དེ་དབུས་ཀྱི་དགེ་ལུགས་པའི་གདན་ས་སེར་བྱེས་ཏྲེ་བོ་ཁམས་ཚན་དུ་གྲྭ་ས་ཆོད་རྗེས་མེ་མྱ་དགོན་དུ་བྱོན་ནས་བཤད་གྲྭའི་གཙུག་ལག་ཁང་ཀ་བ་ཉི་ཤུའི་ས་བཞེངས། དེར་བསྟན་པ་རེས་མེད་ཀྱིས་བྱེད་སྒོ་སྤེལ་བའི་གཞི་བཙུགས། དེའི་ནང་རྟེན་མཚལ་པར་གྱི་བཀའ་བསྟན་ཆ་གཅིག རིན་ཆེན་གཏེར་མཛོད། འབུམ་གསེར་བྲིས་ཅན་དང་། གོང་གི་སརྦ་བླ་མ་ཤེས་རབ་རྒྱལ་མཚན་ཞིང་དུ་གཤེགས་སོང་བར་དེའི་སྐུ་གདུང་གསེར་དངུལ་ལས་བྱས་པའི་རིན་ཆེན་སྣ་ཚོགས་ཀྱིས་ཕྲ་རྒྱན་ཅན་དཔངས་མཐོ་དམན་བརྩེགས་གཅིག་གི་ཚད་ལ་ནང་རྟེན་སྟོན་སྐུ་ཤར་ལི་མ་ཡོད་པ་བཅས་བཞེངས། དེའི་ཐོག་སྒྲོལ་མའི་སྐུ་བརྙན་མདའ་ཚད་མ་བྱིན་ཅན་གཅིག་ཀྱང་ཡོད། དེ་ནས་སརྦ་སྤྲུལ་སྐུ་ཡང་དགོངས་པ་ཆོས་དབྱིངས་སུ་གཤེགས། ས་ཡི་སྤྲུལ་སྐུ་དཔལ་སྟོབས་ནི་སྔར་སྒོ་ཆེན་པའི་བླ་མ་ཞིག་གི་ཡང་སྲིད་ཀྱི་སྤྲུལ་སྐུ་ཡིན་པར། ཁོང་གི་ཆུང་དུས་ནས་སྔོན་གོམས་པའི་སྟོབས་ཀྱིས་སྡིག་ཉེས་ཕྲ་མོ་ཙམ་ལ་མི་འཇུག བྱམས་སྙིང་རྗེ་རྩོལ་མེད་དུ་ཡོད་པས་དགེ་བ་ཆུང་ངུ་ཡན་ཆད་ཅི་ནུས་ཀྱིས་བསྒྲུབས་ཏེ། རྟེན་སོ་ཐར་བྱང་སེམས་སྔགས་ཀྱི་མཛོད་དུ་གྱུར་ཏེ་སྡོམ་གསུམ་རྣམ་པར་དག་པའི་ཁྲིམས་ཀྱིས་མཛེས་ཤིང་། ངུར་སྨྲིག་རྒྱལ་མཚན་འཛིན་པ་རྣམས་ཀྱི་ཏོག་ལྟ་བུ་དེ་ཉིད་ནི། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་དུ་གྲྭ་སར་ཕེབས། མཁན་པོའི་ཐོབ་རྟགས་བཅས་ཡོད་པ་ཁོང་ཉིད་ཀྱིས་མཁས་བཙུན་བཟང་པོའི་ཚུལ་དེ་ཉིད་ལ་གཞན་གདུལ་བྱ་ཚོས་ཁ་མིག་གྱེན་བལྟ་བྱེད་ཡུལ་དུ་བཤད་གྲྭའི་མཁན་པོ་དང་པོའི་འགན་བཞེས་པ་དང་། དེ་རྗེས་མཁན་པོ་པདྨ་རབ་རྒྱས་ཀྱིས་དེ་བཞིན་དུ་བཤད་གྲྭའི་མཁན་པོ་གཉིས་པའི་འགན་བཞེས་ཏེ། ཁོང་རྣམ་པ་གཉིས་ནས་འཆད་ཉན་བྱེད་པའི་གཞུང་ནི། ཐོས་པས་བག་ཆགས་འཇོག་པའི་གཞུང་བརྒྱད། བསམ་པས་སྒྲོ་འདོགས་གཅོད་པའི་གཞུང་ཉེར་ལྔ། སྒོམ་པས་ཉམས་སུ་བླངས་པའི་གཞུང་ལྔ་ཞེས་འཕགས་བོད་ཀྱི་མཁས་གྲུབ་ཚད་མས་[page 395] བཀའ་དང་མདོ་བརྒྱུདབསྟན་བཅོས་རྩ་འགྲེལ་ཚད་ཐུབ་ཀྱི་གཞུང་བརྒྱ་ཕྲག་ཙམ་རང་རྒྱུད་ལ་བྱང་ཆུབ་པ་ནས་གདུལ་བྱ་རྣམས་ལའང་འདོམས་པར་མཛད་ཡོད་པ་ཡིན། བཤད་གྲྭ་བ་ལ་གྲྭ་གྲགས་སུམ་ཅུ་ཡོད་པ་ནི་རྒྱུན་འཛུགས་ལྟ་བུ་ཡིན།

དགོན་པ་འདིའི་ཁོངས་གཏོགས་ཀྱི་རི་ཁྲོད་རྣམས་ནི། མཁར་ཆ་རི་ཁྲོད། དགེ་རྟིང་རི་ཁྲོད། སྟག་འགོ་རི་ཁྲོད། སྟག་འགྱེལ་ལྷ་ཁང་བཅས་བཞི་ཡོད། མཁར་ཆ་རི་ཁྲོད། ནི་སྔར་ལྕོག་རི་དགོན་གྱིས་སྒོ་ཆེན་སྐུ་བཤགས་སུ་བཞེངས་རྒྱུའི་ཏྲེ་ཧོར་དཔོན་གྱིས་མཛད་པ་བརྒྱབ་ཀྱང་མ་བཞེངས་པར་མཐར་མི་དམངས་ཚོས་ཕྱོགས་ཙམ་བཞེངས་ཏེ། དེ་ནས་པྲ་བླ་སྟོན་པ་བཞུགས། ད་ལྟ་པྲ་བླ་སྟོན་པའི་ཡང་སྲིད་སྤྲུལ་སྐུ་ཟླ་བ་རྒྱལ་མཚན་ནས་ཉམས་གསོ་མཛད་དེ་གྲྭ་གྲངས་བཞི་བཅུ་ཙམ་ཡོད། དགེ་རྟི་རི་ཁྲོད་ནི་བླ་མ་ཚུལ་མཆོག་གིས་བཏབ། སྟག་འགོ་རི་ཁྲོད་ནི་ཀརྨ་ཡང་མཛད་ཀྱིས་བཏབ་སྟེ་བླ་མ་དབང་ལྡན་ཁྲི་པར་བཞུགས། སྟག་འགྱེལ་རི་ཁྲོད་ལ་ད་ལྟ་གྲ་པ་གཅིག་ཡོད། བླ་རབས་བཞི་པ་བླ་མ་བསོད་ནམས་མཐར་ཕྱིན་གྱི་ཡང་སྲིད་སྤྲུལ་སྐུ་ཉི་མ་སྲས་ནི་རྐྱང་འབུས་ཚང་ལ་འཁྲུངས། སྐྱེས་སྦྱང་གིས་ཡོན་ཏན་ཆེ་བས་ཡིག་རྩིས་སོགས་སློབ་སྟེ་ཁོང་དུ་ཆུད། དཔལ་ཡུལ་དུ་གྲྭ་སར་བྱོན་ཏེ་བླ་མ་དང་སློབ་དཔོན་ལ་མཉེས་པ་གསུམ་གྱིས་ཞབས་ཏོགས་དང་། དགེ་ཚུལ་སློང་གི་སྡོམ་པ་ནས་སོ་བྱང་སྔགས་གསུམ་ལ་ཚུལ་བཞིན་བསླབ་སྟེ་ཉེས་པའི་སྐྱོན་གྱིས་མ་གོས་པའི་སྒོ་ནས་མེ་མྱ་དགོན་གཞི་དེ་སྔ་སོར་མི་ཉམས་གོང་འཕེལ་དང་། རྗེས་སུ་ཉམས་པ་སོར་ཆུད་མཛད་པ་སོགས་ནི་གོང་གསལ་བླ་རབས་རྣམས་ལས་ཕྱག་རྗེས་དང་མེ་མྱ་དགོན་ལ་བཀའ་དྲིན་ཆེ། 1956ལོར་དམངས་གཙོ་བཅོས་བསྒྱུར་གྱི་སྐབས་སུ་ཏང་དང་མེས་རྒྱལ་གྱིས་གནང་བའི་ལས་དོན་ལ་འབད་པ་ཆེར་བསྐྱེད་སྒོས་ངོ་ལོག་ཞི་འཇགས་ལ་བརྩོན་པ་དང་། རྫོང་ཆབ་གྲོས་སུ་བཞུགས། 1958ལོ་རྒོལ་བཞིའི་དུས་སུའང་རང་གི་ནོར་རྫས་ཚང་མ་རྒྱལ་ཁབ་དང་མང་ཚོགས་ལ་ཕུལ་ཏེ་རིག་གནས་གསར་བརྗེའི་སྐབས་རྫོང་ཆབ་གྲོས་གཏོར་དུས་དོ་དམ་འོག་ངལ་རྩོལ་བསྒྱུར་བཀོད་མཛད་དེ། 1972ལོར་ས་འགུལ་བྱང་སྐབས་དགོངས་པ་དབྱིངས་སུ་གཤེགས།

ཉི་མ་སྲས་ལ་སྐུ་ཚ་བཀྲ་ཤིས་དབང་རྒྱལ་དང་། ཀུན་བཟང་རྡོ་རྗེ་གཉིས་ཡོད། གོང་གི་བླ་བྲང་གཞུང་ཞེས་པའི་བླ་རབས་ཕྲིན་ལས་དོན་གྲུབ། བླ་མ་ཚེ་སྒྲུབ། བླ་མ་བསོད་ནམས་མཐར་ཕྱིན། སྤྲུལ་སྐུ་ཉི་མ་སྲས་རྣམས་ནི་བླ་རབས་ཀྱི་གྲངས་སུ་བླ་བྲང་གཞུང་གི་བླ་མ་ཤ་སྟག་ཡིན། དགོན་གྱི་དབང་ཆ་ནི་བླ་བྲང་གཞུང་གི་བླ་རབས་དང་དེའི་རྒྱུད་འབྲེལ་གྱི་ཁྲི་བ། མཁན་པོ། དགེ་བསྐོས་སོགས་ཀྱིས་འཛིན་སྲོལ་དང་། དགོན་སྤྱིའི་དོན་དག་ཚང་མ་ཁོ་ཚོས་ཐག་གཅོད་རྒྱུ་དང་། གྲོས་བྱེད་ཚོགས་འདུ་རུ་ཞུགས་རྒྱུ་དང་། གྲོས་བྱེད་ཚོགས་འདུ་བསྡུ་རྒྱུའི་དབང་ཆ་ཁོང་ཚོ་ལ་ཡོད། ཁྲི་པ། མཁན་པོ། དབུ་མཛད། དགེ་སྐོས་རྣམས་བླ་བྲང་གི་བླ་རབས་ཚོས་ཐག་བཅད་དང་བསྐོ་བཞག་བྱེད་དགོས།

དགོན་གྱི་བཅའ་ཡིག་གཏན་འཁེལ་འབེབས་དང་། བཅའ་ཁྲིམས་ནི་ནང་བསྟན་གྱི་དགོན་སྡེ་ཕལ་ཆེར་དང་[page 396] འདྲ་བ་ཙམ་ལས་མེ་མྱ་དགོན་པ་ལའང་མི་འདྲ་བ་མེད། དེ་དག་གི་རྟེན་ས་ནི་སངས་རྒྱས་ཀྱིས་བཅས་པའི་འདུལ་བ་དང་། དེའི་ཐོག་ཡུལ་དུས་དང་བསྟུན་པའི་མདོར་ན་ཁྱིམ་པ་དང་མུ་སྟེགས་ཅན་གྱི་སུན་འབྱིན་མེད་པ་ཞིག་དགོས་རྒྱུ་ནི་དགོན་གྱི་བླ་རབས་ཚོས་གཙོ་བོར་མཛད་དེ་གཏན་འབེབ་བྱེད་རྒྱུ་ཡིན། གཉེར་པ་ཁག་དང་། དགེ་འདུན་གྱི་ཕྱག་གཡོག་བྱེད་མཁན་ཚོའང་བསླབ་པ་རྒན་གཞོན་གྱི་གོ་བབ་དང་། འཚོགས་བཞུགས་ཞལ་འདོན། གྲོང་ཆོག་སྐོར་དང་ན་བཟའ་ཀུན་སྤྱོད་སོགས་བཅའ་ཁྲིམས་ཀྱི་ཁོངས་སུ་འདུལ། དེ་དག་ལག་ལེན་བྱེད་མཁན་ནི་ཁྲི་པ་དང་། དགེ་སྐོས་ཡིན་པར། ལས་སྣེ་ཚོས་ལག་ལེན་དོན་འཁྱོལ་བྱུང་ཡོད་མེད་ནི་བླ་བྲང་གཞུང་གི་སྤྲུལ་སྐུ་དང་བླ་རབས་ཚོས་བལྟས་ཏེ་མི་མཐུན་པ་ཚབས་ཆེན་ཡོད་ན་བསྐོ་འཐེན་བྱེད་དབང་ཡོད་པ་དང་། གཞན་མའི་སྤྲུལ་སྐུ་དང་གྲྭ་བཙུན་དགོན་གྱི་སྐྱིད་སྡུག་གྲས་སུ་ཡོད་ཚད་ཀྱིས་བླ་བྲང་གཞུང་གི་དགོངས་པ་དང་བསྟུན་ནས་བཞུགས་རྒྱུ་ལས། གང་དགར་ཅི་མོས་མཛད་སྲོལ་མེད་པ་ཡིན།

དུས་མཆོད་འཚོགས་རྒྱུན་སྐོར། བོད་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་1ནས་དགོན་གྱི་བླ་གྲྭ་ཡོངས་རྫོགས་འཛོམས་ནས་ལོ་སར་ཞི་ཁྲོ་རྔ་བརྡུང་ཞེས་པ་ཞིག་འཚོལ་དགོས། ཟླ་བ་དང་པོའི་ཛེས་བཅུ་གསུམ་ནས་མེ་མྱ་རིལ་ལུ་ཞེས་པ། གསང་འདུས་བསྒྲུབ་ཆེན་དཔལ་ཡུལ་ལུགས་ཉིན་བཅུ་དྲུག་རིང་ལ་འཆམ་དང་བཅས་པ་དང་། ཟླ་བ་ལྔ་པའི་ཚེས་ལྔ་ནས་སྨྱུང་གནས་ཆ་བརྒྱད། དེའི་ནང་དུ་ཉིན་ལྔ་ལ་རི་གསོལ་ཞེས་པར་འཚོགས་དགོས། ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་ཟླ་བ་ཕྱེད་གཉིས་ལ་འཚོགས་པ་དང་། ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ནས་དགུན་བཅའ་ཟླ་བ་གཅིག་ལ་འཚོགས། ཟླ་བ་དེའི་ཚེས་ཉེར་ལྔ་ནས་དགུ་གཏོར། འཚོགས། དུས་རྒྱུན་པར་བཤད་གྲྭ་དང་སྒྲུབ་གྲྭ་ཡོད་ལ་ཟླ་ཕྱེད་རེ་ལ་གསོ་སྦྱོང་ཆད་མེད་འཚོགས་དགོས། འཚོགས་རྒྱུན་རྣམས་ལ་གཏོང་སྒོ་བྱེད་མཁན་གྱི་གཉེར་ཁག་དང་རྒྱུ་རྩ་ནི།

ལོ་གསར་གཉེར་པ་གྲྭ་པ་གཉིས་ལ་རྒྱུ་རྩ་དངུལ་རྡོ་ཚད་བུ། (གནའ་དངུལ་སྒོར་ཆུང་བརྒྱ་དང་དྲུག་ཅུ་ལ་རྡོ་ཚད་ཟེར། )ས་ཞིང་མུའུ་ལྔ་བཅུ་ཡས་མས་ཡོད། རིལ་ལུ་གཉེར་པ་ལ་དངུལ་རྡོ་ཚད་དྲུག་དང་། ཇ་སྒམམ་དྲུག ས་ཞིང་ཡང་ཡོད། སྨྱུང་གནས་གཉེར་པ་ལ། དངུལ་རྡོ་ཚད་གཉིས་དང་ཇ་སྒམ་གསུམ། ས་ཞིང་ཡང་ཡོད། གསོལ་མཆོད་གཉེར་པ་ལ་དངུལ་རྡོ་ཚད་གཅིག་དང་། ཇ་སྒོམ་བཅུ། ས་ཞིང་དང་འབྲུ་རིགས་ཡོད། དབྱར་གནས་གཉེར་པ་ལ་དངུལ་རྡོ་ཚད་བཞི་དང་། ཇ་སྒོམ་བཅུ། འབྲུ་ཁལ་ཉིས་བརྒྱ། ས་ཞིང་ཡང་ཡོད། མདོར་ན་གཉེར་པ་རེ་ལ་གྲྭ་པ་མི་གཉིས་རེ་ཡོད་པར་གཉེར་ཡུན་ལོ་གསུམ་རེ་ཡིན། ཁྱོན་བསྡོམས་གཉེར་ཁག་གཏོང་སྒོ་སོགས་མི་དགོས་པའི་ལྷ་གཉེར་ལྟ་བུ་སོགས་རྣམ་གྲངས་བཅུ་བཞི་ཙམ་ཡོད། སྔ་མ་གྲྭ་གྲངས་སུམ་བརྒྱ་ལྷག་ཙམ་དང་དགོན་པའི་རྒྱ་ཁྱོན་ལ་མུའུ་སུམ་ཅུ་ཙམ་ཡོད་ལ་ཆོ་སྡེའི་གྲངས་ཀྱང་སྨད་ཤོག་བཞི་དང་། དགུ་འབྱོག་བཅས་ཡིན། འདི་ཡན་ཆད་ནི་སྔོན་བྱུང་གི་ལོ་རྒྱུས་ཡིན་ནོ།[page 397] སྤྱི་ལོ་1959ལོ་ནས་རིག་གནས་གསར་བརྗེ་སོགས་ཀྱི་བརྒྱུད་རིམ་ནང་དུ། སྔར་ཡོད་ཀྱི་རྟེན་དང་འདུ་ཁང་གྲྭ་ཁང་དང་བཅས་པ་ཤུལ་ཙམ་དུ་གྱུར། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་དགེ་འདུན་པ་རྣམས་ངལ་རྩོལ་དུ་ཞུགས་ནས་ཁྱིམ་པར་གྱུར་པ་སོགས་རྒྱལ་ཁོངས་ཀྱི་དགོན་སྡེ་ཚང་མ་ལ་ཡོང་བ་དང་གཅིག་མཐུན་བྱུང་ཡོད། མི་རིགས་དང་། ཆོས་ལུགས་ཀྱི་སྲིད་ཇུས་དོན་དུ་འཁྱོལ་ཏེ་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་སྐབས་1985ལོར་བྲག་འགོ་རྫོང་ཏང་སྲིད་དབུ་ཁྲིད་རྣམ་པས། མེ་མྱ་དགོན་པའང་ཉམས་གསོའི་ཆོས་སྒོ་ཕྱེ་རྒྱུའི་ཆོག་མཆན་ཐོབ་བྱུང་། དེམནས་བཟུང་སྟེ་གོང་གི་ལོ་རྒྱུས་སུ་བཀོད་ཟིན་པའི་བླ་རབས་བཞི་པ་ཉི་མ་སྲས་ཀྱི་སྐུ་ཚ་བཀྲ་ཤིས་དབང་རྒྱལ་ནི། ངལ་རྩོལ་སོགས་བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ཀྱག་ཀྱོག་མང་པོའི་ནང་དུ་སྡོམ་གསུམ་སྲོག་བསྡོས་ཀྱིས་བསྲུང་ཏེ་དཀའ་སྡུག་ཅི་བྱུང་ལམ་དུ་ཁྱེར་བའི་ཞི་དུལ་ཀུན་མཐུན་དེ་ཉིད་ལ་དགོན་ཉམས་གསོ་བྱེད་རྒྱུའི་འགན་འོས་བབ་བྱུང་བར། ཁོང་གིས་གཙོ་བོར་མཛད་ཏེ། ཁོང་གི་སྐུ་མཆེད་ཀུན་བཟང་རྡོ་རྗེ། པདྨ་རྡོ་རྗེ། ཡ་མ་ཆོས་འཕེལ། ཐུབ་བསྟན། པདྨ་འགྱུར་མེད། འཇིགས་རྣམ་སོགས་ལྷག་བསྡོད་པའི་གྲྭ་རྒན་པ་རྣམས་ཀྱིས་དབུ་ཁྲིད་དེ། དེ་ཐོག་མཁར་ཆ་སྤྲུལ་སྐུ་ཟླ་བ་རྒྱལ་མཚན་བཅས་ཀྱིས་མཐུན་རྐྱེན་རོགས་རམ་དང་། ས་ཡི་སྤྲུལ་སྐུ་སྐུ་མཆེད་ཀྱིས་ཀྱང་ནུབ་ཤུགས་གང་ཡོད་དང་། གཞན་ཡང་གྲྭ་མང་མི་དམངས་རོང་འབྲོག་ཚང་མས་རྒྱུན་རྫས་ཀྱིས་ཞལ་འདེབས་དང་། ངལ་ལས་ཀྱིས་རོགས་སྐྱོར་རང་མོས་དང་བླང་གི་སྒོ་ནས་ཧུར་ཐག་བྱས་འབྲས་དང་། རྒྱལ་ཁབ་གཞུང་ནས་དགོན་ཉམས་གསོའི་གནང་དངུལ་སྒོར་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་གནང་བྱུང་བ་སོགས་ཀྱི་བཀའ་དྲིན་གཅིག་ཏུ་བསྡོམས་ནས་འདུ་ཁང་ཀ་བ་ཉི་ཤུ་རྩ་ལྔའི་ས་ལ་ནང་རྟེན་གསེར་ཟངས་ལས་བྱས་པའི་གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་ཁྲུ་བདུན་ཚད་ཅན་གཅིག ཡང་ཁྲུ་ལྔ་ཡོད་པ་གཅིག ཡང་ཁྲུ་གང་ཡོད་པ་གཅིག་རྣམས་སྐུ་རྟེན་གྱི་གཙོ་བོ་ཡིན། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་ཆ་ཚང་གཉིས་དང་། བསྟན་འགྱུར་ཆ་ཚང་གཅིག་གནམ་ཆོས་མི་འགྱུར་རྡོ་རྗེའི་གཏེར་ཆོས་ཆ་ཚང་བཅས་ཡོད། ཐུགས་ཀྱི་རྟེན་དུ། སྤྲུལ་སྐུ་ཉི་མ་སྲས་ཀྱི་གདུང་རྟེན་ཟངས་རག་གསེར་དངུལ་གྱིས་བརྒྱན་པའི་མཐོ་ཚད་ལ་ཁྲུ་དོ་ཡོད་པ་གཅིག་ལ་ནང་རྟེན་གནའ་སྔ་མོ་ནས་དགོན་པ་ལ་ཡོད་པའི་རིག་འཛིན་ཀུན་བཟང་ཤེས་བ་ཀྱི་ཤིང་གི་ལྷུང་བཟེད་དེ་བཞུགས་ཡོད། ད་ལྟ་བཞེངས་ཚར་བའི་སྤྱིའི་འདུ་ཁང་རྟེན་བཅས་དེ་ཙམ་ལས་ད་རུང་འདུ་ཁང་ཀ་བ་བདུན་ཅུ་ཡོད་པ་གཅིག་དང་། སློབ་གྲྭའི་ཀང་པ་གཅིག་བཅས་བཞེངས་མ་ཐུབ་ན་མི་འཐུས་པས་མུ་མཐུད་ནས་བཞེངས་རྩིས་ཡིན། ད་ལྟ་གྲྭ་ཁང་ལྔ་བཅུ་ལྷག་ཙམ་ལས་བཟོ་མ་ཐུབ་ཀྱང་མུ་མཐུད་དེ་ལས་རྩིས་ཀྱིས་ས་རྒྱ་སོ་སོའི་བདག་སྤྲོད་བྱས་ཡོད་པ་རེད། དགོན་རིལ་པའི་ས་རྒྱའི་ཁྱོན་ཚད་ནི་གནའ་དུས་དང་འདྲ་འདྲ་ཡིན་པའི་མུའུ་སུམ་ཅུའི་ས་ཁྱོན་ཙམ་ཡོད། ད་ལྟ་ཡོད་པའི་གྲྭ་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད། ཕྱེད་ཙམ་དགོན་དུ་ཡོད་པར་དེ་མིན་རྣམས་ཁྱིམ་པའི་དཀོར་དང་། གྲོང་ཆོག་སོགས་སུ་ཡོད་པར་འཚོགས་པ་ཡོད་དུས་མཉམ་པོར་འཛོམས་དགོས། དགོན་ཉམས་གསོའི་སྐབས་དེར་སྔར་ཡོད་ས་ཡིའི་སྤྲུལ་སྐུ་དཔལ་སྟོབས་[page 398] ནི་སྐུ་ཚེ་མཐར་འཁྱོལ་ཏེ་ཞིང་དུ་གཟིགས། ད་ལྟ་ཡང་སྲིད་བཙལ་མ་ཐུབ། མེ་མྱ་སྤྲུལ་སྐུ་ཉི་མ་སྲས་གཅིག་ལ་ཡང་སྲིད་གཉིས་བྱོན་ཡོད་ཡོད་པར། ཡང་སྲིད་ཨོ་རྒྱན་ཉི་མ་ནི། ཉི་མ་སྲས་ཀྱི་ཡང་སྲིད་ཡིན་ཞེས་སེ་ར་ཡང་སྤྲུལ་དང་། ཞེ་ཆེན་ཡང་སྤྲུལ། ཤུག་སྒང་རྨ་སྤྲུལ་རིན་པོ་ཆེ་གསུམ་གྱིས་ངོས་འཛིན་མཛད། ཁོང་གི་ཡབ་ནི་དགེ་རྩེ་ཤང་གི་དགུ་འབྲོག་ནང་གི་ཏྲེ་བོ་ཚང་། བསོད་ནམས་འབུམ་དང་མ་ཡུམ་ལ་འབྲུག་ལུ་ཟེར་བ་གཉིས་ཀྱི་སྲས་སུ་འཁྲུངས་ནས་སྐུ་བདག་བྱས་ཏེ་སློབ་གཉེར་མཛད་ཀྱིན་ཡོད་ཡང་སྲིད་གཅིག་ནི་རང་རིགས་རྒྱ་གར་དུ་ཡོད་པའི་དགུ་མདའ་རྟ་འབུང་དང་། མ་ཚེ་དབྱངས་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ལ་ཀུན་དགའ་ཆོས་འབྱུང་ཟེར། ཁོང་ཉི་མ་སྲས་ཀྱི་ཡང་སྲིད་ཡིན་རྒྱུར་བདུད་འཇོམས་རིན་པོ་ཆེ་དང་། གྲུབ་དབང་རིན་པོ་ཆེའི་བཤད་གྲྭ་རུ་བཞུགས་ཏེ་སློབ་གཉེར་མཛད་བཞིན་ཡོད། དེ་མིན་ད་ལྟ་མེ་མྱ་དགོན་བདག་གཉེར་གྱི་འགན་ཁུར་མཁན་ནི་སྐུ་ཚ་བཀྲ་ཤིས་དབང་རྒྱལ་དང་། ཁྲི་པ་ཀུན་བཟང་རྡོ་རྗེ། མཁན་པོ་ཡེ་ཤེས་འཇམ་དབྱངས། དབྱར་གནས་མཁན་པོ་པདྨ་རྡོ་རྗེ་ཡིན།

དུས་མཆོད་འཚོགས་རྒྱུན་རྣམས་ལ་རྒྱུ་རྩ་དང་གཉེར་ཁག་སོགས་ད་ལྟ་ལ་མེད། རྗེས་སུ་ཏང་གི་ཆོས་ལུགས་སྲིད་ཇུས་ལྟར་དགོན་པ་རང་ཁ་རང་གསོ་དང་། ཞིང་ཆོས་ཟུང་འབྲེལ་ནས་ཁྲིམས་མཐུན་གྱི་ཁེ་དབང་ལ་སྤྱོད་པའི་ཆོས་པ་བྱང་རྩིས་ཡོད། ད་ལྟ་ཆོས་སྡེའི་དུད་གྲངས་ལྔ་བརྒྱ་དྲུག་ཅུ་ཐམས་པ་ཡོད་ཅེས་རྟ་མགྲིན་ཚེ་དབང་གཙོས་དགོན་པའི་ལོ་རྒྱུས་འབྲི་མཁན་ཚོ་ཆུང་ནས་བྲིས།

ཤུག་སྒང་དགོན་གྱི་ལོ་རྒྱུས།

དགོན་པ་འདི་འདེབས་པ་པོ་ནི། ཤུག་སྒང་ཚང་གི་བླ་རབས་དང་པོ། བསྟན་སྐྱོང་འཕགས་པ་གནས་བརྟན་ཆེན་པོ་བ་ཀུ་ལའི་རྣམ་སྤྲུལ། རོང་སྟོན་ལྷུན་གྲུབ་རྒྱ་མཚོའམ། མཚན་གཞན་བྷ་ཏི་ཞེས་ཡོངས་སུ་གྲགས་པ་དེས། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་དུ་གྲྭ་སར་ཕེབས་ཏེ། རིག་འཛིན་ཀུན་བཟང་ཤེས་རབ་བླ་མར་མི་ལོ་ཉེར་ལྔའི་རིང་བསྟེན་ནས་བསྒྲུབ་པ་ལྷུན་ལེན་མཛད་པར་ཁོང་གི་ཐུགས་སྲས་དམ་པར་བཞིའི་ཡ་གྱལ་དུ་གྱུར། ཐུགས་ཆེན་གསང་འདུས་དང་། བླ་མ་དྲག་པོའི་བཀའ་བབ། བཀའ་སྲུང་སྤུ་གྲི་མཆེད་གསུམ་དང་། མགོན་པོ་མ་ནིང་ནག་པོ་བྲན་ལྟར་འཁོལ། དེ་ནས་བླ་མ་རིག་འཛིན་ཆེན་པོས་བུ་ཆེན་སོ་སོ་དགོན་ས་ལུང་བསྟན་པར། རོང་སྟོན་པ་ལ་ཁྱོན་རང་གི་ཕ་ཡུལ་གྱི་རི་མགོ་གུར་ཙམ་མཐོང་པ་ཐོབ་གསུངས་པས། དེ་ནས་ཕ་ཡུལ་གྱི་ལྗགས་ཀྱི་བླ་བྲེའི་རི་མགོ་མཐོང་བར་དེ་འབྲེལ། ཤུག་དགེ་རི་གླང་པོའི་སྒང་ཞེས་ས་ཡི་དགེ་མཚན་ཡོངས་སུ་ཚང་བའི་ས་དེར་སྤྱི་ལོ་1670ལོ་དང་། རབ་བྱུང་བཅུ་གཅིག་པ་ལྕགས་ཁྱི་ལོ་ལ་དགོན་འདིར་ཐོག་མ་བཏབ། ཤུག་སྒང་འོད་གསལ་ལྷུན་གྲུབ་གླིང་[page 399] ཞེས་མཚན་གསོལ་ལོ། དེ་ནས་གསེར་ཝ་ཤུལ་ཤྰཀྱ་ཐར་དང་། སྟོང་སྐོར་བ་དར་དབང་། མཚོ་སྦྱར་ཧར་དཀའི་བཅུའི་ཟེར། ཧོར་ད་ར་ཎ་ཡན་ཏེ་རྒྱལ་ཁབ་གསུམ་གྱི་གྲྭ་རིགས་རྣམས་འདུས། བླ་མ་བྷ་ཏིས་སྡེ་དགེ་དང་སོག་པོའི་དབུ་བླ་ཡང་མཛད། ཨོ་རྒྱན་གསང་སྔགས་གླིང་པའི་ཆོས་བདག་ཀྱང་བླ་མ་བྷ་ཏིའི་མཛད། ཨོ་རྒྱན་གསང་སྔགས་གླིང་པ་དང་ཁོང་རྣམ་གཉིས་ཀྱིས་གསེར་ཡུལ་གྱི་གཞི་བདག་ཟིལ་པོ་ནས། ཆོས་རྒྱལ་གཡུ་ཕྲེང་ཅན་དྲངས་ཏེ་སྒང་དགོན་གྱི་དཀོར་བསྲུང་དུ་བསྐོས། ཤུག་སྒང་སྐུ་སྐྱ་ཟེར་བ་ཞིག་དེ་དུས་ཡོད་པ་ལ། དེ་ནི་བླ་མ་བྷ་ཏིའི་སྐུ་མཆེད་ཡིན་པས་ཁོང་གིས་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་བཏབ་པའི་དགོན་སྡེ་བཅུ་གསུམ་པོ་ལ་རྟེན་བཞག་དང་ཐེབ་བཞག་བཅུ་གསུམ་རེ་བྱས། བྷ་ཏི་རིན་པོ་ཆེ་ནི་དགོས་དབང་གིས་ཏྲེ་ཧོར་རྒྱལ་སར་བྱོན་ནས་ཡི་དམ་གུ་རུ་དབུ་ལ་བསྐོར་ཏེ་གཟིགས་སྟངས་མཛད་པས་ཕྱག་ཕྲེང་ལས་ཡེ་ཤེས་ཀྱི་མེ་འབར། ཆིབས་རྟ་རླུང་གཤོག་གི་སྣ་ཁུང་ནས་གློག་དམར་དང་འདྲ་བའི་མེ་ལྕེ་དྲག་ཏུ་འཕྲོས་པ་གཉིས་མེ་དཔུང་ཆན་པོ་གཅིག་ཏུ་གྱུར་ནས་ཡུལ་ཁམས་ཐམས་ཅད་ཤིག་ཤིག་ཡམ་ཡམ་དུ་འདར་བའི་རྫུ་འཕྲུལ་བསྟན་པ་ན། ཏྲེ་ཧོར་དཔོན་ཆུང་ཡབ་ཡུམ་དང་། གསེར་སྟོད་དུ་གནས་སྤོ་བྱེད་ན་དགའ་མིན་ལེགས་ཉེས་ཀྱི་ལུང་བསྟན་ཞུས་པས། བྷ་ཏི་ནས་ངའི་རྩ་བའི་བླ་མ་རིག་འཛིན་ཀུན་བཟང་ཤེས་རབ་ལལུང་བསྟན་ཞུ་ཆོག་ཅེས་སོ་སོར་ཕེབས་ནས། དེའི་ཕྱིར་ལོ་བྷ་ཏིའི་ཞལ་ནས། ཁྱེད་ཝ་ཤུལ་སྤུན་གསུམ་གྱིས་གསེར་སྟོད་འབྲོང་རི་སྨུག་པོའི་གཡས་ཟུར་ན་ས་བཟུང་བྱས་ན། སྟོད་རྐྱང་འབྲོང་གི་ས་ཆ་མན་ཆད། སྨད་འབྲུ་རིགས་རྨོས་ཡན་ཆད་དུ་སྡེ་འབངས་མངའ་ཐང་རྒྱས་པའི་ལུང་བསྟན་འདུག་གསུངས། དེ་ནས་བླ་མ་བྷ་ཏིའི་དང་། ཝ་ཤུལ་ཤྰཀྱ་ཐར་བུ་སྤུན་གསུམ་བཅས་འབྲོང་རིའི་མདུན་དུ་ཕེབས་ཏེ། བླ་མ་བྷ་ཏིས་དེ་རིང་ནི་དཔོན་བློན་སུ་ཡིན་རྟེན་འབྲེལ་བརྟག་དགོས་གསུངས་ནས་ཁོང་གི་ཆིབས་པ་ཁྱུང་ནག་དེ་ཝ་ཤུལ་ཤྰཀྱ་ཐར་ལ་བཅིབས་སུ་བཅུག་ནས་འབྲོང་རི་ལ་གནས་བསྐོར་བྱས་པར་མདུན་ལུང་ཞོལ་མའི་མདུན་ནས་ཡང་བྱོན་སྐབས། གཞི་བདག་གི་ཆོོ་འཕྲུལ་གྱིས་མི་མང་པོ་འཚོགས་ནས། ཤྭ་བ་ཡུ་མོ་ཞིག་བསད་པའི་ཤ་བཙོས་པ་དེ། གསེར་ལྦིང་ནང་དུ་བསྒྲིགས། ལྭ་ཐུང་མ་དང་ཡུ་མོའི་དུང་རྭ་གཉིས་བཤམས་ཤིང་། གཞི་བདག་རྣམས་གར་སོང་ཆེ་མེད་དུ་སོང་ཤུལ་ཤྰཀྱ་ཐར་སྔོན་ལ་ཐོ་ནས་ཁྲི་ལ་འཁོད་དེ་དཔོན་པོ་ཡིན་པའི་རྟེན་འབྲེལ་བྱུང་། ལྭ་ཐུང་དེ་དཔོན་ལ་ཐོབ། གཞན་གཉིས་བློན་པོ་ཡིན་པའི་རྟེན་འབྲེལ་ལ་གསེར་ལྡེར་དང་། ཡུ་མོའི་དུང་རྭ་གཉིས་སྐུ་སྐལ་སོ་སོར་ཐོབ། གཞན་གཉིས་བློན་པོ་ཡིན་པའི་རྟེན་འབྲེལ་ལ་གསེར་ལྡེར་དང་། ཡུ་མོའི་དུང་རྭ་གཉིས་སྐུ་སྐལ་སོ་སོར་ཐོབ། དེ་གསུམ་ལས་ཝ་ཤུལ་ཁག་གསུམ་དུ་གྱེས་པའི་ཤུག་སྒང་བྷ་ཏི་རིན་པོ་ཆེ་ཀུན་གྱིས་དབུའི་བླ་མར་གྱུར། དེ་ནས་བྷ་ཏིའི་སློབ་མའི་གྲས་ནས་ཐུགས་སྲས་དམ་པ་སང་སང་བླ་མ་དང་། གཡུང་ཤུལ་ཆོས་རྣ་མ་དང་[page 400] ཨ་བུ་རྡོ་རྗེ་རྒྱལ་གྱི་པདྨ་བླ་མ་ལྷུན་གྲུབ་རྣམས་ཡིན། སང་སང་བླ་མ་པདྨ་ནས་དུང་དཀར་དགོན་པ་བཏབ་ཅིང་བླ་རབས་དང་པོ་ཡིན། བླ་མ་ལྷུན་གྲུབ་རིང་ལ་ཤུལ་སྒང་དགོན་ལ་ཆུང་ཡོས་སྡེ་པ་དེ་གྲྭ་འབུལ་བྱས། བླ་མ་བྷ་ཏི་ནས་རྡོ་སྟོད་དུ་གནོད་ཚབས་ཆེ་བའི་འདྲེ་བཏུལ་བ་སོགས་བསྟན་འགྲོའི་དོན་ཆེན་མང་དུ་མཛད་དེ་དགུང་ལོ་བརྒྱད་ཅུའི་ཐོག་ཆོས་དབྱིངས་སུ་གཤེགས།

བླ་རབས་གཉིས་པ། པདྨ་ཚུལ་ཁྲིམས་ནི། རུས་དབོན་ཡིན་ཞིང་དཔལ་ཡུལ་དུ་རིག་འཛིན་ཆེན་པོའི་དྲུང་དུ་གྲྭ་ས་ལོ་ཉེར་ལྔར་བཞུགས། དེ་ནས་ཁུ་བོ་རོང་སྟོན་པ་བྷ་ཏིའི་བཀའ་བཞིན་ཏྲེ་ཧོར་སྐུའི་མུ་ཟུར་ནངདུ་བཞུགས་པར་ཏྲེ་ཧོར་དཔོན་གྱིས་གཟིམས་ཁང་དང་གདན་ཞིང་ཕུལ་ཏེ་ཧོར་སྐུ་མདའ་བ་དང་། མཁར་ལེན་པའི་དབུ་བླར་བཞུགས། ཁོང་གི་སྐུ་མཆེད་ལ་བླ་མ་གུ་རུ་རྒྱན་མཚན་ཟེར་བ་དེས། རཏྣ་བཀའ་བརྒྱད་རྣམ་གཉིས་རྒྱུད། དགོངས་འདུས། འདུས་མདོའི་ཡིག་ཆ། གནམ་ཆོས་རྒྱུད་དང་། དབང་ཙཀ་བསྒྲུབ། བླ་མ་བྷ་ཏི་རིན་པོ་ཆེའི་སྐུ་གདུང་སོགས་བཞེངས། དེ་ནས་པདྨ་ཚུལ་ཁྲིམས་ཀྱང་ཞིང་དུ་གཤེགས་པས། མི་རབས་གཉིས་ཀྱི་མཚམས་སུ་དེའི་ཡང་སྲིད་ཨ་བུ་བླ་མ་རབ་རྒྱས་ཡིན། ཁོང་ནི་སྐུ་ཚེ་ཡུན་བཞུགས་མ་གནང་བར་མཐར་དངུལ་མཆུ་ལ་ཐོག་ཏུ་ལྷ་ཐོར་རྒྱལ་མཚན་བཟང་གིས་ངོས་འཛིན་མཛད་པའི་ཨ་བུ་བླ་མ་མདོ་སྔགས་ཡིན། དེ་ནས་བླ་མ་གུ་རུ་རྒྱན་མཚན་ནས་ཀྱང་བསྟན་འགྲོའི་གདུལ་བྱ་རེ་ཞིག་གི་བར་རྫོགས་ཏེ་ཕྱག་དྲིལ་འདི་ངའི་ཚབ་ཡིན་གསུངས་ཏེ་དབྱིངས་སུ་གཤེགས།

བླ་རབས་གསུམ་པ། ཨོ་རྒྱན་འཕྲིན་ལས་ནི། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་དུ་གྲྭ་ས་དང་། པདྨ་ལྷུན་གྲུབ་རྒྱ་མཚོའི་དྲུང་དུ་ལོ་ཉེར་ལྔ་གཞུགས། ཁོང་གིས་ཐུགས་ཆེན་གསང་འདུས་ལ་ཐུགས་དམ་མཛད་ནས་སྐུ་ཚེ་དེར་སྒྲུབ་ལ་གཞོལ་བར་མ་ཚད་དགོན་པ་དང་། སློབ་མ་རྣམས་ཀྱང་སྒྲུབ་པ་སྙིང་པོ་འཛིན་པའི་ལུགས་ལ་བཀོད་དེ་དབྱིངས་སུ་གཤེགས། ཁོང་ལ་སྐུ་མཆེད་དུ་གྱུར་པ་བླ་མ་ཀརྨ་བསྟན་འཛིན་ཟེར་བ་ཞིག་ཡོད་པ་ཏྲེ་ཧོར་གྲོང་ནང་དུ་འཁྲུངས།

བླ་རབས་བཞི་པ། བླ་མ་གོང་མའི་སྣག་དབོང་རུས་ཀུལ་ཡིན་པའི་སྐུ་མཆེད་དུ་གྲུབ་པ་ཨོ་རྒྱན་ཡེ་ཤེས་ནི་རྒྱ་མདའི་ཝ་ཤུལ་ཚང་ལ་འཁྲུངས། ཆོས་འཕེལ་ནི་སྙི་རྫུ་མདའ་རུ་འཁྲུངས། སྔོན་ཤུག་སྒང་གི་བླ་རབས་དང་པོ་བྷ་ཏི་རིན་པོ་ཆེ་ནས་ལུང་བསྟན། ཁོང་རྣམ་གཉིས་དཔལ་ཡུལ་དུ་གྲྭ་སར་བྱོན་ཏེ་གྲུབ་དབང་པདྨ་ནོར་བུའི་དྲུང་དུ་བཀའ་ལུང་དབང་ཆོས་སློབ་གཉེར་སོགས་ཀྱི་ཆེད་དུ་མི་ལོ་ཉེར་ལྔ་རུ་བཞུགས། ཁོང་རྣམ་གཉིས་ནས་བསྟན་འགྲོ་སྤྱི་ལ་ཕན་པའི་མཛད་པ་དུ་མ་གནང་བ་དང་། ཁྱད་པར་དུ་རང་དགོན་དུ་བཀའ་དང་བསྟན་བཅོས་བཞེངས། ཨོ་རྒྱན་ཡེ་ཤེས་ལ་ཁོང་གི་རྩ་བའི་བླ་མའི་ལུང་བསྟན་[page 401] པའི་སློབ་མར་འཛི་སྐའི་གསང་ལུང་གི་བླ་མ་ཆོས་ཉིད་དཔལ་བཟང་སོགས་བྱུང་། ཁོང་ཉིད་ནས་སོ་འགབ་མའི་བླ་མ་ཨ་མཆོད་ནོར་བུའི་དྲུང་དུ་ལོ་བདུན་ཙམ་བཞུགས་ཏེ་ཐོས་བསམ་སྒོམ་པ་ལ་འབད། དེ་རྗེས་བླ་མ་ཚེ་མགོན་གྱི་སྐུ་རིང་ནས་ནང་སོ་གཉིས་པ་གྱུར། དེ་ནས་རུས་དབོན་ཀུན་ནམས་བསྟན་འཛིན། པདྨ་ཆོས་དབྱིངས། བྲིས་བན་པདྨ། རོང་པོ་ཆོས་གྲགས། ཤུག་མདའི་པདྨ་རྡོ་རྗེ། ཁ་ལུང་ནོར་བུ། རྟ་གསེར་འོད་ཕུན། དབུ་མཛད་ཨ་བུ་སྐལ་བཟང་། རྒྱ་གདོང་ཨོ་རྒྱན་བཀྲ་ཤིས། ཆུང་ཡོས་ལྷ་མགོན། མཆོག་ཚང་བླ་མ་བསོད་ནམས་རྒྱལ་མཚན། འདིས་མཆོག་ཚང་སྟག་ལུང་དགོན་པ་བཏབ། ཨ་བུ་འགོ་ལོག་བཟའ་ཚང་གི་བླ་མ་བློ་བཟང་། སེདྒེ་རྟ་ནག་ཅན་སང་སང་ཨོ་རྒྱན་དཔལ་འབྱོར་སོགས་སློབ་མའི་གྲྭ་འཁོར་མང་དུ་འདུས་ཏེ་དགོན་ཕྱི་ནང་ཡར་རྒྱས་ཀྱི་རྣམ་པ་ཆེ་ཆུང་ཙམ་བྱུང་། གོང་གསལ་བླ་མ་ཆོས་འཕེལ་ནས་དཔལ་ཡུལ་གྱི་བླ་མ་ཀ་ཐོབ་རྟགས་བཅས་གནང་། མཐར་རྒྱ་ནག་ཏུ་དགོངས་པ་དབྭིངས་སུ་གཤེགས་སོ། བླ་རབས་ལྔ་པ། བླམ་ཤྰཀྱ་རྒྱལ་མཚན་ནི་ཏེ་ཧོར་གྲོང་དུ་འཁྲུངས། མི་ལོ་བཅོ་ལྔར་དཔལ་ཡུལ་དུ་གྲྭ་སར་བཞུགས། གྲུབ་དབང་པདྨ་ནོར་བུ་དང་། ཀརྨ་ཆོས་དཔལ་བཟང་པོ་རྣམ་གཉིས་བླ་མར་བསྟེན། སླད་ར་ཡུང་དུ་ཕེབས་ནས་འཇམ་དཔལ་དམར་པོའི་སྒྲིབ་པ་མཛད། སྐུ་ཚེ་དེར་བསྒྲུབ་པ་བརྩོན་མཐར། དགུང་གྲངས་བཞི་བཅུ་ཞེ་གཉིས་ཀྱི་ཐོག་ཏུ་སྐུ་གཤེགས་སོ། བླ་རབས་དྲུག་པ། བླ་མ་དེའི་སྣག་དབོན་དུག་བླ་མ་པདྨ་མཐར་ཕྱིན་དང་། མཁས་གྲུབ་གཉིས་རྗེ་སྟེང་དུ་འཁྲུངས་པ་དང་། སྣག་གི་སྐུ་ཚ་བླ་མ་ཨོ་རྒྱན་ཚུལ་ཁྲིམས་ནི་སྙི་ཤུག་མདའ་ནས་འཁྲུངས་པ་ཡིན། ཁོང་ནི་ཡི་དམ་རྡོ་རྗེ་གྲོ་ལོད་ཀྱི་བྱིན་རླབས་ཐོབ་སྟེ། མཁས་གྲུབ་གཉིས་ལྡན་དུ་གྱུར། འོམ་ཁོག་ཏུ་གནམ་ལྩགས་ཐོག་གིས་མ་ཚུགས་པ་དང་། གསང་རྫོང་དབེན་སར་ཤུག་སྡོང་རེས་བཅད་པར་སླར་གསོས་པ་བཅས་ཀུན་གྱི་མཐུན་སྣང་དུ་ད་ལྟའང་མཇལ་རྒྱུ་ཡོད། བསྟན་འགྲོའི་དོན་མཛད་མཐར་དེ་དབྱིངས་སུ་གཤེགས། གོང་བྱོན་བླ་རབ་ཚོའི་གཅིག་ནས་གཅིག་ཏུ་དགོན་གྱི་འགན་བཞེས་སྐབས་རྣམས་སུ་དགོན་པ་རྟེན་བརྟེན་པར་བཅས་ཉག་ཕྲ་བའི་སྐབས་སུ་ཡིན་པ་རེད།

བླ་རབས་བདུན་པ། གོང་བྱོན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཁོང་དང་དབྱེར་མ་མཆིས་པའི་སྤྲུལ་པ་ཤྰཀྱ་རྒྱལ་མཚན་གྱི་སྤྲུལ་སྐུ་རིག་འཛིན་པདྨ་འདུས་རྩལ་རིན་པོ་ཆེ་ནི། སྙི་ཤུག་མདའ་རུ་འཁྲུངས། དཔལ་ཡུལ་དུ་ཕེབས་ནས་ཀརྨ་འགྱུར་མེད་ཀྱི་དྲུང་དུ་ལོ་གསུམ་ལ་ཐོས་བསམ་མཛད་པ་དང་། གཞན་ཡང་བླ་མ་འཇིགས་མེད་རང་གྲོལ་སོགས་བསྟན། དེ་ནས་རྟེན་འདུ་དཔལ་གྱི་བྲག་སྒོ་གསང་བ་རྡོ་རྗེའི་རྫོང་དུ་གདན་ས་མཛད་དེ་དབེན་སར་སྐུ་ཚེ་དང་སྒྲུབ་པ་མཉམ་པའི་དམ་བཅའ་མཛད། དག་སྣང་སྐོར་གསུམ་[page 402] དང་། ཟབ་གསང་གི་གཏེར་སྒོ་ཕྱེས། མཆོག་གཙོ་གསུམ་དང་། དཀྱིལ་འཁོར་འཛིན་པ་བརྒྱད་སོགས་ཆོས་བདག་ལུང་ཟིན་དུ་མ་དང་། ལས་དེར་དགོན་ཁག་ནས་ཡོང་བའི་སློབ་མའི་གྲྭ་ས་བ་ནི། གེ་འཕན་བྱམས་པ། ཀེ་རྒྱ་ཆོས་གྲགས། སང་སང་གུ་རུ་རྡོ་རྗེ། ཏྲ་ཏྲ། ལྕག་མོ་སྤྲུལ་སྐུ། ཚེ་ཤུལ་ནམ་མཁའ། བསོ་གྲགས། གནུབས་ཟུར་སྐལ་ལྡན། ཨ་སྐྱབས་སྐལ་ལྡན། བླ་མ་རྫོང་སྔོན། ར་སྒང་གཅོད་པ། རྒྱ་ཕྱུག་མདོ་སྔགས་སོགས་བྱོན། ཁོང་གི་སྐུ་མཆེད་ནུ་བོ་རྡོ་རྗེ་དཔལ་དབྱངས་ཡིན་པར་དེས་གཏེར་ཆོས་པོ་ཏི་རྣམས་བཞེངས། ཁོང་སྐུ་མཆེད་ལྷན་ནས་གསེར་ལི་མདོ་རུ་ཆུང་ཡོས་དགོན་པ་གསར་ཧོར་ཤུལ་དུ་བཞེངས། བླ་མའི་སྐུ་མཆེད་དང་ཞང་ཚན་སོགས་ནི། བླ་མ་མཐུ་སྟོབས། བླ་མ་མཐུ་སྟོབས། བླ་མ་རྡོར་འཕྲིན། སྤྲུལ་སྐུ་བློ་གཅེས། བླ་མ་རང་ཤར། ཀུན་དབང་། གྲྭ་སློབ་མཐུ་ཆེན་སོགས་ཀྱིས་ས་ཆར་དབེན་པ་གང་བདེར་ནག་སྒར་བཙུགས་ཏེ་སྒྲུབ་པར་སྙིང་པོར་མཛད་པ་དང་། མཐར་པདྨ་འདུས་རྩལ་སྐུ་མཆེད་གཉིས་ཤུག་སྒང་དགོན་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སོ།།

བླ་རབས་བརྒྱད་པ། གདན་ཚབ། བླ་མ་པདྨ་མཐུ་སྟོབས་མགོན་པོ་ནི། སྣག་དབོན་ཡིན། དཔལ་ཡུལ་དུ་གྲྭ་ས་ཞུགས་ཏེ་མདོ་སྔགས་ངེས་དོན་བསྟན་འཛིན་བླ་མར་བསྟེན། ཁང་རྫོང་གཉིས་ལས་དབྱངས་རོལ་དང་ཕྱག་བཞེས་མང་པོར་བསླབས། སྡེ་དགེ་ནས་བླ་མ་གོང་མ་གཏེར་ཆེན་གྱི་སྐུ་གདུང་གསེར་ལས་གྲུབ་པའི་མཆོད་རྟེན་ཁྱད་འཕགས་དང་། ཐུབ་དབང་གནས་བཅུའི་སྐུ་རྣམས་གསར་བཟོས་ནས་དགོན་དུ་དྲངས། མ་དགོན་ཤུག་སྒང་དང་། བུ་དགོན་ཧོར་ཤུལ་གཉིས་ཀར་བཅའ་ཁྲིམས་སྒྲིག་ལམ་སོགས་དམ་པོར་མཛད། དུས་དེར་དགོན་ཁག་གི་སློབ་མ་དང་གྲྭ་ས་ནི། སང་སང་རྩིས་པ་སྤྲུལ་སྐུ་བུག་རྡོ། དབོན་ཚེ་དབང་རིག་འཛིན། དུང་དཀར་བླ་མ་སྟོན་པ། ཡོན་རྒྱམ། དཔོན་པདྨ་རྡོ་རྗེ། ལྷུན་གྲུབ་རྡོ་རྗེ། རུ་ནང་དཔོན་ཐག་མཆོག སྟག་ལུང་དོན་རྟོགས། ནམ་མཁའ་ཀློང་ཡངས། གོས་སྤྲུལ། རྒྱ་ཕྱུག་བླ་མ་དཔལ་འྟོབས། སང་སང་ཀུན་ཁྱབ་སོགས་བྱུང་ཡོད་པ། ཁྱད་པར་དུ་གསེར་ཧོར་ཤུལ། ཀློང་ཆེན་རབ་འབྱམས་གླིང་གི་བསྟན་གཞི་དེར། མེས་པོ་སྣག་དབོན་བླ་མ་ཀུན་བཟང་དབང་ཕྱུག་ལ་གཏད་དེ་བདག་པོར་བསྐོས། བསམ་གནས་བླ་མ་མཐུ་རྩལ་མདོ་སྔགས་ཐེག་མཆོག་སོགས་ལ་དགོན་དེའི་བཅའ་ཡིག་གཏད། སོག་སྦྲ་ནག་ཏུ་བྱོན་ཏེ་ཤར་གནས་གསུམ་ལ་གནས་འབྲེལ་བཞག རིག་འཛིན་པདྨ་འདུས་རྩལ་གྱི་སྤྲུལ་སྐུ་ཤུག་སྒང་འོད་གསལ་ལྷུན་གྲུབ་གླིང་དུ་ཁྲིར་བཀོད་པ་སོགས་རེ་ཞིག་གདུལ་བ་རྫོགས་པའི་ཚུལ་གྱིས་དགུང་ལོ་སུམ་ཅུ་སོ་ལྔའི་ཐོག་ཏུ་ཞི་བར་གཤེགས་སོ། བླ་རབས་དགུ་པ། པདྨ་བྱང་ཆུབ་གླིང་པ་ནི། སོག་རབ་དཀར་ཐང་དུ་རྨ་ཆེན་སྦོམ་རའི་སྲས་སུ་འཁྲུངས། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་དང་། སང་སང་ཏྲ་ཏྲ་སོགས་སྐྱེས་ཆེན་དུས་གསུམ་གཟིགས་པ་མང་པོས་པདྨ་འདུས་རྩལ་གྱི་ཡང་སྤྲུལ་ཡིན་པར་ཚད་མའི་ལུང་[page 403] གིས་ཟིན་པ་ན། བླ་མ་མཐུ་སྟོབས་མགོན་པོས་སྐུ་བདག་དང་ཁྲི་ལ་མངའ་གསོལ། པདྨ་བྱང་ཆུབ་གླིང་པས་རྨ་ཆེན་གྱི་མདུན་ནས། གསེར་གྱི་སྲབ་དང་། གྲརུམ་ཙེ་གྲུ་བཞི། ཤིང་གི་ཅོག་ཙེ་སོགས་དངོས་རྫས་ངོ་མཚར་ཅན་མང་པོ་རྙེད་པ་ནི་ཡུལ་ལྷ་རྨ་ཆེན་གྱིས་གནང་བ་ཡིན། དེ་ནི་སྐུ་བདག་མ་བྱས་སྔོན་གྱི་བྱུང་བ་ཞིག་དང་། དགུང་ལོ་བདུན་གྱི་ཐོག་ཁྲིད་འདོན་རྗེས་སྐུ་གོང་མ་སྔ་ཕྱིར་རིམ་པའི་ཕྱག་རྫས་དང་། དཔེ་ཆ་སོགས་གོ་རིམ་མ་འཛོལ་བར་ཇི་བཞིན་ངོས་འཛིན་མཛད་ཐུབ་པ་དང་། དཔལ་ཡུལ་དགོན་དུ་སྐྱབས་མགོན་རྒྱ་སྤྲུལ་རིན་པོ་ཆེ་དང་། རྫི་འགག་སྤྲུལ་སྐུ་མདུན་ན་གྲྭ་སར་ཞུགས་པ་དང་བསྙེན་པར་རྫོགས། རྒྱ་སྤྲུལ་རིན་པོ་ཆེ་ནས་ཁོང་ལ་ང་ཉིད་ཀྱིས་རྗེས་མའི་དུས་སུ་ཁྱེད་ལ་རོགས་བྱེད་དོ་ལུང་བསྟན་ཡོད་པ་དེའི་དོན་ནི་འོག་ཏུ་བཀོད་རྒྱུ་ཡིན། དེ་ནས་ཁོང་དགུང་ལོ་བཅུ་གསུམ་ཐོག་ཏུ་དཔལ་རྡོ་རྗེ་གཞོན་ནུ་དཔའ་བོ་གཅིག་པའི་བསྙེན་སྒྲུབ་མཛད་སྐབས། དག་པའི་ཐུགས་སྣང་འབྱམས་ཀླས་སུ་ཡོད་སྟབས་དཔལ་རི་མཁའ་འགྲོའི་གླིང་ན་བཞུགས་པའི་༡ོ་རྒྱན་པདྨའི་སྐུ་མངོན་གསུམ་མཇལ། ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་བཀོད་པ་རྣམས་སོ་སོར་མ་འདྲེས་པར་མཇལ། དག་པའི་སྣང་བ་སྐད་ཅིག་མ་དེ་ཉིད། མི་ལོ་བཅུ་ཉིས་རིང་ཞིང་ཁམས་དེ་རུ་བཞུགས་པའི་དགོངས་སྣང་ཤར་ནས། ཛེ་བཅུའི་གར་འཆམ་དབྱངས་རོལ་སོགས། གནས་ཡུལ་ཞིང་སྐྱོང་གི་ཌྰཀྐི་མ་རྣམས་ལས་བསླབས་ཏེ། འོད་གསལ་ལྷུན་གྲུབ་གླིང་དུ་ཚེས་བཅུའི་གར་འཆམ་བཙུགས། དེ་དུས་མེ་ཏོག་གི་ཆར་བབ་པ་དང་། དྲི་ཞིམ་པོས་ཡུལ་དེར་ཁྱབ་པའི་ཀུན་གྱིས་མཐོང་ཚོར་ཡ་མཚན་ཅན་བྱུང་། གཞན་ཡང་བྱང་རོ་ཁྲོ་ཆུའི་བྲག་ངོས་སུ་གྲུབ་པའི་རྟགས་ཀྱི་ཞབས་རྗེས་དང་། ཕྱག་རྗེས། དབུ་ཐོད་ཀྱི་རྗེས་རྣམས་ད་ལྟ་ལུས་ཅན་ཀུན་གྱིས་མཇལ་དུ་ཡོད་པ་ཡིན། ཤུག་སྔ་དགོན་དུ་ཚེས་བཅུའི་འདུ་ཁང་ལོ་ཞཐངའི་རིང་གསར་བཞེངས་མཛད། ཕྱི་ནང་མཛེས་རྒྱན་ཡོ་བྱད་དང་། མཆོད་ཆསདང་། གཏོད་མཛོད་དང་། བདུད་ཀློང་གི་དཔེ་ཆ་སོགས་ཕྱི་རབས་དང་ད་ལྟ་གཉིས་ཕན་གྱི་ཕྱག་རྗེས་ཟླ་མེད་པ་ཞིག་བཞག གདན་ཚབ་བླ་མ་མཐུ་སྟོབས་ཕྱག་རྗེས་སྤྲུལ་སྐུ་བློབ་བཟང་རབ་རྒྱས་ཀྱི་ཡང་སྲིད་གཉིས་ངོས་འཛིན་མཛད་ནས་བླུས་ཏེ་དཔལ་ཡུལ་དར་ཐང་བཤད་སྒྲུབ་གློང་དུ་རྫི་འགག་མཆོག་སྤྲུལ་དང་། ལྷ་སཔྲུལ་རྣམ་གཉིས་ཀྱི་དྲུང་དུ་གྲྭ་སར་བཞག བསྟན་པ་ཁོང་གཉིས་ལ་བཏད། བཞི་བཅུ་ཞེ་དགུའི་ཐོག་གསང་རྫོང་དབེན་ཁྲོད་དུ་སྐུ་གཤེགས་སོ།། བླ་མ་ཀུན་བཟང་དབང་ཕྱུག་གིས་བླ་མའི་བཁའ་བཞིན་དུ་བུ་དགོན་དུ་དགུང་གྲངས་བདུན་ཅུ་དོན་ལྔའི་བར་བཞུགས་ཏེ་གཤེགས། དུས་དེར་དགོན་ཁག་གི་གྲྭ་ས་བ་སྐྱི་སྔོན་བྱམས་སྤྲུལ། སྟག་ལུང་དབོན་པོ་པད་ཆོས། དུང་དཀར་སྤྲུལ་སྐུ་ངེས་རྒྱམ། སྐུ་ཆུང་། རྩེ་ལེའི་དབོན་ཁུ་མཚན། རྒྱ་ཕྱུག་བླ་སྤྲུལ། སང་སང་དབོན་པོ་སོགས་བྱོན་ནོ།། འདི་ཡན་ཆད་ཀྱི་བླ་མ་དམ་པ་རྣམས་ཀྱིས་དངོས་སུ་དགོན་ས་བཏབ་པདང་། སློབ་མའི་ཐུ་བོ་ཚོས་དགོན་པ་བཏབ་སྟེ་ཤུག་སྒང་འོད་གསལ་ལྷུན་གླིང་གི་དབང་འོག་ཏུ་རང་ཤུག་སུ་ཕུལ་བ་དང་། གནས་པ་སོགས་ཀྱི་བུ་དགོན་ནམ། དགོན་[page 404] ལག་ནི། གསེར་ཧོར་ཤུལ་དགོན་པ། སྟག་ལུང་དགོན་པ། དུང་དཀར་དགོན་པ། སང་སང་ཏྲ་ཏྲ་དགོན་པ། རྒྱ་ཕྱུག་དགོན་པ། སྐྱི་སྔོན་དགོན་པ། རྡོའི་རི་ནང་དགོན་པ། མཁན་ལེབ་དགོན་པ། རྒྱལ་གྱི་ཡར་ཡོང་དགོན་པ། ཤུག་གནས་རི་ཁྲོད་བཅས་མ་བུའི་དགོན་སྡེ་དང་རི་ཁྲོད་བཅས་བཅུ་གཅིག་ཡོད་པ་ཡིན། དེ་དག་བཏབ་མཁན་གྱི་མིང་རྣམས་གང་ནུས་ཀྱིས་ཟུར་བཀོད་བྱེད་རྒྱུ་ཡིན།

བླ་རབས་བཅུ་པ། གདན་ཚབ་སྤྲུལ་སྐུ་རྣམ་གཉིས་དང་། བླ་མ་དྷརྨའི་མཚན་ཅན་གསུམ་པ་ཡིན་ལ། ཁོང་རྣམས་ཀྱིས་ཤུག་སྒང་མ་དགོན་དུ་པདྨ་བྱང་ཆུབ་གླིང་པའི་སྐུ་གདུང་དུ་གུ་རུ་སྣང་སྲིད་ཟིལ་གནོན་གཙོ་འརཁོར་གསུམ་ཟངས་གསེར་ལས་གྲུབ་པའི་ཁྱད་དུ་འཕགས་པ་བཞེངས། དགོན་ཕན་ཚུན་གཉིས་ལ་སྒྲུབ་གྲྭ་གསར་དུ་བཙུགས། བླ་མ་ཀུན་བཟང་དབང་ཕྱུག་གི་སྐུ་གདུང་གསར་བཞེངས་དང་། ཚེས་བཅུའི་གར་འཆམ་གྱི་གསེར་འབག་དང་ཁྲི་གདན་རྣམས་གསར་བཞག་པདྨ་བྱང་ཆུབ་གླིང་པའི་ཡང་སྤྲུལ་རིན་པོ་ཆེ་དང་། བླ་མ་ཀུན་བཟང་དབང་ཕྱུག་གི་སྤྲུལ་སྐུ་གཉིས་སྐུ་བདག་ཁྲིར་འགོད་མཛད་དེ་མ་དགོན་ཤུག་སྒང་དང་། བུ་དགོན་ཧོར་ཤུལ་གཉིས་ལ་སོ་སོར་བཞག བུ་དགོན་དུ་བཀའ་འགྱུར། རྙིང་རྒྱུད་གཏེར་མཛོད་ཀྱི་དཔེ་ཆ། གཙུག་ལག་ཁང་རྣམས་གསར་དུ་བཞེངས། འོལ་མའི་སྤྲུལ་སྐུ་རིག་འཛིན་འཇམ་དཔལ་དགུང་ལོ་ལྔ་བཅུ་ང་གསུམ་ཐོག་ཏུ་ཤུག་སྒང་དུ་གཤེགས། བླ་མ་དྷརྨའི་མཚན་ཅན་ཡང་སྤྱི་ལོ་1950ལོར་གཤེགས། ཚེ་ཤུལ་སྤྲུལ་སྐུ་རིག་པའི་ཁུ་བྱུག་ནི་1955ལོར་ཞིང་ལས་གཤེགས་སོ།

བླ་རབས་བཅུ་གཅིག་པ། པདྨ་བྱང་ཆུབ་གླིང་པའི་ཡང་སྤྲུལ་རིན་པོ་ཆེ་རྒྱལ་སྲས་བསྟན་པའི་ཉི་མའམ། ཆོས་ཀྱི་ཉི་མ། ཤུག་སྒང་རྨ་སྤྲུལ་སོགས་དོན་གཅིག་མཚན་གྱི་རྣམ་གྲངས་ཅན་ཁོང་ནི། སོག་སྦྲ་ནག་ཏུ་སྐུ་འཁྲུངས། དགུང་ལོ་ལྔའི་ཐོག་ཤུལ་སྒང་འོད་གསལ། ལྷུན་གྲུབ་གླིང་དུ་ཁྲི་ལ་མངལ་གསོལ། དགུང་ལོ་ཉི་ཤུའི་ཐོག་ཏུ་དཔལ་ཡུལ་དུ་གྲྭ་སར་ཕེབས། ཀརྨ་ཡང་སྤྲུལ་མཆོག་ལས་རབ་ཏུ་བྱུང་། མཆོག་སྤྲུལ་མཉྫུ་ཧེ་བཛྲའི་དྲུང་ནས་བསྙེན་པར་རྫོགས་ཏེ་རིན་ཆེན་གཏེར་མཛོད་སོགས་བཀའ་ལུང་དབང་ཁྲིད་ནོད་བཞིན་མ་དགོན་དུ་བསྟན་པ་བསྐྱངས། དེ་ནས་སྔོན་བྱོན་བླ་མ་རྣམས་ཀྱི་སྐུ་གདུང་དང་། ཡུལ་ཁམས་ཀྱི་བསྟན་འགྲོ་སྤྱི་ལ་ཕན་པའི་སྐུ་རྟེན་བཞེངས་པར་དགོངས་ཏེ་ཕྱག་རྫས་གང་འཚམ་བསྣམས་ནས་སོག་ཡུལ་བརྒྱུད་པེ་ཅིང་དུ་ཕྱིན། དེར་རིན་པོ་ཆེན་ཟངས་གསེར་ལས་བཟོས་པའི་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་ཚད་ཁྲུ་བདུན་པ་གཙོ་འཁོར་གསུམ་དང་། གུརུ་མཚན་བརྒྱད། སྒྲོལ་མ་ཉེར་གཅིག སྟོན་པ་གཙོ་བོར་བྱས་པའི་གནས་བརྟེན་བཅུ་དྲུག གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་ཚད་མཐོ་གང་ཡོད་པ་སྟོང་ཕྲག་གཅིག ཟངས་གསེར་གྱི་མཆོད་རྟེན་ཁྲུ་བདུན་ཚད་མ་གཅིག་བཅས་བཟོས་ཏེ་མེས་རྒྱལ་གྱིས་གཟིགས་སྐྱོང་འོག རླངས་འཁོར་ཐོག་ནས་པེ་ཅིང་ནས་ཤུག་སྒང་འོད་གསལ་ལྷུན་གྲུབ་གླིང་དུ་གདན་དྲངས་ཏེ་གཟུངས་འཇུག་དང་། རབ་གནས་ཚད་ལྡན་བགྱིས་ཏེ་ཡུལ་གྱི་ཕྱག་མཆོད་དད་པའི་རྟེན་དུ་བཞུགས་སོ། དེ་ནས་གོང་གི་བླ་རབས་[page 405] དགུ་པའི་ནང་གི་ལོ་རྒྱུས་ཀྱི་ཟུར་བཏོན་པའི་དོན་འདིར་འགོད་རྒྱུ་ནི། གོང་གི་པདྨ་བྱང་ཆུབ་གླིང་པ་དེ་ཉིད་དཔལ་ཡུལ་དུ་གྲྭ་ས་ཕེབས་ཏེ། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་བླ་མ་བསྟེན་སྐབས། པདྨ་བྱང་ཆུབ་གླིང་པ་ལ། ང་ཉིད་ཀྱིས་རྗེས་མ་དུས་སུ་ཁྱེད་ལ་རོགས་བྱེད་དོ་གསུངས་ནས་དབུ་ཞྭ་གཅིག་དང་། གོས་ཆེན་གསེར་ཏྲམ་མའི་བཟའ། བཞུགས་གདན་བཅས་གནང་བ་ལ། རྗེས་མར་པདྨ་བྱང་ཆུབ་གླིང་པ་ཁོང་འགོ་ལོག་འོལ་ཆེན་སྨད་དུ་གདུལ་བྱར་བྱོན་དུས། དེར་ན་གཞོལ་ཕོ་མོ་གཉིས་ཀྱིས་ཁྱིམ་གསར་འཛིན་པའི་སྐབས་སུ་གདན་ཞུས་བྱས་པར། བླ་མའི་ཞལ་ནས་སང་ལོར་ཁྱེད་གཉིས་ལ་བུ་ཞིག་འབྱུང་བར་དེ་ནི་དཔལ་ཡུལ་རྒྱ་སྤྲུལ་ཡིན་པས་ང་ལ་སྦྱིན་དགོས་གསུས་ཏེ་གོས་ཆེན་ན་བཟའ་དེར་གནང་བ་ལ། ཕ་མ་གཉིས་ནས་ལྷོ་ཁའི་བླ་མ་འདིའི་ཧམ་པ་དང་གསུང་ཐལ་ཆེ་བ་ལ། སང་ལོ་ངེད་ལ་བུ་ཡོད་མེད་ཅི་ཤེས། གལ་ཏེ་ཡོད་ནའང་བུ་དང་དུ་མོ་གང་ཡིན་མི་ཤེས་ཟེར་ནས་ལྐོག་ལ་བྱས་ཀྱང་དོན་དུ་བླ་མ་ཉིད་ལ་ཁས་ལེན་ཞུས་པས། དེའི་ཕྱིར་ལོ་བུ་ཞིག་བཙས་ཏེ་ངོ་མཚར་བའི་མངོན་མཚན་གྱི་ལོ་རྒྱུས་བཅས། ཤུག་སྒང་བླ་མ་པདྨ་བྱང་ཆུབ་གླིང་པར་རིན་པོ་ཆེ་ནས་སྐུ་བདག་མཛད་པ་ནི་ཤུག་སྒང་འོལ་མའི་སྤྲུལ་སྐུ་ཞེས་ཡོངས་གྲགས་རིག་འཛིན་འཇམ་དབྱངས་དཔལ་ཞེས་པ་དེའོ། ཁོང་ཤུག་སྒང་མ་དགོན་སོགས་སུ་བཞུགས་ཤིང་བསྟན་འགྲོའི་དོན་དུ་ཤུག་སྒང་རྨ་སྤྲུལ་རིན་པོ་ཆེ་དང་ཐུགས་སྣང་གཤིན་པའི་རོགས་མཛད་དེ་གོང་གསལ་ལྟར་ཞིང་དུ་གཤེགས། དེ་རྗེས་ཁོང་གི་ཡང་སྲིད་སྐོར་དཔལ་མཆོག་སྤྲུལ་རིན་པོ་ཆེ་ལ་ཞུས་པར། མཆོག་སྤྲུལ་ནས་ཡབ་ཡུམ་དང་། ཡུལ་སྡེ་ཁྱིམ་ཚང་། འཁྲུངས་གཞིས་ཀྱི་ཤར་གྱི་ས་རྟགས་བཅས་བརྩེ་ཆེན་ཡེ་ཤེས་ཀྱི་དགོངས་པས་ས་ལེར་གཟིགས་ཏེ་འཁྲུལ་བྲལ་ཡིད་ཆེས་ཀྱི་ངོས་འཛིན་གནང་བ་ནི་ཡང་སྤྲུལ་རིག་འཛིན་ཐུབ་བསྟན་འདི་ཡིན། ཁོང་གི་ཡབ་ནི་བཟོ་ཞིང་དམར་དམག་རྒྱང་སྐྱོད་སྐབས་སུ་འདིར་བསྡད་པའི་རུས་མིང་ལ་“ཉུག་ཡང་ཞུན”ཞེས་པ་དང་། ཡུམ་ནི་ཏྲེ་ཧོར་དཔོན་རབས་ཀྱི་མདུན་འདོན་ཇིའི་སོང་ལྕགས་མོ་ཚང་གི་བརྒྱུད་ལས་མཆེད་པའི་པདྨ་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ལྕོག་རི་དགོན་གྱི་མཁར་གསལ་སྤྲུལ་སྐུ་བློ་བཟང་དགེ་ལེགས་དང་སྐུ་མཆེད་དུ་གྱུར། རིག་འཛིན་ཐུབ་བསྟན་འཁྲུངས་ཏེ་རིང་པོར་ལོན་པའི་དུས་སུ་འཁོར་ལོ་གདོང་སྤྲུལ་སྐུ་འགྱུར་མེད་རྡོ་རྗེ་ནས། སྡེ་གཙང་སྐལ་བཟང་ཟེར་བ་དེ་ཆེད་མངགས་གིས་ཆུ་ཁ་ཚང་གི་བུ་དེ་མཁར་ལེབ་ནས་བརྩིས་པའི་བྱང་གི་ཕྱོགས་སུ་ཁྲི་གནོན་མཁན་ཞིག་རེད་ཅེས་དང་། དེ་རྗེས་མཁར་གསལ་རྡོ་རྗེ་འཆང་དགོངས་པ་གཤེགས་རྗེས་སླར་ཡང་སྤྲུལ་སྐུ་འགྱུར་མེད་ནས་ཆེད་མངག་ཞིག་ལ་དར་མདུད་གཅིག་བསྐུར་བ་མཛད་དེ། པདྨ་ལྷ་མོའི་ཁོག་ཏུ་མཁར་གསལ་རྡོ་རྗེ་འཆང་བཞུགས་ཟིན་འདུག་པར། མ་ཡུམ་གྱི་དཔལ་མཚམས་གསུང་མཚོན་བྱེད་དུ་ཨྰ༔ཡིག་གཅིག་འདུག་པར་དེ་མཁར་གསལ་རྡོ་རྗེ་འཆང་ཐིམ་ཤསཆེ་བར། དེས་ན་འཁྲུངས་གཞི་ལ་ཅུང་གནོན་པས་དེ་མི་ཤེར་བའི་ཆེད་དུ་བསྐལ་བཟང་ཚར་བཅུ་གསུམ་དང་། སྤྲུལ་སྐུའི་རིམ་གྲོ་རུ་གནས་བཅུ་གང་མང་ཐོན་གསུངས་པ་བཞིན། སྐུ་མཆེད་ཡིན་ཚུལ་གྱི་ལོ་རྒྱུས་བཅས་སོ།། དེ་ནས་ཤུག་སྒང་རིན་པོ་ཆེ་རྒྱལ་སྲས་བསྟན་པའི་ཉི་མ་ནས་སྤྱི་ལོ་1958ལོའི་ཟླ་བ་7[page 406] པའི་ནང་འོལ་མའི་སྤྲུལ་སྐུའི་ཡང་སྲིད་མཁར་ལེབ་ཆུ་ཁ་ཚང་དུ་འཁྲུངས་པ་དེ་སྐུ་བདག་མཛད་དེ་ཁྲི་ལ་བཀོད། སྐབས་དེ་དུས་ཀྱི་སྔ་ཕྱིའི་བྱ་བ་ནི་དམངས་གཙོ་བཅོས་བསྒྱུར་གྱི་སྐབས་ཡིན་པས། ཕྱོགས་སོ་སོར་ནས་རྒྱ་བོད་རིམ་གྲོས་ཚང་མའི་བལྟ་ཚུལ་ཡི་འདྲ་བ་དང་། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་སྣ་ཚོགས་བྱུང་བ་དང་། ཁྲིམས་ལུགས་དང་སྲིད་ཇུས་ལ་ངོས་འཛིན་གྱི་ཆུ་ཚད་དམའ་བར་བརྟེན་འཁྲུག་རྩོད་ལའང་སྐབས་ཀྱང་། དགོན་གྱི་གཙོ་འགན་རིན པོ་ཆེ་ཆོས་ཀྱི་ཉི་མ་ཁོང་ནས་བཞེས་ཡོད་པར། རང་གི་དགོན་པ་དང་། ར་གི་གྲྭ་ཚང་། རང་གི་ཆོས་སྡེ་ཀུན་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་དང་། མཚོན་ཆ་རྣམས་གོང་འབུལ་དྱས་ནས་ངོ་ལོག་གདོང་གཏུག་གི་འཁྲུགས་ཟིང་སློང་མི་རུང་བའི་བསླབ་བྱ་མང་དུ་དྱས་པ་དང་འབྲེལ་རང་ཉིད་ལ་དབང་པོའི་རྟ་ཟོག་དང་། རྒྱུ་ནོར་རྣམས་ལྷག་ལུས་དང་སྦ་བསྐུང་མེད་པར་ཏང་དང་མི་དམངས་ལ་ཕུལ་བ་ཡིན། གོང་འཁོད་ལྟར་བླ་རབས་བཅུ་གཅིག་རིང་ལ་སྔ་འགྱུར་ཐེག་དགུའི་ཡུལ་རྩེ་རྩོལ་མེད་རྫོགས་པ་ཆེན་པོའི་བསྟན་པ་མི་ནུས་སྲིད་རྩེའི་བར་དུ་གནས་པའི་བྱ་བ་བྱས་ཤིང་དགོན་གྱི་དབང་ཆ་ནི་ཤུག་སྒང་བླ་རབས་རིམ་བྱོན་གྱིས་འཛིན། དེའི་འོག་ནས་ད་རུང་ཤུག་སྒང་བླ་རབས་ཀྱི་གྲངས་སུ་མ་རྩིས་པའི་བསྟན་འཛིན་གྱི་བླ་སྤྲུལ་དང་དགེ་འདུན་ནི་སྔར། ཞལ་གྲངས་སུམ་བརྒྱ་ཙམ་ཡོད། སྔར་གྱི་དགོན་གནས་དེ་ལ་འདུ་ཁང་། བླ་བྲང་། ཇ་ཁང་། སྒྲུབ་གྲྭ། གྲྭ་ཁང་བཅས་གྲངས་ཀ་བརྒྱ་ཕྲག་ཙམ་ལ། ད་དུང་མཆོད་རྟེན་དུང་འཁོར་བཅས་ཀྱི་རྒྱ་ཁྱོན་ལ་མུའུ་སུམ་ཅུ་ཙམ་ཡོད།

དགོན་གྱི་འཚོགས་དུས་མཆོད་ནི། ཟླ་བ་གསུམ་པའི་ཚེས་གཅིག་ལ་འཁོར་འདས་མཆོད་པ་ཞེས་སྤྱི་བསང་ཉིན་གཅིག་འཚོགས་རྒྱུ་ཡོད། ད་ནས་བཟུང་གྲྭ་མང་འདུས་ཏེ་ཚེ་བཅུའི་གར་འཆམ་དང་། དབྱངས་རོལ་སོགས་ཟླ་བ་གཅིག་ལ་སྦྱང་ཏེ་རྒྱུགས་ཁྲོད་ན་བྱ་དགའ་ཡོད། ས་ག་ཟླ་བའི་ཚེས་གཅིག་ནས་གྲྭ་མང་དང་ཕྱོགས་ཀྱི་དགོན་ལག་གི་བླ་སྤྲུལ་ཡོངས་རྫོགས་འདུས་ནས་ཉིན་བཅུ་ལ་ཚེས་བཅུ་འཚོགས་དགོས། དེ་ནི་དུས་མཆོད་ཆེ་ཁག་ཡིན། ཚེས་བཅུའི་གཉེར་པ་ནི་བླ་མ་གཅིག་དང་། གྲྭ་པ་གསུམ་ཡིན། ལོ་གསུམ་ལ་འཚོགས་ནས་མགོ་འབུད་རྒྱུ་དང་། རྒྱུ་རྩ་ནི་མར་རྒྱ་མ་སྟོང་ཕྲག་གཅིག། སྒོར་སྟོང་ཕྲག་གསུམ། ནས་ཟོ་ལག་ལྔ་བརྒྱ་ཐམ་པ། དེ་ཐོག་ས་ཞིང་ཞིག་ཀྱང་ཡོད་པར་དེ་དག་གི་ཁེ་སྐྱེད་ནས་གཏོང་སྒོ་དང་། མ་གདན་ཉམས་མེད་ཀྱི་རྩིས་སྤྲོད་དགོས། དབྱར་གནས་བ་ལ་ཕོགས་འབྲུ་ཡང་འདི་ནས་བྱེད་དགོས། ཟླ་བ་གསུམ་པའི་ཚེས་བཅུ་ལ་གནས་བཅུའི་དུས་མཆོད་ཉིན་བཞི་ལ་འཚོགས་རྒྱུ་ཡོད། དེའི་གཉེར་པ་གྲྭ་པ་གསུམ་གྱིས་ལོ་གསུམ་གྱི་ཡུན་ཚད་ཡིན། རྒྱུ་གདན་ཇ་སྒམ་གསུམ་དང་སྒོར་སུམ་བརྒྱ་ཡོད། ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ནས་མགོན་སྒྲུབ་ཉིན་ལྔ་འཚོགས་དགོས། ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ནས་ཟླ་བ་གཅིག་ལ་དགུན་བཅའ་འཚོགས་དགོས། དེ་ལ་སྔོན་འགྲོ་དང་། རྩ་རླུང་། རྫོགས་ཆེན། སྐུ་གསུམ་སྒྲུབ་[page 407] པ་རྣམས་ཡིན། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་ནས་གཤིན་རྗེའི་དགུ་ཆེན་དེ་དགེ་སྐོས་གཉིས་ནས་འཚོགས་དགོས། དེའི་རྒྱུ་རྩ་རྩིས་སྤྲོད་ནི། མར་རྒྱ་མ་ཉིས་བརྒྱ་ཙམ།

རྒྱུན་འཚོགས་ནི། སྒྲུབ་གྲྭ་ཁོ་ན་ཡིན་པར་གཉེར་པ་མི་གཉིས་དང་། མ་རྩ་རྩིས་སྤྲོད་ནི། ནས་རྒྱ་མ་ཆིག་སྟོང་སུམ་བརྒྱ་སོ་གསུམ། ས་ཞིང་མུའུ་ལྔ་བཅུ། མར་རྒྱ་མ་ལྔ་བརྒྱ་ལྔ་བཅུ། མཛོ་མོ་བཅུ། འབྲི་ལྔ་བཅས་ཡོད། ཚེ་འབར་རྒྱུན་འཛུགས་དང་། སྒྲུབ་གྲྭའི་གྲྭ་པ་རེར་ལོ་གཅིག་ལ་ནས་རྒྱ་མ་ཉིས་བརྒྱ་རེ་ཕོགས་ཡོད། ས་ག་ཟླ་བའི་ཚེས་བཞིའི་ཉིན་དགེ་སྐོས་སོགས་ལས་སྣེ་འཛིན་པ་ཐམས་ཅད་བསྐོ་བཞག་བྱེད་པའི་དུས་ཡིན། འགན་ཁུར་གྱི་ཡུན་ཚད་ལོ་གསུམ་རེ་ཡིན།

དགོན་ལག་སོ་སོར་ཆགས་བཏབ་མཁན་ནི། ཇི་བཞིན་རྟོགས་དཀའ་ཡང་སྔོན་བྱུང་གི་གཏམ་རྒྱུད་ལ་བརྟེན་ནས་ལོ་རྒྱུས་འདི་ཆ་ཚང་བའི་ཆེད་དུ་ཟུར་བཀོད་བྱ་བ་ནི། སང་སང་དུང་དཀར་དགོན་ནི་ཤུག་སྒང་ཚང་གི་སློབ་མ་སང་སང་བླ་མ་པདྨ་ཞེས་པས་བཏབ། ཧོར་ཤུལ་དགོན་ནི་ཤུག་སྒང་པདྨ་འདུས་རྩལ་སྐུ་མཆེད་ལྷན་གྱིས་བཏབ། རྒྱ་ཕྱུག་དགོན་ནི་ཤུག་སྒང་སློབ་མ་རྒྱ་ཕྱུག་མདོ་སྔགས་ཀྱིས་བཏབ། དེ་མིན་གོང་གི་ལོ་རྒྱུས་སུ་ཤུག་སྒང་དགོན་གྱི་དགོན་ལག་ཡིན་རྒྱུ་ཙམ་ལས་ཁུངས་སྐྱེལ་ཐུབ་པའི་བཏབ་མཁན་གྱི་མཚན་གསལ་པོ་ད་ལྟ་མི་འདུག།

གོང་འཁོད་ཀྱི་བླ་རབས་བཅུ་གཅིག་རིང་གིས་བླ་སློབ་ཆོས་སྡེ་སྦྱིན་བདག་ཤི་གསོན་མི་རབས་རྒྱུད་མཐུད་ཀྱིས་དཀའ་སྤྱད་འབད་བརྩོན་གྱིས་བཞེངས་བསྐྲུན་བྱས་པའི་རྟེན་བརྟེན་པར་བཅས་པ་རྣམས་རིག་གནས་གསར་བརྗེའི་སྐབས་སུ་གཏོར་བརླག་ཐེབ་ཏེ་མེད་པར་གྱུར། ཆོས་བྱེད་ཀྱི་བླ་སྤྲུལ་སེར་མོ་བ་རྣམས་ཀྱང་ཁྱིམ་ལས་ངལ་རྩོལ་པར་གྱུར་ཏེ་རང་ཁ་རང་གསོའི་ལས་ཞུགས། ཤུག་སྒང་དགོན་གྱི་བླ་རབས་བཅུ་གཅིག་པ་རིན་པོ་ཆེ་ཆོས་ཀྱི་ཉི་མ་ཡང་ངལ་རྩོལ་འོག་བསྒྱུར་བཀོད་ཀྱི་ལས་སྒོ་སྣ་ཚོགས་སུ་ངལ་དུབ་ཆེ་ཆུང་མང་པོའི་བརྒྱུད་རིམ་བརྒལ་སྐབས་མི་འགྱོད་པའི་ལས་འབྲས་ལ་ཡིད་ཆེས་དང་། འཕྲལ་རྐྱེན་གང་བྱུང་སྒྲིབ་སྦྱངས་གི་ལམ་དུ་འཁྱེར་ཏེ་རིམ་པར་ས་གནས་ཁག་སོ་སོར་ལ་ཆོས་སྒོ་ཕྱེས་ནས་དགོན་པ་དང་། མཆོད་རྟེན་སོགས་ཉམས་གསོ་བྱེད་པའི་དགེ་མཚན་གྱི་གི་སྐབས་ཤར་བའི་ནང་། རང་རེའི་བྲག་འགོ་རྫོང་ཨུ་དང་མི་དམངས་སྲིད་གཞུང་། རྫོང་ཆོས་ལུགས་ཅུས་ཀྱིས་སྤྱི་ལོ་1985ལོར་ངེད་ཤུག་སྒང་འོད་གསལ་ལྷུན་གྲུབ་གླིང་ཆོས་སྒོ་ཕྱེས་ནས་དགོན་ཉམས་གསོ་ཆོག་རྒྱུའི་བཀའ་ལུང་ཐོབ། དེ་ནས་སྤྲུལ་སྐུ་རིན་པོ་ཆེ་རྨ་སྤྲུལ་ཆོས་ཀྱི་ཉི་མ་ནས་དགོན་ཉམས་གསོའི་གཙོ་འགན་ཡོངས་སུ་བཞེས། ཁོང་ལ་རྫོང་ཏང་སྲིད་ལས་ཁུངས་དང་། ཆོས་ལུགས་ཅུས། ཆོས་བྱེད་ཀྱི་གྲྭ་མང་། ཆོས་དད་ཡོད་པའི་མི་[page 408] དམངས་དང་བཅས་པའི་བློ་བབ་བྱས། དེ་འོག་འོལ་མའི་སྤྲུལ་སྐུ་རིག་འཛིན་ཐུབ་བསྟན་དང་། སྤྲུལ་སྐུ་ངེས་དོན། དེ་མིན་གྱི་སྔར་ནས་ལྷག་ལུས་ཡོད་པའི་བླ་རྒན་བགྲེས་བཞུགས་ཚང་མས་སྤྲུལ་སྐུ་རིན་པོ་ཆེའི་འགན་བཞེས་དབུ་ཁྲིད་འོག་ཏུ། བླ་སྤྲུལ་གྱི་གཙོ་བོར་མཛད་པའི་དད་ལྡན་གྱི་ཡུལ་འབྲོག་ཀུན་ལ་རིང་མོས་ཀྱིས་ཞལ་འདེབས་བླངས་ཏེ། ལས་འགོ་བརྩམས་ནས་བཟུང་མཇུག་མ་སྒྲིལ་གྱི་བར་དུ་རྨ་སྤྲུལ་ཆོས་ཀྱི་ཉི་མ་ནས་རྒྱུ་དངོས་ཤུགས་ཀྱིས་རྟེན་བཞེངས་མཛད་པ་དང་། འོལ་མའི་སྤྲུལ་སྐུ་ནས་ཀྱང་འབྱོར་འཁོས་དང་བསྟུན། ཕྱག་རྗེས་གནང་ཡོད། དེ་བཞིན་སྔར་བླ་མ་ཆོས་སྐྱོང་ཞེས་པའི་ཡང་སྲིད་ནས་འཆམ་དང་། དཔེ་ཆ་སོགས་ཕྱག་བྲིས་མང་པོས་བསྟན་རྒྱུན་ལ་ཕན་པར་མཛད། དེ་ནས་བླ་གྲྭ་མང་མ་དང་དགོན་ལག། སྙི་པ། ཤེས་ཁོག་བ། སྟོང་སྐོར་དང་སྙི་པ། རྩིས་དགེའི་འབྲོག་པ། ཕྱི་འབྲོག་བཅས་ཀྱིས་རྒྱུ་ཡིས་ཞལ་འདེབས་དང་། ངལ་ལས་ཀྱི་རོགས་རམ། དེའི་ཐོག་རང་རྒྱལ་གྱིས་དགོན་ཉམས་གསོའི་རོགས་དངུལ་སྒོར་ཆིག་ཁྲི་ཉིས་སྟོང་བདུ་བརྒྱ་གནང་བ་སོགས་ཀྱིས་བཀའ་དྲིན་ལ་བརྟེན་ནས། འདུ་ཁང་བརྩེགས་གསུམ་པ་བླ་བྲང་གཟིམ་ཁང་རྣམས་དང་བཅས་པ། ཇ་ཁང་དང་སྒྲུབ་གྲྭའི་ལྷ་ཁང་། འཆམ་ར་གྲྭ་ཁང་སོ་སོར་བཅས། བསྡོམས་གྲངས་བརྒྱ་ཕྲག་ཙམ་གྱི་ཕྱིའི་རྣམ་པ་མཛེས་ཤིང་། ནང་གི་ལྡེབས་རིས་དང་བརྐོས་དཀྲོལ་སོགས་མིའི་བློ་གྲོས་ཇི་ཡོད་བཏོན་ཏེ་ཀུན་ནས་མཛེས་རྟེན་བཞེངས་གསར་པ་ཡིན། ཟངས་གསེར་ལས་གྲུབ་པའི་གུ་རུ་པདྨའི་སྐུ་ཐོག་བརྩེགས་གཉིས་ཀྱི་སྐུ་ཚད་ཅན་ལ་འཁོར་མཁའ་འགྲོ་གཉིས་དང་གུ་རུ་མཚན་བརྒྱད། ཇོ་བོ་རིན་པོ་ཆེའི་སྐུ། རིགས་གསུམ་མགོན་པོ། སྨན་བླ་བདེ་གཤེགས་བརྒྱད། ཚེ་ལྷ་རྣམ་གསུམ། ཡང་སྐུ་གདུང་མཆོད་རྟེན་གཉིས། ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་བཅས་རྒྱུ་གསེར་ཟངས་ཡིན་པ་དང་། སྐུ་ཐང་ཆེ་གྲས་ལྡེབས་འབྱར་མ་འདུ་ཁང་གི་ལོག་རྣམས་ཁེབ་པ། གཞན་ཡང་སྐུ་ཐང་གསར་རྙིང་སུམ་བརྒྱ་ཙམ། གསུང་རྟེན་དུ་བཀའ་འགྱུར་ཆ་བཞི། བསྟན་འགྱུར་ཆ་གཉིས་ཀྱིས་གཙོས་སྡེ་དགེའི་པར་ཁང་བཀྲ་ཤིས་སྒོ་མང་དུ་ཡོད་དོ་ཅོག་གི་ཡིག་ཆ་ཆ་ཚང་མ་དང་། དེའི་ཁར་གནམ་ཆོས་ཆ་ཚང་བཅས་དང་། དེ་མིན་མཆོད་ཆས་དང་། མཆོད་རྫས་ཁྲི་གདན་གྱི་སྐོར་དང་། ཐབ་ཟངས་སོགས་ཇ་ཁང་གི་ཉེར་སྤྱད། སྒྲུབ་གྲྭ་རུ་གནས་བརྟན་བྲག་རི་མ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ། འབུམ་ཆ་ཚང་། རོལ་ཆ་སོགས་གང་དགོས་རྣམ་པ་སྣ་ཚོགས་ཀྱིས་རང་རྐྱ་ཕེར་པའི་རྙིང་མའི་དགོན་སྡེ་གཞན་ལས་དྲག་ཙམ་ལུ་པ་དེར་ཡིན། དགོན་རིལ་པོ་ཆག་སའི་རྒྱ་ཁྱོན་ལ་ད་ལྟ་མུའུ་བ། བཞི་བཅུ་ཙམ་གྱི་ས་ཡོད། དགོན་གྱི་ད་ལྟའི་གྲྭ་གྲངས་ནི་བླ་གྲྭ་ཚང་མར་བརྒྱ་ཕྲག་གཉིས་ལྷག་ཙམ་ཡོད། དགོན་དུ་སྡོད་མཁན་བརྒྱ་ཕྲག་ཙམ་དང་། དེ་མིན་རྣམས་དུས་མཆོད་ཆེ་ཁ་རྣམས་སུ་མ་གཏོགས་མི་བཞུགས། དགོན་གྱི་ཆོས་སྡེ་དུད་གྲངས་ནི་གནའ་དུས་ཡིན་ན། དེང་སྐབས་རོང་པ་དང་འབྲོག་པ་བསྡོམས་དུད་གྲངས་སུམ་བརྒྱ་ཙམ་ཡོད་པ་ཡིན། དགོན་པ་ལ་རིག་གནས་ཀྱི་སློབ་གྲྭ་དང་། སྨན་ཁང་རླངས་འཁོར་[page 409] སོགས་མེད། ཡོང་སྒོ་དང་འགྲོ་གྲོན། ཚོགས་འདུ་སོགས་དང་། བཀོད་སྒྲིག་གང་བྱེད་ཀྱི་དབང་ཆ་བླ་བྲང་གཞུང་གི་སྤྲུལ་སྐུ་དང་། ཕྱག་མཛོད། དགེ་སྐོས་བཅས་ཀྱིས་དབང་ཆ་ཡིན། དགོན་ཕྱི་ནང་གི་བྱ་བ་ཚང་མའི་དོ་དམ་གྱི་དབང་ཆ་ཡང་ཁོང་རྣམས་ལ་ཡོད། མདོར་ན་ད་ལྟ་དགོན་རིལ་པོའི་འགན་དབང་འཛིན་མཁན་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་བཞེས་པ་རྨ་སྤྲུལ་རིན་པོ་ཆེ་ཆོས་ཀྱི་ཉི་མ་ཁོང་ཡང་ཡིན་པར་འཚོ་བཞུགས་ཡོད། ཁོང་རྫོང་ཆབ་གྲོས་ཀྱི་རྒྱུན་ཨུའུ་དང་། འོལ་མའི་སྤྲུལ་སྐུའི་རིག་འཛིན་ཐུབ་བསྟན་ཡང་ད་ལྟ་རྫོང་ཆབ་གྲོས་སུ་བཞུགས་ཡོད། ད་དུང་རྨ་སྤྲུལ་རིན་པོ་ཆེའི་གདུང་སྲས་སྤྲུལ་སྐུ་སྟོབས་ལྡན་ཞེས་པ་ནི་སྔོན་ཤུགས་སྒང་བླ་རབས་ལས་མཆོད་པའི་གསུང་སྤྲུལ་གྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ། དགོན་ལག་ཧོར་ཤུལ་དུ་བསྟན་གཞི་སྐྱོང་བར་ཕེབས་ཏེ་སྐུ་ཚེ་འཚོ་བཞུགས་ཡོད། ཅེས་རྟ་མགྲིན་ཚེ་དབང་གཙོསདགོན་པའི་ལོ་རྒྱུས་ཚོ་ཆུང་ནས་བྲིས།

འཁོར་ལོ་གདོང་དགོན་གྱི་ལོ་རྒྱུས།

བདེ་ཆེན་གསང་སྔགས་འཁོར་ལོ་གདོང་གི་དགོན་པ་འདི་ཉིད། སྦས་ཡུལ་དགའ་བ་ལུང་གི་ཉེ་འདབས། སློབ་དཔོན་པདྨའི་སྒྲུབ་ཕུག་དང་། མཁའ་འགྲོ་འདུ་ཚོགས་ཕུག་ཤར་དུ་རྡོ་རྗེའི་རྫོང་ལ་སོགས་པའི་རྫོང་ལྔའི་རིགས་ལྔ་དངོས་དང་མཉམ་པའི་གནས་ཁྱད་དུ་འཕགས་པ་དེར་སྐུ་དང་། ཕྱག་ཞབས་ཀྱི་རྗེས་མང་པོ་གསལ་བ། གསུང་ཡིག་འབྲུ་མང་པོའི་རང་བྱོན་དང་། ཐུགས་ཕྱག་མཚན་སོགས་ཀྱིས་རྒྱས་བཏབ་པའི་རང་བྱུང་ངོ་མཚར་བའི་གནས་དེར། འགྲོ་བ་རྣམས་ཀྱིས་ཕྱག་སྐོར་མཆོད་འབུལ་གང་བྱས་ཀྱིས་ཚེ་འདིའི་གདོན་བགེགས་ཀྱི་རྐྱེན་ལས་ཐར་བ་དང་། མཐུན་པའི་ཚེ་དཔལ་རྒྱས་ཤིང་། མཆོག་གི་དངོས་གྲུབ་ཀྱང་ཐོབ་ནུས་པའི་གནས་ཀྱིས། གང་ཟག་གི་རྒྱུད་བྱིན་གྱིས་བརླབས་ནུས་པའི་གནས་མཆོག་དང་འདབ་འབྲེལ་ཡིན་པ། སྔོན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གཤིན་རྗེ་ཨེ་རིང་གི་ས་འཁོར་བསྐོར་སའི་གནས་ཡིན་སྟབས། གསང་སྔགས་འཁོར་ལོ་གདོང་ཞེས་རྒྱུ་མཚན་དེར་བྱས་ཏེ་བཏགས་པ་དང་། གུ་རུའི་ཞལ་ནས། སྙི་སྟོད་ས་མཆོག་བཀྲ་ཤིས་འཁྱིལ་བའི་གླིང་། ཞེས་གསུང་ཡོད་པརགནས་དང་ས་དེ་ལ་བཀྲ་ཤིས་རྟགས་བརྒྱད་ཚང་བའི་སའི་དགེ་མཚན་དེ་ལྟ་བུའོ།

ཡུལ་དེར་བསྟན་འཚིན་གྱི་སྐྱེས་བུ་ཇི་ལྟར་བྱོན་པའི་བླ་རབས་དང་པོ་ནི། སྤྱི་ལོའི་དུས་རབས་བཅུ་གཉིས་པ་དང་། བོད་ཀྱི་རབ་བྱུང་བདུན་པར། པཎ་ཆེན་དགེ་འདུན་གྲུབ་བྱོན་པའི་དུས་དེར། བྱང་གཏེར་གྱི་བདག་པོ་རིག་འཛིན་རྒོད་ལྡེམ་གྱི་ཡང་སྤྲུལ་ཉེར་ལྔའི་ནང་ཚན། རིག་འཛིན་ལེགས་ལྡན་རྗེ་བྱོན་པ་གཉིས་དུས་མཉམ་པར། དེའི་སྐབས་སུ་རིག་སྔགས་འཆང་བ་ཨ་མགོན་ཞེས་པ་སྒྱུ་འཕྲུལ་ཕུར་པ་ལ་ཡི་དམ་མཛད་ནས་ཚེ་དང་སྒྲུབ་པ་མཉམ་པའི་བྲག་ལ་ཕུར་པ་ཐེབ་པ་སོགས་གྲུབ་པའི་རྟགས་མངའ་བའི་དམ[page 410] པ་ནི་ཁོང་ནི་དགུང་གྲངས་བརྒྱ་དང་བསྟན་འགྲོའི་དོན་ཆེན་མཛད་དོ། དེ་དུས་ལུང་བའི་གདོང་དེར་ཁང་ཆུང་གཅིག་ཡོད་པར་དེས་ཁང་ལི་གདོང་ཚ་ཡང་གྲགས།

བླ་རབས་གཉིས་པ། སྲས་མོ་རིན་ཆེན་ཚུལ་རྡོར་ཞེས་པ་དེས་མི་ལོ་སོ་དགུའི་རིང་ལ་མཁའ་འགྲོ་སྡེ་ལྔ་རྟག་ཏུ་བསྙེན་སྒྲུབ་མཛད་ཅིང་སྐུ་ཚེ་མཐའ་འཁྱོལ་གྱིས་ཞིང་དུ་གཤེགས་ནས་གདུང་མེ་སྦར་སྐབས་དབུ་ཐོད་དུམ་གཅིག་ཡར་ཏེ་དེ་ལ་བཾ་ཧ་རི་ནི་ས་རང་བྱོན་དུ་ཡོད་པས་དེ་ན་མཁའ་འགྲོ་མི་ཡུལ་དུ་བྱོན་པ་དངོས་ཡིན་པ་དང་། གཞན་ཡང་དབོན་རྣམ་གསུམ་སོགས་སྐྱེས་ཆེན་དམ་པ་རྣམས་བྱོན་ཏེ་ཆོས་བཤད་སྒྲུབ་ཀྱི་བསྟན་པ་བཙུགས་པར། སྐབས་དེ་དུས་ཁང་བདུན་བྱུང་བར་ཁང་ལི་བདུན་པ་ཚང་ཞེས་གྲགས་སོ།

བླ་རབས་གསུམ་པ། སྐུ་ཚ་སངས་རྒྱས་རྡོ་རྗེ་ནི་བཱ་གནས་བསམ་གཏན་གླིང་དུ་བྱོན་ཏེ་མཚན་ལྡན་གྱི་བླ་མ་

ཤཱཀྱ་རྒྱལ་མཚན་བསྟེན་ནས། མདོ་རྒྱུད་ལུང་རིག་ཀུན་ལ་ཚད་པར་གྱུར། གྲུབ་པ་ཐོབ་སྟེ་རི་བྲག་ཟང་ཐལ་དུ་

བགྲོད་ནུས་པ་བྱུང་། ཁོང་གིས་གསང་སྔགས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་མི་ནུས་རྒྱལ་མཚན་འཛུགས་པའི་

དགོས་དབང་ལ་གཟིགས་ནས་དགོན་གཞི་འདི་ཇེ་རྒྱས་སུ་བཏང་སྟེ། བདེ་ཆེན་གསང་སྔགས་འཁོར་ལོ་གདོང་

ཞེས་མཚན་ཆ་ཚང་བར་དེ་ནས་གསོལ་ལོ། སྒྲུབ་པའི་མཛད་པ་གཙོ་བོར་བྱས་ནས་སྐུ་ཚེ་དགུང་གྲངས་བརྒྱ་དང་བདུན་བཞུགས།

བླ་རབས་བཞི་པ། རྗེ་དབོན་རིན་ཆེན་ཕུན་ཚོགས་ནི། ཁོང་གི་སྐུ་ཚེ་དེར་འཇིག་རྟེན་གྱི་བྱ་བ་ཀུན་སྤངས་ཏེ་

རྩེ་གཅིག་ཏུ་བསྒྲུབ་པ་མཐར་སྐྱེལ་ནས། འཁོར་འདས་ཀྱི་གནས་རིས་གཟིགས་པ་དང་། ནམ་མཁར་སེར་བ་འཁྲིགས་པ་སོགས་ལ་ཕྱག་སྡིག་མཛུབ་གཏད་པ་ཙམ་གྱིས་ལྡོག་ནུས་པ་ཞིག་ཏེ་དགུང་གྲངས་བདུན་ཅུ་དོན་གསུམ་ལ་གཤེགས་སོ། བླ་རབས་ལྔ་པ། དབོན་པོ་ལྷ་དབང་ནི། སྦྱང་བརྩོན་གྱིས་ཡོན་ཏན་མཐར་ཕྱིན་ཏེ་ཆིབས་ཡོབ་ཟན་ལྟར་བསྣར་ནུས་པའི་གྲུབ་པ་ཐོབ། དགུང་གྲངས་བདུན་ཅུ་དོན་གཉིས་ཀྱི་བར་དུ་བསྟན་འགྲོའི་དོན་མཛད་ཅིང་ཆོས་དབྱིངས་སུ་གཤེགས་སོ། བླ་རབས་དྲུག་པ། དབོན་པོ་སངས་རྒྱས་བསྟན་འཛིན་ནི། གསུམ་ལྡན་རྡོ་རྗེ་འཛིན་པའི་ཀུན་སྤང་ཆེན་པོ་དེས། མིང་བྱང་རྣམས་ཡེ་ཤེས་ཀྱི་མེས་བཞུ་ནུས་པ་དང་བསྟན་འགྲོའི་དོན་དཔག་མེད་མཛད་ནས་དགུང་གྲངས་དྲུག་ཅུ་རེ་བདུན་དུ་གཤེགས།

བླ་རབས་བདུན་པ། ཀརྨ་ལྷ་དབང་ནི། སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བས་ཆུང་དུས་ནས་སྦྱོང་བའི་ཡོན་

ཏན་རྣམས་མཐར་ཕྱིན། ཧྲེ་བོ་ཧོར་གྱི་དཔོན་ཨུ་ཅི་ནོར་ཞེས་པའི་སྐུ་གེགས་བསལ་སྐབས། ཚེ་མདའ་འདོམ་གང་བསྲིངས་བའི་གྲུབ་རྟགས་བསྟན། ཧྲེ་བོ་ཧོར་དང་མཆོད་ཡོན་སྦྲེལ་ནས་བྱ་བརྒྱུད་ཚེ་

དཔག་མེད་ལྷ་དགུའི་སྐུ་བསྙན་སོགས་ཞབས་བརྟན་གྱི་ཆེད་དུ་བཞེངས་པར་མ་ཚད་ལྷ་ཁང་གི་ཕྱི་ནང་ཀུན་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞེངས་པའི་མཐུན་རྐྱེན་སྩལ་བར་བརྟེན་བསྟན་གཞི་ཇེ་རྒྱས་སུ་བཏང་ནས[page 411] དགུང་གྲངས་བརྒྱད་ཅུ་གྱ་བཞི་ཐོག་ཞིང་དུ་གཤེགས་སོ།།

བླ་རབས་བརྒྱད་པ། དཔའ་བོ་བསོད་ནམས་ཤེས་རབ་ནི། ཁོང་ཉིད་སྐུ་བལྟམས་པའི་དུས་སུ་སྐུ་ལ་ལྷ་

སྐུ་རང་བྱོན་དང་། དུས་བཟང་རྣམས་སུ་འོད་འབྱུང་བའི་བྱ་ཐུལ་གོན་པའི་ཐེག་ཆེན་གྱི་རྣལ་འབྱོར་པ་

གཅིག་ཏེ་སྐུ་ཚེ་དགུང་གྲངས་བདུན་ཅུ་དོན་བཞིའི་ཐོག་གཤེགས་སོ།། བླ་རབས་དགུ་པ། གྲུབ་ཆེན་སྐུ་ཚ་

སངས་རྒྱས་རྡོ་རྗེ་སླར་ཡང་སྤྲུལ་སྐུའི་རྣམ་པར་བྱོན་པའི་ཤེས་རབ་མེ་འབར་ནི་སྐྱེས་སྦྱང་གི་བློ་གྲོས་ཕུན་སུམ་ཚོགས་ལ། བོད་རབ་བྱུང་བཅུ་གཅིག་པའི་ནང་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་། གཙང་དུ་པདྨ་བཤེས་གཉེན་དྲུང་ནས་བྱང་གཏེར་ཡོངས་རྫོགས་གསན་ནས་བསྒྲུབ་པ་ལམཛད་པས་

གྲུབ་པ་ཐོབ། རྫོགས་ཆེན་གངས་ཁྲོད་དུ་སྒྲུབ་ལ་གཞོལ་ཚེ་བདུད་ཀྱིས་འཚོ་བའི་ནམ་མཁའ་ཐོག་བབ་པར་གཟན་ལྡེབས་སུ་བཟེད་ནས་གཞན་དུ་འཕོས་པས་ས་དེའི་རྩི་ཤིང་རི་བྲག་རྣམས་བསྲེགས་སོང་ཡང་ཁོང་གི་སྐུ་ལ་ཅུང་ཟད་ཀྱང་མ་གནོད། བྱང་གཏེར་གྱི་ཆོས་ཚན་ཡོངས་རྫོགས་ཐུགས་ནས་འཆད་པ་སོགས་གྲུབ་པའི་རྟགས་

དང་། ཡི་དམ་ལྷས་ཞལ་གཟིགས་དང་འབྱུང་འགྱུར་གྱི་ལུང་མང་པོ་བསྟན་པ་དང་། རྡོ་ཡུལ་དུ་བྱོན་ནས་

སྔོན་གྱི་སྨོན་ལམ་བདེན་མཐུས་རྡོ་ཁོག་སྟོད་སྨད་ཀྱི་མཆོད་གནས་དམ་པར་གྱུར་བར་མཚན་སྔོན་སྐྱའི་གྲུབ་མཐའ་རྡོ་ཤུག་འབྱུང་དགོན་པ་དེ། དེར་དུས་མཆོད་གུ་ཆེན་ཚེས་བཅུ་སོགས་བཙུགས། ཁོང་གི་གདན་ཚབ་

ཏུ་རྒྱལ་རོང་བ་སྐལ་བཟང་རྒྱ་མཚོ་བཞག། གཟུགས་ཅན་གྱི་མི་དང་གཟུགས་མེད་ཀྱི་ལྷ་འདྲེ་མང་པོ་དམ་

འདོགས་ཀྱིས་ཞི་བདེའི་ལམ་དུ་བཀོད། རང་དགོན་འཁོར་ལོ་གདོང་དུ། དུས་མཆོད་དགུ་ཆེན་དང་། ཚེས་བཅུ་སོགས་ཀྱི་གར་འཆམ་དབྱངས་ཐིག་སོགས་དང་། ལྷ་བྲིས་རྟེན་བཞེངས་རྒྱ་ཆེན་བཅས་སྐུ་ཚེ་

གང་པོར་བསྟན་འགྲོའི་དོན་རླབས་ཆེན་མཛད་ནས་དགུང་གྲངས་བརྒྱད་ཅུའི་ཐོག་གཟུགས་སྐུའི་བཀོད་པ་ཚེས་དབྱིངས་སུ་བསྡུས་སོ།།

བླ་རབས་བཅུ་པ་གཏེར་ཆེན་དམ་པ་ནུས་ལྡན་འགྲོ་ཕན་གླིང་པ་ཁོང་གིས་བྱང་གཏེར་གྱི་བརྒྱུད་པ་

བཟུང་། པདྨའི་ཟབ་གཏེར་ཆེན་མང་པོ་བཏོན་ནས་ཟབ་མོའི་གཏེར་གྱིས་བསྟན་པ་སྐྱོང་། ཨ་སྐྱོང་ཁག་

གསུམ། རྡོ་རྫི་སྨྲ་གསུམ། ལྷོ་དབུས་བྱང་གསུམ་སོགས་ཀྱི་གདུལ་བྱ་ཐ་ན་འབུ་སྲིན་ཡན་ཆད་ཀྱིས་ཞལ་

མཇལ་དང་། གསུང་ཐོས་གྱུར་ཚད་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ་བཀོད་དེ། བསྟན་པ་དང་འགྲོ་བའི།

དོན་རྒྱ་ཆེན་མཛད་ནས་དགུང་གྲངས་དོན་གསུམ་བར་གཤེགས་སོ།།

བླ་རབས་བཅུ་གཅིག་པ། གསང་འཛིན་མགོན་པོ་དབང་རྒྱལ། ཁོང་གི་ཡབ་ནི་འཇིག་རྟེན་ལྟ་ཚུལ་དུ་

ཨ་བོའི་རྡོར་བསྟན་ཟེར་ཡང་དོན་དུ་ཡེ་ཤེས་ཀྱི་མགོན་པོ་ཚོགས་བདག་གི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་རོལ་དུ་གསེར་གྱི་མགོན་པོ་འབྲོང་རིའི་བླ་བུ་ཡིན་ལ། ཁོང་འཁྲུངས་ཚྭལ་དང་། [page 412] ཡབ་ཡུམ་གྱི་རྨི་ལམ། སྐྱེས་ཆེན་མང་པོས་ལུང་གིས་ཚུལ་སོགས་བཀོད་ཚེ་ཡི་གེ་མང་བར་དོག་ནས་རགས་ཙམ་བཀོད་ན། སྤྱིར་བླ་

མ་མང་པོ་བསྟེན་ཡང་། ཁྱད་པར་གཏེར་ཆེན་རིན་པོ་ཆེ་དང་། བཱ་གནས་ཨོ་རྒྱན་ཕུན་ཚོགས། སྤྲུལ་སྐུ་ཀུན་

བཟང་སྙན་གྲགས་སོགས་ལ་བསྟེན་ནས་རྫོགས་སྨིན་སྦྱང་པ་མཐར་ཕྱིན་ཏེ་ཡི་དམ་ལྷའི་སྐུར་བཞེངས། ལྷ་

སྲིན་སྡེ་བརྒྱད་བྲན་དུ་འཁོལ། སྣང་བར་དབང་འབྱོར་བས་འབྱུང་བཞི་ལ་རང་བྱན་ཚུད། ཟབ་མོའི་གཏེར་

ལ་སྤྱོད་ཅིང་སྐུ་ཚེ་དེར་མཚམས་དང་བསྙེན་སྒྲུབ། དབང་ལུང་ཁྲིད་འཆད་ཀྱིས་དགུང་གྲངས་བདུན་ཅུ་

དོན་གསུམ་བར་དུ་གཞན་དོན་ཁོ་ནར་ཉིན་མཚན་ཁོར་ཡུག་ཏུ་སྐྱོང་བ་ལས་བག་གཡེང་སུ་སྐད་ཅིག་ཙམ་ཡང་བཞུགས་པ་མེད། དེའི་སྐུ་རིང་ལ་གྲྭ་ཚང་ནི་སྙི་པ་དང་། ལྗགས་ཐ་མ། རྒྱུ་ཐ་མ། རྩིས་འབུ་སྙི་སྒང་པ། མ་སྐོར། སྒོར་བ། ཀེ་འཕན་ཨ་སུག་མ་སོགས་ཚོ་ཁག་བདུན་ཙམ་གྱི་ཁྱིམ་ནས་རབ་བྱུང་བའི་བླ་སེར་ལྔ་

བརྒྱ་ལྷག་ཙམ་གྱི་འཁོར་འདབ་རྒྱས་ཏེ་གཙོ་བོར་སྒྲུབ་པ་བསྐྱངས། མཐར་ལམ་སྣང་བཞི་མཐར་ཕྱིན་ཏེ། ཕྱི་སྣང་པའི་འཕེལ་རྐྱེན་ཟད། ནང་རིག་པའི་འཕེལ་ཆ་ཟད་དེ་ཆོས་ཉིད་འོད་གསལ་སྤྲོས་བྲལ་ཆེན་པོའི་

ངང་ལ་གཏན་སྲིད་ཟིན་ཏེ། གཞན་ནུ་བུམ་སྐུའི་ཚུལ་དུ་མངོན་པར་སངས་རྒྱས་ཏེ་ཞིང་ཁམས་ཀྱི་བཀོད་པ་

གསལ་བར་བསྟན་པའོ།།

བླ་རབས་བཅུ་གཉིས་པ། གཏེར་ཆེན་རིན་པོ་ཆེའི་སྐུ་སྲས་པདྨ་དོན་གསལ་ཁོང་ནི་ཆུ་བཟང་ནམ་

མཁའ་ཀློང་ཡངས་ཉིད་ཀྱིས་གཏེར་ཆེན་རང་ལ་ཞལ་བཞེས་ཤིག་གསུང་བཞིན་ཡང་སྲིད་འཁྲུལ་མེད་བྱུང་བ་ཡིན་ལ། ཕྱི་ལྟར་སོ་ཐོར་གྱི་སྡོམ་པས་མཛེས་ཤིང་། ནང་ལྟར་དབང་རྣོན་ཅིག་ཆར་བ། སྣང་བ་ཐད་

ཀར་དུ་གྲོལ་ཏེ་དགོངས་པ་སངས་རྒྱས་དང་མཉམ་པའི་སྐྱེས་ཆེན་དེ་ཉིད་བསྟན་འགྲོའི་དོན་དུ་མ་མཛད་དེ་དགུང་གྲངས་དགུ་བཅུ་གོ་གསུམ་ཐོག་ཞིང་དུ་གཤེགས་སོ།

བླ་རབས་བཅུ་གསུམ་པ། གཏེར་ཆེན་རིན་པོ་ཆེའི་ཡང་སྲིད་སྤྲུལ་སྐུ་རྡོ་རྗེ་རྒྱལ་མཚན་ནི། སྤྲུལ་པའི་

གཏེར་ཆེན་ཡིན་པ་བླ་མ་མང་པོས་ལུང་གིས་ཟིན། འོན་ཀྱང་ཟབ་གཏེར་དང་དགོངས་གཏེར། ས་གཏེར་

སོགས་འགའ་རེ་ལས་ཆེར་མ་འབྱིན་ཐོག་བཤད་སྒྲུབ་འཆད་ཉན་གྱིས་བསྟན་འགྲོའི་དོན་མཛད་ཀྱང་ཡུལ་གྱི་འགྲོ་བ་བསོད་ནམས་དམན་སྟབས་དགུང་གྲངས་སུམ་ཅུ་སོ་ལྔ་ཙམ་ལས་ཚེ་མཐར་མ་ཁྱོལ་བར་གཤེགས་སོ།།

བླ་རབས་བཅུ་བཞི་པ། དབྱིག་གཉེན་གྱི་སྤྲུལ་པ་ཚུལ་ཁྲིམས་བཟང་པོ་དང་། ཁོང་གི་སྐུ་མཆེད་འགྱུར་

མེད་རྡོ་རྗེ་གཉིས་ནི་མ་ཡུམ་གཏེར་ཆེན་རིན་པོ་ཆེའི་སྲས་མོ་ཞི་བ་མཚོ་དང་། ཡབ་གསང་འཛིན་དབའ་བོ་

དགྱེས་རབ་རྩལ་གྱི་སྐུ་སྲས་སུ་འཁྲུངས་པའི་དང་པོ་མཆོག་སྤྲུལ་ཚུལ་ཁྲིམས་བཟང་པོ་ནི། གཞོན་ནུ་ནས་

གསན་སྦྱང་མཐར་ཕྱིན་ནས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ཆེན་པོའི་གོ་སར་ཕེབས་ཏེ་རྡོ་ཤུག་འབྱུང་དགོན་གྱི་བསྟན་གཞི་བསྐྱངས། ལྷ་འབྲི་རྟེན་བཞེངས་དང་། ཆོས་བཤད་སྒྲུབ་ཀྱིས་བསྟན་པ་

སྤེལ་ནས་རྡོ་སྟོད་སྨད་དུ་འགྲོ་དོན་རྒྱ་ཆེར་མཛད། ཁྱད་པར་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་[page 413] གནོན་གྱི་ཐུགས་དམ་མཛད་པས་སྒྲུབ་གཏོར་ལ་མེ་འབར། བཱ་གནས་བསམ་གཏན་གླིང་དུ་བདུད་རྩི་སྨན་

སྒྲུབ་མཛད་ཚེ་འདུ་ཁང་ནང་དུ་བདུད་རྩིའི་ཆར་བབས་པ་དང་འཇལ་ཟུག། སྐུ་ཚེ་དེར་གསུང་པདྨའི་

རིགས་ཀྱི་དཀྱིལ་འཁོར་མེ་ཏོག་ཕོག་པ་དང་། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཚན་གྱི་སྐུའི་སྐྱེ་བའང་ཡིན་པར་

དྲན་པ་ནི་ཁོང་གིས་ཞལ་བཞེས་དང་། གཏེར་ཆེན་མང་པོས་ལུང་གིས་ཟིན་ཅིང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། བཱ་གནས་བསམ་གཏན་གླིང་

སོགས་ཕྱོགས་ཀྱི་དགོན་སྡེ་མང་པོར་ཆོས་བཤད་སྒྲུབ་ཀྱི་བསྟན་པ་བཙུགས། སོ་བྱང་སྔགས་གསུམ་གྱི་སྡོམ་

པས་མཛེས་ཤིང་དུས་རྒྱུན་འོད་གསལ་འཁོར་ཡུག་གི་སྣང་བ་འབྱམས་ཀླས་པས། སྐུ་མཐོང་བ་ཙམ་གྱི་

ཐམས་ཅད་ཟིལ་གྱིས་མནན། ཆོས་ཉིད་བརྗོད་དུ་མེད་པའི་དོན་ལས་དུས་ནམ་ཡང་གཡོ་བ་མེད་པར་སྐུ་ཚེ་

མཐར་འཁྱོལ་ཏེ་དགུང་གྲངས་བདུན་ཅུ་དོན་གསུམ་ཐོག་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། གཉིས་པ་ནུ་བོ་འགྱུར་མེད་རྡོ་རྗེ་ནི། རང་དགོན་འཁོར་ལོ་གདོང་གི་བསྟན་གཞི་བསྐྱངས་ནས་ཁོང་དབང་

རྣོན་ཅིག་ཆར་བའི་རིགས། རྒྱ་རྗེའི་གྲུབ་ཐོབ་ཀྱིས་ཁོང་ལ་ཕྱག་འབེབ་གནང་བའི་རྐྱེན་གྱིས་རྟོགས་གྲོལ་

དུས་མཉམ་དུ་གྱུར་ཏེ་ཡུན་རིང་པོའི་སྦྱང་རྩོན་སོགས་ལ་བརྟེན་མི་དགོས་པར་བླ་མའི་ཐུགས་རྗེས་ལས་འཕྲོ་

སད་དེ། ཆོས་ཉིད་གཅེར་མཐོང་རང་གྲོལ་དུ་ངོ་འཕྲོད། དེ་ནས་བཟུང་ནམ་མཁའ་སྤྲིན་བྲལ་བཞིན་ཆོས་

ཉིད་དོན་གྱི་འོད་གསལ། རིག་པ་རྗེན་ཅན་དུ་བསྐྱངས་བས་སྐུ་ཚེ་དེར་ཟག་མེད་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱས། སྐུ་འགྱུར་མེད་ཀྱི་རྫུ་འཁྲུལ་གསུང་ནས་གཏེར་ཆེན་རིན་པོ་ཆེའི་ཡང་སྲིད། གཏེར་ཆེན་འཆི་མེད་རིག་འཛིན་ངོས་འཛིན་དང་སྐུ་བདག་བྱས་ཏེ་དགུང་ལོ་བཅུ་བདུན་གྱི་བར་དགོན་གནས་དེར་བཞུགས། དེ་ནས་ཁོང་སྔོན་གྱི་

ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་མི་ནུབ་རྒྱལ་མཚན་འཛུགས་པའི་ཆེད་བལ་ཡུལ་དང་། རྒྱ་གར་ཕྱོགས་སུ་ཕེབས་ནས་བསྟན་འགྲོའི་དོན་མཛད་བཞིན་གང་ལྟའང་བཞུགས་

ཡོད། གོང་གི་སྤྲུལ་སྐུ་འགྱུར་མེད་རྡོ་རྗེའི་སྐུ་དུས་སྤྱི་ལོ་1936ལོར་དམར་རྒྱང་སྐྱོད་མཛད་དུས་འཁོར་ལོ་གདོང་དགོན་དུ་ཞག་ཤས་རིང་དགོན་སྤྱིའི་དཀོར་ནོར་ནས། མར་རྒྱ་ཉིས་སྟོང་ལྷག་ཙམ་དང་། འབྲུ་རིགས་རྒྱ་མ་ཆིག་ཁྲི་ཡར་ལྷག། དངུལ་དང་ཇ་ཤ་དང་དེ་མིན་གྱི་མཁོ་དགོས་དངོས་རྫས་རྣམས་

བསྡོམས་འབོར་སྒོར་ཁྲི་ཚོ་བཅུ་གཉིས་ཙམ་གྱིས་དམར་དམག་ལ་འཚོ་རྟེན་ཕུལ་ནས་ཕར་དགྲ་ཚུར་གནོད་

མེད་པར་གསེར་ཐར་ཕྱོགས་སུ་བསྐྱོད་དེ་ནས་དགོན་པར་དངོས་རྫས་ཀྱི་འཁོས་ཀ་ཞན་ཏེ། སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་རྡོ་རྗེ་ཝ་ཤུལ་རྨེ་བ་སོགས་ཕྱོགས་འགར་སློང་མོའི་གདུལ་བྱར་བྱོན་ནས་དངོས་རྫས་དང་། མཆོད་རྒྱུན་ཉམས་གསོ་མཛད། བསྟན་གཞིའང་སྔ་ལྷག་གི་ཇེ་རྒྱས་སུ་བཏང་སྟེ་བཀའ་དྲིན་གཞལ་མེད་གནང་། སྤྱི་ལོ་1947ལོའི་སྐོར་ལ་ཝ་ཤུལ་གཙང་སྨད་ཚང་དང་། ཀེ་འཕན་ལི་ཁོག་མ་སོགས་ཡར་མར་ཚོ་ཁག་མང་པོའི་བར་གྱི་འཁྲུག་རྩོད་རྣམས། ཁོང་གི་འགྲོ་ཀུན་བདེ་བའི་ཐུགས་བསྐྱེད་ཁུར་དུ་བསྣམས་ནས་མི་ཤི་རྟ་སྒྲིལ་གྱི་རྩ་བ་རྣམས་རྒྱུན་[page 414] བཅད་དེ་མཐུན་སྒྲིལ་ཞི་འཇགས་ཀྱི་ལམ་དུ་བཀོད། དགོན་འདི་ཆགས་ནས་ལོ་གྲངས་ལྔ་བརྒྱ་ཡས་མསསོང་བའི་རིང་ལ་ལོ་རྒྱུས་འདིར་མ་བཀོད་པའི་བསྟན་པ་དང་འགྲོ་བ་ལ་སྨོན་པའི་བསྟན་འཛིན་དམཔ་དུ་མ་བྱུང་ཡོད་པའི་ནང་གསེས། ཚད་མའི་སྐྱེས་ཆེན་ཚོས་ཁྱིམ་ཚང་འདི་ལ་འཁྲུངས་པའི་བླ་སེར་བྱུང་རིགས་རྣམས་བྱང་སེམས་འཕགས་པའི་གང་ཟག་ཤ་སྟག་ཅེས་ལུང་གིས་ཟིན་པ་དང་། གོང་དུ་སོང་བའི་གསང་འཛིན་མགོན་པོ་དབང་རྒྱལ་གྱིས་

རུས་ལས་མཆེད་པའི་བདེ་བ་ནང་ཚང་གི་དབོན་པོ་ཀུན་བཟང་བདེ་ཆེན་རིན་པོ་ཆེ་ནི་སྐུ་གཞོན་ནུའི་དུས་ནས་བྱམས་དང་སྙིང་རྗེ་ལྷན་སྐྱེས་སུ་ཡོད་པ་ནས་ཤེས་བྱར་སྦྱང་བ་མཐར་ཕྱིན། ཚད་ལྡན་དམ་པ་མང་པོའི་དྲུང་ནས་བཀའ་ལུང་དབང་ཁྲིད་སོགས་ཚུལ་བཞིན་གསན་ཏེ། སྡོམ་གསུམ་རྣམ་པར་དག་པའི་ཁྲིམས་ཀྱིས་ཀུན་ནས་མཛེས་པའི་མཁས་བཙུན་དེས་ཀྱང་གསང་སྔགས་འཁོར་ལོ་གདོང་དགོན་པ་ལ་ཆོས་མཐུན་གྱི་བྱ་བས་སྐུ་ཚེ་འཁྱོལ་བར་མཛད་ཡོད་པ་ཁོང་དང་། ཁོང་གི་སྐུ་མཆེད་དུ་གྱུར་པའི་ད་ལྟ་འཚོ་བཞུགས་ཡོད་པའི་དཔོན་པོ་བསོད་ནམས་འོད་གསལ་དང་། དབན་པོ་པདྨ་དབང་ཕྱུག་རྣམས་ལའང་འཕྲལ་ཕུགས་ཀྱི་བཀའ་སློབ་དང་། ལུང་བསྟན་མཛད། ཝ་ཤུལ་གཙང་སྨད་ཚང་གི་ནང་ནས་རུས་རྒྱུད་ཧོར་ལས་མཆེད་པའི་ཡབ་ཡུམ་ཟུང་ལ་ཁྱེའུ་ཞིག་ཡོད་པར།

སྤྲུལ་སྐུ་འགྱུར་མེད་རྡོ་རྗེས་ཁྱེའུ་དེ་ཁོང་ལ་དགོས་ཞེས་གསུངས་ནས་དགོན་དུ་གདན་དྲངས་ཡོང་བ་དེ་ནི་སྔོན་བྱོན་སྐྱེས་ཆེན་གོང་མ་རྣམས་ཀྱི་གསང་གསུམ་འཕྲིན་ལས་གཅིག་ཏུ་བསྡུས་པའི་རྣམ་རོལ། དེང་དུས་

ཀྱི་སྐྱེ་རྒུའི་དཔལ་དུ་བྱོན་པའི་སྤྲུལ་སྐུར་ངེས་ཏེ། སྐུ་བདག་མཛད་པ་ནི་ད་ལྟའང་སྐུ་ཚེ་འཚོ་བཞུགས་ཡོད་པའི་རྫོང་ཆབ་གྲོས་སུ་ལས་འཛིན་པའི་སྐུ་དཔལ་མགོན་རིན་པོ་ཆེ་འདིའོ། དེ་ལྟར་སྤྲུལ་སྐུ་འགྱུར་མེད་རྡོ་རྗེས་ཡུལ་འདིའི་གདུལ་བྱ་ཕལ་ཆེར་རྫོགས་པ་མཛད་དེ། སྤྱི་ལོ་1958ལོ་ནས་

གདུལ་བྱའི་ཡུལ་གཞན་དུ་དགོངས་པ་དང་། འཕྲིན་ལས་ཀྱི་མཇུག་བསྡུ་རན་པར་ཕྱིན་ནང་གསང་གསུམ་

རྟེན་འབྲེལ་གྱི་བརྡ་ལས། ཁམས་ནས་དབུས་སུ་ཕེབས་ཏེ། བྱང་ཟིང་ཟང་ལྷ་བྲག་དང་། སྦས་ཡུལ་འབྲས་མོ་ལྗོངས་སོགས་སུ་བསྒྲུབ་པ་མཐར་ཕྱིན་པ་མཛད་རྗེས་རང་རྒྱལ་གྱི་ཤིང་ཅང་ཞིང་ཆེན་གྱི་ཁོངས་སུ་ཕེབས་ཏེ་1967ལོའི་ས་ག་ཟླ་བའི་ཚེས་1ཉིན་དགོངས་པ་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏོ།

དགོན་གནས་དེར་ཚེས་དུས་སྒྲུབ་མཆོད་ནི། དུས་རྒྱུན་དུ་ལོ་གསར་རྙིང་གི་མཚམས་སུ་བྱང་གཏེར་བཀའ་བརྒྱུད་དྲག་པོ་རང་བྱུང་རང་ཤར་དང་། ཞི་ཁྲོ་གཏེར་མ་གཤིན་རྗེ་ཚེ་བདག་གི་དགུ་ཆེན་གཉིས། དཔོན་སློབ་ལྔ་བརྒྱ་ཙམ་གྱིས་ས་ཐིག་དངོས་གཞི་བཅས་ཉིན་བཅུ་དྲུག་ལ་འཚོགས་རྒྱུ་ཡོད། དེའི་འགྲོ་སོང་ནི་དགོན་སྤྱི་གཉེར་ནས་ཕུད་རྒྱུ་དང་། སྤྱི་གཉེར་ནི་རེ་མོས་ཀྱི་ལོ་གསུམ་རེའི་མཚམས་ནས་བརྗེ་རྒྱུ་ཡིན། སྤྱི་རྒྱུ་ལ་ཇ་སྒམ་བཞི་བཅུ། གྲོ་ནས་རྒྱ་མ་ཁྲི་གཅིག། ས་ཞིང་མུའུ་ཉིས་བརྒྱ་ཡོད། ཟླ་བ་དང་པོའི་ནང་བྱང་གཏེར་འགྲོ་བ་ཀུན་གྲོལ་གྱི་

སྐྱེ་བདུན་བུམ་སྒྲུབ་དབང་བདག་འཇུག་དང་བཅས་འཚོགས་རྒྱུ་ཞག་བདུན་ལ་ཡོད། དེའི་འགྲོ་སོང་དགེ་སྐོས་གཉིས་ནས་ཕུད་དགོས། སྤྱི་རྒྱུ་ཇ་སྒམ་ཉི་ཤུ་ཡོད། ཟླ་བ་དེའི་ནང་བདེ་[page 415] ཆེན་ཞིང་སྒྲུབ་ཆོས་ཁྲིད་དང་། སངས་རྒྱས་སྟོང་དབང་བཅས་ཞག་བདུན་ལ་འཚོགས་རྒྱུ་ཡོད། ཡང་ཟླ་བ་

དེའི་ནང་གཏེར་ཆེན་ཉིད་ཀྱིས་ཕྱི་ནང་རྒྱུད་སྡེ་གསུམ་བཅུད་དྲིལ་དཀོན་མཆོག་གསུམ་ཀྱི་དུས་མཆོད་ཚོགས་སྐོང་བཅས་ཞག་ལྔ་ལ་བླ་གྲྭ་ཉེར་ལྔ་ཡས་མན་གྱིས་འཚོགས་དགོས། ས་ག་ཟླ་བའི་ནང་དུ་བླ་གྲྭ་ལྔ་བརྒྱ་

ལྷག་གིས་བྱང་གཏེར་རིག་འཛིན་གདུང་སྒྲུབ་དང་། དེ་དག་གི་འགྲོ་སོང་ལོ་རྟག་པར་བླ་བྲང་ནས་ཕུད་

དགོས། ཡང་ཟླ་བ་དེའི་ནང་བྱང་གཏེར་ཐུགས་སྒྲུབ་དང་འབྲེལ་བའི་རབ་གནས་བསེ་སྒྲོམ་མར་གྲགས་པ་

དེས་རྟེན་རྣམས་ལ་ལོ་རེ་བཞིན་ཡང་བསྐྱར་རབ་གནས་བྱེད་པས་ཞག་གསུམ་ལ་འཚོགས་དགོས། དབྱར་སྔ་གསུམ་ཁས་བླངས་ཏེ། དབྱར་གནས་ཟླ་བ་གསུམ་ལ་དགེ་བཀའ་རྙིང་བཞིའི་སྲོལ་དང་མཐུན་པའི་དགེ་ཚུལ་སློང་ཤ་སྟག་གིས་མཚད་དགོས། སྟོན་ཐ་ཆུང་གི་འཕྲུལ་ཟླ་བའི་དུས་ཆེན་སྐོར། བྱང་གཏེར་ཕུར་པ་དང་འབྲེལ་བའི་བསྟན་སྲུང་ཡོངས་རྫོགས་གྱི་གསོལ་སྒྲུབ་གྲྭ་པ་གཉིས་བརྒྱ་ལྷག་ཙམ་གྱིས་འཚོགས་དགོས། དུས་རྒྱུན་དུ་མཁས་བཙན་གཉིས་ལྡན་གྱི་མཁན་པོ་ཞིག་གིས་གཙོ་བོ་མཛད་དེ་བཤད་གྲྭ་བ་བཅུ། སྒྲུབ་གྲྭ་བ་བཅུ། ཁྱོན་གྲྭ་བ་ཉི་ཤུར་ཕོགས་བཅས་བཤད་སྒྲུབ་ལ་བརྩོན་ནས་རྒྱུན་སྡོད་བྱེད་ལ། དེའི་འགྲོ་སོང་ནི་བཤད་གྲྭའི་སྤྱི་པ་ནས་ཕུད་དགོས། སྤྱི་རྒྱ་ལ་འབྲི་བརྒྱ་དང་བཅུ། གྲོ་ནིས་རྒྱ་མ་ཉིས་སྟོང་ལྷག། ཇ་སྒམ་བཞི་བཅུ། ས་ཞིང་མུའུ་ལྔ་བཅུ། སྤྱི་པ་རྣམས་ལོ་གསུམ་རེའི་མཚམས་ནས་བརྗེ་རྒྱུ་ཡིན། བཞི། གོང་འཁོད་ཀྱི་སྐྱེས་བུ་དམ་པ་ཆོས་བཟང་

བསྐྲུན་གནང་བའི་རིག་དངོས་ཀྱི་སྐོར་ནི། སྐུ་རྟེན་དུ། རྡོ་རྗེ་འཆང་གི་སྐུ་ཁྲུ་གང་བ་གཉིས་ཀྱིས་གཙོས་གསེར་སྐུ་ལི་མ་ཉིས་བརྒྱ་དང་བཞི། ཟངས་གསེར་ལས་བཞེངས་པའི་ཐང་སྟོང་རྒྱལ་པོའི་སྐུ་ཚད་མ་གཅིག། སློབ་དཔོན་སྣང་སྲིད་ཟིལ་གནོན་གྱི་སྐུ་ཁྲུ་ཙེ་བརྒྱད་ཅན་རིན་པོ་ཆེའི་རྒྱན་དང་ལྡན་པ་ཅིག། ཇོ་བོ་རིན་པོ་ཆེའི་སྐུ་ལུས་ཚད་མ་གཅིག་ལ་འཁོར་གནས་བརྟན་བཅུ་དྲུག། གུ་རུ་མཚན་བརྒྱད་མདའ་ཚད་མ། ཡང་གུ་རུའི་སྐུ་དང་། དབྱངས་ཅན་མའི་སྐུ། འཇམ་དཔལ་ཕྱག་བཞི་པ་སྐུ་རེ་རེ་གཞན་ཡང་གསེར་སྐུ་བཅུ་བདུན། ཁྱད་པར་དུ་སློབ་དཔོན་གཙོ་འཁོར་གསུམ་གོས་ཆེན་ལྷན་གྲུབ་མ་བརྩེགས་ལྔ་པ་དང་། བཀའ་བརྒྱད་དཔལ་དགུའི་སྣང་བརྙན་གུ་རུའི་སྐྱེས་རབས་ཟངས་གླིང་མ་ལྟར་དང་། ཐུབ་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་། གནས་བརྟན་ལྔ་ཁང་། མཛད་པ་བཅུ་གཉིས། གུ་རུ་མཚན་བརྒྱད། བཅས་སྤུས་ཚད་རིན་ཐང་དང་ལྡན་པའི་གསེར་ཐང་སུམ་བརྒྱ་ཙམ་ཡོད། གསུང་རྟེན་སྐོར། གསེར་དངུལ་ལས་གྲུབ་པའི་སྐུ་གདུང་ཆ་བརྒྱད་མདའ་ཚད་མ་ལ་རིན་ཆེན་ཕྲ་རྒྱན་དང་ལྡན་པའི་གཙོར་བྱས་མཆོད་རྟེན་ཆེ་ཆུང་ཉིད་བརྒྱ་བཅས་ཡོད། གཏེར་རྗས་སྐོར། ཐུབ་པ་རྣམ་སྣང་གངས་ཅན་མཚོའི་སྐུ། སློབ་དཔོན་ང་འདྲ་མའི་སྐུ། ཨོ་རྒྱན་མཐོང་བ་རང་གྲོལ་གྱི་སྐུ། རྡོ་སྒྲོམ་པདྨ་[page 416] ཡིད་བཞིན་དབང་རྒྱལ། གུ་རུ་ལྷ་སྲིན་དམ་འདོགས་ཀྱི་གྲོ་ལོ་བསྟེན་ཕུར། རིནཔོ་ཆེ་ཛྷཻ་ཀྵིམ་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ། རིན་པོ་ཆེ་དཀར་ཕྲ་མིན་པ་ལས་གྲུབ་པའི་སྒྲོམ་བུ། སྒྲོམ་བུ་ཡི་ཤེས་སྤྱན་གཅིག། སྒྲོམ་བུ་ཤེལ་དཀར་རྩེ་ལྔ། རྡོ་སྒྲོམ་སྦལ་གཟུགས་མ། དམ་ཅན་མགར་བའི་ཐོ་བ་སོགས་སྤྲུལ་པའི་གཏེར་ཆེན་རྣམས་ཀྱིས་གཏེར་ནས་གདན་དྲངས་པའི་གཏེར་རྫས་རྣམས་སྔོན་ཆད་ཀྱང་ཡོད་ལ་ད་ལྟའང་ཡོད། ཡི་གེ་འདིའི་གོང་འོག་དུ་འཁོད་པའི་རྟེན་དང་མཆོད་ཆ་འགའ་རེ་ད་ལྟ་ཡོད་པ་ནི་རྒོལ་བཞི་དང་། རིག་གསར་གྱི་སྐབས་སུ་ཆོས་དད་གཏན་ནས་མི་འདོར་བའི་དཔལ་བོ་འགའ་རེས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་སྦས་སྐུངས་བྱས་པའི་དྲིན་ལས་བྱུང་བ་ཡིན།

དགོན་པའི་མཆོད་ཆ་དང་མཆོད་རྫས་གྱི་སྐོར། སྦུག་ཆལ་སིལ་སྙན་སོགས་དལོན་ལ་དཔེ་ཟླ་མེད་པ་བརྒྱ་དང་དྲུག། ཧོར་ཤིང་ཀུན་མ་དང་། ཧོར་གྲ་སྟོང་མ། རྒྱ་དྲིལ་རླུང་གཤོག་མ་སིགས་དྲིལ་བུ་བཟང་པོ་ཞེ་བརྒྱད། གསེར་ཆོད་ཆ་གཉིས། དངུལ་མཆོད་ཆ་གསུམ། གསེར་དངུལ་གྱི་མཎྜལ་བརྩེགས་གཅིག་པ་རིན་ཆེན་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན་གཅིག། གཞན་ཡང་རྒྱན་ཆས་ཡོ་བྱད། ན་བཟའ་སྐུ་ཆས། དར་གདུགས་འཕན་གསུམ། བསེ་འབག་སོགས་བསམ་གྱིས་མི་ཁྱབ་པ་ཡོད། ལྔ། དགོན་དེར་རིག་གནས་དང་སྒྲོག་ལམ་སྐོར་ནི། ཐོག་མར་གྲྭ་ཆུང་རྣམས་ནས་ཡི་གེ་བསླབ་པ་དང་། རིག་པའི་གནས་རྣམས་གསན་སྦྱངས་མཐར་ཕྱིན་པ་བྱེད་དགོས་པས། སྐབས་དེར་གྲོང་ཆོག་ལ་འགྲོ་མི་ཆོག། དེ་ནས་ཟླ་བ་གཅིག་ལ། སྔོན་འགྲོ་དང་བློ་སྦྱོང་སྦྱོར་བ་དོན་བདུན་གྱི་ཁྲིད་ཞུས་ནས། སྐྱབས་སེམས་དང་། རྡོར་སེམས་བསྒོམ་བཟླས། བླ་མའི་རྣལ་འབྱོར་དང་བཅས་པའི་ངག་འདོན་འབུམ་ཐེར་ལྔ་པོ་གན་དུ་འགྲོ་ངེས་བྱེད་ནས། དང་པོ་ལོ་གཅིག་ལ་རྒྱུད་སྦྱངས། དགུན་ཟླ་གཅིག་ལ། བྱང་གཏེར་དགོངས་པ་ཟངས་ཐལ་གྱི་སྔོན་འགྲོ་གནད་ཀྱི་གཟེར་ལྔས་རྒྱུད་སྦྱངས་ཏེ། བྱང་གཏེར་ཕག་མོ་ཟབ་རྒྱས་རྩ་རླུང་གི་ཁྲིད་ཞུས་ནས་དངོས་གཞི་འཁྲུལ་འཁོར་གྱི་རིམ་པ་དང་། གེགས་སེལ་བོག་འདོན་གྱི་སྐོར་རྒྱ་ཆེར་ཉམས་སུ་བླངས་ནས་མཐར་ཕྱིན་པར་བྱེད། གཟེར་ལྔའི་ངག་འདོན་འབུམ་ཐེར་རེ་འགྲོ་ངེས་དང་། དེའི་ཕྱིར་ལོ་དགུན་ཟླ་གཅིག་ལ་བླ་མའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་ཞིང་རྫོགས་ཆེན་དགོངས་པ་ཟངས་ཐལ་གྱི་ཁྲིད་ཡིག་སློབ་དཔོན་རྣམ་གསུམ་གྱིས་མཛད་པ་གཞིར་བྱས། ཁྱད་པར་རིག་འཛིན་པད་འཕྲིན་གྱིས་གསུངས་རྒྱུན་ལ་གཏུག་ནས་སྔོན་འགྲོ་རུ་ཤན་སོགས་ནས་མཐར་འབྲས་སྐུ་ཡི་ཤེས་ལྔའི་བདག་ཉིད་ཅན་ཅན་མངོན་དུ་གསལ་བར་བྱེད་པ་ལ་བརྩོན་དགོས། དེ་ནས་སོར་བྱང་སྔགས་སྡོམ་ལ་རིམ་གྱིས་བཞུགས། དབང་ལུང་ཁྲིད་གསུམ་གྱིས་རྒྱུད་ལེགས་པར་སྨིན་པ་བྱས་ནས་ལ་ལ་ནི་སློབ་གྲྭར་བཞུགས་ཏེ་ནང་དོན་རིག་པའི་གནས་དབུ་མཛོད་འདུལ་སོགས་ལ་མཁས་པར་བྱས་ཏེ། ཆོས་འཆད་ཉན་གྱི་ལས་ལ་བརྩོན། ལ་ལས་མཚམས་དང་སྒྲུབ་པ་བྱེད་ནས་བསྙེན་སྒྲུབ་ཀྱི་ལས་ལ་བརྩོན་ཏེ་སྒྲུབ་པའི་བསྟན་པ་ཉམས་ལེན་མཛད་ནས་བཞུགས། ལ་ལས་ནི་གྲོང་ཆོག་སོགས་ལ་བརྩོན་ནས་ཚེ་འདིར་རྒྱུ་ཟས་བསོགས་འཇོག་དང་། ཁྱིམ་པ་ཉེ་འབྲེལ་རྣམས་ལ་འཁོར་བའི་འགོ་འཛིན་གྱི་[page 417] མི་ཚེ་སྐྱེལ་མཁན་ཡང་ཡོད་སྲིད། མདོར་ན་སངས་རྒྱས་ཀྱིས་བཀའ་བཅས་པ་བཞིན་ཕྱི་སོ་ཐར་གྱིས་རྒྱུད་བསྡམ། ནང་བྱང་སེམས་ཀྱི་སྤྱོད་པས་རང་དོན་རྗེས་བསྐྱུར་དང་། གཞན་དོན་ལྷག་བསམ་དག་པའི་ཕྱིན་དྲུག་ལ་སློབ་པའི། གསང་སྔགས་ཀྱི་རྣམ་འབྱོར་ཆེན་པོ་མཚན་ཉིད་ལྡན་པའི་བླ་མར་བསྟེན་ནས་མཉེས་པ་གསུམ་གྱི་སྲི་ཞུས་ཐུགས་དགོངས་ཀྱི་ཉམས་མྱོང་ཁྱད་པར་ཅན་རང་རྒྱུད་ལ་ལེན་པའི་བརྩོན་པ་ཆེན་པོ་བྱེད་རྒྱུ་དང་། སྒྲིག་དང་གྲྭ་ས་གང་གི་ཐད་ནས་སྤོང་བླངས་མི་འཛོལ་བ་བྱེད་དགོས། དེ་མིན་སྤྱོད་པ་ངན་པའི་དམ་སྡོམ་ཁྱད་བསད་ཀྱིས་བཀའ་ལོག་སྟེ་སྐྱ་སར་འབབ་མཁན་ཉུང་ཤོས་བྱུང་ན་བཀའ་བཤགས་ཞེས་པའི། མང་ཇ། ཐིག་གསོ། ལྷ་གཡོག། དགེ་འདུན་ལ་བསྙེན་བཀུར་བའི་བཏོང་སྒོ་དང་ཕྱག་བསྐོར་སོགས་སུ་དབུས་གཙང་མན་ཆད་ལ་འགྲོདགོས། གཞན་ཡང་དགོན་ནང་དེར། རྐུ་དང་དམེ་འཛིང་འཐབ་འཁོན་རྣམས་བྱེད་མཁན་བྱུང་ཚེ། གོང་ལྟར་མང་ཇ་ཐིག་གསོ། ཕྱག་བསྐོར་སོགས་བྱེད་ནས་ཉེས་འགལ་བཤགས་སྦྱངས་དགོས་པ་ནི་གོང་བྱོན་བླ་རབས་རིམ་པས་བཞག་པའི་བཅའ་ཁྲིམས་གཏན་འབེབ་ཡིན། དེ་མིན་གཞན་དག་གི་སྲིད་དབང་གི་བཅས་ཁྲིམས་མེད། དགོན་གྱི་དུས་མཆོད་འཚོགས་རྒྱུན་རྣམས་སུ་དགེ་འདུན་རྣམས་ཀྱིས་སྐུ་ལ་གྲྭ་ཆས་གྲ་འགྲིག། གསུང་དག་བཅད། ཐུགས་བྱམས་བརྩེའི་ངང་ནས་བཅའ་བ་ལག་འགྲིག་དང་། བྱོན་བཞུགས་གང་གི་དུས་སུའང་ཞི་དུལ་བག་ཡོད་ཀུན་མཐུན་མཛད་རྒྱུ་ནི། གོང་མ་ཚོས་ཕྱག་ལེན་ཡིན་པར་དགེ་འདུན་བགྲེས་གཞོན་ཚང་མས་དེ་ལས་མི་འདའ་བར་དགེ་འདུན་བགྲེས་གཞོན་ཚང་མས་དེ་ལས་མི་འདར་བར་སྒྲིག་རང་སྲུང་དང་། བ་རྔ་རང་ལྕག་གི་དཔེ་ལྟར་ཡིན་ནོ། དྲུག་རང་རྒྱལ་གྱིས་གསར་བརྗེའི་བརྒྱུད་རིམ་ནང་གི་སྤྱི་ལོ་1958ལོ་ནས་རིག་གནས་གསར་བརྗེའི་དུས་སུ་མེས་རྒྱལ་ནང་གི་རྒྱལ་བསྟན་འཇིག་པ་ཆེན་པོ་ཡོང་དུས། གསང་སྔགས་འཁོར་ལོ་གདོང་གི་དགོན་ཁའང་གང་གསལ་བླ་རབས་རོམ་བྱོན་གྱིས་དུས་རབས་འགའ་ཡི་རིང་ལ་རྟེན་བཞེངས་མཛད་པ་རྣམས་དང་། གཏེར་རྫས། མཆོད་ཆ། དགེ་རྩ་བྱེད་པའི་རྒྱུ་ཟོག། འཕྲལ་ཡུན་དུ་ཉེར་མཁོའི་ཡོ་བྱད་བླ་བྲང་ཁང་ཕྱི་ནང་གི་བཀོད་པ། བཤད་སྒྲུབ་བྱེད་སའི་ཁང་པ། དགེ་འདུན་ཡོངས་ཀྱི་གྲྭ་ཁང་དང་བཅས་པར་ཆག་ཉམས་འཐོར་ཞིག་སོང་བ་ནི་ལོ་ངོ་སུམ་ཅུ་མ་ལོང་ཙམ་གྱི་རིང་དང་། ཆོས་པ་ཚོའང་ཁྱིམ་ལས་ལ་ཞུགས་རིང་བླ་གྲྭ་ཕལ་ཆེར་འདས་གྲོངས་སོང་བ་དང་། འགའ་ཤས་སྐྱ་སར་འབབ་པ། འགའ་ཤས་ལྷག་བཞུགས་ཡོད་པའི་དུས་སུ་སྤྱི་ལོ་1977ལོའི་སྐོར། ཏང་གི་སྐབས་བཅུ་གཅིག་པའི་ཐེངས་གསུམ་པའི་ཚོགས་འདུ་མཛད་ཚུན་གང་གི་ཐད་ལའང་སྲིད་ཇུས་ཁྲིམས་མཐུན་རང་དབང་རང་དབང་དང་། ལྷག་པར་མི་རིགས་དང་། ཆོས་ལུགས་སྲིད་ཇུས་དོན་དུ་འཁྱོལ་ཏེ་བདེ་སྐྱིད་ཀྱི་ཉི་མ་གསར་དུ་ཤར་བའི་སྤྱི་ལོ་1987ལོར་བྲག་འོག་རྫོང་མི་དམངས་སྲིད་གཞུང་ནས་གསང་སྔགས་འཁོར་ལོ་གདོང་གི་དགོན་པ་དེ་སླར་ཉམས་གསོ་དང་། ཆོས་སྒོ་ཕྱེས་ཆོག་པའི་བཀའ་ལུང་གནང་བ་དང་། ཆབས་གཅིག་མཆོག་ཏུ་གྱུར་པའི་དུས་བབ་སྤྲུལ་སྐུ་དཔལ་མགོན་རིན་པོ་ཆེ་ནས་གཙོ་འགན་བཞེས་པ། གོང་འཁོད་བདེ་བ་ནང་ཚང་གི་དབོན་པོ་བསོད་ནམས་འོད་གསལ་ཁུ་ཚན་[page 418] རྣམས་ཀྱིས་ཀྱང་ལྷག་བསམ་དག་པའི་དགོན་ཉམས་གསོ་བྱེད་པའི་འགན་འོས་བཞེས། དེའི་ཐོག་སྤྲུལ་སྐུ་འགྱུར་མེད་རྡོ་རྗེའི་གདུང་སྲས་བསྙོན་མེད་ཀྱི་མཚན་ལ་(ནོར་བུ་)ཞེས་པ་ཁོང་བཅིངས་གྲོལ་བཏང་རྗེས་སུ་སྐུ་འཁྲུངས་ཤིང་ཆུང་དུས་ནས་བཟུང་སྟེ་བྱམས་དང་སྙིང་རྗེའི་རྟོགས་པ་མཐོ་ཞིང་། སྤྱོད་པ་ཡུལ་དུས་ཀྱི་སྐྱེ་བོ་ཀུན་དང་མཐུན་པ། སུ་དང་འགྲོགས་ན་བདེ་བ། གང་ནའང་མི་བཐུན་པ་མེད་པ་དེ་ཉིད་ཀྱིས་ཀྱང་ཡབ་རྗེ་དམ་པའི་གདུལ་ཞིང་ཝ་ཤུལ་རྨེ་བའི་སྡེ་པ་རྣམས་སུ་སློང་མོར་ཕེབས་ཏེ་ཡོངས་སྒོ་རྣམས་དགོན་ཉམས་གསོ་བྱེད་རྫས་ཀྱི་གྲུབ་ཆའི་གཙོ་བོར་གྱུར། དེའི་ཐོག་རོང་འབྲོག་གི་རིས་མེད་སྡེ་པ་རྣམས་ཀྱིས་ཞལ་འདེབས་དང་། ཁྱད་པར་དུ་གྲྭ་ཚང་འབྱུང་བའི་ཆོས་སྡེའི་རོང་འབྲོག་རྣམས་ཀྱིས་དངོས་རྫས་དང་། ལསཀ་སོགས་ཀྱིས་ནུས་པ་དང་མཐུན་རྐྱེན་ལ་བརྟེན་ནས་སྔར་གྱི་དགོན་མལ་དུ་ཉམས་གསོའི་དབུ་བཙུགས་ཏེ་བཞེངས་བསྐྲུན་བྱས། དེའི་སྐབས་ཀྲུང་གོ་མེས་རྒྱལ་གཞུང་ནས་དགོན་ཉམས་གསོ་བྱེད་པའི་གནང་དངུལ་དུ་སྒོར་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་ཐམ་པ་གནང་བྱུང་བར་དེ་དག་ཕྱོགས་གཅིག་ཏུ་བསྡོམས་པའི་པའི་བཀའ་དིན་ལས་དགོན་པ་དང་འདུ་ཁང་རྟེན་བཞེངས་རྣམས་ཀྱང་རང་གི་འཁོས་ཀ་དང་བསྟུན་པའི་གསེར་ཟངས་ལས་བཟོས་པའི་སྐུ་བརྙན་དང་། འཇིམ་བཟོའི་སྐུ་བརྙན་རྣམས་ལ་རྒྱན་དང་ན་བཟའ། ཐང་ཀ་གསར་རྙིང་སྣ་ཚོགས། མཆོད་རྫས་དང་མཆོད་ཆ། ལྡེབས་རིས། བཀའ་བསྟན་གཏེར་ཆོས། གསུང་འབུམ་སོགས་དང་། ཉེར་མཁའི་ཅ་ལག་སྣ་ཚོགས། བཤད་གྲྭ་དང་། སྒྲུ་གྲྭ། ཇ་ཁང་། གྲྭ་ཁང་བཅས་ལ་གྲངས་ཁ་བརྒྱ་ཕྲག་ཙམ་ཆགས་པའི་རྒྱ་ཁྱོན་དུ་མུའུ་ཉེར་ལྔ་ཙམ་གྱི་ས་དང་བླ་གྲྭའི་གྲངས་ཀ་ཉིས་བརྒྱ་ལྷག་ཡོད་པ་དེའི་ནང་གསོས་དགོན་དུ་གཏན་བཞུགས་གནང་མཁན་བརྒྱ་ཕྲག་གཅིག་ཙམ། དེ་མི་རྣམས་དུས་མཆོད་རྣམས་སུ་འདུ་འཛོམས་ལས་དགོན་དུ་གཏན་བཞུགས་མེད། གྲྭ་རྒྱུན་གྱ་འབྱུང་ཁུངས་ཆོས་སྡེའི་དུད་གྲངས་ནི་འབྲོག་པ་དང་། རོང་པ་གཉིས་ལ་ཉིས་བརྒྱ་ལྷག་ཡོད། དགོན་གྱི་འཚོགས་རྒྱུན་གྱི་རྒྱུ་རྩ་ནི་དང་ཐོག་བླ་སྤྲུལ་རྣམས་ཀྱིས་ཐེབས་བཞག་དང་། དེའི་ཐོག་ཕྱུགས་ལས་དང་། ཡོན་འབུམ་གྱི་ཡོང་སྒོས་གཏོང་སྒོ་བྱེད་དོ།། ད་ལྟ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པ་སྤྲུལ་མིང་འཛིན་པ་དཔལ་མགོན་དང་། དགོན་གྱི་ལོ་རྒྱུས་འབྲི་མཁན་ཚོ་ཆུང་ནས་1994ལོའི་ཟླ་9ཚེས་8ཉིན་ལ་བྲིས།

རྩེ་མདའ་དགོན་གྱི་ལོ་རྒྱུས།

དགོན་པ་འདི་ནི་གོ་ལ་སྟོན་རྒྱལ་མཚན་གྱིས་རྩེ་མདའ་རྣམ་གྲོལ་བདེ་ཆེན་གླིང་ཐོག་མར་བཏབ་གནང་། རྩེ་མདའ་ཞེས་པའི་མིང་ཆགས་ཚུལ་ནི། གོ་ལ་སྟོན་པ་རྒྱལ་མཚན་ནས་ཐོག་མར་དགོན་གནས་ཀྱི་ས་ལ་མདའ་འཕངས་ཏེ་ཐུགས་དཔྱད་ཀྱི་རྟེན་འབྲེལ་བརྟགས་ནས་བཏབ་པས་རྩེ་མདའ་དགོན་ཞེས་གྲགས་སོ།།

[page 419] གོ་ལ་སྟོན་པ་རྒྱལ་མཚན་ནི་བཀའ་བརྒྱུད་དེ་ལ་ཆེ་བཞི་ཆུང་བརྒྱད་ཡོད་འི་ནང་ཚན་ཀརྨ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་རྗེ་ཀརྨ་བ་དུས་གསུམ་མཁྱེན་པའི་སྐུ་དུས་སུ་བྱོན་པ་ཡིན་པས་དེ་ནས་ད་བར་བགྲང་བྱ་ཉག་མ་བརྒྱད་བརྒྱ་བདུན་ཅུ་དོན་བརྒྱད་འདས་ཟིན། གོ་ལ་སྟོན་པ་རྒྱལ་མཚན་ད་ཉིད་ནི། འབྲི་གུང་སྐུ་རི་རིགས་སུ་སྐུ་འཁྲུངས་པའི་སྔགས་འཆང་སྟོན་པ་རྒྱལ་མཚན་ཞེས་བྱ་བ་མདོ་ཁམས་སྨད་དུ་བྱོན་ཏེ། སྙིང་རོང་གི་ཡུལ་དུ་གདུལ་བྱའི་རྟེན་འབྲེལ་དགོངས་ཏེ་གཞི་ཆགས་གྲུབ་པའི་མཛད་སྤྱོད་ཀྱིས་ཡུལ་དེའི་ནག་ཕྱོགས་གདོན་བགེགས་ཀྱི་རིགས་རྣམས་དམ་ལ་བཞག་རྗེ་གླུ་བྲོའི་བརྡུལ་ཞུགས་མཛད། རྡོ་ཕ་བོང་ཞིག་ལ་ཞབས་བྲོ་བརྡུང་བས་ཞབས་རྗེས་རྣམས་འདམ་ལ་བརྫིས་པ་ལྟར་གྱུར། དེའི་སྐབས་སུ་ཁོང་གིས། སྟེང་གོ་ལའི་འགྲོས་ཅན་ཉི་ཟླའི་འོག། དོན་རིག་སྔགས་འཆང་བ་ང་རང་ཙམ། ཞེས་སོགས་ཀྱིས་མགུར་བཞེངས་པས་ཁོང་གི་གདུང་རིགས་ལ། གོ་ལའི་སྔགས་བརྒྱུད་ཅེས་དེ་སྐད་དུ་གྲགས་སོ།།

རྩེ་མདའ་འདི་རུ་གོ་ལའི་མཁར་ཞེས་མཁར་གྱི་གྱང་རལ་རྩེག་གཉིས་གུམ་ཙམ་ད་དུང་མིག་ལམ་དུ་མཐོང་རྒྱུ་ཡོད། དེ་ནས་བླ་རབས་བཅུ་གསུམ་གྱི་བར་དུ་བཀའ་བརྒྱུད་པའི་ཆོས་རྒྱུན་ལྟར་བཤད་སྒྲུབ་ཆུ་བོ་གཉིས་འདྲེས་ཀྱི་བསྟན་པ་བསྐྱངས། དེ་ལྟར་བཀའ་བརྒྱུད་པའི་དགོན་པ་ཐོག་མར་ཡིན་ཚུལ་ནི། གཙུག་ལག་ཁང་དང་ལྷ་ཁང་རྣམས་སུ་བཀའ་བརྒྱུད་པའི་བླ་རབས་ཀྱི་ཞལ་ཐང་དངོས་རིས་འདྲ་བརྙན་དང་། རྒྱལ་དབང་ཀརྨ་པའི་གསུང་ཆོས་སྐོར་ཀྱང་མང་དུ་བཞུགས་པས་གསལ་བོར་ངེས་ཐུབ་པར་མ་ཟད། ཀརྨ་བཀའ་བརྒྱུད་པའི་སྲུང་མ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཡིན་ལ། དེ་ད་ལྟའང་རང་དགོན་དུ་མཆོད་གསོལ་གྱི་སྲོལ་དེ་རྒྱུན་འབྱམས་སུ་བཞུགས། དེ་ཡང་གནམ་ལ་ཉི་ཟླ་སྐར་གསུམ། ས་ལ་གོ་ལ་ཁག་གསུམ་ཞེས་གྲགས་པའི་སྙན་པ་ཕྱོགས་བཅུའི་སྲིད་ན་འགེངས་བར་བྱུང་བ་ནི། གོ་ལ་སྔགས་རྒྱུད་ལས་མཆེད་པའི་སྤུན་གསུམ་གྱིས་དགོན་པ་གསུམ་གྱི་བདག་པོར་དབང་བསྒྱུར་དེ་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་བླ་རུ་སྤེལ་བས་སྙན་གྲགས་ཀྱི་གདུགས་དཀར་སྲིད་པའི་རྩེ་མོར་བསྒྲེངས། གོ་ལ་ཁག་གསུམ་ཞེས་པ་ནི། རྩེ་མདའ་དགོན། འཇང་སྒང་དགོན། སྒོ་ཆེན་དགོན་དང་གསུམ་ཞེས་བགྲང་ངོ་། གོང་ཞུས་ལྟར་བཀའ་བརྒྱུད་ཀྱི་བླ་རབས་བཅུ་གསུམ་གྱིས་བསྟན་པ་བསྐྱངས་མཐར། གསང་སྔགས་སྔ་འགྱུར་བ་ལ་སྟོད་ན་སྡོར་སྨིན། བར་ན་ཞེ་རྫོགས། སྨད་ན་ཀཿདཔལ་ཞེས་རྨ་མེད་རྒྱུད་པའི་ཕྱི་མོ་དེ་དག་ལས། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་ལུང་རྟོགས་བསྟན་པའི་མངའ་བདག་ཆེན་མོ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་ཐུགས་ཀྱི་སློབ་ཆེན་རྣམ་བཞི་ཞེས་ཡོངས་སུ་ལྡིར་བའི་ཡ་གྱལ་པཎ་ཆེན་བིམ་མི་ཏྲའི་རྣམ་སྤྲུལ་གྲུབ་དབང་རྡོ་རྗེ་ཐར། སྤྱི་ལོ་1666ལོར་རིག་འཛིན་ཀུན་བཟང་ཤེས་རབ་དེ་ཉིད་ཀྱི་རྡོ་རྗེའི་བཀའ་ལུང་གིས་བསྐུལ་བ་སྤྱི་བོར་བཞེས་ཏེ་ཏྲེ་ཧོར་ཡུལ་གྲུར་ཕེབས་ནས། རྩེམདའ་དགོན་འདི་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་ཆོས་རྒྱུན་དུ་གཏོགས་པའི་གསང་སྔགས་སྔ་འགྱུར་པའི་བསྟན་པར་བཀས་མངའ་དབང་བསྒྱུར་ཏེ་རྣམ་གྲོལ་བདེ་ཆེན་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་ལ་གསར་བཞེངས་དང་། ཞིག་གསོ་[page 420] མཛད་དེ་ཕྱག་རྫོགས་ཀྱི་བསྟན་པའི་སྒྲོན་མེ་ཆེས་ཆེར་སྦར། ཁོང་ཉིད་དུ་སྐུ་ན་ཕྲ་བའི་དུས་རབ་ཏུ་བྱང་ཞིང་། ཀརྨ་བདེ་ཆེན་སོགས་བཤེས་གཉེན་དུ་མ་བཀུར་ནས་དབང་ཁྲིད་མན་ངག་གི་གདམས་པ་མང་དུ་མནོས། དགུང་གྲངས་བཅོ་ལྔའི་ཐོག། དཔལ་རྣམ་རྒྱལ་བྱང་ཆུབ་གླིང་དུ་གྲྭ་སར་ཕེབས་ཏེ། རིག་འཛིན་ཀུན་བཟང་ཤེས་རབ་རིགས་ཀྱི་བདག་པོར་བསྙེན་ནས། དབང་ལུང་མན་ངག་ཁྲིད་རྒྱུན་མ་ལུས་པ་ཐུགས་ཀྱི་བཅུད་དུ་བསྟིང་། དེ་ཐོས་དོན་མ་ལུས་པ་ཉམས་སུ་བསྟན་བས། འོད་གསལ་རྡོ་རྗེ་སྙིང་པོའི་གནས་ལུགས་ཇི་བཞིན་གཟིགས་པ། སྣང་བཞི་མཐར་ཕྱིན་ཅིང་སྐུ་བཞི་མངོན་གྱུར་གྱི་གདམས་པ་ཐོབ། མཆོག་གི་དངོས་གྲུབ་བརྙེས་པས་རྫུ་འཕྲུལ་ལ་ཐོག་པ་མེད་པའི་བཀའི་རང་དབང་འབྱོར། དེ་ཡང་ཁོང་གི་མཚན་ལ་རྡོ་རྗེ་ཐར་ཞེས་གསོལ་བའི་རྒྱུ་མཚན་ནི། རིག་འཛིན་ཀུན་བཟང་ཤེས་རབ་ནས་གཤིན་ནས་གཤིན་པོའི་རྣམ་ཤེས་ཕོར་བའི་ཞབས་སུ་མནན་ཏེ་སྡེང་དུ་རྡོ་རྗེ་བཞག་ནས་ཉམས་སད་ཀྱི་ཆེད་དུ་ཁོང་ལ་འབོ་བ་གསུང་དུ་བཅུག་པ་ན། ཕཊ་སྒྲ་དང་མཉམ་དུ་རྡོ་རྗེ་འཕགས་ཏེ་ཁང་བའི་གཤམ་ཤིང་ངོས་སུ་འཛེར་བས་རྡོ་རྗེ་ཐར་ཞེས་ཞུ་བ་བྱུང་ཞེས་གྲགས་སོ། སྡེ་དགེའི་ཁྲི་ཆེན་སངས་རྒྱས་བསྟན་པ་དང་མཆོད་ཡོན་དུ་གྱུར་བ་སོགས་བུ་སློབ་དང་ཡོན་བདག་གི་ཁྱབ་པར་གྱུར། གྲྭ་ས་ནས་རྩེ་མདའ་དགོན་དུ་ཕེབས་ནས་གོང་ཞུས་ལྟར་གོང་སའི་ཧོར་གྱི་ཡབ་མེས་ཆེན་པོ་ནོ་ཡོན་ཧ་ཤང་ཆེ་མཆོད་ཡོན་འབྲེལ་ནས་བསྟན་པའི་སྦྱིན་བདག་མཛད་དེ་ཕྱིན་ནང་གི་རྟེན་དང་བརྟེན་པར་བཅས་པ་གསར་བསྐྲུན་དང་ཞིག་གསོའི་མཛད་པ་བཞེས། བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་བསྟན་པ་སྤེལ་བའི་ཕྲིན་ལས་ཀྱི་འཇུག་པ་ཤིན་ཏུ་ཡངས་བས། སྟོད་རྒྱ་གར་ཡུལ་གྲུ་མན་ཆད། སྨན་རྒྱ་ནག་གི་ཆུ་མཐའ་ཡན་ཆད། ཤར་རྒྱ་རོང་རྒྱལ་ཁག་བཅོ་བརྒྱད། ལྷོ་རོང་སྟེ་རྫོང་ཁག་ཉེར་ལྔ། ནུབ་སྡེ་ཆེན་མངའ་རི་སྐོར་དསུམ། བྱང་འབྲོག་སྟེ། ནག་ཁག་གསུམ་སོགས་ཡུལ་གྲུ་ཐམས་ཅད་ཆོས་རྒྱུད་དང་སློབ་རྒྱུད་ཀྱིས་གང་། སློབ་ཆེན་གདུགས་ཐོག་སྟོང་ལ་སོགས་བྱུང་ནས། ཕྱག་རྫོགས་བསྟན་པའི་ཕྲིན་ལས་ཡར་ངོའི་ཟླ་བའི་ཁམས་བཞིན་འཕེལ་བ་བྱུང་ངོ་།

དེ་ནས་རིམ་བཞིན་བླ་རབས་བྱོན་ཚུལ་ནི། དང་པོ་གོ་ལ་རྡོ་རྗེ་ཐར། གཉིས་པ་ཀརྨ་ཆོས་ཀྱི་འབྱུང་གནས། གསུམ་པ་སྤྲུལ་སྐུ་དབང་དྲག་རྒྱ་མཚོ། བཞི་པ་བློ་གྲོས་དབང་ཕྱུག། ལྔ་པ་གནམ་ལ་ཐེངས་གསུམ་འཕུར་བའི་སྤྲུལ་སྐུ་ཀརྨ་སྨིན་གྲོལ། དྲུག་པ་ཀར་དབང་འགྲོ་འདུལ་རྡོ་རྗེ། བདུན་པ་ཡང་སྤྲུལ་ཆོས་ཀྱི་ཉི་མ། བརྒྱད་པ་སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ་བཅས་བྱོན། གཞན་ཡང་ཐོག་འཛིན་བླ་མ་བློ་གྲོས། མགོ་ལོག་སྤྲུལ་སྐུ་ཆོས་ལོ་སོགས་སྐུ་ཆོས་ལོ་སོགས་སྔ་གཞུག་ཏུ་བྱོན་པ་དེ་ད་གིས་མཚན་ལྡན་གྱི་བཤེས་གཉེན་དུ་མ་བསྟེན་ནས། གསར་རྙིང་གི་གདམས་ཁྲིད་དང་ཕྱག་རྫོགས་ཀྱི་རྣམ་འབྱོར་སོགས་ལ་ཐུགས་སྦྱངས་ནས་མདོ་རྒྱུད་མན་ངག་ཟབ་རྒུའི་ཕ་རོལ་བརྒལ། དེ་དག་གི་དོན་སྒོམ་པས་ཡེ་ཤེས་མངོན་དུ་གྱུར་པའི་གྲུབ་རྟགས་གདུལ་བྱ་ཐུན་མོང་པའི་ངོར་ཡང་ནམ་མཁར་ཐོགས་མེད་དུ་འཕུར་ནུས་པ་དང་ནག་ཕྱོགས་མི་མ་ཡིན་སོགས་ཀྱི་བར་ཆད་བརྩམས་ཏེ་གནམ་ལས་ཐོག་བབས་ཡང་རྩོལ་མེད་འཛིན་པ་སོགས་ཐུན་མོང་དང་ཐུན་མིན་གྱི་[page 421] ཡོན་ཏན་དག་ལ་མངའ་བརྙེས་པའི་གང་ཟག་གིས་བཤད་སྒྲུབ་ཀྱིས་བསྟན་པ་སྤེལ་བའི་མཛད་རྣམས་རྒྱ་མཚོའི་ཀླུང་ལྟར་ཟབ་ཅིང་རྒྱ་ཆེ་བ་བཞུགས་པ་གདོན་མི་ཟ་ཡང་། དེ་དག་ཡི་གེའི་ལམ་དུ་འགོད་སྤེལ་མ་གནང་བ་དང་། གནང་ཀྱང་དུས་དབང་གིས་མི་མངོན་པའི་དབྱིངས་སུ་བཞུགས་པ་སོགས་ལས་ཕྲ་ཞིབ་ཀྱི་རྣམ་ཐར་འདི་ལྟ་བུའོ་ཞེས་སྨྲ་བའི་མགྲིན་པ་འདེགས་དཀའ་འོ།། གྲྭ་མང་གི་སྒྲིག་སྲོལ་ནི་རྒྱལ་བ་དཔལ་ཡུལ་བའི་ལུགས་དང་ཕྱི་མཐུན་ནང་མཐུན་དགོས་ཤིང་། སྔོན་འགྲོ་རྩ་རླུང་ནས། ཆོས་ཐུན་ཡོངས་རྫོགསདང་། བསྙེན་སྒྲུབ་སོགས་ཀྱི་ལོ་མཚམས་འགའ་མ་བཞུགས་པར་བླ་མ་དང་གྲྭ་བའི་གོ་ཆོད་པ་དང་། གལ་ཏེ་དེ་ལྟར་གནང་ཀྱང་། གློར་བུ་བའི་རྐྱེན་གྱི་སྒོ་གསུམ་ལས་མཐའ་ལོག་ནས་སྐྱ་སར་བབས་ན་དགོན་པ་ལ་དཀའ་བཤགས་དང་། སྒྲིག་ལམ་ལྟར་ཉེས་ཆད་ཅི་བབས་བཅོད་སྲོལ་ཡོད། དུས་མཆོད་ཀྱི་རྒྱུན་སྲོལ་ནི། ཚེ་བཅུ་ཉིན་བརྒྱད་འཆམ་དང་བཅས་བ་ཡོད། སྤྱི་ཚོགས་ཉིན་བརྒྱད། དགུ་གཏོར་ཉིན་ལྔ་འཆམ་དང་བཅས་པ་གུ་དྲག་བདུན་སྒྲུབ། མགོན་པོ་ཉིན་བདུན། སྐུ་གསུམ་སྒྲུབ། དབྱར་གནས་སོགས་དགོན་པའི་ཕྱག་སྲོལ་ལྟར་དུས་མཆོད་དེ་དག་ལོ་ལྟར་འཚོགས་དགོས། དགོན་པའི་འགན་བཞེས་ཀྱི་བླ་སྤྲུལ་རྣམས་ཀྱི་གཞིར་བཟུང་གིས་བཀོད་སྒྲིག་ལྟར། གྲྭ་ཚང་ནང་ནས་སྤྱི་བ་ཚེས་བཅུའི་འགན་ཁུར་ལོ་རེ་བཞིན་བསྐོས་ནས། མ་དངུལ་རྩེ་ས་གཏད་གོར་བཞི་སྟོང་། འབྲུ་རིག་ནས་ཟིས་བརྒྱད་བརྒྱ། ཇ་སྒམ་ཉི་ཤུ། ས་ཞིང་མུའུ་ཉེར་ལྔ་ཙམ་སྤྱི་རྒྱུ་གཞིར་བཞག་ནས་དུས་མཆོད་འཚོགས་རྒྱུ་ཡིན། མདོ་སྔགས་ཟུང་འཇུག་ཁང་ཞིང་མུའུ་ཉེར་ལྔ་ཙམ་སྤྱི་རྒྱུ་གཞིར་བཞག་ནས་དུས་མཆོད་འཚོགས་རྒྱུ་ཡིན། མདོ་སྔགས་ཟུང་འཇུག་ཁང་ཞེས་པའི་ལྷ་ཁང་། དུར་སྨྲིག་གི་མཛེས་པར་བཀླུབས་པའི་སེར་མོ་བ་ཆིག་བརྒྱ་ལྔ་བཅུ་ཙམ་འདྲ་ཡུལ་གྱི་གནྡྷོ་ལ་ཀ་ཐག་ཉི་ཤུ་རྩ་ལྔའི་ཁྱོན་ཅན་གྱི་སྟེང་ན་གཙང་ཁང་སོགས་ཀྱང་མཛེས་པར་བརྩེག་མར་ཡོད་ལ། ཡང་སྟེང་དུ་གདུགས་དང་རྒྱལ་མཚན་ཆོས་འཁོར་སོགས་ཀྱི་མཛེས་འོད་རྣམ་པར་འཕྲོས་པས་དད་ལྡན་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་ཡོངས་སུ་བརྗིད། འདུ་ཁང་གི་མདུན་ངོས་སུ་རྒྱ་རོང་ནས་གྲྭ་སར་ཕེབས་པའི་གྲྭ་བ་རྣམས་ཀྱི་ཁང་ཚན་ཤག་བཅུ་བཞི་ཙམ་ཚར་དུ་དངར། དེདག་གི་མཐའ་སྐོར་དུ་འདུ་སྡེ་སོ་སོའི་བཞུགས་ཤག་བཞི་བཅུ་ལྷག་རྒྱུ་སྐར་གྱི་ཚོམ་བུ་བཞིན་དུ་ལེགས་པར་བཀྲམས་སོ།།

སྤྱི་མཐུན་བསོད་ནམས་ཀྱི་ཞིང་དུ་བཞུས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལས། དང་པོ་སྐུ་རྟེན་ལ། བླ་མ་བློ་གྲོས་དབང་ཕྱུག་གི་རྫ་བི་སི་ནང་ནས་དྲངས་པའི་ཤྰཀྱ་ཐུབ་གསེར་སྐུ་བཙོས་པའི་གསེར་སྐུ་ཤར་ལི་མ་སུམ་བརྒྱ་དང་། ཙན་དན་སྤྲུལ་སྙིང་ལས་གྲུབ་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ། སྒྱུ་རྩལ་གྱི་གསོན་ཉམས་ལྡན་ཞིང་བྱིན་རླབས་ཀྱི་གཟི་འོད་ཆེ་བ་བཅས་ཀྱི་ཞལ་ཐང་མང་པོ་དང་། འཇིམ་སྐུ་ཀྱང་དུ་བཞུགས། བསྟན་ཆོས་ཆ་གཅིག། གོ་ལའི་ཕ་འབུམ་ཟེར་བའི་གསེར་ཞུན་གྱིས་བྲིས་པའི་འབུམ་ཆ་གཅིག་བཅས་གཙོས་པའི་གསུང་རབ་ཀྱི་གླེགས་བམ་ཁྲི་གཅིག་བཞུགས། ཐུགས་རྟེན་ལ། རྡོ་རྗེ་[page 422] ཕ་ལམ་ལས་གྲུབ་པའི་མཆོད་རྟེན་སོར་བཞི་ཙམ་དང་། ཟངས་གསེར་ལས་གྲུབ་པའི་སྐུ་གདུང་ལྕོག་ཚད་མ་ཆ་གཉིས། ཤིང་གི་སྐུ་གདུང་ཆ་བཅོ་ལྔ། ཁྱོན་འབོར་བརྒྱ་དང་ཉི་ཤུ་རྩ་བཞི་ཡོད། རོལ་མོ་དང་མཆོད་ཆའི་སྐོར་ལ་དངུལ་མཆོད་ཆ་གསུམ་ཆ་གསུམ་དངུལ་གྱི་སྤོས་ཕོར། དངུལ་གྱི་མཎཌལ་གསུམ། གསེར་གླིང་ཆ་གཅིག་དངུལ་གླིང་ཆ་གཉིས། དངུལ་གྱི་ཕུད་རྐོང་ལྔ་ཡོད། དུང་དམར་གསེར་བཀྲ་མའི་བྱུ་རུའི་ཕྲ་ལྡན་གཙོས་པའི་དུང་དམར་ཆ་ལྔ་ཡོད། གླིང་བུ་ཆ་ལྔ། མཁར་རྔ་ཆེ་ཆུང་བདུན། རྐང་དུང་ཆ་བརྒྱད། གསེར་དངུལ་གྱི་སྤྲས་ཅན་དུང་དཀར་ཆ་གཉིས། ཟངས་རག་གི་མཆོད་ཆ་བཅུ། ཆ་ལང་སྐོར་ལ། བཙན་ཚང་སྟོང་གསུམ་འབྲུག་སྒྲ། ད་སྐུ་ཁུ་བྱུག་མགྲིན་སྙན། རྡོ་སྟོད་རྔམ་པའི་སྒྲ་འབྱིན། བཀྲ་ཤིས་ནོར་བུ་འཁྱིལ་བ། ཡ་མ་ཟུང་། པད་མ་དྲི་མེད་གཙོས་པའི་ཆ་ལང་ཆ་དྲུག་རེ་བདུན་ཡོད། འཐར་ཆལ་ལ། ལྷ་ཡི་རོལ་མོ་ཤང་ཆས། བཀྲ་ཤིས་འཁྱིལ་བ། མཁར་ཀར་ཀར། མ་ཎི་མ། ཚེ་བཅུའི་འཐར་ཆལ་བཅས་ཆ་བརྒྱད་ཡོད། དབང་དྲིལ་གཙོས་པའི་དྲིལ་བུ་སུམ་ཅུ་སོ་བཞི་བཅས་མཆོད་ཆས་རིགས་སོགས་རིན་གྱིས་གཞན་ན་ནོར་སྣ་ཕལ་བས་འཛིན་ལྷུན་པའི་དཔལ་ལྟར་སྤུངས་ཀྱང་བསྒྲུན་དུ་མེད་ཅིང་། བྱིན་རླབས་ཀྱི་འཇུག་པ་ཀུན་གསལ་མཐོངས་ལྟར་ཡངས་པ་སོགས་ཀྱི་སྣོད་བཅུད་ཀྱི་དགེ་མཚན་བསམ་གྱིས་མི་ཁྱབ་པ་བཞུགས་ཀྱང་། བསགས་མཐར་འཛད་པ་དང་། མཐོ་མཐར་ལྷུང་བ་སོགས་འཇིག་རྟེན་གྱི་ཆོས་མཐའ་དག་མཐའ་བཞི་ལས་འདའ་བར་སུས་ཀྱང་བསྒྱུར་མི་ནུས་པའི་མཐུ་བཙན་པའི་ལས་སྣང་སེམས་ཅན་གྱི་མྱིང་དགོས་པས། ངོ་རྡོལ་བཞི་ལས་འདའ་བར་སུས་ཀྱང་བསྒྱུར་མི་ནུས་པའི་མཐུ་བཙན་པའི་ལས་སྣང་སེམས་ཅན་གྱི་མྱོང་དགོས་པས། ངོ་རྡོལ་བཞི་བ་ཞེས་པའི་སྐབས་དང་རིགས་གསར་སྐབས་དང་རིག་གསར་སྐབས་ཀྱི་དུས་ངན་གྱི་རྐྱེན་དྲག་པོ་བྱ་ཏེ། འདུ་ཁང་རྟེན་དང་བརྟེན་པ་གྲྭ་ཤག་དང་བཅས་པ་དྲན་པའི་ཤུལ་ལམ་ལས་གང་ཡང་མེད་པར་བཟོས་པས་ཤིན་ཏུ་བློ་ཕམ་པའི་གནས་སུ་གྱུར་མོད། འོན་ཀྱང་སྡུག་མཐར་སྐྱེད་ཅེས་པའི་དཔེ་ལྟར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཡར་དག་པའི་སྲིད་ཇུས་ཉི་མའི་སྣང་གིས་མི་ངན་བཞི་ཡི་འབྱུང་བྱ་ལྡོང་བར་བྱས་ཤིང་། འགྲོ་ཀུན་རྨ་བྱའི་ཟློས་གར་བསྒྱུར་བའི་དུས་ཚུགས་མངོན་དུ་བྱུང་བའི་སྐབས། དཔལ་རྩེ་མདའ་དགོན་ཡང་སྔར་སྲོལ་བཞོན་སྐྱར་བཞེངས་ཆོག་པའི་བཀའི་གནང་བ་གཞན་གསོས་མགྲོན་གླུ་སྒྲ་འཛིན་གྱི་བཅུད་དུ་ཐོབ་ཚེ། ཐུགས་དགའ་བ་དང་བཅས་ཏེ་དབོན་པོ་ཀརྨ་དང་དཔོན་པོ་འཆི་མེད་རྒྱ་མཚོ་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ནས་སེར་མོ་བ་ཡོངས་རྫོགས་དང་དད་ལྡན་དམངས་ཚོགས་ཀྱིས་ནུས་ཤུགས་ཀྱི་མཐུ་གཅིག་ཏུ་སྤུངས་ཏེ། དགོན་པ་གསར་བསྐྲུན་གྱི་རྨང་བཏིང་ནས་བཟུང་ད་བར་བྱ་བའི་རིམ་པ་མང་པོར་བརྒྱུད་ནས་ད་ལྟ་དངོས་སུ་གྲུབ་པའི་འབྲས་བུ་ནི། ཀ་ཐག་ཉི་ཤུ་རྩ་ལྔ་ཅན་གྱི་གཙུག་ལག་ཁང་དང་། རྒྱ་རོང་ཁང་ཚན་ཤག་བཞི་བཅུ་ཅན་ཞིག་དང་གྲྭ་ཤག་སུམ་ཅུ་ཙམ་གྲུབ་ཟིན། ནང་བཞུགས་ཀྱི་རྟེན་ནི། སྔར་ལུས་ཀྱི་ཞལ་ཐང་འགའ་དང་། ལུགས་སུ་བླུ་པའི་གསེར་སྐུ་ཉིས་བརྒྱ། སྨན་འཇིམ་གྱི་སྐུ་མཁན་སློབ་ཆོས་གསུམ་གཙོས་པའི་སྐུ་འགའ་དང་། བཀའ་བསྟན་གཙོས་པའི་འཕགས་བོད་ཀྱི་གསུང་རབ་འགའ། རོལ་མོའི་རིགས་[page 423] ཀྱང་གསར་རྙིང་གི་སྦུབ་ཆལ་སིལ་སྙན་དུ་མ་བཞུགས་སུ་གསོལ་ནས་མཆོད་པས་མཉེས་པར་བྱེད་པའོ། དགོན་པ་སྐྱར་གསོའི་མཛད་རིམ་གྱི་ཐོག་མཐའ་བར་གསུམ་དུ་མཆོག་སྤྲུལ་དཔལ་འབྱོར་རྒྱ་མཚོ་ནས་ཐུགས་ཀྱིས་བཀོད་པ་དང་། དཔལ་འབྱོར་གྱི་ཞལ་འདེབས་ཁྲི་ཚོ་ཁ་ཤས་གནང་བ་སོགས་བཀའ་དྲིན་བསྐྱངས་བ་མ་ཟད། ལྕེ་བཙན་སྙིང་ཐིག་སོགས་ཉམས་ལེན་གྱི་སྐོར་རྩལ་འདོན་གྱི་བཀའ་ཁྲིད་གནང་བ་སོགས་རྒྱལ་བསྟན་སྤྱིའི་ཉམས་གསོ་དང་སྒོས་སུ་རང་དགོན་གྱི་བསྟན་པ་ཉམས་གསོ་དང་བསྟན་དོན་འཆད་སྤེལ་གྱི་མཛད་པ་བཞེས་བཞིན་དུ་ཞིང་གཞན་གྱི་གདུལ་བྱའི་དོན་དུ་གཟིགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པས་རང་ཅག་བསྐལ་ངན་གདུང་བས་མཆི་མ་དཀུ་བ་བྱུང་ངོ་། རྒྱ་རོང་མཁན་པོ་ཐུབ་བསྟན་རང་གྲོལ་ནི། སྔོན་དུས་འགྱུར་མ་བྱུང་གོང་གྲྭ་ས་རྩེ་མདའ་དགོན་དུ་མཛད་ནས་མགོ་ལོག་སྤྲུལ་ལོག་སྐུ་ཆོས་ལོ་དང་མཁན་པོ་ཚུལ་ལོ་སོགས་བཤེས་གཉེན་དུ་བསྟེན་ནས་ལོ་ལྔར་བཞུགས། ཕྱིས་སུ་གསེར་ཐང་བླ་རུང་ནང་བསྟན་སློབ་གླིང་དུ་མཁན་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་མཉེས་པ་གསུམ་གྱིས་བསྙེན་ནས་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་གསན་ཏེ། མཁན་པོའི་མཚན་བཏགས་བཞེས། སླརརྩེ་མདའ་དགོན་དུ་ཕེབས་ནས་དབྱར་གནས་མཁན་པོ་གནང་བ་དང་། བཤད་གྲྭ་བ་ལ་སྤྱོད་འཇུག་དང་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་། སྡོམ་གསུམ་རྣམས་ཀྱི་མཛུབ་ཁྲིད་གནང་དང་གནང་མུས་སུ་བཞུགས་པར་བཀའ་དྲིན་ཆེ། དབོན་པོ་ཀརྨ་དང་དབོན་པོ་འཆི་མེད་རྒྱ་མཚོ་རྣམ་གཉིས་ཀྱིས་བསྟན་པའི་འགན་བདག་གིར་བཞེས་ནས་བླ་གྲྭ་ཆིག་བརྒྱ་ལྷག་གིས་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་སྒོ་ནས་རྒྱལ་བ་དཔལ་ཡུལ་བའི་ཕྱག་སྲོལ་ལྟར་དུས་མཆོད་ཀྱང་ཟུར་རྒྱན་གྱི་འཆམ་མ་གཏོགས་པ་ཚང་མ་འཚོགས་རྒྱུའི་རྒྱུན་སྲོལ་ལེགས་བཙུགས་ཟིན་པ་དང་། མདོར་ན། གྲྭ་རྒན་གཞོན་ཚང་མས་ན་ཚོད་དང་བླ་ཚོད་ལ་བསྟུན་ཏེ་ཐོས་ཀློག་དང་ཉམས་བཞེས་ཀྱི་དགེ་སྦྱོར་ལ་འབད་འབུངས་ལྷོད་མེད་བགྱི་བཞིན་བཞུགས་སོ།།

བྲག་འགོ་དགོན་གྱི་ལོ་རྒྱུས།

རྒྱལ་བསྟན་དསེར་གྱི་ཡང་ཞུན་རྗེ་བདག་ཉིད་ཆེན་པའི་རང་ལུགས་འཛིན་པའི་དཔལ་བྲག་འགོ་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་ནི། བྲག་འགོ་རྫོང་གི་ལྟེ་གནས་ནས་ལྷོའི་ཕྱོགས་སུ་རྒྱང་གྲགས་གཅིག་ཙམ་བགྲོད་ན། ར་མ་སྒང་ཞེས་སའི་ཀ་བཞི་དང་སྲུང་བཞི་སོགས་ཚང་བསདཔྱད་ལེགས་པའི་ཡོན་ཏན་དང་ལྡན་པའི་གནས་མཆོག་དེར། ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་མ་བསྒྲལ་ནས། འབྲི་ཟླ་ཟལ་མོའི་སྒང་དང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒར། དམར་རྫ་སྒང་། མི་ཉག་རབ་སྒར་བཅས་མདོ་ཁམས་སྒང་དྲུག་གི་གནས་སུ་སྒྲུབ་པ་ཉམས་བཞེས་ཀྱི་ཆིབས་བསྒྱུར་གནང་སྐབས། ཧོར་བྲག་འགོ་དགོན་འདི་ཉིད་རབ་བྱུང་གོང་གི་ལོ་བརྒྱ་དང་ལྔ་བཅུ་ཙམ་ལ་ཐོག་མར་ཕྱག་བཏབ་གནང་[page 424] བ་རེད། གཞན་ཡང་ལྷ་རི་མཆོང་རྫོང་སྨུག་པོ། རྡོ་རི་བར་ཟིང་གི་གནས་མཆོག་གནས་ཡུལ་མཁའ་འགྲོ་འདུ་བའི་སྒྲུབ་ཕུག་སོགས་སུ་ཡུན་རིང་སྒྲུབ་པ་ཉམས་བཞེས་ཐུགས་མཐིལ་དུ་མཛད་ནས་བཞུགས་པ་ད་ལྟ་མཐོང་ཆོས་སུ་ཡོད་པ་དང་། ཕྱོགས་བཅུའི་རྒྱལ་དང་རྒྱལ་སྲས་རྣམས་ལ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་བསམ་གྱི་མི་ཁྱབ་པས་ཚོགས་བསགས་དགོས་པའི་བརྡ་རྟགས་སུ། དགོན་གནས་ར་མ་སྒང་གི་རྡོའི་སྟེང་དུ་མཆོད་པའི་དབྱིབས་རྗེས་ད་ལྟ་ཡང་མངོན་སུམ་དུ་མཇལ་རྒྱུ་ཡོད། དེ་ནས་རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཐུགས་ཀྱི་སློབ་ཆེན་རྫ་ཅོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཧོར་བྲག་འགོ་དགོན་འདི་ཉིད་བཀའ་གདམས་བསར་མའི་ཆོས་ལུགས་སུ་བསྒྱུར་ཏེ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་ཆོས་གྲྭ་རྒྱལ་བསྟན་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་སྙན་གྲགས་ཀྱི་རྒྱལ་རྔ་ཀུན་བཟོད་ཀྱི་ལྟེ་བ་འགེངས་པར་མཛད་པའོ། སྐབས་འདིར་ས་ལ་སྤྱོད་པའི་སེམས་དཔའ་ཆེན་མའི་རྣམ་པར་རོལ་བ། དབོན་དྲིན་རྗེ་ཚེ་བརྟན་ནོར་བུ་ཞེས་བྱབའི་ས་སྐྱོང་ཆེན་པོ་ནི། ཧོར་ཇིང་གེར་གནམ་གྱི་རྒྱལ་པོ་ལས་རིམ་པར་བརྒྱུད་པའི། ཧོར་གོ་དན་རྒྱལ་བོ་ཞེས་པའི་གདུང་རྒྱུད་ནས་ཆད་པ་ཞིག། འཁྲུངས་ནས། རྒྱ་བོད་ཀྱི་སྲིད་སྐྱོང་བའི་རྒྱལ་པོ་རྣམས་ལ་སྙན་སྒྲོན་ཕུལ་ཏེ། ཧོར་བྲག་འགོའི་ཆོས་སྡེ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་རྟེན་གྱི་གཙོ་བོ་ཇོ་བོ་རིན་པོ་ཆེ་ཉིད་སྟོན་པ་དངོས་ཀྱི་ཞལ་སྐྱིན་དུ་རྒྱུ་དངུལ་དཀར་རིན་ཆེན་གཉིས་པ་བྱས་ཤིང་། བཟོ་བོ་བལ་ཡུལ་སོགས་ནས་གདན་དྲངས་ཏེ་འབྱོན་སྒྲོས་ཤིང་སྤུས་ལེགས་པ་ཞིག་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་སར་བསྐྲུན། རྟེན་མཆོག་དེ་ཉིད་བཞུགས་གནས་ཀྱི་གནྡྷོ་ལ་དང་བཅས་པ་གསར་བསྐྲུན་གནང་སྟེ། ངོ་མཚར་རྨད་བྱུང་བཀོད་པའི་གཙུག་ལག་ཁང་ཞེས་མཚན་གསོལ་ཞིང་། རྒྱ་ཡིག་(寿灵寺)སོག་ཡིག་()བོད་ཡིག་(ཚེ་བདེ་གླིང་)སུམ་སྤེལ་གྱི་ཕྱག་རྟགས་གནང་བའང་གནྡྷོ་ལ་དེ་ཉིད་ཀྱི་སྒོ་ཐོག་ཏུ་ཡོད་དོ། གཙུག་ལག་ཁང་རྟེན་དང་བཏེན་པ་རབ་གནས་མཛད་སྐབས། དཔོན་དྲིན་རྗེ་ཁོང་དབུས་གཙང་དུ་ཕེབས་ཏེ། གཙང་པཎ་ཆེན་གདན་ཞུལ་བྱེད་བསམ་ནས་ཞུ་བ་ཕུལ་ཚེ། པཎ་ཆེན་བསྟན་པའི་ཉི་མ་ནས་ཁོང་དངོས་སུ་ཕེབས་སྟབས་མི་ལྡན་ཀྱང་། སང་ཕོད་ས་ག་ཟླ་བའི་ཚེས་15ཉིན་རྟེན་ལ་མཆོད་པ་སོགས་ཕུན་སུམ་ཚོགས་པ་གྱིས་དང་། འདི་ནས་རབ་གནས་བགྱིད་ཆོག་ཅེས་བཀའ་སྩལ་ཞོང་། སྐྱེས་རབས་དཔག་བསམ་འཁྲི་ཤིང་ཐང་ཤར་བཅོ་ལྔ་པ་རྟེན་སྐལ་དུ་གནང་། པཎ་ཆེན་གྱིས་གསུངས་རྒྱུར། སྔོན་ནས་ལས་སྨོན་གྱི་འབྲེལ་བ་ནི། བླ་མ་ཀེའུ་ཚང་འཇམ་དབྱངས་སྨོན་ལམ་ཡིན་པར་ཁྱོད་ཀྱིས་གདན་འདྲིན་གྱིས་ཤིག་ཅེས་ལུང་གིས་བསྔགས་པ་ལྟར། དཔོན་གྱིས་བླ་མ་འཇལ་དབྱངས་སྨོན་ལམ་ལ་ཁམས་ཕྱོགས་བྲག་འགོ་རུ་མཆོད་གནས་སུ་ཕེབས་དགོས་ཚུལ་ཡང་ཡང་ཞུས་པས། ཁོང་ད་ལྟ་ན་ཚོད་ཡོལ་བས་ཚེ་འདིར་ཁམས་ཕྱོགས་སུ་ཕེབས་པའི་རེ་བ་མེད་ཀྱང་། སྐྱེ་བ་ཕྱི་མར་མདོ་ཁམས་ཧོར་གྱི་ཡུལ་དུ་སྐྱེས་སྲིད་བཟུང་ནས། དེའི་ཚེ་ཧོར་བྲག་འགོའི་ཆོས་སྡེ་ཆེན་པོའི་བསྟན་སྲིད་ལ་ཕན་པའི་བྱ་བ་ཅི་ནུས་བགྱི་ཆོག་པར་ཞལ་གྱིས་བཞེས་སོ། དེ་ནས་རྒྱལ་མཆོག་ལྔ་པ་[page 425] རིན་པོ་ཆེ་མཇལ་ཁ་ཞུས་སྐབས། ཁོང་གིས་རྒྱན་དྲུག་མཆོག་གཉིས་གཙོར་བྱས་ཞལ་ཐང་དགུ་དང་། རྒྱལ་ཚབ་བྱམས་པ་མགོན་པོའི་སྐུ་རྟེན། རྒྱུ་རིན་པོ་ཆེ་དངུལ་ལས་གྲུབ་པ། དབུ་རྒྱན་དང་སྙན་རྒྱན་རྣམས་སེར་པོ་གསེར་ལས་གྲུབ་པ། རྣམ་མང་རིན་ཆེན་སྣ་ཚོགས་ཀྱི་ཕྲ་རྒྱན་སྤྲས་པ། དེ་ལྟ་བུའི་རྟེན་མཆོག་ཁྱད་པར་ཅན་རྣམས་གནང་། དེ་ནས་དཔོན་རང་ཡུལ་དུ་ཕེབས་ཏེ། ཕྱི་ལོར་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་ཇོ་ཁང་ཕྱི་དོར་རྒྱན་བཀྲམ་མཆོད་པའི་དངོས་པོ་ཕུན་ཚོགས་པས་བཀོད་ལེགས་མཛས་ཤིང་ལྷུན་ཆགས་པར་བྱས་པས། དེ་ཉིད་རྟེན་གྱི་སྟེང་དུ་རབ་གནས་ཀྱི་མེ་ཏོག་དངོས་སུ་བབས་པ་དང་། རྟེན་སྔར་ལ་གཟི་བྱིན་ཆེ་བ་སོགས་ཡེ་ཤེས་པ་དངོས་སུ་ཕེབས་པའི་རྟགས་མཚན་ཁྱད་པར་ཅན་བྱུང་བ་ལགས་སོ། གཞན་ཡང་འདིའི་སྐབས་སུ་སྐུ་གསུང་ཐུགས་རྟེན་ནི། དུས་གསུམ་སངས་རྒྱས་ཀྱི་སྐུ་དང་། ཉེ་བའི་སྲས་བརྒྱད། རྟེ་མགྲིན་ཕྱག་རྡོར་སོགས་སྐུའི་རྟེན་དང་། གསེར་གྱིས་ཞུན་མར་བྲིས་པའི་བཀའ་འགྱུར་སོགས་གསུང་གི་རྟེན་དང་། གསེར་ཟངས་ལས་གྲུབ་པའི་མཆོད་རྟེན། ཙནྡ་ལས་བཟོས་པའི་མཆོད་རྟེན་སོགས་ཐུགས་ཀྱི་རྟེན་དང་། དྲིལ་བུ་རྒྱ་ཏྰ་མིང་། གོང་མས་གནང་བའི་སྦུག་ཆལ། སིལ་སྙན་དང་དུང་དཀར་སོགས་རོལ་མོའི་རིགས་དང་། དངུལ་སྲང་གསུམ་བརྒྱ་ལྔ་བཅུའི་བཟོས་པའི་བདུན་ཚར། དངུལ་སྲང་བཅོ་ལྔ་རེས་བཟོས་པའི་མཆོད་རྐོང་བདུན། གོང་མས་གནང་བའི་གསེར་གྱི་སྤོས་ཕོར་ཆ་གཅིག་སོགས་མཆོད་ཆའི་རིགས་འདི་རྣམས་ཀྱང་། དཔོན་དྲིན་རྗེ་ཚེ་བརྟན་ནོར་བུས་བཞག་པ་རེད། དཔོན་འདིའི་སྐུ་རིང་ལ། གངས་ཅན་ལྗོངས་ཀྱི་ཡུལ་དབུས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ། གདན་ས་ཆེན་པོ་གསུམ་གྱི་དགེ་འདུན་ཚང་མ་འཚོགས་ཏེ། ཆོ་འཕྲུལ་ཟླ་བའི་དུས་ཆེན་ལ་བརྟེན་ནས། ཡོངས་སུ་གྲགས་པའི་སྨོན་ལམ་གྱི་དུས་མཆོད་ལ་བོད་ལྷ་སའི་སྡེ་བ་གཞུང་གིས་སྦྱིན་བདག་མཛད་པའི་ཕྱག་བཞེས་ལྟར། ཧོར་བྲག་འགོ་གླིང་གི་ཡུལ་གྲུ་འདིར་ཡ་ང་། སྨོན་ལམ་ཆོ་འཕྲུལ་ཆེན་པོ་ས་ག་ཟླ་བའི་ཚེས་བརྒྱད་ནས་བཅུ་དགུའི་བར་དུ་འཚོགས་དགོས། བསྟན་པའི་སྦྱིན་བདག་ཡང་ས་གནས་དེའི་དཔོན་དང་འབྱོར་བ་ཡོད་པའི་མངའ་འབངས་ཀྱིས་བསྒྲུབ་དགོས་པ་ཡིན་ནོ། དཔོན་གྱི་སྐུ་མཆེད་ཆོས་མཛད་བློ་བཟང་མཁས་གྲུབ་ཀྱིས་ཆོས་སྲིད་བཟུང་སྟེ། དམ་ཆོས་འདུལ་བའི་སྲོལ་རྒྱུན་གྱི་སྒྲིག་ལམ་ལྟར་བཅའ་ཡིག་སོགས་བཀོད་དེ་བསྟན་པ་བསྐྱངས། དེའི་དུས་སུ་སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱན་ཞེས་བཟོ་རྩལ་གྱི་ཡོན་ཏན་ལ་གཞན་གྱིས་བསྒྲུན་དུ་མེད་པ་ཞིག་བྲག་འགོའི་དཀྲོ་པ་ཞེས་པའི་གྲོང་དུ་སྐུ་འཁྲུངས། ཁོང་བྱིས་པའི་དུས་སུ་ཕྱུག་རྫི་རུ་ཕེབས་སྐབས། རྨི་ལམ་གྱི་སྣང་ངོར། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་ཞལ་གཟིགས་ཏེ། དེང་ནས་ཁྱེད་ཀྱིས་ལྷ་བྲིས་ཤིག་དང་འགྲོ་དོན་རྒྱ་ཆེན་པོ་འོངས་གསུང་ནས་བྲི་ཚང་མ་གནང་བ་དང་། གཉིད་སད་ཚེ་སྔོན་གྱི་བག་ཆགས་མང་པོ་དྲན་ཅིང་པིར་བཞི་དང་བྲི་ཆས་ཚད་ལྡན་ཞིག་མངོན་སུམ་དུ་ཡོད་པ་བདག་སྤྲོད་བྱས་ཏེ། འབད་རྩོན་གྱིས་སྦྱངས་མི་དགོས་པར་སྐྱེས་སྟོབས་ཀྱིས་ལྷ་བྲི་བ་ལ་ཐོགས་པ་མེད་པ་བྱུང་བས་སྤྲུལ་པའི་ལྷ་བཟོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ཕྱག་བྲིས་གནང་བའི་རྒྱན་དྲུག་མཆོད་གཉིས་དང་། བདེ་ཆེན་[page 426] ཞིང་བཀོད་སོགས་ཀྱི་ཞལ་ཐང་དངོས་རིས་བཟོ་རྩལ་གྱི་ཁྱད་ཆོས་ལྡན་པ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་བཅས་ཀྱི་རྟེན་མཆོག་མང་དུ་བཞུགས། གཞན་ཡང་ནས་འབྲུ་གཅིག་གི་སྟེང་དུ་གངས་རི་དང་སེང་གེ་ཁ་སྤྲོད་བརྐོ་ཐུབ་པའི་ཤིང་རྐོའི་ལག་རྩལ་ལ་མངའ་དབང་མཉེས་པ་ཞིག་བྲག་འགོའི་བྲག་རྒྱབ་གྲོང་དུ་འཁྲུངས་ནས། དེས་བཀའ་གདམས་ལྷ་བཞི་དང་། བཏགས་གྲོལ། ཀུན་རིགས་དཀྱིལ་འཁོར། ཐུགས་རྗེ་ཆེན་པོ་སོགས་ཀྱི་པར་ཤིང་བསྐོས་པ་སོགས་གཙོས་པའི་སངས་རྒྱས་བྱང་སེམས་སོགས་ཀྱི་སྐུ་བརྙན་དང་གསུང་རབ་ཀྱི་པར་ཤིང་མང་དུ་བཞུགས། བྲག་འགོ་དགོན་དེར་མཚན་ཉིད་གྲྭ་ཚང་ཇི་ལྟར་དབུ་བརྙེས་པའི་ཚུལ་ནི། དཀར་མཛེས་སྐུ་ཞབས་འཁྲུངས་སར་བླ་མ་བློ་བཟང་ཕུན་ཚོགས་ཀྱི་གཟིམ་ལམ་དུ། སྲུང་མ་རྒྱལ་ཆེན་ཤུགས་ལྡན་གྱིས་ཕྱག་མདའ་བསྒྲེངས་ཏེ་བྲག་དགོན་དཀྲུགས་གྲབས་བྱེད་པའི་འདིའི་འགོག་སྲུང་ལ། མཚན་ཉིད་གྲྭ་ཚང་འཛུགས་ན་ཕན་པ་ཡོད་པར་དགོངས་ནས། བྲག་འགོའི་སྲིད་འཛིན་རྣམས། ཁོང་གི་མདུན་དུ་དྲངས་ནས་ལོ་རྒྱུས་ཞིབ་པར་གསུངས་པས། བྲག་འགོའི་མི་རྣམས་ཀྱིས་མཚན་ཉིད་ཆོས་གྲྭ་ཁྱེད་ཕེབས་ཏེ་འཛུགས་དགོས་ཞེས་ཞུ་བ་ཕུལ་ཚེ། བླ་མ་བློ་བཟང་ཕུན་ཚོགས་ཁོང་གིས་གསུངས་རྒྱུ། འཇམ་དབྱངས་བཞད་པ་གདན་འདྲེན་གྱིས་ཤིག་ཅེས་བཀའ་ཐོབ་པ་ལྟར། སྔོན་ལ་བང་ཆེན་བཏང་ཞིང་། རིམ་བཞིན་བྲག་འགོ་ཡུལ་གྱི་སེར་སྐྱ་བརྒྱ་ཕྲག་ཙམ་བྱང་བླ་བྲང་བཀྲ་ཤིས་འཁྱིལ་ཨ་མདོ་འཇམ་དབྱངས་བཞད་པ་གདན་འདྲེན་དུ་སོང་། སྔོན་གྱི་བང་ཆེན་གྱི་ངག་ལམ་བརྒྱུད་དེ། འཇམ་དབྱངས་བཞད་པ་ཕེབས་པ་ན། བྱོན་པའི་དུས་བབས་ཐོག་ཏུ་མཁེལ་བས། ཆུ་ཆེན་པོ་ཞིག་སྔར་དང་མི་འདྲ་བར་ཤུགས་དྲགས་ཤིང་རྦ་རླབས་འཕྱུར་བ་ཕན་ཚུན་བགྲོད་པའི་དུས་སྐབས་བཀག་ཅིང་། ཡུན་རིན་དུ་གནས་པའི་སྐབས་སུ། འཇམ་དབྱངས་བཞད་པས་ཕེབས་པའི་དུས་བབས་མ་ཡིན་པར་དགོངས་ཏེ། ཆུ་རྐྱལ་མཁས་པའི་སྐྱེས་བུ་ཞིག་མངགས་ནས། ད་སྐབས་ཁོ་བོ་བྲག་འགོ་རུ་ཕེབས་པའི་དུས་སྐབས་མིན་ཀྱང་། ནམ་ཞིག་ན་འཇམ་དབྱངས་མིན་ཅན་གྱི་སྐྱེས་བུ་ཞིག་གིས་བྲག་དགོན་དུ་མཚན་ཉིད་གྲྭ་ཚང་འཛུགས་པར་འགྱུར་ཞེས། ཡི་གེ་དང་གསུང་ཕྲིན་བཅས་བསྐུར་གནང་བྱེད་པས། སོ་སར་རང་ཡུལ་དུ་ལོག་གོ། ཕྱིས་སུ་འཇམ་དབྱངས་ཟུར་པ་ཁོར། སེ་ར་ཀེའུ་ཚང་རི་ཁྲོད་དུ་བཞུགས་ཤིང་། རིམ་པར་ཁམས་ཕྱོགས་སུ་ཕེབས་ནས། བྲག་འགོ་དགོན་དུ། (སྤྱི་ལོ་1818)རབ་བྱུང་བཅུ་བཞི། དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོར། དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་མདོ་ཕྱོགས་ཀྱི་མཚན་ཉིད་ཆོས་གྲྭ་དབུ་བརྙེས། གྲྭ་བའི་གྲངས་ཚད་ནི། ཤིང་ཁོག་དང་། སྙི་ཁོག། ཉིན་མོ་དང་། སྲིབ་མོ་སྟེ་ཁང་ཚན་བཞི་ཡོད་པའི་ཁང་ཚན་རེའི་གྲྭ་པ་ལྔ་བཅུ་རེ་བསྡུས་པར། ཁྱོན་གྲྭ་པ་ཉིས་བརྒྱ་གྲངས་ཚད་ཡིན་ནོ། ད་ནི་དགོན་འདི་རུ་བླ་མ་སྐྱེས་བུ་དམ་པ་ཇི་ལྟར་བྱོན་པའི་ལོ་རྒྱུས་ནི། རྗེ་བཙུན་བླ་མ་དམ་པ་ཀེའུ་ཚང་། བློ་བཟང་བསྟན་འཛིན་ཡར་རྒྱས་དཔལ་བཟང་པོ་ནི། དཀར་མཛེས་མཁར་ཤུལ་གྲོང་དུ་ཡབ་ཚེ་བརྟན་དང་། ཡུམ་ཨ་མཚོ་གཉིས་ཀྱི་སྲས་སུ། ཤིང་ལུག་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་སྐུ་བལྟམས།[page 427] དགུང་ལོ་བདུན་པར། འཁྲུངས་སར་རྡོ་རྗེ་འཆང་བློ་བཟང་ཕུན་ཚོགས་མཐུ་སྟོབས་རྒྱ་མཚོ་དཔལ་བཟང་པོ་ལས་རབ་ཏུ་བྱུང་། སྐུ་ཞབས་བློ་གྲོས་ཕུན་ཚོགས་ཀྱིས། ཀེའུ་ཚང་བླ་མ་དཔོན་སློབ་བྱམས་པ་སྨོན་ལམ་གྱི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་གྲངས་བཅུ་གཉིས་ཐོག་ལྷ་ལྡན་དུ་ཕེབས་ཏེ། སྐྱབས་མགོན་ཐམས་ཅད་མཁྱེན་པ་མཁས་གྲུབ་རྒྱམ་མཚོ་སོགས་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས། མདོ་སྔས་ཀྱི་ཆོ་མཐའ་དག་ལ་གསན་སྦྱངས་མཛད་དེ། སླར་ཁམས་ཕྱོགས་སུ་ཕེབས་ནས། ཧོར་བྲག་འགོ་དགོན་པའི་ལུང་རྟོགས་ཀྱི་བསྟན་པ་བདག་གིར་བཞེས་ཤིང་གདུལ་བྱ་ཐུགས་བརྩེ་བས་བསྐྱངས། འདིའི་གསུང་རྩོམ་ཡང་། བླ་མ་ལྔ་བུཅ་པ་དང་རྩ་ལྟུང་བཅུ་བཞི་སྦོམ་པོ་བརྒྱད་ཀྱི་བཤད་ལུང་བསྩལ་སྐབས་ཀྱི་ཟིན་བྲིས་རྒྱུད་སྡེ་སྙིང་པོ་ཞེས་བྱ་བ་དང་། བྱང་ཆུབ་ལམ་གྱིརིམ་པ་དང་ཐེག་པ་ཆེན་པོའི་བློ་སྦྱོང་ཟུང་འབྲེལ་དུ་ཉམས་སུ་ལེན་ཚུལ་རྒྱལ་སྲཨས་དེད་དཔོན་ཚོགས་ཀྱི་འཇུག་ངོས་ཚོག་གཉིས་རྒྱ་མཚོར་བགྲོད་པའི་གྲུ་རྫིངས། བླ་མའི་བཀའ་དྲིན་དྲན་པའི་བསྟོད་དབྱངས་དད་པའི་ཆུ་རྒྱུན། འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་འཕོ་བའི་ཉམས་ལེན་ཟུང་དུ་འབྲེལ་བའི་མན་ངག་བདེ་ཆེན་ལམ་བཟང་སྟོན་པའི་ས་མཁན་ཞེས་བྱ་བ་སོགས་གསུང་ཆོས་མང་དུ་ཡོད་དོ། སྐུ་ཚེ་དེ་ལ་གདུལ་བྱའི་མཇུག་བསྡུས་ཏེ་གཟུགས་སྐུའི་བཀོད་པ་བསྡུས་སོ། དམ་པ་དའིའི་ཡང་སྤྲུལ་སྒང་ཞབས་ཞེས་བྱ་བའི་གྲོང་དུ་ཐེངས་གཉིས་ལ་འཁྲུངས་ཀྱང་། གཉིས་ཀ་ཡུང་རིང་མ་བཞུག་པར་གཤེགས། དེ་ནས་ཀེའུ་ཚང་མཆོག་སྤྲུལ་རིན་པོ་ཆེ། ཐུབ་བསྟན་དཔལ་ལྡན་དགེ་ལེགས་རྣམ་རྒྱལ་ནི། ཤར་མི་ཉག་ཤ་ཕོ་གཤིས་ཞེས་པའི་ས་ཆ་རུ ཡབ་ཨ་པོ་ཞེས་བྱ་བ་དང་། མ་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔའི་ཆུ་ཕོ་སྟག་གི་ལོ་ལ་སྐུ་འཁྲུངས། གཟིགས་རྒྱབ་རྡོ་རྗེ་འཆང་ཆེན་པོས། ཀེའུ་ཚང་མཆོག་གིས་ཡང་སྲིད་ཡིན་པར་ལུང་གིས་བསྔགས་ཤིང་ངོས་འཛིན་གནང་། དགུང་ལོ་བཞི་པ། ཤིང་སྤྲུལ་ཟླ་༡༡ཚེས་༡༦ཉིན། བྲག་འགོ་དགོན་པས། སེང་ལྡེང་རི་ཁྲོད་བདེ་ཆེན་བསམ་གཏན་གླིང་དུ་གདན་དྲངས་ནས་གཟིམ་ཆུང་བཀྲ་ཤིས་ཉི་འོད་འཁྱིལ་བ་རུ་བཞུགས་སུ་གསོལ། དགུང་ལོ་བརྒྱད་པའི་ཐོག ཧོར་བྲག་འགོ་དགོན་པའི་ཁྲི་ལ་ཞབས་སོར་འཁོད། རིམ་པར་ལྷ་ལྡན་དུ་ཕེབས་ནས། མདོ་སྔགས་ཀྱི་ཆོས་ཐམས་ཅད་ལ་གསན་སྦྱངས་མཛད་དེ། མཁས་བཙུན་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ། རྒྱ་བོད་གཉིས་ལ་ཉི་ལྟར་དུ་གྲགས་པ་བྱུང་ངོ་། རབ་བྱུང་བཅོ་ལྔ་པའི་ནང་དུ། བྲག་དཀར་སྤྲུལ་བའི་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཞེས་པའི་མཁས་པ་ཆེན་པོ་བྱུང་སྟེ། སྤྱིར་བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་དང་བྱེ་བྲག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་རྒྱལ་མཚན་བཤད་སྒྲུབ་ཟུང་གིས་སྲིད་པའི་མཁའ་རུ་བསྒྲེངས། ཁོང་གིས་ལྗགས་རྩོམ་གནང་བ་ལ་མདོ་སྔགས་རིག་གནས་སྐོར་པོད་བཅུ་བདུན་གནང་། བྲག་འགོའི་དགེ་ཐར་ལུང་པ་སོགས་བཟུགས་གནས་ཀྱི་གཙོ་བོ་མཛད་དོ།།

ཁྲི་རིན་པོ་ཆེ་བྱམས་པ་ཆོས་གྲགས་ནི། རྦ་ལུང་གྲོང་དུ་སྐུ་འཁྲུངས་ཏེ་ཆུང་ངུའི་དུས་ནས་བྲག་དགོན་

[page 428] ཆོས་གྲྭ་རུ་ཞུགས་ནས། ཚད་མ་དང་ཕར་ཕྱིན་སོགས་ལ་སློབ་གཉེར་མཛད། དགུང་ལོ་བཅོ་ལྔའི་ཐོག་དབུས་སུ་ཕེབས་ཏེ། འབྲས་སྤུངས་སུ་གཞུང་པོ་ཏི་ལྔ་ལ་གསན་བསམ་མཐར་ཕྱིན་པར་མཛད་ཅིན་དགེ་བཤེས་ཀྱི་མཚན་སྙན་བཞེས། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ནས། གསང་བ་སྔགས་ཀྱི་གཞུང་ལ་ཐོས་བསམ་མཛད་དེ་མཁས་པའི་དབང་པོ་གྱུར་ནས། རྒྱུད་སྨད་ཀྱི་མཁན་པོ་མཛད་ཅིང་བྱང་རྩའི་ཁྲིར་ཕེབས། (སྤྱི་ལོ་1920)དགའ་ལྡན་གསེར་ཁྲིར་ཞབས་སོར་འཁོད་དེ། འཁོར་ལོ་གསུམ་གྱི་འཕྲིན་ལས་མི་ནུབ་པའི་རྒྱུན་བསྲིངས་པའི་མཛད་རྣམ་རྨད་དུ་བྱུང་བ་དང་། ཁྲི་ཟུར་ནས་བལ་ཡུལ་དུ་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ལ་ཉམས་གསོ་དང་། རབ་གནས་བྱས་ཤིང་མཆོད་པ་རྒྱ་ཆེན་པོས་བསྙེན་བཀུར་ཞུས་ཏེ། མཚན་སྙན་གྱི་དབྱར་རྔ་ལྡིར། དེའི་སྐབས་སུ་བྲག་འགོ་རུ་དམག་འཁྲུགས་བྱུང་བས། ཉམས་རྒུད་བྱུང་བ་ལ། ཁོང་གིས་ཇོ་བོ་ལ་དབུ་རྒྱན་དང་བསྙན་རྒྱན་མགུལ་རྒྱན་རྣམས་གསེར་ཟངས་ལས་གྲུབ་པ། ཕྲ་རྒྱན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཆ་ལྡན་དང་། ཆོས་སྐྱོང་ལ་དབུ་རྨོག་ན་བཟའ་ཆ་ཚང་། གསེར་ཟངས་ལས་སྤོས་ཕོར་ཆ་གཉིས། བྱམས་པ་གླིང་སྐོར་གྱི་མཆོད་རྫས་ཆ་ཚང་། གོས་ཆེན་རྒྱན་གསེར་གྱི་བཟོས་པའི་ཕྲག་གཟར་ཆ་བཞི། གཞན་ཡང་ཉམས་གསོའི་དངོས་རྫས་མང་པོ་གནང་། མཐར་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དེའི་ཡང་སྤྲུལ་བྱམས་པ་ཆོས་གྲགས་བསྟན་དར་ནི། ལྷ་ལྡན་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་གྲྭ་སར་ཞུགས་ཏེ། ཡི་གེ་ལ་གསན་སྦྱངས་མཛད། སླར་བྲག་འགོ་དགོན་དུ་ཕེབས་ནས་ཁྲིར་འཁོད་ཅིང་སྨོན་ལམ་གྱི་དབུ་བཞུགས་མཛད་དེ་བསྟན་འགྲོའི་དོན་རླབས་ཆེན་མཛད་དོ། མཁན་པོ་བློ་བཟང་དབང་ཕྱུག་གི་ཡང་སྤྲུལ། བློ་བཟང་དཔལ་ལྡན་བསྟན་པའི་རྒྱ་མཚན་ནི། བྲག་འགོའི་འབྲོག་ཁུལ་ནོར་པ་ནང་སྐུ་འཁྲུངས། དགུང་ལོ་ཉི་ཤུའི་ཐོག་ལྷ་ལྡན་དུ་ཕེབས་ནས་གྲྭ་སར་བཞུགས། མདོ་སྔགས་ཀྱི་ཆོས་ལ་ཐོས་བསམ་རྒྱ་ཆེན་པོ་མཛད། སླར་རང་ཡུལ་དུ་ཕེབས་ཏེ་བསྟན་པ་ཉམས་གསོ་དང་། གདུལ་བྱ་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོ་མཛད་ནས་དགུང་གྲངས་རེ་གཅིག་ལ་སྐུ་གཤེགས་སོ། གྲུབ་དབང་བྱ་བྲལ་བ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་དགེ་ཚེ་དབང་ནོར་བུ་ནི། སྐུ་ཆུང་ངུའི་དུས་ནས་ཐ་མལ་པའི་སྤྱོད་པ་དང་བྲལ་བ། མཆོག་གསུམ་ལ་དད་པ་བརྟན་པ། ངེས་འབྱུང་དང་བྱང་སེམས་ཀྱི་ཐུགས་རྒྱུད་གཏམས་པ་ཞིགས་བཞུགས། འཁྲུངས་ཡུལ་བྲག་འགོའི་དཀྲོས་པ་གྲོང་ཡིན། ཁོང་བྲག་འགོ་དགོན་གྱི་ཆོས་གྲར་ཞུགས་ནས་ཐོས་ཀློག་གི་མཛད་པ་བཞེས། དེ་ནས་ལྷ་ལྡན་འབྲས་སྤུངས་ཀྱི་གྲྭ་སར་ཞུགས་ནས་གཞུང་ཆེན་རྣམས་ལ་གསན་བསམ་རྒྱ་ཆེར་བཞེས་པའི་ཤེས་རབ་ཀྱི་གཏེར་བརྡོལ་ཏེ་དགེ་བཤེས་ལྷ་རམས་ཨང་དང་པོའི་མཚན་སྙན་ཐོབ། རིམ་བཞིན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་བཞུགས་ནས་གསང་ཆེན་སྔགས་ཀྱི་གཞུང་ལའང་ཐོས་བསམ་མཛད། མཐར་འཇིག་རྟེན་འདི་བའི་བྱ་བཞག་ཡོངས་སུ་སྤངས་ཏེ་སྒོ་གསུམ་དབེན་པར་བརྟེན་ཏེ་ཐོས་དོན་ཉམས་སུ་བསྟར་བས་མངོན་རྟགས་ཀྱི་རིམ་པ་རྒྱུད་ལ་འཁྲུངས་པ་རྗེ་མི་ལ་གཉིས་པ་ཞེས་མཁས་གྲུབ་ཀུན་གྱི་སྤྱི་བོའི་ཅོད་པན་དུ་བཀུར་བ་བྱུང་ངོ་།།[page 429] སྐུ་ཞབས་བྱམས་པ་རིན་པོ་ཆེ་ནི། སྐུ་ཕྲེང་དང་པོ་ཧོར་གྱི་བླ་མ་བློ་བཟང་ཞེས་བྱ་བ། དཔོན་གྱི་སྐུ་རིམ་བླ་མ་ཉི་ཤུ་རྩ་ལྔའི་ནང་ནས་སློབ་དཔོན་ཡིན། སྐུ་ཉིད་ཀྱི་བཞུགས་ཡུལ་ནི་ཟངས་ར་རི་ཁྲོད་དུ་བྱས་ནས་སྒྲུབ་པ་ཉམས་བཞེས་མཛད་དེ་མཐར་གཟིགས་སྐུའི་བཀོད་པ་བསྡུས། སྐུ་ཕྲེང་གཉིས་པ་དགེ་བཤེས་མགོན་པོ་རིན་ཆེན་བྲག་འགོའི་ནོར་པ་ཞེས་པའི་འབྲོག་ཁུལ་དུ་སྐུ་འཁྲུངས། དབུས་གཙང་ལྷ་ལྡན་གྱི་གྲྭ་སར་ཕེབས་ཏེ། དགེ་བཤེས་ཀྱི་མཚན་བཏགས་བཞེས། དེ་ནས་རང་ཡུལ་དུ་ཕེབས་ནས་བཤད་ཁྲིད་དང་དབང་ལུང་མང་དུ་བསྩལ། མཐར་བྱ་བྲལ་བའི་སྤྱོད་པ་བདག་གིར་བཞེས་ནས་གསུང་རབ་གྱི་སྙིང་པོ་ཉམས་སུ་བསྟར་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། སྐུ་ཕྲེང་གསུམ་པ་སྐུ་ཞབས་བྱམས་པ་ཐུབ་བསྟན་རིན་ཆེན་ནི། རྟའུ་རུ་སྐུ་འཁྲུངས། ཕུར་ཅོག་བྱམས་པ་རིན་པོ་ཆེས་ངོས་འཛིན་གནང་། སྐུ་ཞབས་མཁན་སྤྲུལ་གྱིས་སྐུ་བདག་བྱས་ཏེ། དགུང་ལོ་བཅོ་ལྔའི་ཐོག་ལྷ་ལྡན་དུ་ཕེབས་ནས་འབྲས་སྤུངས་གྲྭ་སར་ཞུགས། འཚོགས་ཆེན་སྤྲུལ་སྐུའི་མཚན་བཞེས་གནང་། གཞུང་པོ་ཏི་ལྔ་ལ་གསན་བསམ་དཔྱིས་ཕྱིན་མཛད། (སྤྱི་ལོ་1951)ལ་འཕགས་ཡུལ་དུ་ཕེབས་ནས་བརྟན་མཁས་ཡོན་ཏན་གྱི་གཟི་འོད་འགྱེད་བཞིན་ད་ལྟའང་བཞུགས་སོ།།

གཞན་ཡང་རྒྱས་བཟང་སྤྲུལ་སྐུ། ཞབས་ཁ་མཁན་སྤྲུལ་དང་ཀ་སྤྲུལ་སོགས་བསམ་བཞིན་དུ་མིའི་རྣམ་པར་བརྫུས་པའི་སྐྱེས་ཆེན་དང་། དགེ་བཤེས་བསོད་ནམས་མགོན་པོ་དང་དགེ་བཤེས་ཡེ་ཤེས་ནོར་བུ་སོགས་མཁས་གྲུབ་སྡེ་སྣོད་འཛིན་པ་བར་མ་ཆད་པ་ནོར་བུ་ཕྲེང་བ་ལྟ་བུ་བྱོན་ནས་བཤད་སྒྲུབ་ལས་གསུམ་གྱིས་འགྲོར་ཕན་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་སྒོས་བྲག་དགོན་འདི་ཉིད་ཀྱི་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་སྤེལ་བའི་རྣམ་ཐར་མཐའ་ཡས་ཀྱང་། དེ་དག་ཚང་མ་ཡི་གེ་འགོད་ན་ཧ་ཅང་སྤྲོད་པར་འཇིགས་ནས་འདིར་མ་བྲིས་སོ།

དགོན་པ་འདི་ཉིད་ཀྱི་མངའ་ཁོངས་སུ་གཏོགས་པའི་དགོན་ལག་དང་རི་ཁྲོད་རྣམས་ཀྱི་བྱུང་བ་མདོ་ཙམ་ཞིག་ངོ་སྤྲོད་ཞུས་ན། དང་པོ་དགོན་ལག་རྣམས་ནི། འཇང་སྒང་དགོན་པ་ནི། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་ཆོས་རྒྱུན་འཛིན་པའི་གསང་སྔགས་སྔ་འགྱུར་བའི་གྲུབ་མཐའ་ཡིན། དགེ་འདུན་འདུས་སྡེའི་ཞལ་གྲངས་ཉིས་བརྒྱ་ཙམ་བཞུགས། མྱིག་རྗེ་དགོན་ནི། དཔལ་ལྡན་ས་སྐྱ་བའི་ཆོས་རྒྱུན་དང་། གྲྭ་གྲངས་ལྔ་བཅུ་ཙམ་བཞུགས། ལྕམ་བླ་དགོན་ནི། ཀཿཐོག་པའི་ཆོས་རྒྱུན་འཛིན་པའི་གསང་སྔགས་སྔ་འགྱུར་བའི་གྲུབ་མཐའ་ཡིན། གྲྭ་པའི་ཞལ་གྲངས་སུམ་ཅུ་ཙམ་བཞུགས། གཏོ་མདའ་རྒྱ་རོང་དགོན་པ་ནི། གཡང་དྲུང་བོན་གྱི་གྲུབ་མཐའ་དང་། གྲྭ་གྲངས་བཅོ་ལྔ་ཙམ་ཡོད། ཆ་ནང་དགོན་པ་ནི། གྲུབ་དབང་རྫོགས་ཆེན་པའ་ཆོས་རྒྱུན་འཛིན་པའི་སྔ་འགྱུར་བའི་གྲུབ་མཐའ་དང་། གྲྭ་གྲངས་བདུན་ཅུ་ལྷག་ཙམ་ཡོད། བཱཿ་གནས་དགོན་པའམ་གནས་ནང་དགོན་ནི། གཙང་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་རྒྱུན་འཛིན་པའི་སྔ་འགྱུར་རྙིང་མ་དང་། གྲྭ་པའི་ཞལ་གྲངས་ཉིས་བརྒྱ་ལྷག་ཙམ་མཆིས།། དཔལ་རྩེ་མདའ་དགོན་ནི། དཔལ་[page 430] ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་ཆོས་རྒྱུན་འཛིན་པའི་གསང་སྔགས་སྔ་འགྱུར་བའི་གྲུབ་མཐའ་ཡིན། སེར་མོ་བའི་ཞལ་གྲངས་བདུན་ཅུ་ཙམ་ཡོད། གཉིས་པ་ནི་རི་ཁྲོད་རྣམས་ནི། སུ་རྒྱས་ཕུག་གི་བཟང་ལུང་དཔལ་གྱི་རི་ཁྲོད་ནི། སྔོན་དུས་སུ་རས་པ་བྱང་ཆུབ་འོད་ཟེར་སོགས་སྐྱབས་བཞི་སྡེ་ལྔར་གྲགས་པའི་རྣལ་འབྱོར་མང་པོའི་བཞུགས་གནས་ཡིན། རིམ་བཞིན་གཞན་ཡང་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དང་། ལམ་བྲག་རྡོ་རྗེ་འཆང་སྐལ་བཟང་རྣམ་རྒྱལ་སོགས་ཀྱིས་བཞུགས་གནས་མཛད་ཅིང་། གྲྭ་པ་ཉེར་ལྔ་རེ་བཞུགས་པའི་ལུགས་སྲོལ་ཡོད་དོ། ནོར་འུ་ཁུག་གི་ཟུང་འཇུག་དགའ་བའི་རི་ཁྲོད་ནི། ཐོག་མར་སྟོང་སྐོར་བླ་མ་འཇམ་དབྱངས་དགེ་འདུན་རྒྱ་མཚོ་དང་། ཨ་མདོ་བླ་མ་དོན་གྲུབ་མི་ཡི་སེངྒེ་གཉིས་ཀྱི་སྒྲུབ་གནས་ཡིན། གྲྭ་པ་ཉེར་ལྔའི་གྲངས་ཆོད་ཙམ་རེ་བཞུགས་རྒྱུའི་སྲོལ་ཡོད། སེང་ལྡེང་རི་ཁྲོད་ནི། སྔོན་སྤང་ནང་སྐྱབས་མགོན་ཞ་ལུ་བའི་གདན་ས་རེད། དེ་རྗེས་ཨ་བླ་དགེ་བཤེས་ཡེ་ཤེས་བརྩོན་གྲུས་བཞུགས། དེ་རྗེས་མཁར་སར་བླ་མ་བསོད་ནམས་བཀྲ་ཤིས། དེ་ནས་ཀེའུ་ཚང་བླ་མ་བསྟན་འཛིན་ཡར་རྒྱས། དེ་རྗེས་ཀེའུ་ཚང་ཐུབ་བསྟན་དཔལ་ལྡན་དགེ་ལེགས་རྣམ་རྒྱལ་སོགས་ཀྱི་བཞུགས་གནང་མཛད། གྲྭ་པ་ཉེར་ལྔ་རེ་བཞུགས་པའོ། ཟུངས་ར་རི་ཁྲོད་ནི། སྔོན་ཧོར་གྱི་བླ་མ་གྲྭ་གྲངས་ཉེར་ལྔའི་གསང་བ་སྔགས་ཀྱི་འཆད་ཉན་མཛད་པའི་བསྒྲུབ་གནས། དཔོན་དྲིན་རྗེ་ཚེ་བརྟན་ནོར་བུའི་ཕྱག་བཏབ་མཛད། དེའི་རྗེས་སུ་དགེ་བཤེས་མགོན་པོ་རིན་ཆེན་གྱིས་ཇེར་རྒྱས་སུ་བཏང་། དེ་ནས་མཁན་སྤྲུལ་བློ་བཟང་དཔལ་ལྡན་བསྟན་པའི་རྒྱལ་མཚན་དང་ཡང་སྤྲུལ་བྱམས་པ་ཐུབ་བསྟན་རིན་ཆེན་རྣམས་བཞུགས་ཤིང་། གྲྭ་གྲངས་ཉེར་ལྔ་ཡོད། དགེ་ཚུལ་མ་ལྔ་དང་། དགེ་བསྙེན་ཕོ་མོ་བརྒྱ་ཕྲག་གཅིག་ཡོད་དོ། ར་གསོ་སྒང་ཟེར་བའི་གནས་དེ་ནི། སྔར་ཆོས་རྒྱལ་མྱ་ངན་མེད་ཀྱི་འཛམ་བུའི་གླིང་དུ་མཆོད་རྟེན་བྱེ་བ་རྫུ་འཕྲུལ་གྱིས་བཞེངས་པའི་མཆོད་རྟེན་གཅིག་འདིར་ཡོད། དེའི་ནང་རྟེན་དུ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་ཡོད་དོ། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས། རྒྱ་ནག་གོང་མ་ཐང་ཐེ་ཙུང་གི་སྲས་མོ་འུན་ཤིང་གོང་ཇོ་བཙུན་མོར་བཞེངས་སྐབས། ར་ས་འཕྲུལ་སྣང་གི་ས་སྤྲུལ་པའི་ར་ཞིག་ལ་བཀལ་ནས་འོང་བར། བྲག་འགོ་འདིར་བཞུགས་མལ་མཛད་དེ། ར་དེ་ཉིད་ས་ཕྱོགས་དེ་རུ་གསོ་བར་མཛད་པས། ར་གསོ་སྒང་ཞེས་གྲགས་ཤིང་། བོད་ཀྱི་བློན་པོ་རིག་པ་ཅན་དང་། ཀོང་ཇོ་གཉིས་ཀྱིས་ལྷ་ཁང་བཞེངས་ཏེ། ཇོ་བོ་གཅིག་ཀྱང་བཞེངས་བསྐྲུན་བྱས་པར། ཡང་འདུལ་གྱི་གཙུག་ལག་ཁང་ཡིན་པར་བཤད་དོ། གཞན་ཡང་། ཀེ་ལོ་རི་ཁྲོད། རྦ་མདའ་རི་ཁྲོད། རྦུའུ་རི་ཁྲོད། སྣེ་ལོ་རི་ཁྲོད། འབའ་ཏེ་རི་ཁྲོད། སྐུ་འབུམ་རི་ཁྲོད། ཀུ་ཡེ་རི་ཁྲོད་རྣམས་ཡོད་ཅིང་། འདི་དག་ཚང་མ་ཧོར་བྲག་འགོ་དགོན་པའི་མངའ་ཞབས་ཡིན་ནོ། བྲག་འགོའི་དཔོན་རྒྱུད་ཆད་རྗེས་བྲག་འགོ་དགོན་གྱིས་སྡེ་གསར་ཤོག་བཞིའི་སྲིད་དབང་བཟུང་པ་ཡིན།

ཚོགས་དུས་མཆོད་ཀྱི་རྒྱུན་སྲོལ་ནི། རྗེ་བདག་ཉིད་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་སྨོན་ལམ་ཆོ་འཕྲུལ་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་དུས་མཆོད་ནི། རི་བོ་དགའ་ལྡན་པ་སྤྱིའི་ཕྱག་སྲོལ་ལྟར་དགོན་པ་[page 431] འདི་ཉིད་ཀྱིས་ཀྱང་ཧོར་ཟླ་དང་པོའི་ཚེས་བརྒྱད་ནས་དངོས་གཞིའི་དབུས་བཙུགས་ཏེ་ཚེས་ཉི་ཤུའི་བར་དུ་རྣམ་དཀར་བསོད་ནམས་ཀྱི་བྱ་འགུལ་སྤེལ་དགོས། ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ཉིན་རྗེ་བདག་ཉིད་ཆེན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་པའི་དུས་ཆེན་ཡིན་པས། ཚེས་ཉེར་གསུམ་ནས་ཉེར་ལྔའི་བར་དུ་དུས་མཆོད་འཚོགས་དགོས་པ་དང་། ཧོར་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ་དང་། སངས་རྒྱས་པ་དང་། མྱན་ངན་ལས་འདས་པ་སྟོན་པའི་དུས་ཆེན་དང་། ཟླ་བ་དྲུག་པའི་ཚེས་བཞི་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཡིན་པས། དུས་ཆེན་དེ་དག་ཏུ་གྲྭ་མང་འཚོགས་ནས་གསུང་རབ་བཟླས་བརྗོད་སོགས་ཆོས་ཀྱི་བྱེད་སྒོ་སྤེལ་དགོས། བསྟན་འགྲོའི་བདེ་རྩར་དམིགས་ནས་ལོ་འཁོར་གཅིག་གི་ནང་ལ་ཟླ་བ་དྲུག་ལ་ཆོས་གྲྭ་འཚོགས་ཏེ། མདོ་བསྟན་ཟབ་མོ་ལས་བྱུང་བའི་བསྟོད་སྨོན་རྣམས་ཞལ་སྒྲོགས་གནང་དགོས་པ་དང་། དབུ་ཕར་བསྡུས་གྲྭ་བློ་རྟགས་སོགས་ཀྱི་འཛིན་གྲྭ་ཁག་ཕྱེས་ནས་མཛུབ་ཁྲིད་གནང་བ་དང་། དེ་དག་གི་དོན་གནད་ཟབ་མོ་རྣམས་རིགས་པའི་འཕྲུལ་ལ་བརྟེན་ནས་སྒྲུབ་དང་སུན་འབྱིན་གྱིས་གཏན་ལ་ཕབ་པ་སོགས་མཁས་ཚུལ་གསུམ་གྱིས་བྱ་བའི་དུས་འདའ་བར་མཛད་དོ།།

དམིགས་བསལ་ལྷ་ལྡན་རྒྱུད་སྨད་གྲྭ་ཚང་ནས་བརྒྱུད་པའི་སྔགས་པ་གྲྭ་ཚང་གིས་དུས་མཆོད་མཛད་ཚུལ་ནི། དེ་ཡང་སྔགས་པ་གྲྭ་ཚང་ལ་གྲྭ་གྲངས་བརྒྱད་ཅུ་ཙམ་ཡོད། དེ་དག་ཚང་མས་སྲུང་མའི་བསྐལ་གསོལ་ཆ་ཚང་དང་འཇིགས་བདེ་གསང་གསུམ་གྱི་བསྐྱེད་རྫོགས་ཀྱི་ཆོ་ག་ཡོངས་རྫོགས་བློ་འདོན་ཕེར་བ་ཞིག་དགོས། དེ་དག་ལ་དགོན་སྤྱིའི་སྐུ་རིམ་པ་ཉི་ཤུ་རྩ་ལྔ་འདེམས་དགོས། དེ་རྣམས་ལ་ཧོར་བླ་ཉེར་ལྔ་ཟེར། དེ་འདྲའི་མཚན་ཆགས་དོན་ནི། སྔོན་ཧོར་བྲག་འགོའི་དཔོན་གྱི་སྐུ་རིམ་སྒྲུབ་མཁན་གྱི་བླ་མ་ཡིན་པས་དེ་ལྟར་ཐོགས་པའོ། ཧོར་བླ་ཉེར་ལྔའི་གྲལ་དུ་ཚུད་པའམ་འོས་འཚམས་ཀྱི་ཆ་རྐྱེན་ནི། ཡིད་དམ་རྡོ་རྗེ་འཇིགས་བྱེད་དང་དཔལ་རྟ་མགྲིན་གཉིས་ཀྱི་དབང་ལུང་ཚད་ལྡན་མནོས་ཤིང་བསྙེན་སྒྲུབ་མཐར་ཚགས་གནང་དགོས་པ། ཐ་ནའང་བསྙེན་སྒྲུབ་ལས་རུང་ངེས་གནང་ཡོད་པ་ཞིག་དགོས། དེ་དག་གི་ལོ་ལྟར་འཚོགས་དགོས་པའི་དུས་མཆོད་ནི། ཟླ་བ་དང་པོའི་ཚེས་ཉེར་དགུ་གནམ་གང་། ཟླ་བ་གཉིས་པའི་ཚེས་གཅིག་བཅས་ཉིན་གསུམ་གྱི་རིང་ལ་དགོན་གནས་འདིའི་རྟེན་གསུམ་སོགས་ལ་ལྷ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཕྱག་སྲོལ་ལྟར། རབ་གནས་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་རབ་གནས་འཚོགས་དགོས། ཡིད་དམ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་ཆོག་ལ་བརྟེན་ཏེ་སྦྱོར་དངོས་རྗེས་གསུམ་ཚང་ཞིང་ཞི་རྒྱས་ཀྱི་སྦྱིན་སྲེག་དང་བཅས་ཚད་ལྡན་འཚོགས་དགོས། ཟླ་བ་གཉིས་པའི་ཚེས་བཅུ་ནས་བཅོ་ལྔའི་བར་རྒྱུད་སྨད་གྲྭ་ཚང་གི་ཕྱག་བཞེས་ལྟར། དཔལ་གསང་བ་འདུས་པའི་སྒྲུབ་ཆོག་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་[page 432] བཞི་ལེན་པའི་ཆོ་ག་སྦྱིན་སྲེག་དང་བཅས་པ་ཉིན་དྲུག་ལ་འཚོགས་དགོས། ཟླ་བ་གསུམ་པའི་ཚེས་གཅིག་ནས་ཚེས་དགུའི་བར་དུ་རྡུལ་ཚོན་གྱི་དཀྱིལ་ཆོག་བསྒྲུབས་ཏེ། ཚེས་བཅུ་ནས་བཅུ་གཉིས་བར་དུ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཆོག་སྦྱིན་སྲེག་དང་ཚོགས་འཁོར་བཅས་ཆོ་ག་ཚད་ལྡན་འཚོགས་དགོས། ཟླ་བ་བཞི་པའི་ཚེས་གཅིག་ནས་ཡིད་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཆོག་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེས་བརྒྱད་ནས་ཉེར་དྲུག་བར་ཡིད་དམ་གྱི་བདག་འཇུག་འཚོགས་དགོས། ཟླ་ལྔ་བའི་ནང་། བཅོམ་ལྡན་འདས་གདུགས་དཀར་མོ་ཅན་གྱི་སྒོ་ནས་གཏད་རུལ། གཏད་དཀྲུགས། བཟློག་མདོའི་ཞི་དྲག་གི་སྦྱིན་སྲེག། ཟོར་འཕེན། ཟོར་འཆམ། གཏོར་རྒྱག་དང་ཀླུ་དང་ས་བདག་གཤེགས་གསོལ་བཅས་ཀྱི་ཆོ་ག་ཆ་ལག་དང་བཅས་པ་ཚད་ལྡན་ཉིན་དྲུག་གི་ཡུན་ལ་འཚོགས་དགོས། ཟླ་བ་བདུན་པའི་ཚེས་བདུན་ནས་དབུ་བཟུང་སྟེ་རྡུལ་ཚོན་བླུགས་ཏེ་ཚེས་བརྒྱད་ནས་བཅུ་དྲུག་གི་བར་ཀུན་རིག་གི་བདག་འཇུག་འཚོགས་ནས་དབང་དང་སྦྱིན་སྲེག་བཅས་གྲུབ་དགོས། ཟླ་བདུན་པའི་ཚེས་བཅུ་དགུ་ནས་ཉེར་དྲུག་བར་དུ་སྨན་བླའི་རྡུལ་ཚོན་ལ་བརྟེན་ནས་འཚོགས་དགོས།

འདི་དང་དུས་མཚུངས་སུ་མ་ཎིའི་བུམ་སྒྲུབ་ཀྱི་ཚུལ་དུ་རིལ་བུ་བསྒྲུབ་དགོས། དགོན་སྤྱིའི་སྟོན་སྲུང་ཟེར་བའི་སེང་གདོང་རིགས་ལྔའི་སྒོ་ནས་སྒྲུབ་ཉིན་བཞི། གཏང་རགས། གཏོར་རྒྱག་བཅས་ཡོད། ཟླ་བ་དགུ་པའི་ནང་། རྒྱལ་ཆེན་སྐུ་ལྔའི་སྒོ་ནས་ལས་བསྒྲུབ། བསྒྲལ་འཆམ། གཏོར་རྒྱག། ཟོར་འཕེན་ལས་མཐའ། ཞི་དྲག་གི་སྦྱིན་སྲེག་བཅས་ཀྱི་ཆོ་ག་རྒྱས་པ་འཚོགས་དགོས། ཟླ་བ་བཅུ་གཉིས་པའི་ཚེས་ཉེར་དགུ་དང་སྨོན་ལམ་ཆོ་འཕྲུལ་སྐབས་སུ་ཞི་དྲག་གི་གར་འཆམ་ཀྱང་རྒྱས་ཙམ་ཡོད། དེའི་སྐབས་སུ་དགེ་འདུན་འདུས་སྡེ་ཆེན་མོའི་ཞལ་གྲངས་ནི་ཆིག་སྟོང་དགུ་བརྒྱ་ལྷག་ཙམ་ཡོད། དེ་དག་གིས་ཆོས་སྒོ་སྤེལ་ཡུལ་ནི། དགོན་པ་སྤྱིས་བཞེངས་པའི་འདུ་ཁང་ཆེན་མོ་དང་། དཔོན་དང་སྡེ་སར་གྱིས་བཞེངས་པའི་གཙུག་ལག་ཁང་ཆེན་མོ། སྔགས་པ་གྲྭ་ཚང་དང་མཚན་ཉིད་གྲྭ་ཚང་སོ་སོའི་འདུ་ཁང་། ལྷ་སྡེ་ཤོག་པ་བཞིའི་སོ་སོའི་ཁང་ཚན་སོགས་ཡོད། དེ་དག་གི་སྟེང་འོག་ཀུན་ཏུ་བླ་བྲེ་དང་། རྒྱལ་མཚན་དང་། འཕར་འཕུར། ལྡ་ལྡི་དང་ནོར་བུའི་དྲྭ་བ་ལ་སོགས་པས་མཛེས་པར་བརྒྱན་པ། ཡང་ཐོག་ཏུ་གསེར་གྱི་ཏོག་དང་། ཐུག་རྒྱལ་མཚན། རྒྱལ་ཕིབས་དང་། གཉྫིར། ཆོས་འཁོར། རི་དྭགས་སོགས་ཀྱི་མཛེས་འོད་རྣམ་པར་འཕྲོ་བ་ཁང་རིམ་སོ་སོའི་ཕུགས་ནོར་དུ་བླ་མ་ཡིད་དམ་ཆོས་སྐྱོང་སོགས་ཀྱི་སྐུ་བརྙན། ལྷ་དང་མི་ཡི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བྱིན་རླབས་ཀྱི་གཟི་འོད་འབར་བའི་སྐུ་རྟེན་སྣ་ཚོགས་དང་། གསེར་དངུལ་མཚལ་སྣང་གི་བྲིས་པའི་འཕགས་བོད་ཀྱི་གསུང་རབ་སྣ་ཚོགས་དང་། སྐུ་གདུང་དང་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་སྡོང་སོགས་རྟེན་གསུམ་རིན་ཐང་གཞལ་དུ་མེད་པས་བཀང་ཞིང་མཆོད་པའི་ལྷ་རྫས་བསམ་གྱིས་མི་ཁྱབ་པས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་སྤྲོས་པ་དང་། དེ་དག་གི་མཐའ་སྐོར་དུ་སྤྱི་གཉེར་ཁང་དང་སྡེ་གཉེར་ཁང་སོགས་སྤྱི་ཁང་གྲངས་མང་དང་གྲྭ་ཤག་སྟོང་ལས་བརྒལ་བ་བཅས་མཐོ་རིས་ལྷ་ཡི་དགའ་[page 433] ཚལ་ས་ལ་འཕོས་པའི་སྣང་བ་སྟེར་ནུས་པ་ཞིག་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད་པས་སེམས་ཅན་བསོད་ནམས་ཀྱི་འབྲས་བུ་གཡུར་དུ་ཟ་བ་ཞིག་བྱུང་ན་ཡང་། ངོ་རྒོལ་བཞི་པ་དང་རིག་གསར་ཞེས་པའི་ཐན་རླུང་དྲག་པོ་ཞིག་བསྐྱོད་དེ་གཙུག་ལག་ཁང་སོགས་རྟེན་དང་བརྟེན་པར་བཅས་པ་མིང་གི་ལྷག་མར་བྱས་སོ། རེ་ཞིག་དེ་ལྟ་བུའི་དུས་ཀྱི་དབང་དུ་སོང་ནའང་སྤྱི་ལོ་1981ལོ་རབ་བྱུང་བཅུ་དྲུག་པའི་ས་ལུག་ལོར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཡང་དག་པའི་སྲིད་ཇུས་དཔྱིད་ཀྱི་དཔལ་ཡོན་ཡོངས་སུ་བཞད་པའི་དུས་དང་བསྟུན་དགོན་པ་རྣམས་རིམ་བཞིན་བསྐྱར་བཞེངས་ཆོག་པའི་བཀའི་གནང་བ་སྤྱོ་བོར་ཕེབས་པར་བརྟེན། སྤྲུལ་སྐུ་ནོར་བུ་དྲི་མེད། དཔལ་མགོན་སྤྲུལ་སྐུ་སོགས་ཀྱིས་གཙོགའགན་བཞེས་ནས་སེང་ལྡེང་རི་ཁྲོད་ཀྱི་ཀེའུ་ཚང་རིན་པོ་ཆེའི་བཞུགས་གནས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཐོག་མར་གསར་བཞེངས་བྱས། སྤྱི་ལོ་1984ལོ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་བྱི་བའི་ལོ་ཟླ་བཅུ་པའི་ཚེས་བརྒྱད་ལ། ཁྲི་སྤྲུལ་བྱམས་པ་ཆོས་གྲགས་བསྟན་དེ་དང་། སྐུ་ཞབས་བྱམས་པ་ཐུབ་བསྟན་རིན་ཆེན། ཁྲི་པ་དགེ་བཤེས་ཨ་རྡོར། དགེ་བཤེས་ཡེ་ཤེས་དོན་འགྲུབ། དབུ་མཛད་མཇམ་དབྱངས། གྲྭ་ཚང་དབུ་མཛད་དགོན་པ་སྐྱབས་སོགས་གཙོས་པའི་གྲྭ་རྒན་གཞོན་ཡོངས་རྫོགས་དང་དད་ལྡན་མང་ཚོགས་རྣམས་ཀྱི་སྐུ་ཚེགས་དད་དཔལ་འབྱོར་གྱི་ཐེབས་རྩ་ཕུལ་ནས་མདོ་ཁམས་ཟལ་མོའི་སྒང་རྒྱུད། ར་གསོ་བཀྲ་ཤིས་སྨན་གྱི་རིར། ཕུག་ན་འགྱུར་མེད་ཀྱི་ལྷ་རི་བརྗིད་ཆགས་པ། བར་ན་ལྗོན་ཤིང་གི་དྲྭ་བ་ལྷུན་འཐུག་པ། མདུན་ན་གཡང་ཞགས་ཀྱི་ཆུ་གཉིས་དལ་བར་རྒྱུ་བ། ཤར་ཕྱོགས་ཉི་ཟླའི་གསང་ལམ་ཡངས་ཤིང་། རྔམ་བརྗིད་རྒྱ་སྟག་ཁྲ་བོ་འགྱིང་བས། མཁས་པའི་དབང་པོ་རྒྱུན་མི་ཆད་པར་འབྱུང་ས། ལྷོ་ཕྱོགས་རིན་ཆེན་སྤུངས་འདྲའི་རི་བོ་བརྗིད་ཉམས་ལྡན་ཞིང་གཡུ་འབྲུ་གྱེན་ལ་འགྲོ་བས་མཛད་མེད་ཆོས་དང་ནོར་གྱི་དངོས་གྲུབ་རྒྱས་པ། ནུབ་ཕྱོགས་དབང་གི་ཡོལ་བ་མཐའ་ནས་བྲེས་ཤིང་རྨ་བྱའི་ཟློས་གར་བསྒྱུར་བས། ཆེ་དགུའི་རལ་བས་གུས་འདུད་དང་བསྙེན་བཀུར་ཞུ་ས། བྱང་ཕྱོགས་རི་བོའི་འགག་སྒོ་བསྣོལ་མར་བསྡམས་ཤིང་རུ་སྦལ་རྔམ་བརྗིད་ཆེ་བས། མ་རུང་དགྲ་སྡེའི་འཚེ་བའི་རྒྱུ་འགྲུལ་གཅོད་པ། གཞན་ཡང་མཚམས་བཞིར་བཀྲ་ཤིས་རྟགས་བརྒྱད་དང་། ས་ལ་པདྨ་འདབ་བརྒྱད། གནམ་ལ་འཁོར་ལོ་རྩིབས་དགུ་སོགས་ས་དཔྱད་ཀྱི་ཡོན་ཏན་ཡོངས་སུ་ཚང་བའི་གནས་མཆོག་ཁྱད་པར་ཅན་དེར། ཧོར་བྲག་འགོ་དགོན་དགའ་ལྡན་རབ་བརྟན་རྣམས་རྒྱལ་གླིང་གི་གཙུག་ལག་ཁང་གི་རྨང་ཐོག་མར་བཏིང་།

སྤྱི་ལོ་1986རབ་བྱུང་བཅུ་དྲུགཔའི་མེ་སྟག་ལོའི་ཧོར་ཟླ་8ཚེས་8ཉིན་ལ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་དགོན་འདིར་ཕེབས་ནས། རྟེན་འབྲེལ་ལེགས་ལམ་གྱི་སྒོ་དབྱེད་མཛད་ཅིང་། མཚན་དང་དཔེ་བྱད་ཀྱི་གཟི་འོད་ཡོངས་སུ་འབར་བའི་སྐུའི་དཀྱིལ་འཁོར། རིན་པོ་ཆེའི་ཁྲི་རུ་བཞུག་སུ་གསོལ་ནས་ནང་བའི་དཀར་ཆོས་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་འགྲོ་[page 434] སོགས་ཀྱི་ལྗགས་ལུང་དང་། ཆོས་སྲིད་ཀྱི་བསླབ་བྱ་དམ་ཆོས་ཀྱི་སྙིང་པོ་ཅན་དག་རྣ་བའི་བདུད་རྩར་བསྩལ་བས། གདུལ་བྱ་རྣམས་བདེ་སྐྱིད་རྫོགས་ལྡན་གསར་བའི་དཔལ་ལ་རོལ་བ་བྱུང་ངོ་།

དེ་ནས་རིམ་བཞིན་གོང་རིམ་གྱི་རྒྱབ་སྐྱོར་དང་བཀོད་འདོམ་ལ་བརྟེན་ནས་སེར་སྐྱ་ཡོངས་ཀྱི་ནུས་ཤུགས་ཡོད་

དགུ་བཏོན་ནས་རྒྱ་ཁྱོན་ཀ་ཐག་གྱ་བརྒྱད་ཅན་གྱི་གཙུག་ལག་ཁང་དང་། ཀ་ཐག་ཞེས་དགུ་ཅན་གྱི་ཇོ་ཁང་དང་། ཀ་ཐག་ཉེར་དགུ་ཅན་གྱི་སྔགས་ཁང་བཅས་ཀྱི་ཐོག་རྩེག་དང་བཅས་པ་གསར་གྲུབ་བྱུང་ཟིན། དེ་དག་གི་ནང་དུ་

བླུག་མའི་གསེར་སྐུ་བརྒྱ་ཕྲག་ལྷག་དང་། སྨན་འཇིམ་གྱི་སྐུ་བརྙན་བཅུ་ཕྲག་བཞི་ལ་ཉེ་བ་དང་། དུས་འགྱུར་ཆེན་

ཆེན་མའོ་སྐབས་སུ་སྔགས་པ་དབུ་མཛད་དཔལ་ལྡན་དངོས་གྲུབ་དང་མགར་བ་ཚེ་རིང་དོན་འགྲུབ་སོགས་ཀྱིས་

བསྟན་དོན་སྤྱི་བོ་བཅིངས་ཤིང་སྐུ་སྲོག་འབེན་དུ་བཙུགས་ཏེ་ལྐོག་ཉར་གནང་བའི་ཞལ་ཐང་རྒྱན་དྲུག་མཆོག་ཉིད་དང་དཔག་བསམ་འཁྲི་ཤིང་སོགས་ཀྱི་ཞལ་ཐང་འགའ་དང་། སྦུབ་ཆལ་དང་སིལ་སྙན་སོགས་རོལ་མོའི་རིགས་ཀྱི་

རྟེན་རྙིང་དུ་མ་དང་། མཚལ་སྣག་གི་སྦར་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་ནི་བདེནབཞིའི་གྲངས་སུབཞུགས་པ་དང་། སྐྱེས་ཆེན་དུ་མའི་སྐུ་གདུང་མཆོད་རྟེན་སོགས་བཞུགས་སུ་གསོལ་ནས། མཆོད་པའི་རྫས་གྱ་ནོམ་པ་མང་དུ་བཀྲམ་ནས་མཉེས་པར་བྱེད་པའོ། ད་ལྟའི་བྲག་འགོ་དགོན་པའི་བསྟན་བདག་གཙོ་བོ་ནི་ཁྲི་སྤྲུལ་བྱམས་པ་ཆོས་གྲགས་བསྟན་དར་ཡིན། སྐུ་ཉིད་ཀྱིས་བསྟན་པའི་ཉམས་གསོ་ལ་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་འཁོར་མེད་བསྐྱང་ཚུལ་སོགས་ཀྱི་རྣམ་མཐར་མཐའ་ཡས་ཀྱང་། གོང་དུ་མཚོན་ཙམ་ཞུས་གྲུབ་པ་དང་། དེ་མིན་ཁོང་གི་རྣམ་ཐར་ཞིག་ལོགས་སུ་བྲིས་ཡོད་པས་དེ་རྣམས་སུ་སྤྱན་ཟུང་གཟོ་བ་ལས་འདིར་བསྐྱར་ཟློས་ཀྱི་ངལ་བ་མ་བྱས་པའོ། ཁྲི་པ་དགེ་བཤེས་བློ་བཟང་དོན་གྲུབ་ནི། དགུང་གྲངས་བཅོ་བརྒྱད་ཐོག་ལྷ་ལྡན་དུ་ཕེབས་ནས། འབྲས་སྤུངས་བློ་གསལ་གླིང་གི་གྲྭ་སར་ཞུགས། དགེ་བའི་བཤེས་གཉེན་ཚུལ་ཁང་བླ་མ་འཇམ་དཔལ་ཕྲིན་ལས་ཡོན་ཏན་རྒྱ་མཚོ་དང་། གྲུབ་དབང་བྱ་བྲལ་བ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་ཚེ་དབང་ནོར་བུ། དགེ་བཤེས་ཡེ་ཤེས་ཐུབ་བསྟན་སོགས་གཙོས་པའི་བཤེས་མཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ། འཕགས་བོད་ཀྱི་གསུང་རབ་རྣམས་ལ་གསན་བསམ་རྒྱ་ཆེར་བཞེས། འཇམ་དབྱངས་དགུན་ཆོས་སྐབས་སུ་གདན་ས་གསུམ་གྱི་དབུས་སུ་སྔ་རྒོལ་དང་ཕྱི་རྒོལ་གྱི་ཚུལ་བཞེས་ཏེ། མི་འཇིགས་ལུང་རིགས་ཟབ་མོའི་མགྲིན་རྔ་ཅིར་ཡང་འཁྲོལ་བས་མཁས་པའི་གྲགས་པ་འབར། སློབ་བུའི་ཚོགས་ཀྱང་མང་དུ་བསྐྱངས་མང་དུ་བསྐྱངས་བས་ད་ལྟ་རྒྱལ་ཕྱི་ནང་དུ་གཞུང་ལུགས་རབ་འབྱམས་སྨྲ་བ་མངའ་དབང་འབྱོར་བ་མང་དུ་བཞུགས། རང་ཡུལ་མདོ་ཁམས་སུ་ཕེབས་རྗེས། སྔ་རྟིང་དུ་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་། ཞིང་ཆེན་ནང་བསྟན་སློབ་གླིང་སོགས་སུ་ཕེབས་ནས་ལེགས་བཤད་ཀྱི་ཆོས་སྦྱིན་མང་དུ་བསྩལ། སྒོས་སུ་དགོན་པ་འདི་ཉིད་ཀྱི་གྲྭ་གཞོན་རྣམས་ལ་སློབ་ཁྲིད་གནང་བ་དང་། ཆོས་གྲྭ་རྒྱུན་འཛུགས་ཀྱི་ཐེབས་རྩ་ཕུལ་ནས[page 435] ཐོག་མའི་གཞི་བསླངས། བསྟན་པའི་གཞི་རྩ་སོ་སོར་ཐར་བའི་སྡོམ་པ་འབོག་པ་སོགས་བསྟན་འགྱུར་བསྲིང་བའི་ཕྲིན་ལས་ཀྱི་འཇུག་པ་ཤིན་ཏུ་ཡངས། ཁྱད་པར་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དབུ་བཞུགས་བསྟུད་མར་ལོ་བདུན་གནང་སྟེ། སེར་སྐྱ་ཡོངས་རྫོགས་ལ་སྐྱེས་རབས་སོ་བཞི་པ་དང་། སྤྱོད་འཇུག་ལམ་གཙོ་སོགས་ཀྱི་བཀའ་ཁྲིད་གནང་བ་མ་ཟད་སྨོན་ལམ་སྐབས་ཀྱི་དད་རྫས་འབུལ་སོན་བྱུང་བ་རྣམས་ཀྱང་ལྷ་ལུས་མེད་པར་དགོན་པའི་སྤྱི་སོར་གནང་བ་དང་། རྒྱུན་དུ་གཤིན་པོའི་སྐྱབས་རྟེན་གྱི་རྒྱུ་རྫས་འབུལ་ཡོན་གང་བྱུང་ཐམས་ཅད་དགོན་སྤྱིར་ཕུལ་བ་སོགས་སྐུ་སྒེར་གྱི་དོན་ལ་ལྟོས་པ་མེད་པར་རྒྱལ་བསྟན་སྤྱིའི་ཞབས་ཏོག་ཏུ་བསྙེན་བཀུར་གྱི་མཛད་པ་བཞེས་བཞིན་པ་ལོ། གཞན་ཡང་བྱིངས་འདྲེན་ཆེན་མོ་འཇམ་དབྱངས་ལགས་ཀྱིས། སྐད་ཀྱི་གདངས་མཐོ་བ། བརྗོད་པའི་སྒྲ་དག་པ། དབྱངས་ཀྱི་འགྱུར་སྙན་པ་སོགས་ཀྱིས་ཚོགས་མང་གི་དབུ་འདྲེན་པའི་བཀའ་དྲིན་བསྩལ་བར་མ་ཟད། གཙུག་ལག་ཁང་དང་ཇོ་ཁང་། སྔགས་ཁང་སོགས་ཀྱི་ཕྱིའི་བཟོ་དབྱིབས་ནང་གི་མཛེས་རྩལ་ཀྱི་ཇུས་འགོད་གནང་ཞིང་། དེ་ལྟར་དུ་སྐུ་ཉིད་ཀྱི་སྐུ་ཚེགས་བཏོན་ནས་ནང་གི་ཤིང་ཀོ་ཆེ་ཕྲ་ཚང་མའི་གཙོ་འགན་བཞེས་ནས་ལེགས་གྲུབ་གནང་། དེ་མིན་ནང་རྟེན་དུ་སངས་རྒྱས་བྱང་སེམས་ཡིད་དམ་ཆོས་སྐྱོང་སོགས་ཀྱི་སྐུ་བརྙན་འབྱོན་སྒྲོས་ཤིང་སྤུས་ལེགས་པ་བཅུ་ཕྲག་བཞི་ལ་ཉེ་བ་སྨན་འཇིམ་གྱི་བཞེངས་བསྐྲུན་གན་ཐོག དད་ལྡན་མང་ཚོགས་ནས་སྦྱིན་བདག་ཞུས་ཏེ་བཞེངས་ཡོན་ཕུལ་བ་རྣམས་ཀྱང་ལྷག་ལུས་མེད་པར་དགོན་པའི་སྤྱི་སོར་གནང་བ་སོགས་རྒྱུ་ཚེགས་གཉིས་ཀྱིས་དགོན་པ་བསྐྱར་བཞེངས་ཀྱི་གཞི་རྐང་བཟུང་བ་སོགས་བསྟན་པ་སླར་གསོའི་ཞབས་འདེགས་ལ་བསམ་བརྗོད་ལས་འདས་པའི་ཕྱག་རྗེས་བཞག་ཡོད། དེ་དག་གི་གཙོས་པའི་གྲྭ་རྒན་གཞོན་བདུན་བརྒྱ་ཙམ་གྱིས་དགོན་པའི་ཕྱི་ནང་གི་གསར་སྐྲུན་ལ་ཤུགས་སྣོན་ཅི་ནུས་དང་ཚོགས་དུས་མཆོད་ཀྱང་སྔར་སྲོལ་ལྟར་རྒྱས་པ་དང་། རྒྱུན་འཛུགས་ཀྱི་ཆོས་གྲྭ་རྣམས་སུ་ཞུགས་ནས་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་སྒོ་ནས་བསྟན་པའི་ཞབས་ཏོགས་སྒྲུབ་པ་ལ་འབད་འབུངས་ལྷོད་མེད་མཛད་བཞིན་པའི་སྒང་དང་། དགོན་པ་སྤྱི་གཞུང་ནས་རླངས་འཁོར་ཆེ་ཆུང་གསུམ་དང་ཚོང་ཁང་གཅིག་བཅས་བདག་གཉེར་བྱས་ནས་རང་ཁ་རང་གསོའི་ལམ་སྲོལ་ལག་བསྟར་ཅི་འཁྱོལ་དང་། དེ་མིན་དགུན་ཁའི་དུས་སུ་ཟླ་བ་གཉིས་ལ་ཉེ་བའི་ཡུན་ལ་གྲྭ་གཞོན་རྣམས་ལ་སློབ་གྲྭ་བཙུགས་ཏེ། འབྲི་ཀློག་དང་བརྡ་སྤྲོད་རིག་པའི་སྐོར་གྱི་དཔེ་ཁྲིད་ལོ་ལྟར་ཆད་མེད་གནང་བཞིན་པ་སོགས་མདོར་ན་རྒྱལ་བའི་བསྟན་པ་ཉམས་པ་རྣམས་སོར་ཆུ་དང་། མི་ཉམས་གོང་འཕེལ་དུ་འགྲོ་བའི་ཐབས་རྩ་ལག་དང་བཅས་པ་སྤྱོད་བཞིན་པ་ལགས་སོ།། ཞེས་པའང་ཏྲེ་ཧོར་ཕྲིན་ལས་དོན་གྲུབ་ཀྱིས་སྡུད་སྒྲིག་བྱས་པའོ།།

མཁར་གཉལ་དགོན་གྱི་ལོ་རྒྱུས།

[page 436] ཤར་མཁར་གཉལ་བཀྲ་ཤིས་བདེ་ཆེན་གླིང་ནི། མདོ་སྨད་ཏྲེ་ཡུལ་སྙི་མཁར་གཉལ་ཞེས་པའི་དབུས་ཀྱི་ས་དེར་ཆགས་ཡོད། དགོན་གཞི་འདི་དང་ཐོག་ཏུ་མཁར་གཉལ་རུ་ཆགས་མེད་པར་ཁྲི་ཐོག་ཞེས་པའི་ས་ལ་ཆགས་ཡོད། ཆོས་སྲོལ་ནི་ས་སྐྱ་བ་ཡིན་ཟེར་བ་དང་། དེ་དུས་ཀྱི་རྟེན་རྙིང་ཡིན་ཞེས་འགྲོ་མགོན་ཆོས་འཕགས་ཀྱི་སྐུ་ལི་མ་གཅིག་དང་། ཚངས་པའི་ཆོས་སྒྲ་ཞེས་པའི་དུང་དཀར་གཅིག་ཡོད་པ་བཅས་ཀྱིས་ས་སྐྱ་བ་ཡིན་ཞེས་གཏམ་རྒྱུད་ཙམ་ལས་ཆགས་བཏབ་མཁན་གྱི་བླ་མ་དང་། ལོ་ཟླ་དུས་ཚོད་སོགས་ནི་ཁུངས་ལྡན་ཅི་ཡང་རྩད་མ་ཆོད། དགོན་ཤུལ་ད་ལྟའང་ཡོད། བོད་རབ་བྱུང་བཅུ་གཅིག་པའི་ནང་རྒྱལ་མཆོག་ལྔ་པ་ཆེན་པོའི་བཀའ་ལྟར། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་གྱིས་མདོ་ཁམས་སྨད་ཕྱོགས་སུ་དགེ་ལུགས་པའི་དགོན་སྡེ་བཅུ་གསུམང་འཛུགས་སྐབས། གོང་གི་ས་སྐྱ་དགོན་པ་དེར་སྙི་ཁོག་ལུང་པའི་སྐྱེ་བོ་ཡོངས་དང་། ཏྲེ་ཧོར་ས་སྐྱོང་ཡབ་སྲས། ས་སྐྱའི་ཆོས་སྲོལ་འཛིན་པའི་དགེ་འདུན་བཅས་ཀྱིས་དགེ་ལྡན་པར་བསྒྱུར་རྒྱུའི་ཡིད་བབ་བྱས་ཏེ་ཧོར་ཆོས་རྗེ་ལ་ཕུལ་སྐད། ཧོར་ཆོས་རྗེ་ནས་དགོན་པ་དེ་སྤོ་གནང་མཛད་རྒྱུ་དགོངས་ཏེ་དཔྱད་མཛད་སྐབས། སྦས་ཡུལ་ས་ཡི་ཐིག་ལེ། གཡས་རི་རྨ་བྱ་ཆུ་འཐུང་ལ། ཡིད་བག་ཕེབས་ཀྱི་སྒྲོ་གུར་ཕུབ་འདྲ། གཡོན་རི་དགོས་འདོད་འབྱུང་བའི་འཛམྦྡ་ལ་ལྟ་བུ། རྒྱབ་རི་དུང་དཀར་འཁྱིལ་པ་དགེ་འདུན་འཚོགས་བརྡ་བྱེད་འདྲ། མདུན་རི་མཎྜལ་ལྟ་བུ་ལ། གདུལ་བྱས་བསྙེན་བཀུར་ཕུལ་འདྲ། སྙི་ཀླུང་དགའ་བ་འཁྱིལ་རིས་ལ། མདུན་ས་ཡར་ངོའི་ཟླ་བ་ཚེས་འདྲ། ཞིང་ས་གཤིན་ལ་འབྲུ་སྣ་སྨིན་པ། དུས་བཞིར་སྔོ་ལྗང་གི་ཁ་མདོག་མི་འགྱུར་བའི་ནགས་ཚལ་ཐགས་སུ་བཀྲ་བ་ལ། འདབ་ཆགས་དུ་མས་སྐད་སྙན་འབྱིན་པ། རི་དྭགས་དང་གཡུང་དྭགས་འདྲེས་ས། རྩ་ཆུ་སོགས་མཐུན་རྐྱེན་དགེ་མཚན་ཡོངས་སུ་ཚང་བའི་དབུ་སུ་གཉིས་འཐུང་དབང་པོའི་ཡན་ལག་མཆོག་གི་སྤྱི་གཙུག་དེར་རྟེན་འབྲེལ་བཟང་བའི་ས་དབྱིབས་སུ་དགོན་པ་འདི་ཉིད་ཆགས་བཏབ་ནས། མཚན་ལ་བཀྲ་ཤིས་བདེ་ཆེན་གླིང་ཞེས་གསོལ། དགོན་ཆགས་ས་དེ་ཁར་དེའི་གཉའ་རུ་ཡོད་པས་བསྡུས་མིང་དུ་མཁར་གཉལ་དང་། མཁར་གཉའ་དགོན་ཞེས་ཟེར། ཆགས་བཏབ་མཁན་ཧོར་ཆོས་རྗེ་ཡིན། དགོན་བཏབ་པའི་དུས་ནི་བོད་རབས་བྱུང་བཅུ་གཅིག་པའི་ཆུ་མོ་ཡོས་ཀྱི་ལོ་དང་། སྤྱི་ལོ་ལྟར་ན་1663ལོ་ལ་བཏབ། བཏབ་སྔ་ཕྱིའི་ཨང་གྲངས་དྲུག་པ་ཡིན་སྐད།

རྟེན་གྱི་ཐོག་མར། རྒྱལ་མཆོག་ལྔ་པའི་ཤངས་མཚལ་ལས་བཞེངས་པའི་ལྷ་མོའི་རྟེན་ཐང་བྱིན་རླབས་ཅན་གཅིག་དང་། འཕགས་པའི་སྒམ་དྲིལ་གཅིག དགོན་སྡེ་བཅུ་གསུམ་གྱི་གྲངས་ཀ་དང་གོ་རིམ་གྱི་ཐོ་[page 437] ཡིག་རེ། དགེ་འདུན་པ་ལ་ཁྲིམས་སུ་བཅའ་བའི་བཅའ་ཡིག་རེ་བཅས་ཧོར་ཆོས་གནང་བ་ཡིན། ད་ལྟའང་རྟེན་ཐང་དང་། སྒམ་དྲིལ། བཅའ་ཡིག་གསུམ་པོ་ཡོད།

ལུགས་གཉིས་ཀྱི་འགན་དབང་དང་གྲྭ་རྒྱུན་རྣམས་ཀྱི་སྐོར། ཡུལ་འདིར་མི་རྒྱུད་ཆགས་ནས་བཟུང་ཏྲེ་ཧོར་རྗེ་དབོན་རིམ་པའི་མངའ་འབངས་སུ་ཡིན་སྟབས་སྐབས་འདིའི་དུས་སུའང་ཧོར་སེ་ཆེན་གོང་མའི་གདུང་རྒྱུད་ཧོར་སྲས་ངག་དབང་གྲགས་པ་དང་། སྲས་འཕྲིན་ལས་འཇིགས་མེད་ཡབ་སྲས་ཀྱིས་བྱང་སྙི་ཁོག་གི་སྟོད་འུ་ཅག་བརྒྱད་ཅུའི་གྲོང་ཚོ་མན། སྨད་ཝ་ལོའི་ལུང་ཆུང་གདོང་ཡན། ཕྲིར་ལྗགས་རོང་བརྒྱད་ཅུ་ཤོག་པ་དང་ལྗགས་ཀྱི་ཕ་ཝོང་དཀར་པོ་ཚུན་ཁོང་གི་འབངས་སྡེ་དང་མངའ་ཁོངས་ཡིན་པས་གྲྭ་རྒྱུན་ཡང་ཁྱིམ་ཚང་གཅིག་ལ་བུ་གཉིས་བྱུང་ཚེ་གཅིག་ཁྲལ་སྡེ་དང་། གཅིག་བཀྲ་ཤིས་བདེ་ཆེན་གླིང་གི་གྲྭ་པ་བྱེད་རྒྱུའི་གཏན་འབེབ་མཛད། དེའི་སྔོན་གྱི་དུས་ནས་སྙི་སྟོད་སྨད་དུ་ཏྲེ་ཧོར་གྱི་འཐུས་ཚབ་ཀྱི་མི་དཔོན་རེ་ཡོང་ནས་དཔྱ་ཁྲལ་བསྡུ་རྒྱུ་དང་། རང་སྡེའི་སོ་ཁ་བསུང་རྒྱུ། ཕྱི་དགྲ་ནང་གྱོད་གང་ལའང་འགན་བླངས་ཀྱིན་ཡོད་པར། དགོན་པ་བཏབ་ནས་ཟུང་བླ་དཔོན་ཆོས་སྲིད་ཟུང་གི་དབང་ཆ་ཡོད་པ་འཇོན་ཐང་ལྡན་པའི་དཀའ་རབ་འབྱམས། སྔགས་རབ་གང་རུང་ཞིག་ལྕོག་རི་དགོན་ནས་བསྐོ་བཞག་གིས་མཁར་གཉའ་བདེ་ཆེན་གླིང་གི་ཁྲི་པ་དང་། སྙི་ཁོག་སྡེ་པ་ཡོངས་ཀྱི་སྲིད་དབང་བཟུང་འབྲེལ་དུ་འཛིན་དགོས་པའི་སྲོལ་བཏོད་པ་དང་། སྙི་སྨད་རྒྱ་མདའ་རུ་སྔར་བཞིན་ཆུས་དཔོན་ཞེས་པའི་མི་སྐྱ་རེ་ལས་བླ་མ་བསྡོད་མི་དགོས་པ་སོགས་དང་། སྙི་ཁོག་གི་ས་ཞིང་ཁྲལ་སྟོང་སོང་བ་འགའ་ཤས་དགོན་པར་འཚོགས་རྒྱུན་བཏང་ཐེབ་སྦྱོར་འཇག་དང་། ལུང་པའི་འདས་གསོན་གྱི་དགེ་རྩ་རིམ་གྲོ་སོགས་འོས་འཚམས་ཀྱི་གཏན་འབེབས་མཛད། འོན་ཀྱང་ཏྲེ་ཧོར་དཔོན་རབས་སྔ་ཕྱི་ཚོས་ཐག་བཅད་ཟིན་པའི་དམིགས་བསལ་གྱི་བྱ་བ་ལ་ཁག་ཐེག་མི་བྱེད་པ་སོགས་སོ།།

དགོན་གྱི་བཅའ་ཁྲིམས་སྐོར། སྐབས་དེ་དུས་གཏན་ལ་ཕབ་པའི་བཅའ་ཡིག་རྙིང་པ་དེ་ད་ལྟའང་ལྷག་ཡོད་པ་འདི་ལྟར།

༄༅།།ཨོཾ་སྭཱ་སྟི། གདོང་བཞི་པ་དང་ཆིག་སྟོང་ལྡན་པ་སོགས། །སྲིད་པ་གསུམ་ན་ཆེར་རློམ་མཐའ་དག་གིས། །གང་གི་ཞབས་མཐིལ་གཙུག་ཏུ་གུས་མཆོད་པ། །ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །བློ་ཆེན་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །བཟང་པོའི་མཛད་པས་ཐུབ་བསྟན་སྤེལ་བ་ལ། །བྱང་ཕྱོགས་བསུལ་ལྡན་ལྗོངས་སུ་ཟླ་བྲལ་བ། །རྗེ་བཙུན་བླ་མ་ཙོང་ཁ་པ་ལ་འདུད། །ཞེས་ཤིང་པར་བརྗོད་པའི་ཚིག་གིས་སྡུན་བསུས་ཏེ། དེའང་ཆོས་སྡེ་ཆེན་པོ་ཤར་བཀྲ་ཤིས་བདེ་ཆེན་གླིང་གི་ཁྲིམས་ཀྱི་བཅའ་བ་མདོ་ཙམ་བཀོད་པ་ལ། དེ་ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། བདེ་བ་ཐམས་ཅད་འབྱུང་བའི་གནས། བསྟན་པ་རྙེད་དང་བཀུར་བསྟི་དང་། བཅས་ཏེ་ཡུན་རིང་གནས་གྱུར་ཅིག ཅེས་གསུངས་པ་ལྟར་ལུས་ཅན་འགྲོ་བ་མཐའ་དག་གི་སྡུག་བསྔལ་མ་ལུས་པ་སེལ་བའི་སྨན་དང་།[page 438] བདེ་བ་ཐམས་ཅད་བྱུང་བའི་གནས་གཅིག་པུ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་ཡིན་ཞིང་། དེ་ལ་ཇི་སྐད་དུ། མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། ཞེས་གསུངས་པ་ལྟར་ལུང་རྟོགས་ཀྱི་བསྟན་པ་གཉིས་སུ་ཡོད་པའི་སྔ་མ་ནི། སྡེ་སྣོད་རིན་པོ་ཆེ་གསུམ་དང་། ཕྱི་མ་ནི་བསླབ་པ་རིན་པོ་ཆེ་གསུམ་དུ་འདུའོ། དེ་དག་འཇིག་རྟེན་གྱི་ཁམས་སུ་རྒྱས་ཤིང་ཡུན་རིང་དུ་གནས་པ་ནི། མངོན་པ་མཛོད་ལས། དེ་འཛིན་བྱེད་པ་སྨྲ་བྱེད་དང་། སྒྲུབ་པར་བྱེད་པ་ཁོ་ནའོ། ཞེས་གསུངས་པ་ལྟར་ལུང་གི་བསྟན་པ་ཉན་བཤད་དང་། རྟོགས་པའི་བསྟན་པ་སྒོམ་སྒྲུབ་ཀྱི་སྒོ་ནས་འཛིན་པར་བྱེད་པའི་དགེ་འདུན་གྱི་སྡེ་ལ་རགས་ལས་ཤིང་། དགེ་འདུན་གྱི་སྡེ་ཡང་བསླབ་པ་གཞན་གཉིས་ཀྱི་གཞི་རྟེན་དུ་གྱུར་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ནན་ཏན་གཅེས་སྤྲས་སུ་བྱེད་པའི་ཀུན་སྤྱོད་རྣམ་པར་དག་པ་ལ་གནས་ནས་ཀློག་པ་ཐོབས་བསམ་དང་། སྤོང་བ་བསམ་གཏན་ལ་བརྩོན་པ་གཅིག་བྱུང་ན་སངས་རྒྱས་ཀྱི་བསྟན་པའི་གསོས་ཆེན་པོར་གྱུར་པ་ཡིན་པས། གོང་དུ་སྨོས་པའི་སྤྱོད་ཚུལ་དེ་ལྟ་བུ་ལ་གནས་ན་དགོས་པ་གོར་མ་ཆག དེ་ཡང་ཇི་སྐད་དུ། སོ་སོར་ཐར་བའི་མདོ་ལས། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། འཇིག་རྟེན་དག་ན་རབ་ཏུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། ཞེས་འཇིག་རྟེན་ན་སངས་རྒྱས་ཞེས་བྱ་བའི་སྒྲ་ཙམ་འབྱུང་བ་ཡང་རབ་ཏུ་དཀོན་ཞིང་། དེ་བཞིན་དུ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཞིང་དུ་མི་ལུས་རྙེད་པ་དང་། མི་ལུས་རྙེད་ནས་ཀྱང་རབ་ཏུ་བྱུང་བ་དང་། རབ་ཏུ་བྱུང་ནས་ཀྱང་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བསྲུང་བ་དང་། དེའི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དང་འཕྲད་པ། ཤིན་ཏུ་རྙེད་པ་དཀའ་གསུངས་ཤིང་། ཡང་དེ་ཉིད་ལས་འཇིག་རྟེན་སངས་རྒྱས་འབྱུང་བ་དང་། མི་དང་རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །མཁས་པ་དག་ལ་ལེགས་འདོད་ཅིང་། །དེ་དག་འབྲས་བཅས་བྱེད་འདོད་པའི། །སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །ཞེས་འཇིག་རྟེན་དུ་སངས་རྒྱས་འབྱུང་བ་དང་། མི་ལུས་ཐོབ་པ་སོགས་ཤིན་ཏུ་རྙེད་དཀའ་བ་རྣམས་རྙེད་པ་གྱུར་པའི་དུས་སུ་བླང་དོར་གྱི་རྣམ་དབྱེ་ལ་མཁས་པ་བདག་ལེགས་སུ་འདོད་ཅིང་རྙེད་པ་རྣམས་འབྲས་བུ་དང་བཅས་པ་བྱེད་འདོད་པའི་སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར་པ་མཉན་པ་དང་། མཉན་པའི་དོན་ཚུལ་བཞིན་དུ་ཉམས་སུ་བླང་བའི་ཕྱིཏ་འབད་པར་བྱ། ཞེས་གསུངས་པའི་དོན་ལེགས་པར་བསམ་པའི་སྒོ་ནས་སྟོན་པ་ཐུགས་རྗེ་ཅན་གྱིས་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་། དགེ་ཚུལ་རྣམས་ཀྱིས་དེ་དག་ལས་ལྟུང་མེད་ཕྱེད་དང་བཅོ་བརྒྱད་མ་གཏོགས་པ་ཐམས་ཅད་བསྲུང་དགོས་པར་ཁྲིམས་སུ་བཅའ་བ་མཛད་པ་ལྟར་སྒྲུབ་སྡེ་འདིའི་དགེ་ཚུལ་སློང་ཐམས་ཅད་ཀྱིས། རང་རང་གིས་ཁས་བླངས་པའི་བསླབ་པའི་ཁྲིམས་ལ་ནན་ཏན་སྙིང་པོར་མཛད་པ་གཞིར་བཞག་སྟེ། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ། ཐུགས་དམ་ཞལ་འདོན་གྱི་རིམ་པ་སོགས་གང་ཅི་ནས་[page 439] སྐལ་ལྡན་དྭངས་པའི་མིག་རྒྱན་དུ་འགྲོ་བ་མཛད་དགོས། དེ་ཡང་ཚོགས་འཚོགས་པའི་སྐབས་ཚོགས་བརྡ་བྱུང་འཕྲལ་འདུ་འོས་ཐམས་ཅད་ཚུལ་དང་མཐུན་པའི་སྤྱོད་ལམ་གྱིས་ཧྲུག་འཚོགས་མཛད། གྲལ་ལ་བཞུགས་རིམ་འགོར་བླ་མ། དེ་ནས་དཀའ་རབ་འབྱམས། དེ་ནས་མཚན་བཏགས་པ་མིན་པའི་དགེ་སློང་། དེ་ནས་དགེ་ཚུལ་རྣམས་རིམ་པ་བཞིན་འཁོད་ཅིང་། ཚོགས་སུ་བཞུགས་ཚུལ་མི་མཛེས་པ་དང་། གསུང་སྒྲོས། བཞད་གད། རྩེད་མོ་སོགས་མི་ལེགས་པའི་རིགས་གཏན་ནས་མི་མཛད། ཞལ་འདོན་གདངས་འདུར་སོགས་དབུ་མཛད་དང་བསྟུན་ནས་གང་ལེགས་མཛད། ཞལ་འདོན་གདངས་འདུར་སོགས་དབུ་མཛད་དང་བསྟུན་ནས་གང་ལེགས་མཛད། ཇ་ཐུག་སོགས་གསོལ་བའི་རིགས་མི་མཛེས་པའི་བཞེས་ལུགས་མི་མཛད། རྒྱུན་པར་རང་རང་གི་ཤག་ལ་བཞུགས་སྐབས་ལམ་རིམ་དང་བློ་སྦྱོང་ཞལ་འདོན་སོགས་སྐུ་རིམ་དགེ་སྦྱོར་ལ་བརྩོན་པར་གང་ཆེ་མཛད། མི་དགོས་པའི་ཕྱོགས་རིས་འཐེན་འཁྱེར་གྱི་རིགས་གཏན་ནས་མི་མཛད་པར་ཐུགས་མཐུན་ལུགས་ལེགས་ཀྱི་གཅིག་ལ་གཅིག་ཕན་མཛད་རྒྱུ་ལས། མྱོས་འགྱུར་འཐུང་བ་དང་། བཞད་གད་ཀྱི་ཕྱིར་དུའང་འཁྲིག་པ་དང་འབྲེལ་བ་སོགས་ཀྱི་མི་མཛེས་པའི་ཚིག་སྨྲ་བ། སྐུ་འཕྲོག འཛིང་ཁ། མདའ་རྒྱག འཐབ་མོ་སོགས་ཁྱིམ་པ་སུན་འབྱིན་དུ་འགྲོ་བའི་རིགས་གཏན་ནས་མི་མཛད། རྒན་གཞོན་གྱི་གོ་བབས་དང་མཐུན་པར་རྙེད་པ་བཟང་བཏུང་སོགས་རྒན་རིམ། ལས་སུ་བསྐོ་བ་གཞོན་རིམ་ནས་བྱེད་པར་འདུལ་བ་ནས་གསུངས་པ་ལྟར་ལུགས་གང་ལེགས་ལས། རོ་གྱོང་གཤིས་ཁྱེར་ཧམ་པ་གྱེན་ལོག་སོགས་གཏན་ནས་མི་མཛད། དགོན་འདིའི་ཁོངས་གཏོགས་བླ་གྲྭ་རྣམས་ནས་རྙིང་མའི་གཏོ་ཆོག་སྐོར་གྱི་གདུལ་བྱ་ཕེབས་མི་ཆོག་ཚེ་བླ་མ་ལས་སྣེས་སྒྲིག་དང་མཐུན་པའི་ཚར་གཅོད་བྱེད་དགོས། མདོར་ན་དགེ་འདུན་ཡོངས་དང་། བླ་མ། དབུ་མཛད་སོགས་ལས་སྣེའི་རིགས་དང་བཅས་པས་རང་རང་ལ་བབས་པའི་སྒྲིག་ལམ་དང་ཀུན་སྤྱོད་ལ་ལེ་ལོའི་གཡེང་བར་མ་ཤོར་བར་མཛད། དེ་ལྟར་ཚུལ་བཞིན་བྱས་ན་བསྟན་པ་དང་སྒྲུབ་སྡེ་ཞབས་འདེགས་ཡིན་པས་འདི་ཕྱིའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་ཞིང་། གཞན་དུ་པ་དེ་དག་ལ་ཞབས་འདྲེན་ཞུ་བར་འགྱུར་རོ། དགོན་འདིའི་གྲྭ་རིགས་རྣམས་ཞ་འཐེང་ལོང་བ་དང་། སྐུ་གཟུགས་ཀྱིས་གནད་མི་ལྕོག་པ་ཡིན་ན་མ་གཏོགས་ལྷ་གདན་དུ་ཕེབས་ནས་བསྙེན་རྫོགས་སྒྲུབ་པ་ལས་འདིར་ཕྱོགས་སུ་བསྙེན་པར་རྫོགས་མི་ཆོག ལ་ཏེ་བསྙེན་པར་རྫོགས་མཁན་བྱུང་ཚེ་འགྱེད་དང་མང་ཇའི་ཆད་པ་དང་། འཚོགས་གྲལ་གང་དུ་བསྡོད་ཀྱང་གྲྭ་བའི་གྲལ་དུ་བཞུགས་པ་ལས་གོ་གནས་ཇི་ཡང་མེད། དེ་ལྟར་ལས་སྣེ་རྣམས་ནས་རྩད་གཅོད་ལྷོད་མེད་བྱེད་དགོས་(ཐམ)མངོན་པ་བླ་མ་དང་ཁྲིམས་བདག མི་མངོན་པ་རྣམས་ཆོས་སྐྱོང་སྲུང་མའི་བཀའ་ཆད་དྲག་པོ་འབྱུང་བ་གདོན་མི་ཟ་བ་ཉེས་པས་མི་གོས་པ་བྱེད་པས་ཕན་ཡོན་རྒྱ་ཆེན་པོི་འབྱུང་བའི་ཐབས་ལ་འབད་དགོས། རང་འོག་ཏུ་འཁོད་པའི་སྟོད་དྲེ་བོ་ནས་སྨད་ལུང་ཙི་གདོང་བར་གྱི་སྦྱིན་བདག་རྣམས་ཀྱིས་ཀྱང་རང་རང་གི་འདི་ཕྱིའི་ཚོགས་བསགས་དང་སྒྲིབ་སྦྱངས། གནས་སྐབས་སུ་སྐུ་རིམ་ལ་དམིགས་པའི་དགེ་འདུན་རྣམས་ལ་སྔར་རྒྱུན་ལྟར་འཚོ་བ་ཞབས་ཏོག་བསྙེན་བཀུར་ཚུལ་མཐུན་བྱེད་པ་[page 440] མ་གཏོགས་རྐུ་འཕྲོག བརྡེག་བཙོག་གཤེ་སྐུར་སོགས་གནོད་འགལ་དུ་འགྲོ་རིགས་གཏན་ནས་མི་བྱེད་པ་དང་། རང་ཞབས་ཀྱི་ཁྲལ་སྡེ་ནས་བུ་སྤུན་གཉིས་ཡོད་ན་གཅིག་གོས་ཁྲལ་འཇལ་དང་། གཅིག་གི་བཀྲ་ཤིས་བདེ་ཆེན་གླིང་གི་གྲྭ་པ་བྱེད་པ་ལས་རྙིང་མའི་གྲྭ་བ་སོགས་བྱེད་མི་ཆོག འདི་འོག་རྙིང་མའི་དགོན་སྡེ་རྣམས་ནས་རང་རང་གི་ཆོ་ག་དང་ཞལ་འདོན་མ་གཏོགས་དགོན་འདིའི་ཆོ་ག་དང་ཞལ་གདོན་གྱིས་གདུལ་བྱ་ཕེབས་མི་ཆོག དེ་ལྟར་བྱས་ཚེ་རྟ་མགོར་བདུན་ཚན་ཏྲེ་བོ་ཧོར་གྱི་མདུན་སར་ཕུལ་དགོས། དབང་སྐལ་འཚོགས་མཁན་བྱུང་ཚེ་རྙིང་མའི་གྲྭ་གྲངས་ཇི་འཚོགས་དེའི་ཉིས་འགྱུར་དུ་དགོན་པ་འདིའི་དགེ་འདུན་ལ་ཞབས་ཏོག་ཞུ་དགོས། མ་ཞུས་ཚེ་ཇ་འཁོར་དྲུག་ལྔ་རེ་ཧོར་གྱི་མདུན་སར་ཕུལ་དགོས། གོང་གསལ་བཅའ་ཁྲིམས་འདི་ལ་ཚུལ་མཐུན་གྱི་བྱ་བ་སྒྲུབ་མཁན་རྣམས་ལ་སྲུང་མའི་ཚོགས་ཀྱིས་རྣམ་ཀུན་ཆོས་མཐུན་འདོད་དོན་རྣམས་ལྷུན་གྲུབ་ཏུ་ཡོང་པའི་གྲོགས་མཛོད་ཅིག བསམ་བཞིན་འདིའི་ཚུལ་དང་མི་མཐུན་པ་བྱེད་པའི་རིགས་ལ་ལས་ཀྱི་གཤིན་རྗེ་ཆོས་རྒྱལ་ཕྱི་ནང་གསང་གསུམ་དང་། འདོད་ཁམས་དབང་ཕྱུག་དམག་ཟོར་གྱི་རྒྱལ་མོ། དམ་ཅན་རྡོ་རྗེ་ལེགས་པ་སོགས་ཀྱིས་ཐུགས་དམ་སྔོན་གྱི་ཞལ་བཞེས་མ་བསྙེལ་བར་དྲག་པོའི་ལས་ཀྱས་ཚར་ཆོད་ཅིག ཅེས་གོ་བར་བྱ་བའི་ཡི་གེ་འདི་མི་དབང་སྐུ་མཆེད་རྣམ་གཉིས་ཀྱི་བཀའ་ཐམ་(ཐམ་ག)ཞེས་པ་ལྟར་ཆོས་བྱེད་ཀྱི་དགེ་འདུན་རྣམས་དང་། ཡུལ་པ་བཅས་ཀྱིས་བསྲུང་བྱ་འདི་བཞིན་ལག་ལེན་བྱས་ཡོད་པ་རེད།

ཧོར་ཆོས་རྗེ་ས་དགོན་པ་བཏབ་པའི་རྗེས་སུ། ཧོར་བྲག་འགོའི་དཔོན་དྲིན་རྗེ་ཚེ་བརྟན་ནོར་བུས་ཏྲེ་ཧོར་དཔོན་དང་། ཧོར་ཆོས་རྗེ་ཁོང་གསུམ་པོ་ཕ་གསུམ་པོ་ཕ་སྤུན་གྱི་སྐུ་མཆེད་དུ་སོང་གཤིས་ཧོར་ཆོས་རྗེའི་ངོར་བལྟས་ནས་བཀྲ་ཤིས་བདེ་ཆེན་གླིང་འདིར་ལུང་བའི་སྡེ་འབངས་ཧ་ཅང་གྲངས་མི་མང་བར་དགོངས་ཏེ་ཁོང་རང་ཉིད་ལ་དབང་བའི་འོག་སྡེ་བྲག་འགོའི་སྙིང་པ་སྡེ་ཤོག་གི་སྟོད་ནས་རྦ་མདའ་གྲོང་པ་ཡན་ཆད་ཀྱི་ཆུ་ཉིན་སྲིབ་གཉིས་ཀྱི་གྲོང་སྡེ་རྣམས་གདུལ་བྱའི་དཀོར་སར་ཕུལ། དེ་ནས་བཟུང་སྟེ་མཁར་གཉའ་བཀྲ་ཤིས་བདེ་ཆེན་གླིང་གི་བླ་དཔོན་ཁྲི་པ་དང་། དེའི་འོག་གི་གཉེར་ཆེན་གཅཆིག་ཞབས་ཕྱི་པ་དཀོན་གཉེར་གཅིག མི་སྐྱ་གཅིག་བཅས་རྐྱ་མི་བཞི་པོ་ས་སྙི་རྦ་མདའ་ཡན་ལ་ལོ་རེར་བསོད་སྙོམས་ཐེངས་གཅིག་རེ་བྱེད། བསོད་སྙོམས་དེ་ནི་བྲག་འགོའི་སྙི་པ་རྐྱ་པ་མ་ཡིན་པར་ཏྲེ་ཧོར་དཔོན་གྱིས་གནང་བའི་སྙི་སྡེ་སྟོད་སྨད་ཐམས་ཅད་ལ་སློང་སྲོལ་ཡོད་ཐོག་མི་ལྷ་མཉམ་འགྲོགས་ཞེས་པའི་དམ་ཅན་རྡོར་ལེགས་ཀྱི་རྟེན་ཐང་ཡང་དྲངས་དགོས། དགོན་གྱི་གྲྭ་བ་འགྲོ་ཡུལ་ནི་བོད་ཉི་མ་དབུས་ཀྱི་ལྷ་ལྡན་དུ་ཡོད་པའི་རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་ཞེས་དགའ་ལྡན། སེ་ར། འབྲས་སྤུངས་གསུམ་གང་རུང་ལ་ཕེབས་ནས་རབ་དགེ་བཤེས། འབྲིང་དཀའ་རབ་འབྱམས། ཐ་ནའང་རྒྱལ་བ་ཡབ་སྲས་སོགས་དགེ་བའི་བཤེས་གཉེན་གྱི་དྲུང་[page 441] བསྙེན་རྫོགས་བསྒྲུབ། ཇོ་མཇལ་དང་གནས་སྐོར་བྱེད་ནས་ཡོང་དགོས། དགོན་གཞིས་སུ་མདོ་སྔགས་གཉིས་ལ་སྦྱང་དགོས།

དགོན་པའི་འགན་དབང་སྐོར། སྤྱིར་ན་བསླབ་རྒན་གཞོན་གྱིས་གོ་བབས་བྱེད་རྒྱུ་དང་། ནང་གསེས་གྲྭ་པས་དགེ་ཚུལ་ལ་གུས་པ་དང་། གྲྭ་པ་དང་དགེ་ཚུལ་གཉིས་ཀས་དགེ་སློང་གསུམ་ཀ་གྲྭ་སའི་གྲྭ་པ་ལ་གུས་བཀུར། དེ་ཚོས་མཁར་གཉའི་བླ་མ་གུས་བཀུར། དེ་ཚང་མས་སྤྲུལ་སྐུ་དང་དགེ་བཤེས་རྣམས་ལ་གུས་བཀུར་དགོས། མཁར་གཉའི་བླ་དཔོན་ནས་སྙི་དགོན་གཉིས་ཀྱི་དབང་ཆ་འཛིན་སྲོལ་དང་། དེ་འོག་གཉེར་ཆེན་གཉིས་ལའང་དབང་ཆ་ཡོད། འདོན་ཆོག་གོ་དབང་ཆ་དབུ་མཛད་ལ་ཡོད། ཚོགས་འདུ་རུ་ཞུགས་ཏེ་ཡུལ་དགོན་གཉིས་ཀྱི་ཆུས་དོན་གྲོས་མོལ་དང་ཐག་བཅད་དགོས་ཚེ། གཙོ་བོར་མཁར་གཉའི་བ་དཔོན་དང་། གཉེར་ཆེན་གཉིས། མགོན་བླ། དབུ་མཛད། རྒན་པ་རེ་འགའ་ཚོགས་འདུ་བྱེད་རྒྱུ་ཡིན། སྤྲུལ་སྐུ་ཚོས་ཆོས་འཆད་གཉེར་དང་བསྟན་པ་འཛིན་སྤེལ་བྱེད་རྒྱུ་དང་། དགེ་བཤེས་ཚེས་ཀྱང་དེ་མཚུངས་སོ།། སྤྲུལ་སྐུའི་སྐོར། དགོན་འདིར་སྔོན་རྗེས་སྤྲུལ་སྐུ་གསུམ་བྱོན་ཡོད། དེའི་ནང་གསེས་མཆོག་སྤྲུལ་དགེ་ལེགས་རིན་པོ་ཆེ་ནི་ཀུན་བཟང་ཐུགས་ཀྱི་རྣམ་སྤྲུལ་ཡིན་ཞེས་ཞིང་འདིར་སྐུ་ཕྲེང་ལྔ་ཙམ་ཕེབས་པའི་སྐུ་ཕྲེང་དང་པོ་ཤཱཀྱ་འབུམ་ཞེས་པ་ནི། རབ་བྱུང་བཅུ་གསུམ་པའི་ཤིང་ལུག། (1775)ལོར་ལྗགས་རོང་དུ་འཁྲུངས། དགུང་ལོ་བརྒྱད་ཀྱི་ཐོག་ཏུ་བཀྲ་ཤིས་བདེ་ཆེན་གླིང་དུ་རབ་ཏུ་བྱུང་ནས་སློབ་གཉེར་མཛད། དགུང་ལོ་བཅུ་དགུ་པར་གྲྭ་ས་འབྲས་སྤུངས་བློ་གླིང་ཏྲེ་བོ་ཁམས་ཚན་དུ་ཞུགས་སློབ་གཉེར་བྱས། བསྙེན་རྫོགས་ཞུས་དཀའ་བཅུའི་མིང་བཏགས་ཐོབ་ནས་རང་ཡུལ་དུ་ཕེབས་པས་གདུལ་བྱར་གང་ལ་ང་འདུལ་གྱི་ཆོས་འཁོར་བསྐོར་ཏེ། སྐུ་ཚེའི་སྨད་ཙམ་དུ་བསྒྲུབ་པ་ཁོ་ནར་མཛད་ཅིང་དགུང་གྲངས་བདུན་ཅུ་དོན་ལྔའི་ཐོག་ཏུ་ཞིང་ཁམས་སུ་གཤེགས། སྐུ་ཕྲེང་གཉིས་པ། དགེ་ལེགས་བློ་བཟང་ཕྲིན་ལས་ནི་སྙི་ཆུ་མ་སྒང་དུ་འཁྲུངས་ཏེ་ཁོང་སྡོམ་གསུམ་རྣམ་པར་ཅིང་མཁས་པའི་ཡོན་ཏན་ཆེ་བས་བཀྲ་ཤིས་བདེ་ཆེན་གླིང་གི་དབེ་འདུན་རྣམས་ལ་བསླབ་ཁྲིམས་དག་ཐེར་མཛད་དེ་བསྟན་པའི་གཞི་རྟེན་ཡང་དག་པར་བཙུགས་ནས་ཁྲིམས་ལྡན་གྱི་འདུས་སྡེའི་ཞལ་གྲངས་ཉིས་བརྒྱ་ལྷག་བྱུང་ཡོད། དགུང་ལོ་སོ་བདུན་ཐོག་ཏུ་སྐུ་གཤེགས་སོ། སྐུ་ཕྲེང་གསུམ་པ། དགེ་ལེགས་བྱམས་པ་ཕུན་ཚོགས་ནི་ཏྲེ་ཧོར་སྒོ་ར་ལ་རབ་བྱུང་བཅོ་ལྔ་པའི་ཤིང་ལུག་ལ་སྐུ་འཁྲུངས་ཏེ་དགུང་ལོ་ཉེར་བདུན་ཐོག་ཏུ་དབྱིངས་སུ་གཤེགས། སྐུ་ཕྲེང་བཞི་པ། དགེ་ལེགས་བློ་བཟང་སྙན་གྲགས་ནི་རབ་བྱུང་བཅི་ལྔ་པའི་ཤིང་བྱིའི་ལོར་སྙི་རྫོག་རིའི་གྲོང་དུ་འཁྲུངས། དགུང་ལོ་བཅོ་ལྔའི་ཐོག་ཏུ་སྐུ་གཤེགས། སྐུ་ཕྲེང་ལྔ། ད་ལྟ་འཚོ་བཞུགས་ཀྱི་དགེ་ལེགས་བསོད་ནམས་ཕུན་ཚོགས་ཡིན། སྣེའུ་ཁུང་ཤིང་བཟོ་སྤྲུལ་སྐུ་ནི་སྐུ་ཕྲེང་གཉིས་བྱོན་ཡོད་པའི་དང་པོ་ནི། ལྷ་ལུང་དཔལ་རྡོར་གྱིོ་རྣམ་སྤྲུལ་ཞེས་སྤྲུལ་སྐུ་དཔལ་ལྡན་རྡོ་རྗེ་ནི་སྣེའུ་ཁུང་ཤིང་བཟོ་ཚང་ལ་འཁྲུངས་པས་ཁྱིམ་མིང་ལ་བརྟེན་ནས་ཤིང་བཟོ་སྤྲུལ་སྐུ་ཟེར། ཁོང་ནི་ཆུང་དུས་ནས་གྲུབ་པའི་རྟགས་ལྷན་སྐྱེས་སུ་ཡོད་པས་རྡོ་ལ་ཕྱག་ཞབས་ཀྱི་རྗེས་དོད་[page 442] པ་དང་། འབྱུང་འགྱུར་དང་། ལྐོག་གྱུར་གྱི་བྱ་བ་ཐམས་ཅད་མངོན་དུ་མཁྱེན་ནུས་པ། སྐུ་ཚེ་བསྒྲུབ་ལ་བརྩོན་ནས་དགུན་གྲངས་དྲུག་ཅུ་ེར་གཅིག་ཐོག་ཏུ་སྐུ་གཤེགས། སྐུ་ཕྲེང་གཉིས་པ། དཔལ་ལྡན་མཁས་གྲུབ་ནི་བོ་རབ་བྱུང་དྲུག་པའི་ས་ཁྱི། (སྤྱི་ལོ1958)ལོ་ལ་སྐུ་འཁྲུངས། ད་ལྟ་ཞིང་འདིར་བསྟན་འགྲོའི་དཔལ་དུ་སྐུ་ཚེ་འཚོ་བཞུགས་ཡོད༎ སྤང་རིང་སྤྲུལ་སྐུ་ནི་སྐུ་ཕྲེང་གཉིས་བྱོན་ཡོད་པའི་དང་པོ་ནི། མཁར་གཉའ་དགོན་གྱི་གྲྭ་བཙུན་མཁས་ཤིང་སྐུ་ཚེ་བསྒྲུབ་ཞ་གཞོལ་ཞིང་མཁྱེན་རྟོགས་ལྡན་པའི་བླ་མ་འབྲུག་ཕུན་ཞེས་པ་དེ་གཤེགས་རྗེས། དེའི་ཡང་སྲིད་སྐུ་ཕྲེང་གཉིས་པ་སྤྲུལ་སྐུ་ལུང་རིག་རྒྱལ་མཚན་ནི་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་(སྤྱི་ལོ1896)ལོར་མཁར་གཉའ་སྤང་རིང་དུ་འཁྲུངས། ཁོང་གི་སྐུ་ཚེ་བསྒྲུབ་ལ་གཞོལ་ཏེ་དགུང་གྲངས་དྲུག་ཅུ་རེ་དྲུག་ཐོག་དབྱིངས་སུ་གཤེགས། ཡང་སྲིད་ད་དུང་རྩད་མ་གཅོད། དགེ་བཤེས་ནི་སྤང་རིང་དགེ་བཤེས། པདྨ་མཁྱེན་བརྩེ། དགེ་བཤེས་པུ་ལུ། གཞུ་རིང་དགེ་བཤེས། དགེ་བཤེས་ཡ་མ་ཕུར་སྲུང་སོགས་སྔ་ཕྱིར་བྱོན་ནས་བསྟན་པ་འཛིན་སྐྱོང་མཛད། འཁྲུངས་ས་ནི་རང་སྡེའི་ན་ཡིན།

དགོན་གྱི་སྔར་ཡོད་རྟེན་གསུམ་དང་། འདུ་ཁང་། གྲྭ་ཁང་། རྒྱ་ཁྱོན་གྱི་སྐོར། འདུ་ཁང་ཉིས་རྩེགས་ལ་ནང་ན་འཚོགས་ཁང་། གསེར་ཁང་། ཇོ་ཁང་། མགོན་ཁང་། ཐབ་ཚང་། དཀོར་ཁང་བཅས་ཆ་ཚང་བར་ཡོད་པའི་ནང་དུ་རྟེན་གཙོ། ས་ལས་ཐོན་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ཁྲུ་གང་ཚད་གསུང་འབྱོན་གཅིག ཐུབ་སྐུ་ལོ་མ་གཉིས། རྗེ་ཙོང་ཁ་པའི་སྐུ་རྒྱ་ནག་ལི་མ་གཅིག སྟོན་པའི་སྐུ་གཅིག ཛམ་བྷ་ལ་སེར་པོའི་སྐུ་གཏེར་མ་གཅིག སྒྲོལ་མ་རྒྱ་ནག་ལི་མ་གཅིག སྔར་ས་སྐྱའི་རྟེན་རྙིང་ཞེས་འགྲོ་མགོན་ཆོས་འཕགས་སྐུ་ལི་མ་དང་། ཚངས་པའི་ཆོས་སྒྲ་ཞེས་པའི་དུང་གཤོག་པ་ཅན་གཅིག བཀའ་གདམས་མཆོད་རྟེན་བརྒྱད། ཐང་ཀའི་གཅོ་བོ་དཔལ་ལྡན་ལྷ་མོ་དང་། དཔག་བསམ་འཁྲི་ཤིང་སྐུ་ཐང་ཆ་ཚང་། ཙོང་ཁ་བརྒྱད་ཅུ། རྗེའི་གཟིགས་པ་ལྔ་ལྡན་བཅས་སྐུ་ཐང་ད་ལྟའང་ཡོད། འཇིམ་བརྙན་གྱི་བྱམས་སྐུ་ཆེན་པོ་གཅིག འཁོར་ཉེ་སྲས་བརྒྱད། རིགས་གསུམ་མགོན་པོ། དུས་གསུམ་སངས་རྒྱས། རྗེ་ཡབ་སྲས་གསུམ་བཅས་སོ།

གསུང་རྟེན་ལ་བཀའ་འགྱུར་ཆ་ཚང་གཉིས། བསྟན་བཅོས་ཆ་ཚང་གཉིས། རྗེ་ཡབ་སྲས་ཀྱི་གསུང་འབུམ་དང་། ལམ་རིམ་སྐོར། གཞན་ཡང་ཆོས་དང་རིག་གནས་ཀྱི་གཞུང་རྣམས་པོ་ཏི་སུམ་ཅུ། དགོན་གྱི་ཕྱི་རོལ་དུ་མཆོད་རྟེན་ཆེན་པོ་བརྒྱད་བཅས་སོ། དེ་མིན་འཚོགས་གདན་བཞུགས་ཁྲི། གདུགས་དང་རྒྱལ་མཚན། ཀ་རྒྱན་ཕྱེ་འཕུར། མཆོད་ཆ་སོགས་གཞན་ལ་རེ་མི་དགོས་པ་ཡོད། ཧོར་ཆོལ་གཉིས་དང་། གྲ་ཆོལ་གཅིག འདུར་ཆོལ་ཆ་གསུམ། སྦུབ་ཆོལ་དཀྱུས་མ་ཆ་ལྔ། འཁར་རྔ་བཞི། ཚོགས་ཟངས་དང་ཁྲོ་ཆེན་བསྡོམས་གྲངས་བརྒྱད་བཅས་ཡོད།

དགོན་གྱི་རྒྱ་ཁྱོན་རྙིང་པ་ལ་མུའུ་ཉེར་ལྔ་ཡོད། དང་ཐོག་གྲྭ་གྲངས་སུམ་བརྒྱ་དང་། བར་སྐབས་དང་དམངས་གཙོ་བཅོས་བསྒྱུར་སྔོན་དུ་གྲྭ་གྲངས་བརྒྱ་དང་ལྔ་བཅུ་ཡས་མས་ཡོད། དགོན་གྱི་གཉེར་པ་དང་རྒྱུ་[page 443] གདན་འཚོགས་རྒྱུ་སྐོར། གཙོ་བོ་ནི་གཉེར་ཆེན་གཉིས་ཞེས་པ་ནི་མཁར་གཉའ་བླ་དཔོན་ལ་བློ་གྲོས་རོགས་བྱེད་རྒྱུ་སོགས་སྙི་ཡུལ་དགོན་གཉིས་ལ་བལྟ་རྒྱུའི་དབང་ཆ་ཡང་ཡོད་པ་གཉེར་པའང་ཡིན་པའི་གྲྭ་པ་དྲག་ཤོས་གཉིས་དགོས། རྒྱུ་རྩལ་མ་དངུལ་རྡོ་ཚད་༣༠ ཇ་སྒམ།༢༠ ནས་ཁལ།༡༥༠ ས་ཞིང་གསུམ་ཡོད། ལྔ་མཆོད་འཚོགས་དགོས། གྲྭ་མང་ལ་ནས་འགྱེད་དང་ཤ་འགྱེད་ཕུལ་དགོས། སྤྱི་པ་ཞེས་གྲྭ་པ་གཉིས་ཀྱིས་ལོ་གྱི་ཡུན་ལ་ཁུར་དགོས། མ་དངུལ་རྡོ་ཚད།༥ ཇ་སྒམ་༡༠ ནས་ཁལ། ༥༠ ས་ཞིང་གཅིག་འགྲོ་སོང་ནི་དོན་རྒྱུ་ལ་སྐུ་རིམ་དང་། དོན་དག་གང་བྱུང་ལ་འགྲོ་གྲོན་གཏོང་རྒྱུ། འགྲུལ་པ་སྣེ་ལེན་དང་། ཆོས་འཆད་ཉན་དབང་ལུང་ཁྲིད་གསུམ་ཡོད་དུས་གཏོང་སྒོ་བྱེད་རྒྱུ། སྨྱུངགནས་གཉེར་པ་གཉིས་ནས་ལོ་གཅིག་ལ་སྨྱུང་གནས་ཆ་བརྒྱད་ཐེངས་གཉིས་འཚོགས་དགོས། གཉེར་ཡུན་ལོ་གསུམ། མ་དངུལ་རྡོ་ཚད།༤ ཇ་སྒམ།༣ ནས་ཁལ།༣༠ མར་རྒྱ་མ།༦༠ ས་ཞིང་གཅིག་བཅས་སོ༎ དབྱར་གནས་གཉེར་པ་གཉིས་ནས་དབྱར་གནས་ཟླ་བ་ཕྱེད་གཉིས་དང་། དགག་དབྱེ་གསོ་སྦྱོང་བཅས་གཞི་གསུམ་འཚོགས་པར་འགྲོ་གྲོན་གཏོང་དགོས། གཉེར་ཡུན་ལོ་གསུམ། མ་དངུལ་རྡོ་ཚད།༤ ཇ་སྒམ། གསུམ། ནས་ཁལ།༥༠ མར་རྒྱ།༦༠ ས་ཞིང་གཅིག་བཅས་སོ༎ ཚེ་འབར་གཉེར་པ་གཉིས་ནས་ལྷ་ཁང་སྟེང་ཤོད་རྟེན་མདུན་དུ་མར་མེ་རྒྱུན་མི་ཆད་པར་སྒྲོན་དགོས། གཉེར་ཡུན་ལོ་༣ཡིན། མ་དངུལ་རྡོ་ཚད།༤ ཇ་སྒམ།༣ ནས་ཁལ།༥༠ མར་རྒྱ་མ།༦༠ ས་ཞིང་གཅིག་བཅས་སོ༎

སྨན་བླའིོ་གཉེར་པ་གཉིས་ནས་སྨན་བླའི་མདོ་ཆོག་ཉིན་བཞི་ལ་འཚོགས་དགོས། ཀུན་རིག་གཉེར་པ་གཉིས། ༨ཚེས་གཏོར་གཉེར་པ་གཉིས་བཅས་མ་དངུལ་རྡོ་ཚད། ནས་ཁལ།༢ ཇ་སྒོ།༢ མར་རྒྱ།༣༠ ས་ཞིང་མུའུ་བཅོ་ལྔ་ཙམ་རེ། གཉེར་ཡུན་ལོ་རེ།༤ དེས་གཉེར་ཁག་ཆེ་ཆུང་བརྒྱད་སོང་། མཁར་གཉིས་བླ་དཔོན་ནས་བསྔོ་ནས་དང་བསོད་སྙོམ་ཡོང་སྒོ་སོགས་ཀྱིས་ལོ་སར་དགུ་གཏོར་དང་ལོ་སར་གཏོང་དགོས། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་གནའ་དུས་ཏྲེ་ཧོར་རྒྱལ་ས་ལ་དབུ་ཚུགས་ནས་བཟུང་ཏྲེ་ཧོར་རྒྱལ་པོའི་འབངས་སུ་ཡོད་པའི་རི་བོ་དགེ་ལྡན་པ་ཚང་མ་ཧྲུག་འཛོམས་ཀྱིས་འཚོགས་སྲོལ་བྱུང་ཡོད་པར་དེར་ཕེབས་རྒྱུ་ཡིན། ཕྱིས་སུ་དཔོན་ཉམས་ཉེས་སོང་རྗེས་ལྕོག་རི་དགོན་དུ་འགྲོ་ནས་འཚོགས་དགོས།

གོང་དུ་བཀོད་པའི་དགེ་འདུན་དང་བླ་སྤྲུལ་རིམ་བྱོན་རྣམས་ཀྱིས་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་སྒོམ་སྒྲུབ། ལུང་ཆོས་སྡེ་སྣོད་གསུམ་ལ་ཐོས་བསམ་དང་འཆད་ཉན་མཛད་དེ་སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་། གདུལ་བྱ་འགྲོ་བ་རིས་མེད་ཀུན་ལ་ཐར་པ་བླ་ན་མེད་པའི་རྒྱུ་མི་བཟད་པའི་ས་བོན་བསྐྲུན་པ་དང་། རང་རྒྱུད་ཀྱི་ཉོན་མོངས་པའི་རྩ་བ་གཅོད་ཕྱིར་ཆོས་ཡང་དག་པར་བགྱིས་དང་བགྱི་བཞིན་པ་ལ། སོ་སོའི་སྔོན་ལས་ངན་པའི་འབྲས་བུ་དང་། བསྟན་པ་འཕེལ་འགྲིབ་གཉིས་ལས་འགྲིབ་པའི་དུས་སུ་ལྡོག་ཏུ་མེད་པར་འཁེལ་ཏེ་གོང་གི་བླ་རབས་མི་རབས་འགའ་ཡིས་ཚོགས་བསགས་སྒྲིབ་སྦྱོངས་ཀྱི་རྟེན་དུ་བཞེངས་པ་ཐམས་ཅད་འཐོར་བརླགས་རྩ་གཞིག་[page 444] ཏུ་ཕྱིན། དགེ་འདུན་རྣམས་ཀྱང་སྐྱེ་བོ་ཁྱིམ་པའི་ལས་སུ་ལོ་གྲངས་བཅུ་ཕྲག་གཉིས་ལྷག་རིང་ཞུགས་དགོས་བྱུང་མཐར། སྤྱི་ལོ་1987ལོར་རང་རེའི་བྲགས་འགོ་རྫོང་སྲིད་གཞུང་ནས་མཁར་གཉའ་བཀྲ་ཤིས་བདེ་ཆེན་གླིང་ཉམས་པ་སླར་གསོ་དང་། ཆོས་སྒོ་ཕྱེ་ཆོག་པ་བཅས་ཀྱི་བཀའ་ལུང་ཐོབ་པ་དང་ཆོས་དད་ཡོད་པ་ཚང་མས་དགའ་དང་བཅས། དགེ་ལེགས་སྤྲུལ་སྐུའི་སྐུ་ཕྲེང་ལྔ་པ་བསོད་ནམས་ཕུན་ཚོགས་ལ་འགན་རང་བཞིན་ངང་གིས་བབས་ཅིང་། འགན་བཞེས་རྒྱུའི་རེ་གསོལ་ཡང་བྱས།

དགོན་ཉམས་གསོ་དང་། རྟེན་གསུམ་གསར་བཞེངས། གྲྭ་རྒྱུན་གསར་འཛུགས་བྱས་པའི་སྐོར། དགེ་ལེགས་བསོད་ནམས་ཕུན་ཚོགས་ཀྱིས་དགོན་ཉམས་གསོིའི་འགན་བཞེས་ཏེ་རང་འོག་གི་ཆོས་དད་ཡོད་པའི་ཁྱིམ་པ་དང་། ལྷག་བཞུགས་ཡོད་པའི་བླ་རྒན་སོགས་ལ་རང་དབང་ཡོད་པའི་རྒྱུ་རྫས་དང་ངལ་རྩོལ་གྱི་རོགས་བྱས་ཏེ་ཁོ་ཚོས་ཀྱང་དེ་བཞིན་དུ་དང་ལེན་ཞུས་ཐོག་རྒྱལ་གཞུང་ནས་ཀྱང་དགོན་ཉམས་གསོའི་གནང་དངུལ་སྒོར་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་ཙམ་ལག་སོན་བྱུང་བ་བཅས་ཀྱིས་འགྲོ་གྲོན་བྱས་ཏེ་འདུ་ཁང་དང་ཉེར་མཁོའི་ཁང་མིག་འགའ་ཤས་བཅས་འཛོམས་ཡོད། སྐུ་རྟེན་ལ། སྔར་ཡོད་མང་ཚོགས་ཀྱིས་ཁྱེར་ནས་ཕྱིར་ཕུལ་བའི་ཁར་རྗེ་ཡབ་སྲསཞ༣ སྨན་བླ་བདེ་གཤེགས་བརྒྱད། མཁན་སློབ་ཆོས་གསུམ། ཧྲི་ཀམ་གྱི་རྗེ་སྐུ་སུམ་བརྒྱ། གསུང་རྟེན། བཀའ་འགྱུར་ཆ་གཅིག བསྟན་འགྱུར་ཆ་གཅིག འབུམ་ཆ། མཆོད་ཆའང་འགའ་ཤས་འཛོམས་ཡོད། དེང་སང་ལྷག་བཞུགས་ཡོད་པའི་གྲྭ་བགྲེས་འགའ་ཤས་ཀྱི་ཁར་ནགས་གཙང་བྱམས་པ་ངག་དབང་གི་དྲུང་ནས་དགེ་ཚུལ་སློང་བསྒྲུབ་པས་ཁྱོན་བླ་གྲྭ་བཞི་བཅུ་ཞེ་ལྔ་ཡོད། གནའ་དུས་གྲྭ་ཁང་ལྔ་བཅུ་ཙམ་ཡོད་ལ་ད་ལྟ་གྲྭ་ཁང་ཉི་ཤུ་ལས་ཚར། ད་དུང་ཁང་ས་བདག་ཏུ་བཟུང་ནས་ལས་མ་གྲུབ་པའང་ཡོད། རྒྱ་ཁྱོན་ནི་གནའ་སྔ་མོ་ལྟར་ད་ལྟའང་མུའུ་ཉེར་ལྔ་ཙམ་གྱིས་ལས་མེད། གྲྭ་རྒྱུན་ཡོང་ཁུངས་དང་། གདུལ་བྱའི་དཀོར་ས་ནི་འུ་ཇག་ཤོག་པ། ཀ་ཞྭ་ཤོག་པ། ཁང་ཉིས་ཤོག་པ། བར་ཤོག་བ། རྒྱ་མདའ་རི་ལུང་ཤོག་གསུམ་བཅས་ཤོད་ཀྱང་ད་ལྟ་དུད་གྲངས་བརྒྱ་དང་དགུ་བཅུ་ཡོད་ངེས་ཡིན། དགོན་པ་ལ་ད་རུང་ཕྱི་ནང་གི་རྟེན་བརྟེན་པ་འགའ་ཤས་ཉམས་གསོ་བྱེད་རྒྱུ་ཡོད། རྟ་མགྲིན་ཚེ་དབང་ནས་སྡུད་སྒྲིག་བྱས།

ལྕོག་རི་དགོན་གྱི་ལོ་རྒྱུས།

བྲག་འགོ་མཚོ་འགོའི་ཁོངས་སུ་ཆགས་མྱོང་བ་ལ། ད་ལྟ་ཏྲེ་ཧོར་ལུང་པའི་ཉིན་ཕྱོགས། གཡང་ཐང་ཟེར་བའི་ས་ལ་ཆགས་ཡོད། དང་པོ་མཚོ་འགོའི་ཁོངས་སུ་ཆགས་མྱོང་བ་ལ། ད་ལྟ་ཏྲེ་ཧོར་ལུང་པའི་ཉིན་ཕྱོགས། གཡང་ཐང་ཟེར་བའི་ས་ལ་ཆགས་ཡོད། དང་པོ་མཚོ་འགོ་ཤང་གི་ས་ཆར་ཆགས་པའི་དགོན་པ་དེ་ལ་ཆོས་ལུགས་གསར་རྙིང་གིས་འགྱུར་ལྡོག་དབང་གིས་གྲུབ་མཐའ་གཉིས་བྱུང་མྱོང་ཡོད། དང་པོ་གསང་སྔགས་སྔ་འགྱུར་རྙིང་ལུགས་དང་། རྗེས་མ་དགེ་ལུགས་པ་ཡིན། དེ་དག་གི་བྱུང་རིམ་ལོ་རྒྱུས་རགས་རིམ་ཙམ་རེ་གཤམ་འོག་[page 445] ཏུ་མུ་འགོད་བྱས་ཡོད། དགོན་པའི་མིང་ལའང་འགྱུར་བ་ཐེངས་གཉིས་བྱུང་ཡོད་པ་ནི། དང་པི་ཅོག་རོ་དགོན་པ་དང་། རྗེས་མ་ལྕོག་རི་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་ཟེར། ད་ལྟ་ནི་བསྡུས་མིང་དུ་ལྕོག་རི་དགོན་པ་ཟེར་རོ། དང་པོའི་དགོན་མིང་ནི་དགོན་པ་ཆགས་བཏབ་མཁན་གྱི་མིང་དེ་དགོན་པ་ལ་བཏགས་པ་ཞིག་ཡིན། གཉིས་པ་དེ་ནི་ཧོར་དགོན་སྡེ་བཅུ་གསུམ་གྲས་ཀྱི་གླིང་མིང་ནང་གི་གཅིག་ཡིན། དགོནཔ་འདིའི་ཐོག་མར་ཆགས་བཏབ་མཁན་ནི་བོད་དུ་བསྣམས་པའི་སྒྲོལ་མའི་སྐུ་ལི་མ་ནས་བདག་ས་འདིར་བཞུགས་སོ་ཞེས་གསུང་འབྱོན་པས། སྒྲོལ་མ་གསུང་འབྱོ་མ་ཞེས་ད་ལྟའང་ཉམས་མེད་དུ་རྟེན་གཙོ་རུ་བཞུགས་ཡོད།

དེ་དུས་གྲུབ་མཐའི་ཆོས་སྲོལ་ནི་རྙིང་མ་བ་ཡིན་པར་བཤད། ཡུལ་འདིར་གདོད་མའི་རྗེ་དཔོན་ཀྲེ་བོ་ནས། ཁོང་ལ་མཐུན་རྐྱེན་བསྒྲུབས་ཏེ་རི་ཁྲོད་དམ་དགོན་གཞིའི་རྣམ་པ་ཙམ་བཞེངས་ཏེ་རྟེན་གཙོ་རྗེ་བཙུན་སྒྲོལ་མ་གསུང་འབྱོན་པའི་བསྟན་པ་མེད་པར། དགོན་གཞི་འདི་ནང་རྟེན་བྱྱང་བའི་རྟེན་བྱུང་བའི་ཐོག་མ་ཙམ་ཡིན་པར་བཤད། ཆགས་སའི་དགེ་མཚན་ནི། ས་དབྱིབས་བྱ་ཁྱུང་རྒྱ་མཚོར་འཇུག་འདྲའི་གཤོག་གཡོན་པའི་ནང་དུ་བཏུང་ཆུ་དང་། ཉི་འོད། རླུང་གི་རྒྱུ་བ་སོགས་མཐུན་རྐྱེན་འཛོམས་པ་སོགས་ཡོད།

དགོན་གཞི་འདི་བཏབ་པའི་དུས་ནི། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་གི་བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་དང་། གནམ་བསྐོས་ཐང་རྒྱལ་ལྔ་པའི་དུས་སུ་ཡིན། གོང་གསལ་སྒྲོལ་མ་གསུང་འབྱོན་མ་དང་། གསུང་རྟེན་འབུམ་སྣག་བྲིས་ཅན་རླང་གི་ཐུགས་འགྱུར་ཞེས་པ་ལས་བཤུས་པ་ཆ་ཚང་། ཐུགས་རྟེན་དུ་རྒྱུ་ལུགས་མ་ལྟ་བུའི་མཚན་ལ་འཛམ་གླིང་མཐའ་བརྟེན་མཆོད་རྟེན་ཞེས་པའི་རྟེན་གསུམ་དང་། རིན་ཆེན་ལྗང་ལས་གྲུབ་པ་ཞེས་པའི་སྦུབ་ཆེན་གཅིག་དང་། ཅོག་རོ་ཏིང་ཕོར་ཞེས་བདུན་ཚར་གསུམ་ལ་རྒྱུ་རིན་པོ་ཆེ་ཡིན་པའི་ཁྱད་ཆོས་ཀྱིས་ཆུ་སོར་གཅིག་ཙམ་སྤུངས་ཆོག་པའི་ཤོད་པ་རྣམས་ནི་ཅོག་རོ་ཀླུ་རྒྱན་གྱིས་རྟེན་སྐབས་གནང་བ་ཡིན་རྒྱུ་རྩིས་སྤྲོད་ཀྱི་དེབ་ལས་གསལ་བ་དང་། དུས་གསུམ་སངས་རྒྱས་ཀྱི་སྐུ་འདམ་བཟོས་ཆེན་པོ་གསུམ་གསེར་ཁང་སྦུགས་སུ་ཡོད་པར་དེ་ནི་དགོན་རྙིང་དུས་ཀྱི་རྟེན་ཡིན་པར། རྗེས་སུ་འདུ་ཁང་རྒྱ་བསྐྱེད་བྱེད་དུས་རང་སོར་བཞག་པ་ཡིན་སྐད། དེ་དག་དནི་དགོན་གཞི་དང་པོ་ཆགས་དུས་ཀྱི་གནའ་རྟེན་རྩ་ཆེན་ཡིན་ཡང་། ད་སྐབས་སྒྲོལ་པའི་སྐུ་གཅིག་པུ་ལས་གཞན་རྣམས་རྒོལ་བཞིའི་སྐབས་གཏོར་བརླག་སོང་བས་ད་ལྟ་མཐོང་ཐོས་ཇི་ཡང་མེད་པར་གྱུར། འདི་ཡན་ཆད་དགོན་རྙིང་གི་ལོ་རྒྱུས་སོ།།

གྲུབ་མཐའ་དགེ་ལུགས་སུ་བསྒྱུར་ཚུལ་ནི། དང་ཐོག་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་ཀྱི་སྨད་ཙམ་ལ་ཁོང་གིས་དགོངས་པར། བོད་སྤྱི་པའི་བསྟན་སྲིད་ཀྱི་བདེ་ཆུས་སོགས་དང་། གུ་ཤཱི་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་དགོངས་རྫོགས་བཅས་ཀྱི་ཆེད་དུ་མདོ་སྨད་ཁམས་ཁུལ་གྱི་ས་ཚིགས་གལ་ཆེན་རྣམས་སུ་དགོན་[page 446] སྡེ་རེ་ཐོབ་ཤོག་ཅེས་རྙིང་མའི་བླ་ཆེན་རྫོགས་ཆེན་པདྨ་རིག་འཛིན་སོགས་དང་། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ལའང་བསྟན་པའི་ཡང་སྙིང་ལྟ་བུའི་དགེ་ལྡན་པའི་དགོན་པ་འགའ་ཤས་ཁྱེད་ཀྱི་ཕ་ཡུལ་གྱི་སྟོད་སྨད་རྣམས་སུ་ཐོབས་ཤིག་ཅེས་བཀའ་གནང་བར་ཧོར་ཆོས་རྗེ་ནས་དགོན་པ་བཅུ་གསུམ་བཏབ་རྒྱུའི་ཁས་ལེང་ཡང་ཞུས་ཏེ་དགོན་པ་བཏབ་པའི་ཆེད་དུ་རང་ཡུལ་དུ་ཕེབས།

ཧོར་ཆོས་རྗེའི་མཛད་རྣམ་དང་བྱུང་བ་མདོར་ཙམ་བཀོད་པ་ནི། ཁོང་ནི་སྐུ་ཚེ་སྔོན་མ་རྣམས་སུ་རྒྱལ་སྲས་འཕགས་པའི་སར་གནས་ཀྱི་སྐྱེ་བ་མང་དུ་བཞེས་ཏེ་བསྟན་འགྲོར་སྨན་པའི་མཛད་པ་བསམ་མི་ཁྱབ་པ་གནང་སྟེ། སྐུ་ཚེ་འདིར་རིགས་རུས་དང་ཡུལ་གང་དུ་སྐྱེ་བ་བཞེས་ཞེ་ན། བོད་རབ་བྱུང་བཞི་པའི་ནང་ཧོར་གོང་པ་གོ་དན་གྱི་སྲས་ཝང་གི་མིང་ཅན་དེ་ཉིད་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེ། ཕེབས་སྐྱེལ་དུ་ཡོང་ནས་ཏྲེ་ཤོད་དཀྱིལ་འཁོར་ཐང་དུ་དཔལ་ལྡན་གུར་གྱི་མགོན་པོ་གཙོ་འཁོར་གྱི་ལྷ་ཁང་ཆེན་མོ་བཞེངས་པའི་སྦྱིན་བདག་བྱེད་སྐབས། སྒོ་ལ་སྟེང་གི་དུད་ཚང་དངོས་གྲུབ་ཕུན་ཚོགས་ཟེར་བ་ལ་བུ་མོ་ཞིག་ཡོད་པས་ཝང་མིང་ཅན་དང་བཟའ་ཟླར་གྱུར་པའི་སྲས་ཧོར་མ་བསམ་བུ་དང་། དེའི་སྲས་ཧོར་ནག་འཇལ། དེ་ནས་ཡབ་སྲས་ཀྱི་རིམ་པའི་མི་རབས་ལྔ་བརྒྱུད་མཚམས་ཧོར་ནམ་མཁའ་རྒྱལ་མཚན་ལ་བཙུན་མོ་གསུམ་ཡོད་པའི་ཆེ་བའི་སྲས་སུ་སྐུ་བལྟམས་པ་ནི། ཧོར་ཆོས་རྗེ་ཉིད་ཡིན་ཏེ། ཆུང་དུས་ནས་ཤེས་ཡོན་གྱི་ནུས་རྩལ་དང་བརྩོན་འགྲུས་ཆེ་བས་འབྲས་སྤུང་སུ་གྲྭ་སར་ཕེབས། རྒྱལ་མཆོག་ལྔ་པའི་དྲུང་ནས་རབ་ཏུ་བྱུང་། མཚན་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། དེ་ནས་རིག་ལམ་བསྡུས་གྲྭ་ནས་བརྩམས་ཏེ་གཞུང་བཀའ་པོད་ལྔ་ལ་གསན་སྦྱོང་དཔྱིས་ཕྱིན་པར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལ་བསྙེན་པར་རྫོགས། ཁོང་མཁས་པའི་ཡོན་ཏན་དང་བཙུན་པའི་སྤྱོད་ལམ་རྣམ་པར་དག་ཅིང་བསྟན་འགྲོའི་དོན་བསྒྲུབ་པ་དབང་འབྱོར་པ་དང་། སེ་ཆེན་ཧོར་ས་སྐྱོང་གི་རུས་རོགས་ཀྱི་དོར་སོང་གཤིས་རྒྱལ་མཆོག་ལྔ་པའི་དངོས་སློབ་ཏུ་གྱུར། ཁོང་གིས་རྒྱལ་བ་ཡབ་སྲས་དང་། འཁོན་སྟོན་ཆོས་རྗེ་དཔལ་འབྱོར་ལྷུན་གྲུབ། གནས་བརྟན་འཇམ་དབྱངས་གྲགས་པ། རིག་འཛིན་གཏེར་བདག་གླིང་པ་སོགས་རིས་མེད་ཀྱི་སྐྱེས་ཆེན་མཁས་གྲུབ་དམ་པ་བརྒྱ་ཕྲག་ཙམ་གྱི་ཞབས་ལ་བཏུད་དེ་ཚུལ་བཞིན་མཉེས་པར་མཛད་པས་དབང་ཁྲིད་ལུང་དང་མན་ངག་བཅས་མཐའ་ཡས་པ་གསན་བསམ་བསྒོམ་པ་སོགས་གང་ལའང་ཐོགས་པ་མེད་པར་མཁྱེན་པའི་བདག་ཉིད་ཆེན་པོ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་དེ་ཉིད་ཀྱིས་སྟོབས་ཤུགས་སོགས་ཀྱིས་བསྡིགས་པ་མེད་པར། ཏྲེ་ཧོར་ས་སྐྱོང་ཨུ་ཆིའི་ནོ་ཡོན་ནམ། མཚན་གཞན་ངག་དབང་གྲགས་པ་མདུན་འདོན་ཇིའི་སོང་དང་བཅས་པ། དགོན་རྙིང་ནས་ཀྱང་དེ་ཙམ་ཕྲིན་ལས་རྒྱས་པོ་མེད་སྟབས་མཆོད་ཡོན་ཟུང་ནས་འདུན་པ་གཅིག་གྱུར་ཧོར་ཆོས་རྗེ་ལ་ཕུལ་ཏེ། རི་བོ་དགེ་ལུགས་པ་ལ་བསྒྱུར་བ་ཡིན།

རྙིང་དགོན་དེ་དགེ་ལུགས་སུ་བསྒྱུར་བའི་དུས་ནི་བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་དང་། སྤྱི་ལོ་[page 447] 1663ལོ་ལ་ཡིན། དེ་ནས་བཟུང་ཧོར་དགོན་སྡེ་བཅུ་གསུམ་གྲས་ནས་ཆགས་བཏབ་སྔ་ཕྱིའི་གྲངས་ཀ་བདུན་པ་ཡིན་པ་དང་། མཚན་ཡང་ལྕོག་རི་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་གསོལ། རྟེན་བྲེལ་གྱི་བརྡ་ལས་མཚན་ཡིག་གི་ཐོབ་ཐང་ཡང་བརྗེས་སོ།

དགེ་འདུན་པ་འཕེལ་རྒྱལ་བྱུང་ཚུལ་ནི། ཏྲེ་ཧོར་ས་སྐྱོང་མི་རྗེ་ཨུ་ཆིང་ནོ་ཡོན་དང་། ཆོས་རྗེའི་སྐུ་ཚ་ཡང་ཡིན་པའི་ཏྲེ་ཧོར་དཔོན་ཆུང་ཞེས་འཕྲིན་ལས་འཇིགས་མེད་ཡབ་སྲས་ནས། དགོན་པའི་གྲུབ་མཐའ་བསྒྱུར་བ་ཙམ་གྱི་མི་ཕན་པར་བསྟན་པའི་གཞི་རྩ་དགེ་འདུན་པ་ཡིན་པས། དགེ་འདུན་པ་མང་ཙམ་འཕེལ་བའི་ཆེད་དུ་ཏྲེ་ཧོར་ལུང་པའི་ཞིང་པ་སྡེ་ཤོག་བཅུ་གཅིག་པོའི་དུད་ཚང་རེ་ལ་བུ་གཉིས་ཡོད་ཚེ་བུ་གཅིག་དཔོན་པོའི་ཁྲལ་སྡེ་དང་། བུ་གཅིག་དགོན་གྱི་གྲྭ་བ། བུ་གསུམ་ཡོད་ཚེ་གཅིག་ཁྲལ་སྡེ། གཅིག་གྲྭ་བ། གཅིག་ཕ་མས་གར་བཞག་ཡིན་རྒྱུའི་སྲོལ་འཛུགས་པ་སོགས་གྲྭ་རྒྱུན་མང་བའི་ཆེད་དང་། རྙེད་བཀུར་འཛུགས་ཚུལ་ནི། ཧོར་གཞུང་ནས་འབྲུ་དངུལ་ཇ་དང་། གཞན་དངོས་འབོར་ཆེན་ཞལ་འདེབས་གནང་ཐོག ཞིང་སྡེའི་ཁྲལ་སྟོང་གི་ས་ཞིང་མང་པོ་དང་། གཞན་དངོས་འབོར་ཆེན་ཞལ་འདེབས་གནང་ཐོག ཞིང་སྡེའི་ཁྲལ་སྟོང་གི་ས་ཞིང་མང་པོ་དང་། དེ་ལ་སོ་ནམ་བྱེད་པའི་ཁྱིམ་དུད་འགའ་ཤས་ཀྱང་གནང་། ཁྱིང་པ་སོ་སོས་རང་རང་གི་གྲྭ་པ་ལ་འཚོ་བ་ཡོ་བྱད་འོས་འཚམ་རེ་སྦྱོར་རྒྱུའི་སྲོལ་བཙུགས།

དགེ་འདུན་པའི་འདུ་སྒོའི་དཀོར་ནོར་རྣམས་ཕྱོགས་བསྡུས་བདག་གིར་འཛིན་པ་དང་། ལོ་ཏོག་སོགས་ཀྱི་ཡོང་སྒོ་བསྡུས་ཏེ་འཚོགས་རྒྱུན་དང་། གཏོང་སྒོ་བྱེད་མཁན་ནི་གྲྭ་ཁའི་ཁོངས་མང་ཉུང་ཅི་དགོས་གཉེར་པ་བསྒྲིགས་རྒྱུའི་སྲོལ་འཛུགས་པ་དང་། ཧོར་ཆོས་རྗེ་ནས་སངས་རྒྱས་ཀྱིས་གསུངས་པའི་བརྗོད་བྱའི་གཙོ་བོར་ཚུལ་ཁྲིམས་ཡིན་པའི་འདུལ་བ་དང་མཐུན་པར། བསྟན་པ་ཡར་རྒྱས་འགྲོ་བའི་མཐུན་རྐྱེན་དང་། གདུལ་བྱའི་མིག་རྒྱན་དུ་གྱུར་པའི་བསྲུང་བྱ་འགའ་ཞིག་བཅའ་ཡིན་ཏུ་བཀོད་དེ་༧གོང་ས་ལྔ་པ་ཆེན་པོས་ཕྱག་ཐམ་ཡོད་པ་རེ་གཏན་ལ་ཕབ་ཅིང་། ཆོས་སྐྱོང་ནི་སྤྱིར་དགེ་ལྡན་པའི་ཆོས་སྐྱོང་རྣམས་དང་། ཁྱད་པར་དུ་སྔོན་སློབ་དཔོན་རིན་པོ་ཆེས་བཀའ་བསྒོས་དམ་ལ་བཞག་པ། རྒྱལ་མཆོག་ལྔ་པས་ཀྱང་ཞྭ་སེར་གྱི་བསྟན་འཛིན་དང་བཅས་གཉེར་དུ་གཏད་པའི་ཆོས་རྒྱལ་ཆེ་པོ་སྐུ་ལྔ་དང་། ཁྱད་པར་ལྷ་ཆེན་བྱ་རྒོད་ཐང་ནག་ལ་དགོན་པ་དགེ་འདུན་བཅས་གཉེར་དུ་གཏད་དེ་བཅོལ། སྲུང་མ་དེ་དག་མི་ལ་ཞུགས་ཏེ་ལེགས་ཉེས་བླང་དོར་གྱི་ལུང་བསྟན་ཏོ།

གོང་གསལ་བཅའ་ཡིག་ལྟར། ལྕོག་རི་དགོན་གྱི་གྲྭ་པ་ཡིན་ཡོིན་དགོན་དུ་ཞུགས་པ་ནས་དགེ་རྒན་ནི་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་དང་པོ་ཀློག་ཀ་མེད་ནས་སྦྱོར་ཀློག་དང་། བསྡུད་ཀློག་བྱང་ཆུབ་པ་ནས་སྐྱབས་འགྲོ་སེམས་བསྐྱེད་དང་། ལྷུང་བཤགས་སྤྱི་བཤགས་སོགས་འདོན་གྱི་རིམ་པ་སྡེབ་ཐུང་བརྒྱ་ཕྲག་གཉིས་ལྷག་ཙམ་བློ་འཛིན་ཁེར་རྒྱུགས་འཕྲོད་ངེས་སྦྱོང་སྐྱོར་འཛིན་གསུམ་གྱི་སྒོ་ནས་འཚོགས་དབུས་སུ་རྒྱུགས་སྤྲོད་དགོས་པ་དང་། དེ་ནས་དེ་དག་གི་ཁྲིད་ལུང་ཡང་ཞུ་དགོས། རབ་བྱུང་བསྒྲུབས་རྗེས་དེ་ལ་དགེ་ཚུལ་ཟེར། དེ་ནས་གྲོང་ཆོག་ལ་འགྲོ་ཚོག་ཞིང་། དེ་ལ་གྲྭ་ཆས་ཚད་མཐུན་དང་།[page 447] ཞྭ་མོ། ཟླ་གམ། གདིང་བ་བཅས་རྒྱུན་མཁོའི་ཡོ་བྱེད་དྲུག་པོ་འཆང་དགོས་རྒྱུ་དང་བསྲུང་བྱ་རྩ་བཞི་ཆང་ལྔ་ནས་བླངས་འདས་སོ་དྲུག་པོ་བསྲུང་ཤིང་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་། ཐུན་མོངས་བའི་ལམ་སྦྱངས་ཏེ་སྦྱོར་ཏེ་སྦྱོར་བའི་ཆོས་དྲུག་དང་། སྐྱབས་འགྲོ། ཡིག་བརྒྱ། མཎྜལ། ཕྱག དམིགས་བརྩེ་མ་བཅས་འབུམ་ཐེར་རེ་རེ་ཁ་སྐོང་བཅས་ཚིག་དོན་གཉིས་ཡ་མ་བྲལ་བར་འགྲོ་ངེས་བྱེད་རྒྱུ་དང་། དེ་ནས་བསྐོང་གསོའི་སྐོར་དང་། ཀུན་རིག རབ་གནས་དགེ་ལེགས་ཆར་འབེབས། འཇིགས་བྱེད་དང་བདག་འཇུག བདེ་མཆོག་གསང་འདུས། དབུ་མ་འཇུག་པ། མངོན་རྟོགས་རྒྱན་ལ་སོགས་པ་བློར་འཛིན་གྱིས་འཚོགས་དབུས་སུ་རྒྱུགས་སྤྲོད་རྗེས་རྒྱུགས་འགོ་བུད་པའི་བྱ་དགའ་སྤྲོད་རྒྱུ་དང་། དེའི་བར་གསེང་རྣམས་སུ་ཆོས་གྲྭར་འཚོགས་ཏེ་རིག་ལམ་བསྡུས་གྲྭ་ནས་གང་འཚམ་སྦྱོང་བ་དང་། རྩོད་གྲྭའི་བགྲོ་གླེང་མཚད་རྒྱུ། གལ་ཏེ་རྨོངས་པའི་དབང་གིས་དཔེ་ཆ་གཏན་ནས་མི་ཤེས་པ་དང་། ཅུང་ཤེས་པ་རྣམས་ནི་གྲྭ་གཡོག་དང་། ཇ་མ། ལྷ་གཉེར། གཉེར་པ་བཅས་བྱེད་དགོས་པ་དང་། རྐང་ལག་སོགས་ཞ་བོ་དང་། ལུས་ལ་ནད་ཀྱིས་ཟིན་ནས་ལྷ་སར་འགྲོ་ནུས་མེད་ཚེ་དགོངས་ཞུ་བྱེད་རྒྱུ། དེ་མིན་གྲྭ་བ་ཡིན་ཚད་རིམ་བཞིན་གྲྭ་སར་ཕེབས་ནས་བསྙེན་རྫོགས་བསྒྲུབ་པ་དང་ནང་དོན་རིག་པའི་སྡེ་སྣོད་ལ་ཐོས་བསམ་བྱེད་རྒྱུ། བློ་ནུས་ཀྱིས་ལྕོག་པའི་གྲྭ་པ་ཚོའི་གྲྭ་ས་ཡུན་བཞུགས་བྱེད་ནས་དགེ་བཤེས་རིམ་པའི་མཚོན་རྟགས་བཞེས་རྒྱུ་དང་། ལོ་གྲངས་དྲུག་ཅུ་སོན་པ་རྣམས་འཚོགས་ཆོས་སུ་ཕེབས་མིོན་དང་། རི་ཁྲོད་དབེན་བར་བསྒྲུབ་ལ་བརྩོན་ན་རང་དབང་དང་། སྐབས་དེ་ནས་བཟུང་སྟེ་ལྕོག་རི་དགོན་པར་དགེ་འདུན་གྱི་གྲངས་ཀ་བདུན་བརྒྱ་བརྒལ་བ་དང་། ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ་གྱི་མཛད་ཕྲིན་དབྱར་མཚོ་ལྟར་འཕེལ་རྒྱས་སུ་ཕྱིན་ཡོད། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་སྨད་དུ། དེང་སང་ཡོད་པའི་མི་མྱ་དགོན་པ་དེ་ཡར་རྒྱས་བྱུར་བར་ཏྲེ་ཧོར་ལུང་བའི་སྨད་ཀྱི་དཀོར་ས་དང་། གྲྭ་རྒྱུན་རྣམས་མེ་མྱ་དགོན་ལ་ཤོར་ཏེ་དགོན་སྡེ་གཉིས་ཀྱང་ལོ་རབས་འགའ་ཤས་རིང་མི་མཐུན་པ་བྱུང་མཐར། སྤྱི་ལོ་1940ལོའི་སྐོར་ལ་ཤིས་ཁམས་ཞིང་ཆེན་ནས་མངག་པའི་མའུ་ཆོས་མཛད་ནས་རྩོད་གཞི་མེད་པའི་ཐག་གཅོད་གནང་སྟེ་ཏྲེ་ཧོར་ཤེས་ཁོག་ལུང་པའི་སྡེ་ཤོག་བཅུ་གཅིག་གི་སྟོད་ཀྱི་ཤོག་པ་བདུན་དེ་ལྕོག་རི་དགོན་གྱི་ཆོས་སྡེ་དང་། སྨད་ཀྱི་ཤོག་པ་བཞི་དེ་མེ་མྱ་དགོན་གྱི་ཆོས་སྡེ་ཡིན་རྒྱུ་མཛད་དེ། དེ་ནས་བཟུང་དགོན་ཁག་གཉིས་པོ་འཆམ་མཐུན་བྱུང་ཡོད། དེའི་སྐབས་སུ་ལྕོག་རི་དོན་གྱི་གྲྭ་རྒྱུན་ཉིང་བྲི་ཕྱི་ཡང་། དམངས་གཙོ་བཅོས་བསྒྱུར་དུས་དགེ་འདུན་ཚང་མ་ལྔ་བརྒྱ་ལྷག་ཙམ་ཡོད། དགོན་འདིར་ཞབས་ཀྱིས་བཅག་པའི་མཚན་ནི། དགོན་རྙིང་ཆགས་བཏབ་དུས་འགྲོ་མགོན་ཆོས་རྒྱལ་འཕགས་པ། ཆོས་རྗེ་ངག་དབང་ཕུན་ཚོགས། རྒྱལ་དབང་མཁས་གྲུབ་རྒྱ་མཚོ། རྭ་ལོ་ཙཱ་བ། འདན་ཆོས་འཁོར་བླ་མ། ཚེ་ཆོག་གླིང་པ། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ། ཁྲི་བྱང་རྡོ་རྗེ་འཆང་། གསེར་རྐོང་རྡོ་རྗེ་འཆང་། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། ཡོངས་འཛིན་[page 449] རྒྱ་ཡག་རིན་པོ་ཆེ། ལམ་གྲགས་སྐལ་བཟང་རྣམ་རྒྱལ། གཟིག་རྒྱབ་སྔགས་འཆང་ཆེན་པོ། འཁྲུངས་སར་རིན་པོ་ཆེ། བྲག་དཀར་རིན་པོ་ཆེ། རྫ་ར་བླ་དང་བློ་གྲོས་རིན་པོ་ཆེ། རྫ་ཆོས་རྗེ། འཇུ་མི་ཕམ། ཁང་སར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས། ལི་ཐང་སྐྱབས་མགོན་དཔལ་ལྡན་རྡོ་རྗེ། ཀེའུ་ཚང་རིན་པོ་ཆེ། མཁན་པོི་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ། ཉག་བླ་བསོད་རྒྱལ། ཡུལ་འདིའི་འདྲེན་མཆོག་སྤྲུལ་སྐུ་རྣམ་པ་བརྒྱད། སྟོང་སྐོར་ཞབས་དྲུང་། གཞན་ཡང་གསར་རྙིང་རིས་མེད་ཀྱི་དམ་པ་དུ་མའི་ཞབས་ཀྱིས་བཅག

དགོན་གྱི་འཚོགས་རྒྱུན་སྐོར། བོད་ཟླ་དང་པོའི་ཚེས་གཅིག་ཉིན་དགོན་གཞུང་ནས་གཏོང་སྒོ་བྱེད་ནས་བསྐོང་གསོ་བ་བླ་སློབ་གྲྭ་གྲངས་ལྔ་བཅུ་ཐམ་པས་འདོད་ཁམས་བདག་མོ་ལ་ཚེས་གཏོར་ཕུལ་དགོས། ཟླ་དེའི་ཚེས་གསུམ་ནས་ཚེས་བཅོ་བརྒྱད་བར་ཉིན་བཅོ་ལྔའི་རིང་ལ་ཆ་འཕྲུལ་མཆོད་པའི་སྨོན་ལམ་ཆེན་པོ་ཞེས་ལྷ་སའི་ཇོ་ཁང་དུ་འཚོགས་སྲོལ་ཇི་བཞིན་ཞལ་བཞུགས་པའི་སྤྲུལ་སྐུ་བརྒྱད་དང་། དགེ་བཤེས་གང་ཡོད་དགོན་པ་དགོན་ལག་རི་ཁྲོད་དང་བཅས་པའི་གྲྭ་ཡོངས་རྫོགས་ཀྱི་ཞལ་གྲངས་དྲུག་བརྒྱ་ལྷག་ཙམ་ལ། ཏྲེ་ཧོར་རྒྱལ་ས་རུ་དཔོན་ཉམས་ཉེས་མ་སོང་གི་བར་དུ་མ་ཎི་གཉེར་པ་དང་། སྨོན་ལམ་བསྡུ་གཉེར་གཉིས་ཀྱིས་གཏོང་སྒོ་དང་། སྐུ་འགྱེད་ཕུལ་ནས་འཚོགས་དགོས། དཔོན་ཉམས་ཉེས་སོང་རྗེས་ལྕོག་རི་དགོན་དུ་དེ་བཞིན་དུ་ཉམས་མེད་དུ་འཚོགས་རྒྱུ་ཡོད།

ཟླ་བ་དེའི་ཚེས་22ནས་བསྐོང་གསོ་བ་གྲྭ་སློབ་སུམ་ཅུ་ལ་རྒྱུན་ཇ་གཉེར་པས་གཏོང་སྒོ་བྱེད་ཅིང་ལྷ་མོའི་གཏོར་སྒྲུབ་ཉིན་བདུན་རིང་མཚམས་དང་པོར་བཅད་ཅིང་ཞི་བ་དང་། རྒྱས་པའི་སྒྲུབ་པ་གཙོ་བོར་བྱེད་རྒྱུ་དང་། དེ་དང་དུས་མཚུངས་བསྐོང་གསོ་བ་བསྙེན་པ་སྔོན་དུ་སོང་བའི་བླ་སློབ་ཉེར་ལྔས་ལྕགས་མཁར་ཆེན་མོ་ཉིན་བདུན་ལ་དགོན་གཞུང་ནས་གཏོང་སྒོ་བྱེད་ནས་མཚམས་དམ་པོར་དང་བཅས་གཏོར་རྒྱག་སོགས་བྱེད་རྒྱུ་ཡོད་པ་དེ་འཚོགས་དགོས། ཇི་སྲིད་བར་དུ་གཞི་གསུམ་གཙོ་བོར་འཛིན་ཏེ་ཟླ་རེའི་ནང་གསོ་སྦྱོང་གཉིས་རེ་བརྩིས་ཁྱོན་གསོ་སྦྱོང་ཉེར་བཞི་ལ་དགེ་ཚུལ་སློང་གི་ཁྲིམས་ལྡན་ཡིད་ཚད་ཚང་མ་ཡོང་ནས་འཚོགས་དགོས། དེ་ལ་བཅའ་ཁྲིམས་དམ་པོས་སྤྲུལ་སྐུ་དགེ་བཤེས་ཚང་མ་ཕེབས་དགོས་ཁར་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་དམིགས་བསལ་དུ་ལེན་དགོས། གཏོང་སྒོ་ནི་ཆོས་ར་གཉེར་པ་བྱེད། གསོ་སྦྱོང་གི་མདོ་འཆད་མཁན་ནི་ཁྲི་པ་ཡིན། བོད་ཟླ་གཉིས་པའི་ནང་སྐབས་གང་འོས་ཤིག་ལ་སྐོང་གསོ་བ་ཞབས་ཚང་ཞེས་བླ་གྲྭ་བརྒྱད་ཅུ་ཡས་མས་ཙམ་གྱིས་བསྟན་འགྲོའི་སྤྱིའི་སྐུ་རིམ་དུ་འཇམ་དཔལ་གཤིན་ཇེའི་གཤེད་ཀྱི་བཀའ་སྡོད་དམ་ཅན་ཆོས་ཀྱི་རྒྱལ་པོའི་བསྐང་གསོ་འབུམ། དཔལ་ལྡན་དམག་ཟོར་མའི་བསྐང་གསོ་ཁྲི་ཚར། དེའི་ཐོག་རྒྱལ་ཀུན་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོར་ལྷར་ཤར་བའི་ལྷ་ཆེན་བྱ་རྒོད་ཐང་ནག་གི་སྐོང་གསོ་འབུམ་བཅས་ལ་གཏོང་སྒོ་དགོན་གཞུང་ནས་བྱེད། དཔྱིད་ཆོས། དབྱར་ཆོས། སྟོན་ཆོས། དགུན་ཆོས་བཅས་ཟླ་བ་རེར་ཆོས་ར་བ་རྣམས་འདུ་འཛོམས་ཀྱིས་མཚན་ཉིད་སྐོར་ཁྲིད་སྦྱང་རྩོད་གསུམ་དང་། བཀའ་འགྱུར་དང་། དེའི་དགོངས་འགྲེལ་བསྟན་འགྱུར་རྣམས་གང་ལ་གང་འཚམས་ཀྱི་ཀློག་སྒྲོགས་བྱེད་རྒྱུ་དང་།[page 450] སྡོམ་གསུམ་གྱི་བསླབ་བྱ་བཤད་ཁྲིད་དང་། དེའི་ཐོག་ལམ་རིམ་བཤད་ཁྲིད་སོགས་ཡོད། ཆོས་གྲྭའི་མཁན་པོ་ནི་དགེ་བཤེས་རིམ་པའི་གོ་གནས་ཡོད་པ་ཞིག་དགོས། ཡིག་ཆ་ནི་སེ་འབྲས་གཉིས་ཀྱི་སྲོལ་ལྟར་རོ། བོད་ཟླ་བཞི་པའི་ཚེས་༡ནས་བཅོ་ལྔའི་བར་དཔལ་གསང་བ་འདུས་པའི་དཀྱིལ་ཆོག་རྡུལ་ཚོན་ལ་བརྟེན་ནས་ལས་རུང་སོགས་སྔོན་དུ་སོང་བའི་རྡོ་རྗེ་སློབ་དཔོན་གཙོས་གྲྭ་སློབ་སུམ་ཅུ་ཙམ་ལ་ཚེ་འབར་གཉེར་པས་གཏོང་སྒོ་བྱེད་ནས་འཚོགས་དགོས། ཚེ་འབར་གཉེར་པ་ནས་འདུ་ཁང་སྟེང་ཤོད་ཀྱི་ལྷ་ཁང་ནང་དུ་ཚེ་འབར་རྒྱུན་མཆོད་བྱེད་དགོས། ཟླ་བ་དེའི་གནམ་གང་ནས་ཟླ་བ་ལྔ་པའི་ཚེས་༣གྱི་བར་ལོ་རེ་བཞིན་དགོན་ཧྲིལ་པོའི་རྟེན་ཐམས་ཅད་ལ་རབ་གནས་དགེ་ལེགས་ཆར་འབེབས་རྫས་བསྒྲིག་དང་། ལྟ་གོན། དངོས་གཞི། མཇུག་གི་བྱ་བ་སྦྱིན་བསྲེགས་བཅས་ལ་བསྒང་གོས་ཞབས་ཚང་དང་། སྤྲུལ་སྐུ་དགེ་བཤེས་ཚང་མ་ཕེབས་ནས་གཏོང་སྒོ་རབ་གནས་གཉེར་པས་བྱེད་ཅིང་གྲྭ་མང་བྱིངས་རྣམས་ཀྱང་འདུ་ཁང་རྙིང་པར་འཚོགས་ཏེ་ཆོས་སྤྱོང་སྨོན་ལམ་སོགས་ཆོས་སྤྱོད་རིམ་པར་གསུངས་རྒྱུ་དང་། རབ་གནས་ཚར་བའི་ཉིན་རྗེས་མར་འཚོགས་གླེང་དང་རྟ་རྒྱུག་གཅིག་ཀྱང་བྱེད་སྲོལ་ཡོད། གྲྭ་པ་རེར་གྲོ་མ་མར་ཁུ་སྐྱོག་ཆེན་གང་རེ་དང་། ཁ་ཟས་རྡོག་གསུམ་རེ་ཉིན་ལྟར་ཡོད། བོད་ཟླ་དྲུག་པའི་ཚེས་༣དང་༤གཉིས་ལ་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་ཀུན་རིག་བདག་འཇུག་གཏོང་སྒོ་སྨྱུང་གནས་གཉེར་པ་ནས་བྱེད། གྲྭ་མང་ཞབས་ཚང་འཛོམས་དགོས། བོད་ཟླ་གཉིས་པའི་ཚེས་གཅིག་ནས་བཅུ་དྲུག་བར་བླ་སློབ་བདུན་གྱིས་གཙོས་ཁྱིམ་པའི་སྐྱེ་བོ་གང་འཛོམས་ལ་སྨྱུང་གནས་ཆ་བརྒྱད་ཡོད་པ་དེ་སྨྱུང་གནས་གཉེར་པ་ནས་གཏོང་དགོས་བྱེད། བོད་ཟླ་དྲུག་པའི་ཚེས་༡༥ནས་ཉིན་བཞི་བཅུ་ལྔའི་རིང་དབྱར་གནས་རྗེ་འདུལ་འཛིན་པའི་ཕྱག་སྲོལ་བཞིན་ལ། དགོན་གྱི་ལས་ཚན་ཡོངས་སུ་རྫོགས་ཟིན་པའི་རྒན་པ་ལྟ་གྲལ་ཞེས་མཁན་པོ་དགེ་བཤེས་ཤིག་གིས་གཙོར་བྱས་གྲྭ་གྲངས་དྲུག་ཅུ་ཡས་མས་ཀྱིས་བསྲུངས་སྟེ་སྒྲིག་ལམ་དམ་པོ་དང་། ཉིན་རེ་བཞིན་ལྡན་འཇིགས་མཛད་རྡོ་རྗེའི་བདག་འཇུག་རྡུལ་ཚོན་ལ་བརྟེན་ནས་ཁ་སྐོང་སྦྱིན་བསྲེགས་བཅས་དགོས། ཐོག་མར་ཚུལ་ཤིང་བླངས་ཏེ་དབྱར་ཁས་བླངས་ནས་མཇུག་དགག་དབྱེའི་གསོ་སྦྱོང་སོགས་ལ་ཕུང་དཀྲུག་མི་ཡོང་བའི་དགེ་སྦྱོར་དམར་བ་བྱེད་དགོས། གཏོང་སྒོ་དབྱར་གནས་གཉེར་པས་བྱེད། བོད་ཟླ་དྲུག་པའི་ཚེས་ཉེར་གཉིས་ནས་ཉིན་བདུན་རིང་བསྐང་གོས་བས་ཡི་དམ་གྱི་བསྙེན་ཚད་དང་། སྐུ་ལྔའི་ལས་རུང་སྔོན་དུ་སོང་བའི་སྤྲུལ་སྐུ་ཞིག་གིས་རྡོིར་སློབ་མཛད་པའི་ཚད་ལྡན་བླ་གྲྭ་ལྔ་བཅུ་ཐམ་པས་སྐུ་བྱེད་དགོས། དབྱར་གནས་ནང་དུ་དབྱར་གནས་མཁན་པོ་ནས་བྱང་ཆུབ་སེམས་བསྐྱེད་ཀྱིི་བཀའ་ཆོས་ཉིན་བདུན་ལ་གསུངས་ཏེ་མཇུག་ཏུ་བླ་མ་མཆོད་པའི་ཚོགས་མཆོད་ཆེན་པོ་དང་ཚོགས་ལངས་བགྲོ་གླེང་བྱེད་དགོས། བོད་ཟླ་དགུ་པའི་ཚེས་༡ནས་ཕྱི་ལོའི་བོད་ཟླ་གསུམ་པའི་ཚེས་བཅུ་གསུམ་བར་དགུན་དུས་དང་། དབྱར་དུས་ཀྱི་གསུམ་པའི་ཚེས་བཅུ་གསུམ་བར་དགུན་དུས་དང་། [page 451] དབྱར་དུས་ཀྱི་ན་བཟའ་བཞེས་རྒྱུའི་ཐད་ཕུ་དུང་ཡོིད་མེད་དང་ཞྭ་སེར་རྣ་ཐུང་དང་ཞྭ་མོ་འབོལ་རྫིག་མའི་ཁྱད་པར་གྱི་མཚམས་ཚིག་ཡིན། ཟླ་བ་དེའི་ཚེས་རྡུལ་ཚོན་ལ་བརྟེན་པ་དེ་ཉིད་སྐོང་གསོ་བ་དཔོན་སློབ་དྲུག་ཅུ་ཙམ་ལ་རབ་གནས་གཉེར་ནང་ལ་པ་ནས་གཏོང་སྒོ་བྱེད་ནས་འཚོགས་དགོས། དུས་རྒྱུན་དུ་ནངས་རེ་རེ་བཞིན་དུ་འདུ་ཁང་ནང་ལ་གྲྭ་མང་གང་འཛོམས་རྣམས་སུ་ཇ་ཏེ་བཏང་སྟེ་འདིན་བརྡ་བྱུང་བ་རྣམས་འདོན་དགོས (ཀ)བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ནས་དགུ་གཏོར་ཆེན་མོའི་འཆམ་སྤྱོང་འགོ་བཙུགས་ནས་འཇིགས། ་མཛད་རྡོ་རྗེ་དཔའ་བོ་གཅིག་པ་དང་། མགོན་པོ་ཕྱག་དྲུག་པ། མགོན་དཀར། ཞལ་ཁྲ། བྱ་རོག་གདོང་ཅན། གུར་ཞལ་གཉིས། ཆོས་རྒྱལ་དང་གཤིན་རྗེའི་གཤེད་རིགས་ལ། དུག་རི་ནག་པོ་གཤེད་དམར། ཙྰ་མུཎྡ། ལྷ་མོ། བེག་ཙེ། རུ་འདྲེན་སྡེ་བཞི། ཤྭ་བ་གཉིས། དུར་བདག་བཞི་ཀེང་རུས་དྲུག། ཆོས་སྐྱོང་གཉིས། སྔགས་གསར་བཞི། ཀེང་རུས་དྲུག། ཆོས་སྐྱོང་གཉིས། སྔགས་གསར་བཞི། ཡུལ་ཆེན་གཉིས། གནས་ཀྱི་ལྷ་མོ་བཅས་འཆམ་རྒྱུགས་འཕྲོད་ངེས་སྦྱངས་རྗེས་ཚེས་ཉེར་གཉིས་ནས་བོད་ཟླ་བཅུ་པའི་ཚེས་ཉེར་གཉིས་ནས་ཉེར་ལྔའི་དགོང་མོའི་བར་དུ། དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོ། རྗེ་བློ་བཟང་གྲགས་པ་དགོངས་པ་དབྱིངས་སུ་གཤེགས་པའི་འདས་མཆོད་ལ་དགའ་ལྡན་ལྔ་མཆོད་ཆེན་མོར་བླ་གྲྭ་སྤྲུལ་སྐུ་དགེ་བཤེས་ཡོངས་རྫོགས་འཛོམས་ནས་སྨོན་ལམ་ཆོས་སྤྱོད་སོགས་གདངས་དལ་བུས་གསུང་སྒྲོགས་དང་། ལྔ་མཆོད་ཆེན་མའི་ལུང་འདྲེན་མཛད་རྒྱུ། ཁྲི་པ་ནས་ཚོགས་གཏམ་འབུལ་རྒྱུ། དགེ་སྐོས་གསར་རྙིང་བ་རྗེ་རྒྱུ། ཚེས་ཉེར་ལྔའིདགོང་མོར་མཆོད་པ་དད་གླིང་མེ་སྦར་བ། འདུ་ཁང་སྟེང་དུ་དཔལ་ལྡན་དམག་ཟོར་མའི་བསྐུལ་བ་འདོན་པ་སོགས་འདུ་འཛི་ཆེ་བའི་དུས་མཆོད་དེ་རྒྱུན་ཇ་གཉེར་པས་གཏོང་སྒོ་བྱེད་ནས་སྲན་འགྱེད་དང་། མར་རྒྱ་གང་རེ། གྲྭ་པ་བརྒྱད་རལ་ཤ་གཟུག་གཏོང་དགོས།།

བླ་འགོ་བཞི་པོ་རེས་མོས་སུ་བབ་པ་ཁོང་གིས་རྡོར་སློབ་མཛད་འོག། དབུ་མཛད་སོགས་བསྐང་གསོ་བ་བླ་གྲྭ་ལྔ་བཅུ་ཙམ་གྱིས་ཡི་དམ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་མགོན་པོ་དང་ཆོས་རྒྱལ་གཏོར་རྒྱག་པ་དང་། བརྒྱད་སྒྲུབ་ཀྱི་མཐར་དགུ་གཏོར་རྒྱག་སྟེ་འཆམ་བཅས་རྒྱུན་ཇ་གཉེར་པ་ནས་བཏང་དགོས། དགོན་གྱི་གཉེར་ཁག་དང་རྒྱུ་གདན་གྱི་སྐོར། དང་ཐོག་ཡོར་གཞུང་ནས་ཐེབས་བཞག་དང་ས་ཞིང་སོགས་ཀྱི་ཡོང་སྒོ་དང་། དེའི་ཐོག་འབྱོར་ལྡན་ཆོས་ཞལ་འདེབས་ཐེབས་བཞག་དང་། འཚོགས་རྒྱུན་ཟུང་འབྲེལ་གྱི་འཕར་སྣོན་རིམ་བཞིན་བྱུང་སྟེ་བར་སྐབས་བཟོ་ཞིང་དམར་དམག་ཡོང་སྐབས་ཉམས་རྒུད་ཤོར་བར་སླར་གསོ་བྱེད་ཐུབ་པ་བྱུང་། ཁྱོན་བསྡོམས་ན་དགོན་པ་གཉེར་ཁག་བཅོ་བརྒྱད་ཡོད། དེའི་ནང་དུ་ལྷ་གཉེར་ཁག་ལྔ་དང་། དཀོན་གཉེར། གཉེར་རྒྱུད་བཅས་ལ་རྒྱུ་ཟོག་ས་ཞིང་གི་རྩིས་སྤྲོད་མེད། དེ་མིན་རྒྱུན་ཇ་གཉེར་[page 452] པའི་གྲྭ་པ་བཞི། རྒྱུ་གདན་དངུལ་རྡོ་ཚད་སུམ་ཅུ། འབྲུ་ཁལ་ཆིག་སྟོང་ལྔ་བརྒྱ། ཇ་སྒམ་བརྒྱ་དང་གསུམ་མར་རྒྱ་སུམ་བརྒྱ། དྲེལ་སྒ་སྟན་ཆ་ལྡན་ཉེར་ལྔ། ཤིང་བཀལ་སའི་མཛོད་བཞི་བཅུ། ས་ཞིང་མུའུ་བརྒྱད་ཅུ་ཙམ། གཉེར་ཡུན་ལོ་༣ ཆོས་ར་གཉེར་པའི་གྲྭ་པ་བཞི། མ་དངུལ་རྡོ་ཚད་ཉེར་ལྔ། ནས་ཁལ་ལྔ་བརྒྱ། ཇ་སྒམ་བརྒྱ། ཤིང་བཀལ་ས་དང་རྨོད་མཛོ་སུམ་ཅུ། མར་རྒྱ་མ་ཉིས་བརྒྱ། ས་ཞིང་ཆོས་ཕོགས་ཐེབས་མུའུ་བརྒྱ་ཙམ། གཉེར་ཡུན་ལོ་གསུམ། སློབ་གྲྭའི་གཉེར་པ་དང་འབྲུ་གཉེར་གཉིས་ལ་གཉེར་པ་གྲྭ་པ་གསུམ་རེ། མ་དངུལ་རྡོ་ཚད་བཅུ་རེ། འབྲུ་ཁལ་སྟོང་ཕྲག་རེ། ཇ་སྒམ་ལྔ་བཅུ་རེ། ཞིང་རྨོད་ས་མཛོ་བཅོ་ལྔ་རེ་ཡོད་པ་ལ་འབྲུ་གཉེར་ནས་ལོ་རེ་གྲྭ་པ་རེ་ལ་འབྲུ་ཕོགས་འབོ་གསུམ་རེ་དང་། ཇ་བག་གཉིས་རེ་ཕུལ་དགོས། གཉེར་ཀག་དེ་གཉིས་ལས་ས་ཞིང་གཞིས་ཀ་རེ་རེ་ཡོད། དེ་ལ་གཉེར་ཆེན་ཁག་བཞི་ཟེར། དབྱར་གནས་གཉེར་པ། ཚེ་འབར་གཉེར་པ། སྨྱུང་གནས་གཉེར་པ། རབ་གནས་གཉེར་པ་བཞི་ལ་གཉེར་འབྲིང་བཞི་ཟེར། མ་དངུལ་རྡོ་ཚད་བརྒྱད་རེ། འབྲུ་ཁལ་བརྒྱ་དང་ལྔ་བཅུ་རེ། ཇ་སྒམ་ལྔ་རེ། མར་རྒྱ་མ་ཉིས་བརྒྱ་རེ། ཚྭ་རྒྱ་མ་བརྒྱ་རེ། ས་ཞིང་མུའུ་སུམ་ཅུ་ཙམ་རེ་ཡོད། ཚེ་འབར་གཉེར་པ་ལ་གོང་འཁོད་ཀྱི་སྟོང་དུ་མར་རྒྱ་མ་ལྔ་བརྒྱ། ཁང་འགྲིག་གཉེར་པ་ལ་མ་དངུལ་རྡོ་ཚད་གསུམ། ནས་ཁལ་བརྒྱད་ཅུ། རྩམ་པ་དང་། གྲོ་རྗེན་རྒྱ་མ་ཉིས་བརྒྱ་རེ། ཇ་སྒམ་གཉིས། མར་རྒྱ་མ་བརྒྱ། ས་ཞིང་ཀ་གཉིས། རྨོིད་མཛོ་བཅུ་གཉིས། དེ་མིན་མ་ཎི་གཉེར་པ་ནི་ཡུལ་པ་མི་གཉིས་ཡིན། ཧོར་གཞུང་གི་གཉེར་ཚབ་མ་དངུལ་རྡོ་ཚད་བརྒྱད། ཇ་སྒམ་ཉི་ཤུ། འབྲུ་ཁལ་བརྒྱ། མ་ཎི་གཉེར་པའི་གདན་ཞིང་ཟེར་བའི་ས་ཞིང་མུའུ་བཞི་བཅུ་ཙམ། དེ་མིན་དར་ཁ། རས་ཡུག། སྤོས་ཆག་མེ་ཏོག་སོགས་དོ་པོའི་གྲངས་ཀ་མི་ངེས། སྨོན་ལམ་བསྡུ་གཉེར་ནི། ལུང་པའི་ཁྲལ་སྡེ་ཡིན་ཚད་ཀྱིས་ནས་བྲེ་ལྔ་རེ་སྤྲོད་དགོས་པ་ནི། བསྡུ་རུབ་བྱེད་མཁན་སྐྱ་སེར་གཉིས་ཡོད་པ་ལ་ཟེར། དེ་ནི་ཡུན་ལོ་གསུམ་ཡིན་པའི་དང་པོ་ནས་ཁལ་གཅིག་རེ་ཕྱུག་སྤྲང་མེད་པའི་ཁྲལ་སྡེ་ཡིན་ཚད་ལ་སྤྲོད་ཀྱི་ཡོད། རྒྱུ་རྩ་ན་ཎི་གཉེར་པའི་ཡིན་ཡང་དེ་ཡར་བསྡུ་རུབ་བྱེད་མཁན་ཡིན་པས་རེད། འདུ་ཁང་དཀོན་གཉེར་གཉིས། གཉེར་ཡུན་ལོ་བཞི། འདུ་ཁང་ཕྱི་ནང་གི་གད་འཕྱི་དང་། ཐིགས་ཚགས། རྟེན་གསུམ་བདག་གཉེར། དེག་འདུན་སྐབས་འཁར་རྔ་རྡུང་མཁན་སོགས་ཡིན། ཆོས་རའི་ལྷ་གཉེར་བཅས་བཅོ་བརྒྱད་ཡིན། མ་རྩའི་རྒྱུ་གདན་ནི་ཉམས་མེད་ཀྱིས་རྩིས་སྤྲོད་དང་དེའི་ཁེ་བསྐྱེད་ཀྱིས་གཏོང་སྒོ་དང་འགྱེད་ཕོགས་བྱེད་རྒྱུ། མ་རྩའི་རྒྱུ་གདན་སྟོང་གཉེར་པས་སྐྱིན་ཚབ་བྱེད་རྒྱུ། ཡར་རྒྱས་ཕྱིན་ནའང་དགེ་འདུན་ལ་བསྔོས་པའི་དཀོར་ནོར་ཡིན་པས་འགྱེད་ཕུལ་བ་དང་། ཐེབས་འཇོག་གཞན་དག་བྱེད་རྒྱུ་ལས་རང་རང་གི་སྤྱོད་རྒྱུའི་སྲོལ་མེད་པར། མདོར་ན་ཞིབ་རྩིབ་རྒྱབ་སྟེ་གཉེར་འགོ་བུད་དུས་སྤྱིའི་རྒྱུ་རྩ་ཁབ་སྐུད་ཙམ་དུས་གུམ་དུ་རང་རྒྱུ་མ་བྱས་པའི་དོན་དུ་[page 453] མནའ་ཆེན་དང་རྟེན་གསུམ་ད་པ་བཙུགས་ནས་དགེ་འདུན་ཚང་མ་ཐུགས་དག་པར་བྱེད་དགོས།

འགན་འཁུར་དང་ཐོབ་ཐང་། དབང་ཆའི་སྐོར། སྤྲུལ་སྐུ་རྣམས་ནི་དགོན་གྱི་དཀོན་མཆོག་གོང་བུད་ཡིན་པས་བཞུགས་ཁྲི་མཐོ་ཞིང་དགོན་པའི་གྲྭ་བགྲེས་གཞོན་ལས་སྣེ་དང་བཅས་པས་བརྩི་འཇོག་དང་གུས་ཕྱིར། ལས་སྣེ་སོགས་ལ་བཀོད་པ་བྱེད་རྒྱུའི་དབང་ཆ་ཡོད། ཆོས་འཆད་གཉེར་དང་གསེར་ཐེབ་ཏྰ་ཧུང་། རྟ་ལ་ཐོབ་སྡོམ་དང་། གྲྭ་གཡོག། ཕྱག་མཛོད་འཇོག་རྒྱུ་དང་། བསྟན་འཛིན་སྤེལ་གྱི་འགན་དབང་ཡོད། དགེ་བཤེས་ནི་དང་ཐོག་གྲྭ་བཙུན་དཀྱུས་མའི་གྲས་ནས་བསླབ་པ་སློབ་གཉེར་འཛིན་གྲྭ་རི་མ་བགྲོད་ཀྱིས་མངོན་སུམ་དུ་ཤེས་ཡོན་ཐད་ནས་དགེ་བཤེས་རིམ་པའི་གོ་གནས་ཐོབ་པ་ཡིན་པས་དགོན་གྱི་གཉེར་ཁུར་ལས་འཛིན་གང་ཡང་མི་དགོས་པར། ཆོས་འཆད་གཉེར་དང་། བསྟན་འཛིན་སྤེལ་གྱི་འགན་དབང་ནི་ཧ་ལམ་སྤྲུལ་སྐུ་དང་འདྲ། མཁན་པོ་ནི་ལུང་དང་རྟོགས་པའི་ཡོན་ལྡན་ཞིང་སློབ་པ་རྒན་པའི་སྤྲུལ་སྐུའམ་དགེ་བཤེས་གང་རུང་ཞིག་དང་། ཡང་ན་དཀའ་རམ་འབྱམས་སྔགས་རམ་སོགས་ཚུལ་ཁྲིམས་རྣམ་པར་དག་པའི་གང་ཟག། ལུང་རིག་རྒྱུད་བཤད་དང་ཆོས་འཆད་རྩོད་ལ་མཁས་པ་ཞིག་ཡིན་དགོས། གོ་གནས་ནི་དགེ་བཤེས་དང་འདྲ། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ནི་ལས་འགན་ཡིན། ཆོས་རའི་མཁན་པོ་ནི་ཆོས་རའི་སྐོར་གྱི་དབང་ཆ་ཚང་མ་ཡོད། མཁན་པོའི་འགན་ཡུན་ལོ་ལྔ། དབྱར་གནས་སྐབས་ཀྱི་དབང་ཆ་དང་། འགནཡུན་ཡང་དབྱར་གནས་དེའི་རིང་། དགོན་གྱི་ཁྲི་པ་ནི་དགོན་དེའི་གནས་བརྟན་འདུལ་བ་འཛིན་པ་དང་། དགོན་ཧྲིལ་པོའི་དབང་ཆ་ཡོད་པ་ལ། ཁོང་ནི་དཀའ་རབ་འབྱམས་སྔགས་རམ་གང་རུང་ཞིག་དང་། བསླབ་པའང་རྒན་ཞིང་རང་རྒྱུད་ཀྱི་ཚུལ་ཁྲིམས་རྣམ་དག་གཅིག་དང་། ཡོན་ཏན་མཁས་ལ་གཞུང་དྲང་པ། ཕྱོགས་རིས་མེད་པའི་འདུལ་བ་དང་མཐུན་པ་ཞིག་དགོས། དེ་ལ་བསེར་ཐེབ་དང་། ཏྰ་ཧུང་། རྟ་ལ་ཐོབ་སྡོམ་ཡོད་པར། དགེ་འདུན་ཡོངས་ཀྱིས་ཕྱག་འཚལ་ས་ཡིན། ཁོང་གི་ཐུགས་ཐོག་ནས་གོས་སྦྱོང་གིོ་མདོ་འཆད་པ། བསྔོ་བ། དགེ་འདུན་ཡོངས་ཀྱི་གྲལ་དབུར་ཁྲི་ཐོབ་ཡོད། དབུ་མཛད་ནི་དཀའ་རབ་འབྱམས་སྔགས་རམ་གང་རུང་ཞིག་ལ་འཚོགས་དུས་མཆོད་དང་། སྒྲུབ་སྐོར། མདོར་ན་དགོན་དེའི་ཆོ་ག་ཕྱག་ལེན། འདོན་རྟ་དབྱངས་འདུར་གསུམ། བཅའ་འབུད་རྡུང་གསུམ། ཐིག་རྡུལ་ཚོན་བཅས་ལ་སོ་སོའི་ཕྱག་ལེན་མ་འཛོལ་བའི་བྱང་ཆུབ་པ་ཞིག་ཡིན་དགོས་པའི་ཁར། སྐད་ཀྱི་གདངས་ཟབ་ཡངས་སྦོམ་པ་སོགས་དང་། ཚུལ་ཁྲིམས་རྣམ་པར་དག་པའི་བཙུན་པ་ཚད་ལྡན་ལ་དབང་པོ་སྐྱོན་མེད་གཅིག་དགོས། འགན་ནི་འདོན་པ་དབུ་སྐུལ་དང་། གོང་གསལ་ཆ་རྐྱེན་གྱི་འགན་རྣམས་ཁུར་དགོས། དབུ་མཛད་ལ་འགན་ཡུན་ངེས་པ་མེད་དེ། ཕལ་ཆེར་ལོ་བཞི་ལྔ་དྲུག་བདུན་ཙམ། འཚོགས་སུ་ཁྲི་ཡོད། དགེ་སྐོས་གཉིས་ཏེ་གཅིག་ནི་གྲྭ་སའི་གྲྭ་པ་དང་། ཅིག་ཤོས་ནི་གྲྭ་ས་བ་མིན་ཡང་དགེ་སློང་གཉེར་འགོ་གཉིས་བུད་ཚད་བའི་ཚུལ་ཁྲིམས་སྐོན་མེད་པར། དགེ་འདུན་ཡོངས་ཀྱི་ཁམས་དང་[page 454] དབང་པོ། བསམ་པ་སོགས་རྒྱུས་ལོན་པ། དེ་དང་བསྟུན་པའི་ཚོགས་གཏམ་དང་བསླབ་བྱ་བྱེད་ཅིང་ཅི་བྱེད་ཆོས་སུ་འགྲོ་བའི་ཞི་དུལ་བག་ཡོད་དང་། ཁྲིམས་ལྡན་གྱིས་འཚོགས་ཆོས་ར་འགྲིམ་མཁན་དུ་སྐུལ་སློང་བྱེད་པའི་ནུས་པ་ཅན། གཞུང་དྲང་ལྷད་མེད་དང་། ཆོས་ཕྱོགས་ཀྱི་བྱ་བར་མཁས་ཤིང་དགེ་འདུན་ལ་དམ་པ་ཆོས་ཀྱི་ཡས་གཏམ་ཞེས་དང་སྙན་དངགས་གཉིས་ཀྱི་ཚོགས་གཏམ་དུ་འབུ་བ་ལས། འཇིག་རྟེན་གྱི་གཏམ་བཤད་པ་སོགས་ནི་ལྷ་ཁང་དུ་ཁྱི་ཟུག་གི་དཔེ་ལྟར་མི་བྱེད་པ་ནི་དགེ་སྐོས་ཀྱི་ཚད་གཞི་ཡིན། འགན་ནི་དགེ་འདུན་ལ་ནང་ཁྲིམས་སྡོམ་རྒྱུ་དང་འགན་ཡུན་ལོ་གཉིས་རེ་ཡིན། ཁྲི་ཐོབ་བཞིའི་འགན་དང་དབང་ཆ། ཆ་རྐྱེན་རྣམས་བཀོད་ཟིན་ནོ། དེ་མིན་དགོན་ཕྱི་ནང་དབང་ཆ་ཡོད་པ། དགོན་གྱི་གཉེར་པ་དང་དགེ་སྐོས་སོགས་ལས་ཚན་རྫོགས་ཏེ་ཉམས་མྱོང་ཡོད་པའི་རྒན་པ་བཞི་འདེམས་ནས་དེ་ལ་བསམ་གནས་ཟེར། དེ་ལ་དགོན་སྤྱི་གཞུང་ཞེས། ལས་འགན་ནི་དགོན་གྱི་ཆུས་དོན་དང་འབྲེལ་བ་རྣམས་ཐག་བཅད་རྒྱུ་དང་། ཡར་མར་འགྲོ་རྒྱུ། འགྲུལ་མགྲོན་བསུ་སྐྱེལ། ཕྱི་ནང་གི་གྱོད་རྒུད་ཁ་མཆུ་འདུམ་རྒྱུ་རྣམས་ཡིན་འགན་ཡུན་ལོ་གསུམ། དེ་ལ་ལས་སྣེ་བརྒྱད་ཟེར་ཡང་ལས་གནས་གཟུར་དུས་ཕྱོགས་ཞེན་ད་ཆགས་སྡང་མ་བྱས་པའི་དག་གཙང་ཕུལ་དགོས། དགོན་དེའི་གཉེར་པ་གཉིས་རེ་དང་། དགེ་སྐོས། ཁང་འགྲིག་གཉེར་པ། བསམ་གནས་བཅས་ལས་གནས་ཡོངས་རྫོགས་ཟིན་པའི་གྲས་ལ་རྒན་པ་ལྷ་གྲལ་ཞེས་ལས་སྣེ་སོགས་འགན་ཡུན་ཐིམ་མཚམས་ཞབས་ཞུ་འགྲུབ་མིན་སོགས་ཉེས་ཤན་འབྱེད་དེ་ཚོས་བྱེད་ནས་བཟང་ལ་དར་གཏོང་དང་གཟེངས་བསྟོད། ངན་ལ་སྨ་འབེབ་ཀྱིས་ངན་པ་ཕྱིར་ལམ་འགོག་པར་བྱེད་རྒྟུའི་དབང་ཆ་ཡོད་དགོན་གྱི་ཚོགས་འདུ་བྱེད་སྲོལ་དང་། མི་སྣ་གང་དང་གང་ཞིག་ཚོགས་འདུ་རུ་ཞུགས་ཚོག་པ་དེ་དག་གིས་ཐག་གཅོད་ཀྱི་ནུས་པ་གང་ཐོན་ཀྱི་ཡོད་པ་ནི། ཚོགས་འདུ་ནི་དགོན་སྤྱིའི་བསྟན་དོན་རྣམས་ལས་སྣེ་མི་རེ་རེ་ཙམ་གྱིས་སྒེར་ཐག་གཅོད་ཚེ་ལུགས་དང་མི་མཐུན་པས། དེས་ན་འགན་ཡོད་ཚང་མ་འདུ་འཛོམས་བྱས་ཏེ་བྱ་བ་ཆེ་ཕྲ་ཐམས་བཅད་བྱས་ཚཆ་ནོར་འཁྲུལ་དང་རྙོག་འཛིང་མི་ཡོང་བའི་གྲོས་མོལ་བྱེད་པ་ཞིག་ཡིན། དེའི་ནང་ཞུགས་ཆོག་པ་ཚང་མས་ལས་འབྲས་མི་བསླུ་བའི་གཞུང་དྲང་དང་། ཉེ་རིང་ཆགས་སྡང་གི་ཀུན་སློང་མེད་པའི་ཆ་རྐྱེན་འོག། གང་གི་དོན་དུ་ཚོགས་འདུ་བསྡུ་རྒྱུ་ནི་བསམ་གནས་ཚོའི་བལྟས་ཏེ་གྲྭ་གཡོག་རྣམས་ལ་བཀོད་མངག་གིས་བསྡུ་དགོས། དེ་མིན་འཚོགས་པ་ནང་གི་གནད་དོན་བྱུང་ན་ཁྲི་ཐོབ་བཞི་ནས་ཐག་གཅོད་བྱེད། དེ་ལས་གནད་དོན་ཆེ་ན་ལས་སྣེ་བརྒྱད་ནས་ཐག་གཅོད་བྱེད། དེ་ལས་ཆེ་ན་རྒན་པ་ཚང་བསྡུ་ནས་ཐག་གཅོད་བྱེད་དགོས་སོ། དེ་ལྟར་ན་དགོན་གྱི་བསྟན་ཆུས་ཟིན་པའི་ནུས་པ་ཐོན་པ་ཡིན།

ལྕོག་རི་དགོན་འདི་མ་དགོན་དུ་བརྩིས་ནས་འདིའི་ཁོངས་གཏོགས་ཀྱི་དགོན་ལག་དང་རི་ཁྲིད་ནི་ཤར་མཁར་གཉའ་དགོན་པ་ནི་སྤྱིར་བཏང་དགོན་སྡེ་བཅུ་གསུམ་གྲས་ཀྱི་གོ་བབ་འདྲ་མཉམ་ཡིན་ཡང་།[page 455] མཁར་གཉའ་དགོན་གྱི་བླ་དཔོན་དེ་ལྕོག་རི་དགོན་ནས་དཀའ་རབས་འབྱམས་སྔགས་རམ་གང་རུང་གི་འཇོན་ཐང་ཅན་ཞིག་བསྐོ་བཞག་དགོས་པ་དང་། བླ་དཔོན་དེའི་འགན་ཡུན་ཡང་ལོ་གསུམ་མ་མཐའ་ཡིན་པས་དེའི་རིང་ལ། མཁར་གཉའ་ཡུལ་དགོན་གཉིས་ཀྱི་ལུགས་གཉིས་ཀྱི་བྱ་བའི་དབང་ཆ་ཁོང་ལ་ཡོད་པས་སྙི་པ་སྡེ་དགོན་ལ་བླ་དཔོན་འོག་གོ་དབང་འཛིན་པ་གཉེར་ཆེན་གཉིས་ཞིས་པ་དེ་བླ་དཔོན་དེ་ཉིད་ནས་ཆོག་མཆན་ཡོད་པ་ནས་བསྐོ་བཞག་དགོས་པ་སོགས་ལ་བརྟེན་ནས་ལྕོག་རི་དགོན་གྱི་ཁོངས་སུ་བརྩི་སྲོལ་བྱུང་ཡོད། བླ་དཔོན་དེ་ལ་མཁར་གཉའི་བླ་མ་ཟེར། རི་ཁྲོད་རྣམས་ཀྱི་ནང་ནས་རྣམ་ལྔའི་རི་ཁྲོད་འདི་ཆགས་ལྔ་ཤོས་ཡིན། འདིན་བཤད་ཚུལ་འགའ་ཞིག་འདུག་ཀྱང་ཁུངས་ལུང་ཚད་མ་མི་རྙེད་པས། རི་ཁྲོད་ཀྱི་བསྐང་གསོ་དང་། ལྷ་སྲུང་ལ་དཔག་ན་བཀའ་གདམས་གསར་མ་ཡིན་ཤོས་ཆེ་བ་ད་ང་། སོག་རྟ་ཁྲ་ཅན་གྱི་དམག་གིས་གཏོར་བརླག་ཐེབས་པར་དཔྱད་ན་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ཡར་སྔོན་ནས་རི་ཁྲོད་དེ་ཡོད་པར་མངོན། དེ་རྗེ་ཧྲེ་ཧོར་ཚང་གིས་མི་དམངས་བསྐུལ་ཏེ་ཉམས་གསོ་བྱས། ཡང་སྤྱི་ལོའི་དུས་རབས་བཅུ་དགུ་པའི་སྨད་ཙམ་དུ་ཧྲེ་ཧོར་དང་ཉག་རོང་གཉིས་དམག་འཁྲུག་བྱས་ཏེ་རྣམ་ལྔ་རི་ཁྲོད་དེ་ཆགས་ས་མཐའ་ཁུལ་ཡིན་སྟབས་ཉག་དམག་གིས་མེར་བསྲེགས་ཏེ་གཞི་མེད་དུ་བཏང་། དེ་ནས་ལྕོག་རི་དགོན་གྱི་ཆོས་སྐྱོང་བྱ་རྒོད་ཐང་ནག་སྐུ་ཁོག་ཏུ་རློམ་པ་དེས་དགོན་གྱི་ཤར་ཕྱོགས་རྨ་རིའི་ངོས་སུ་སྤོས་ཏེ་མཚན་ལ་ཤར་རྩེ་གླིང་ཞེས་གསོལ་ཏེ་འདུལ་ཁང་གཅིག་བཅས་ཁང་ཚན་གྱི་ཚུལ་དུ་གྲྭ་ཤག་ཆུང་བ་བཅུ་དུག་བཅས་རྟེན་གསུམ་ཡོ་བྱད་ཆ་འགྲིག་ད་ང་། ཁྲི་པ་གཅིག་བཅས་གྲྭ་པ་བཅུ་ཡོད་པ་དེ་ནི་ལྕོག་རི་དགོན་གྱི་ཁོངས་གཏོགས་རི་ཁྲོད་གཅིག་ཡིན། སོག་སྒང་རི་ཁྲོིད་ནི། ཡུལ་འདིར་སྤྲུལ་སྐུ་བྱུང་བའི་ཐོག་མ་བྲག་ཟེར་གྲོང་དུ་འཁྲུགས་པའི་སྐུ་ཆེན་གོང་མ་ནས་སྒྲུབ་ཁང་གཅིག་བཟོས་ཏེ་སྐུ་ཚེ་བསྒྲུབ་ལ་གཞོལ་བས། ཁོང་ནི་སྟོང་སྐོར་ཞབས་དྲུང་སོགས་ཀྱིས་བྲམ་ཟེ་ས་རྭ་ཧ་འི་རྣམ་འཕྲུལ་ཞེས་ཡོངས་སུ་གྲགས་པ་གང་ཟང་གས་གནས་བྱིན་གྱིས་བརླབས་ཏེ། ཁོང་ཉིད་ཀྱིས་ས་དེར་གདན་སའི་མཚམས་ཁང་བརྒྱབ་རྗེས་ཁོར་ཡུག་ཏུ་སྲ་འཁྲེག་ཅན་གྱི་རྡོ་ཕ་ལྦོང་གསུམ་ལ་ཡིག་དྲུག་རང་བྱོན་དུ་ཐོན་པ་དང་། གཞན་ཡང་རྟ་ཕག་ཡབ་ཡུམ་གྱི་སྐུ་བརྙན་འདྲ་བའི་རང་བྱོན་བྱུང་སྟེ་དེ་ལས་གཞན་པའི་ཆེ་བརྗོད་མི་དགོས་པའི་ས་ཆ་དེར་སྤྱི་ལོ་༡༦༧༨ལོ་ཡས་མས་ནས་རི་ཁྲོད་དེར་ཧྲེ་ཧོར་དཔོན་ཆུང་གིས་མཐུན་རྐྱེན་སྦྱོར་ཏེ་འདུ་ཁང་དང་གྲྭ་ཁང་འགའ་ཤས་འཛུགས་པར་ལྕོག་རི་དགོན་ནས་ཁྲི་པ་གཅིག་དང་། ཇ་མ་གཅིག། གྲྭ་པ་ཉི་ཤུ་གཏན་འབེབ་བྱས་ཏེ་དགོན་པའི་ཁོངས་གཏོགས་ཀྱི་རི་ཁྲོད་ཆེ་གྲས་ཤིག་དང་། མཁར་གསར་བླ་མ་རིམ་བྱོན་གྱི་གདན་སའང་ཡིན། ནང་རྟེན་རྩ་ཆེན་ལ། སྤྱན་རས་གཟིགས་ཕྱག་བཞི་པའི་རྡོ་སྐུ་མང་པོ་ཡུལ་གཞན་དུ་ཕེབས་ནས། དེ་རྗེས་རྨ་རིའི་རྒྱབ་ཏུ་འཁྲུངས་པའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་བཞུགས་གནས་ལྕོག་རི་དགོན་གྱི་ཆོས་སྐྱོང་བྱ་རྒོད་ཐང་ནག་[page 456] ནས་ས་དཔྱད་བྱས་ཏེ་སྤྱི་ལོ་༡༨༢༠ཡས་མན་དུ་ཆགས་བཏབ་སྟེ། ཆོས་གླིང་སྤྲུལ་སྐུ་རིམ་བྱོན་གྱི་གདན་ས་དང་། ཆོས་གླིང་འདུལ་བ་གྲྭ་ཚང་ཞེས་གནས་བརྟན་བཅུ་དྲུག་གི་མཚོན་ཚུལ་ཙམ་དུ། དགེ་སློང་བསླབ་པ་རྒན་གྲས་ཀྱི་སྡོམ་གསུམ་རྣམ་པར་དག་པ་བཅུ་དྲུག་བསྐོ་བཞག་བྱས་ཏེ་ལོ་གཅིག་ལ་བསོད་སྙོམས་ཐེངས་གཅིག་གོས་འཚོ་ཐུབ་པའི་རི་ཁྲོད་གཞན་ལས་དཀའ་ཐུབ་དང་ཆོག་ཤཆས་ལྡན་པའི་ཆོས་པ་རྣམ་དག་གྲབ་གཅིག་ཡོད་པའི་རི་ཁྲོད་དེའང་ལྕོག་རི་དགོན་གྱི་ཁོངས་གཏོགས་ཡིན། འདུ་ཁང་སོགས་མེད་པར་ཆོས་གླིང་བླ་བྲང་གི་ལྷ་ཁང་དུ་གསོ་སྦྱོང་དང་། དབྱར་ཁས་ལེན་དགག་དབྱེ་སོགས་བྱེད་ཀྱིན་ཡོད། བླ་བྲང་ལ་རྟེན་གསུམ་དང་མཆོད་རྟ་ཟོག་ལུག་དང་ས་ཞིང་གཞིས་ཀ་བཅས་པ་ཡོད། རི་ཁྲོད་ཀྱི་རྒྱ་ཁྱོན་མུའུ་བཅུ་ཙམ་ཡོད། གོང་གི་མཁར་གསར་བླ་བྲང་ལའང་ཕྱུགས་ལས་དང་། ས་ཞིང་རྒྱ་ཆེ་བའི་གཞིས་ཀའང་ཡོད།

གཟིགས་ཁུག་རི་ཁྲོད་ནི་མངའ་མདོ་ཤང་། དགུ་ནང་གི་ནགས་ཀློང་འགྲམ་དུ་ཆགས་ཡོད་པ། དེ་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་འགོར་རྒྱུད་སྨད་དུ་བྱིང་འདྲེན་མཛད་པའི་སྒྲུབ་པ་བཞེས་པས་བཏབ། དེར་འདུ་ཁང་རྟེན་གསུམ་དང་བཅས་པ་ལ། ལྕོག་རི་དགོན་ནས་ཁྲི་པ་གཅིག་དང་གྲྭ་རྒྱུན་བཅུ་བསྐོ་བཞག་དགོས་པ་དགོན་པའི་ཁོངས་གཏོགས་ཀྱི་རི་ཁྲོད་ཡིན། ས་ཆའི་རྒྱ་ཁྱོན་ལ་ཞིང་མུའུ་བརྒྱད་ཙམ་གྱི་ས་ཡོད། པཎ་ཆེན་བསྟན་པའི་ཉི་མ་ནས་བྱིང་འདྲེན་ལ་ཁྱོད་ཀྱིས་བཏབ་པའི་གདན་ས་ལ་བྱང་ཆུབ་སེམས་དཔའ་དགུ་འབྱུང་ངོ་ཞེས་ལུང་བསྟན་ཡོད་པ་བཞིན་གྲྭ་དཀྱུས་མའི་གྲས་ཀྱིས་གྲྭ་སར་ཕེབས་པ་དང་། སློབ་གཉེར་མཛད་ཅིང་མདོ་སྔགས་གཉིས་དགོངས་དོན་ཕལ་ཆེར་རྟོགས་རྗེས་ཆོས་བརྒྱད་ཀྱི་གཡེང་བ་མེད་པར་ཚེ་དང་བསྒྲུབ་པ་མཉམ་པའི་བླ་མ་ཡེ་ཤེས་ཐོག་མེད་དང་། བློ་བཟང་རབ་རྒྱས། དཀའ་བཅུ་དབུ་བ་བློ་བཟང་བསྟན་འཛིན། དབུ་བླ་ཤེས་རབ་མཆོག་ལྡན། རབ་འབྱམས་པ་ཐུའུ་རིས་སྐལ་བཟང་དར་རྒྱས་སོགས་བྱོན་མྱོང་བའོ། སེང་ལུང་རི་ཁྲོད་ནི་ཨ་གདུགས་སྟོད་ཀྱི་ཨ་མྱེ་རྒྱལ་ཆེན་གྱི་རི་ཞོལ་དུ་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་དུ་ཆོས་གླིང་དགེ་རྒན་བློ་བཟང་ཕུན་ཚོགས་ཀྱིས་དབྱར་གནས་མཛད་ས་ཡིན་པས་ཧྲེ་ཧོར་དཔོན་ནས་རི་ཁྲོད་བཞེངས་པའི་སྦྱིན་བདག་མཛད། དེ་ནས་ལྕོག་རི་དགོན་གྱིས་ཁྲི་པ་གཅིག་དང་གྲྭ་བ་བཞི་བསྐོ་བཞག་དགོས་པ་དགོན་པའི་ཁོངས་གཏོགས་ཀྱི་རི་ཁྲོད་ཡིན་ཡང་ད་སྐབས་ཉམས་གསོ་མ་ཐུབ་པར་ལྷག་ཡོིད། འདི་ཡན་ཆད་ནི་དགོན་པའི་མངའ་ཁོངས་སུ་གཏོགས་པའི་དགོན་པ་གཅིག་དང་རི་ཁྲོིད་ལྔའི་ལོ་རྒྱུས་རགས་ཙམ་བཀོད་ཟིན། ད་ལྟ་སེར་ལུང་རི་ཁྲོད་གཅིག་པུ་མིན་པར་ཉམས་གསོ་ཕལ་ཆེན་བྱས་ཡོད།

དགོན་གྱི་རྟེན་གསུམ་སྐོར་ནི། ལི་མའི་སྐུ་སྣ་ཚོགས་ཉིས་བརྒྱ་དགུ་བཅུ། གསེར་ཟངས་ལས་གྲུབ་པའི་སྐུ་མི་ཚད་མ་ཉི་ཤུ། ཙནྡ་ལས་གྲུབ་པའི་སྐུ་དྲུག་ཅུ་རེ་གཉིས། སྤོས་འདམ་ལས་བཟོས་པའི་སྐུ་བཅོ་བརྒྱད། ཡང་གསེར་ཟངས་ལས་བཟོས་ཀྱི་ཆེ་བ་བརྩེགས་གསུམ་མ་དང་། འབྲིང་བརྩེགས་གཅིག ཆུང་བ་མི་ཚད་མ་བཅས་སྐུ་[page 457] བརྒྱ་ཕྲག་ལྷག་ཙམ། གསེར་ཐང་དྲུག་འཚེམ་དྲུབ་མིའ་ཐང་ཀ་བཅུ་དྲུག། གཞན་ཡང་ཐང་ཀ་བརྒྱ་ཕྲག་བཞི་ཙམ། གསུང་རྟེན་ལ། བཀའ་འགྱུར་དངུལ་བྲིས་མ་ཆ་ཚང་གཅིག། འབུམ་གསེར་བྲིས་མ་གཅིག་མཚལ་པར་བཀའ་འགྱུར་གཅིག། སྣག་པར་བཀའ་འགྱུར་གཅིག་བསྟན་འགྱུར་གཅིག། སྣག་པར་བཀའ་འགྱུར་གཅིག་བསྟན་འགྱུར་གཅིག། སྣག་པ་ར་བཀའ་འགྱུར་གྱི་གསུམ་འབུམ་བཅས་གསུང་འབུམ་སྐོར་དང་། རྣམ་ཐར་སྐོར། ལམ་རིམ་སྐོར། ཆོས་འབྱང་སྐོར། མིན་ཊ་བརྒྱ་རྩ། སྣར་ཐང་བརྒྱ་རྩ། རིན་འབྱུང་བརྒྱ་རྩ་སོགས་ཁྱོན་པོ་ཏི་བརྒྱད་བརྒྱ་ཙམ་དང་། ཐུགས་རྟེན་སྐོར། བཀའ་གདམས་མཆོད་རྟེན་སུམ་ཅུ། གསེར་ཟངས་ཀྱིས་བཟོས་པའི་མཆོད་རྟེན་ཆ་བརྒྱད་ཁྲུ་གསུམ་ཚད་མ། དངུལ་གྱི་བདུལ་མཆོད་རྟེན་ཐོག་བརྩེགས་གཅིག། ཤིང་གི་མཆོད་རྟེན་བརྒྱད། རག་ལས་གྲུབ་པའི་མཆོད་རྟེན་ཁྲུ་གང་བ་བརྒྱད། ས་རྡོ་ཤི་གསུམ་ལས་གྲུབ་པའི་བདུད་འདུལ་མཆོད་རྟེན་ཐོག་བརྩེགས་གསུམ་ཅན་གཉིས། ཡང་ཕྱོགས་བཞིར་ཐོག་བརྩེགས་ཕྱེད་གཉིས་ཅན་གྱི་མཆོད་རྟེན་གཉིས་རེ། ཕྱོགས་བཞིར་རྗེའི་སྐུ་འབུམ་ཐེར་ལྔ་རེ་ཡོད་པའི་ཁང་བུ་བརྩེགས་པ་བརྒྱད།

དགོན་གྱི་མཆོད་ཆ་དང་མཆོད་རྫས། འཆམ་གོས་ཞལ་འབག་གི་སྐོིར། ཧོར་ཆོལ་བཞི། ཤང་ཆོལ་གཉིས། གྲ་ཚོལ་བཞི། རྒྱ་ཆོལ་བཅུ། ཁྱོན་བསྡོམས་སྦུ་ཆོལ་བདུན་ཅུ་ཙམ། འདིར་ཆོལ་བཅུ་བཞི། རྔ་ཆེ་ཆུང་ཚང་མ་བརྒྱད་ཅུ། གསེར་དངུལ་བཀྲ་མའི་གཤོག་པ་ཅན་གྱི་དུང་དཀར་ཆ་ལྔ། གཞན་ཡང་དུང་དཀར་བརྒྱད། གསེར་དངུལ་བཀྲ་མའི་དུང་ཆེན་ཆ་གསུམ་དང་ཚིགས་རྒྱན་རྣམས་སུ་བྱུར་ཕྲ་དགུ་རེ། ཕྲན་རྒྱན་མེད་པའི་ཟངས་དུང་། ཐང་དུང་། རག་དུང་བཅས་ཆ་བརྒྱད། དངུལ་གྱི་ཏིལ་དམ་བཞི་དང་ཀ་ཏོ་ར་བཞི། དངུལ་གྱི་ཕུད་རྐོང་བཞི། རྒྱ་གླིང་བཟང་ངན་ཆ་ལྔ། རྒྱ་བསེར་འཕར་མཆོག་ཆ་བརྒྱད། དངུལ་གྱི་ཏིང་ཕོར་ཆེ་བ་བདུན་ཚན་གསུམ། ལིའི་ཏིང་ཕོར་བདུན་ཚན་དགུ། འཕགས་པའི་སྒམ་དྲིལ་གཙོས་རྡོར་དྲིལ་རྒྱ་ཧོར་ཚ་གསུམ་དང་། སྡེ་དགེ་བཅས་ཀྱི་ཆ་བདུན་ཅུ། ཀ་རྒྱན་ཀ་ཤུབ་བཅས་འདུ་ཁང་གསར་རྙིང་གི་ཀ་བ་ཚང་མ་ལ་གསུམ་རེ། གདུགས་དང་རྒྱལ་མཚན་དེ་མཚུངས། འདུ་ཁང་གཉིས་དང་། ལྷ་ཁང་སོ་སོར་འབོ་གདན་ཁྲི་དང་ཅོག་ཙེ་གྲ་འགྲིག། ཁྲི་ཆས་ཆ་ཚང་བཟང་ངན་ཆ་བཅུ། ཆོས་ཞྭ་གོས་བེར་གསར་རྙིང་བརྒྱད་དང་སུམ་ཅུ། རིགས་ལྔའི་ཅོད་པཎ་དང་དབང་རྫས་གསར་རྙིང་ཆ་བརྒྱ། གཞན་ཡང་ཉེར་སྤྱོད་ཀྱི་ཅ་ལག་སྣ་ཚོགས། ཞལ་འབག་བཞི་བཅུ་ཞེ་བཞི། ལྕགས་རྒྱུག་བཟང་ངན་ཆ་གསུམ། སྦྲ་གུར་དང་ཐབ་ཆའི་སྐོར། ཆུ་ཟོ་ལྔ་བཅུ་ཤོང་སའིི་ཟངས་གཉིས། ཆུ་ཟོ་དྲུག་ཅུ་ཤོང་བའི་ཟངས་ཆེནགཉིས། དེ་ལས་ཀྱང་ཆེ་བ་གཅིག། ཆུ་ཟོ་ཉི་ཤུ་དང་། སུམ་ཅུ་ཤོང་བའི་ཟངས་དཀར་དྲུག། ཐུག་ཟངས་ཆུ་ཟོ་བཞི་བཅུ་ཅན་༢། ཟངས་རག་ཟོ་ཁྲ་བཞི་བཅུ། སྐྱོགས་དང་ཟངས་ཏིམ། ལི་ཏིམ་སོགས་གང་དགོས་ཡོད། བཙན་ཁང་བཞིའི་ནང་དུ་ཆོས་སྐྱོང་སོ་སོའི་སྐུ་རྟེན་གསོབ་དང་བཅས་པ། སྲུང་མ་བབ་དུས་ན་བཟའ་དང་། རྨོག། བཙན་ཞུ། ཤང་ལང་། མདའ་[page 458] གཞུ་ས་ག་ཐག། ཕྱག་མཚན་བཅས་དངུལ་རྡོ་ཚད་ཉེར་ལྔའི་རིན་ཐང་ཅན་ཆ་གཉིས། སུམ་ཅུའི་རིན་ཐང་ཅན་ཆ་གཉིས། མེ་མདའ་དང་། སྐེ་གྲི་དང་ཤང་ལང་འདྲེས་པ། མདུང་། སག་ཐག་ཁྲབ་རྨོག་འགའ་ཤས་བཅས་བསྡོམས་ཆ་ཚང་བདུན་ཅུ་ཙམ། གུར་མོ་ཆེ་གཉིས། གུར་འབྲིང་བཞི། སྦྲ་གཅིག། ཀླད་ནག་བཞི། རྒྱུག་གུར་བརྒྱད། གཟིམ་ནུར་གཉིས། ཉང་པའི་སྐོར། འདུ་ཁང་ག་མིག་བཞི་བཅུ་ཞེ་གཉིས་ལ་ཀ་རིང་བཞི། ཡང་འདུ་ཁང་ཀ་མི་གསུམ་ཅུ་ལ་ཀ་རིང་གཉིས། ཐོག་བརྩེགས་གསུམ་ཅན། རྩེ་མརོ་རི་དྭགས་ཆོས་འཁོར། གསེར་ཟངས་ཀྱི་རྒྱལ་མཚན་བཞི། མགོན་གྱོནའི་གྷན་ཛི་ར། ཐུག་ནག། རྒྱལ་བ་ཡབ་སྲས་ཀྱི་གཟིམས་ཁང་། གསང་བདེ་འཇིགས་གསུམ་གྱི་བློས་བཅས་གཙུག་ལག་ཁང་ཆ་འགྲིག་ཆེན་པོ་གཅིག། ཇ་ཁང་འཆམ་ར་སྒོ་འཕྱོར་དང་བཅས་པ། ཆོས་ར་ཀ་མིག་བརྒྱའི་ས་རྗེའི་སྟོང་སྐུའི་ལྷ་ཁང་དང་བཅས་པ། སློབ་གྲྭ་ཀ་མིག་བརྒྱད་ཅུའི་ས་འཇམ་མགོན་བསྟན་བསྲུང་རྒྱལ་ཆེན་ཤུགས་ལྡན་རྩལ་གྱི་བཙན་ཁང་དང་བཅས་པ། རྒྱུན་ཇའི་གཉེར་ཁང་ཤ་མིག་བདུན་ཅུའི་ཐོག་བརྩེགས་གསུམ་པ། བླ་བྲང་ཁག་གཉིས། གྲྭ་ཁང་སུམ་བརྒྱ་ཙམ། ཕྱིའི་ལྕགས་རི་དང་། ཕྱོགས་བཞིའི་རྒྱལ་སྒོ་དང་བཅས་པའི་དགོན་ཧྲིལ་པོའི་རྒྱ་ཁྱོན་ལ་མུའུ་ལྔ་བཅུ་ཙམ་ཡོད་དོ།།

དགོན་འདིར་སྤྲུལ་སྐུ་བརྒྱད་བྱུང་བ་དང་། དགེ་བཤཆས་ཀྱི་བསྐོར་ནི། རྒྱལ་བ་སྲས་དང་བཅས་པས་གདུལ་བྱ་འགྲོ་བའི་དོན་ལ་ཐུགས་དགོངས་རྩེ་གཅིག་ཏུ་གཞོལ་བར་སྨོས་མེད་བཞིན་དུ་གདུལ་བྱའི་ཁམས་དང་འཚམ་པར། རིགས་རུས་ཀྱི་སྤྲུལ་སྐུམ་ཡིན་པའི་སྐྱེ་བ་སྤྲུལ་སྐུ་འབའ་ཞིག་སྐབས་དེ་དུས་ཀྱི་ལྷ་དང་བླ་མ་ཚད་ལྡན་རྣམས་ཀྱིས་དགོངས་དཔྱད་མངོན་བརྟག་སྒོས་སྐྱེ་འགྲོ་དང་བཅས་པས་ཡིད་ཆེས་འཁྲུལ་བྲལ་ཡིན་པའི་དགོན་པ་འདིར་སྤྲུལ་སྐུ་བྱུང་བའི་དང་པོ་ནི། ཧྰ་ར་ས་ཞེས་པའི་བྱ་བྲལ་གྱི་རྣལ་འབྱོིར་ཆེན་པོ་སྐུ་ཚེ་དང་བསྒྲུབ་པ་མཉམ་པ་དེ་དགོངས་པས་དབྱིངས་སུ་གཤེགས་རྗེས། དེའི་སྤྲུལ་སྐུ་ཧོར་ཆོས་རྗེས་ངོས་འཛིན་མཛད་པའི་བློ་བཟང་བསྟན་འཛིན་འཇིགས་བྲལ་ནི་བྲག་ཟེ་གྲོང་དུ་འཁྲུངས། སྐུ་ཕྲེང་གཉིས་པ་སླར་ཡང་དེ་གར་འཁྲུངས། མཚན་ལ་བློ་བཟང་ཡེ་ཤེས་ཞུ། སྐུ་ཕྲེང་གསུམ་པ་ཨ་གསུགས་གངས་རིའི་འདབས་སུ་འཁྲུངས། མཚན་ལ་བློ་བཟང་དོན་འགྲུབ་ཞུ། སྐུ་ཕྲེང་བཞི་པ་འཇམ་དབྱངས་ཚུལ་ཁྲིམས་ནི་ཧྲེ་ཧོར་གྲོང་དུ་འཁྲུངས། སྐུ་ཕྲེང་ལྔ་པ་བློ་བཟང་དགེ་འདུན་ཕུན་ཚོགས་ནི་བུམ་འགོ་ལ་འཁྲངས། སྐུ་ཕྲེང་དྲུག་པ་ཐུབ་བསྟན་ཡེ་ཤེས་ནི་སོག་སྒང་གྲོང་དུ་འཁྲུངས། སྐུ་ཕྲེང་བདུན་པ་ནི་ད་ལྟ་ལྷ་སའི་གྲོང་ཁྱེར་དུ་འཁྲུངས་ཏེ་ཡོད། གོང་གི་རྣལ་འབྱོར་པ་དེ་བརྩིས་ན་སྐུ་ཕྲེང་བརྒྱད་ཡིན།

སྤྲུལ་སྐུ་གཉིས་པ། བྲག་ཟེ་སྐུ་ཆུང་བློ་བཟང་ཕུན་ཚོགས། རྗེ་ནི་བྲག་ཟེ་སྐུ་ཆེན་གྱི་སྐུ་ཚ་རུ་བྲག་ཟེ་གྲོང་དུ་འཁྲུངས་ཏེ་ཁོར་ཉིད་ལ་སྐུ་ཆུང་ཞེས་དང་། ཁོང་གི་ཁུ་བོ་ལ་སྐུ་ཆེན་ཞེས་ཚང་མས་མཚན་ཞུ་བཞིན་ཡོད། སྐུ་ཕྲེང་གཉིས་པ་རྗེ་བཙུན་བློ་བཟང་ལེགས་པ་ནི་ལྷ་ས་ལ་འཁྲུངས། སྐུ་ཕྲེང་གསུམ་པ་བློ་བཟང་ལེགས་བཤད་ནི་ཧྲེ་ཧོར་ཟམ་ཁ་ཚང་དུ་འཁྲུངས། སྐུ་ཕྲེང་བཞི་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཕྲིན་ལས་[page 459] ནི་མཚོ་འགོི་གྲོང་དུ་འཁྲུངས། གོ་མིང་ཏང་སྲིད་གཞུང་གིས་ཁོང་ལྕོག་རི་དགོན་དཔོན་དུ་བསྐོས། བཟོ་ཞིང་དམར་དམག་དང་མཐུན་འབྲེལ་གྱི་ཡུལ་འདིའི་བསྟན་སྲིད་ལ་ཕན་འདོགས་མཛད། སྐུ་ཕྲེང་ལྔ་པ་བློ་བཟང་ཆོས་གྲགས་བསྟན་པའི་རྒྱལ་མཚན་ནི་དར་རྩེ་མདོར་འཁྲུངས། ད་ལྟ་སུའུ་སེ་རྒྱལ་ཁབ་ཏུ་བཞུགས་ཡོད་ཀྱང་ཕན་ཐོགས་རང་ཡུལ་དུ་མཛད།

ཆོས་གླིང་སྤྲུལ་སྐུ་ནི། གོང་མ་རྣམས་ནི་རྒྱ་གར་གྱི་ཀརྨ་རོལ་པའི་རྡོ་རྗེ་ནས་རིམ་དགའ་ལྡན་ཁྲི་ཐོག་བཅུ་གསུམ་པ་ཤར་རྩེ་ཆོས་ཀྱི་བཤེས་གཉེན་དང་། དེ་དགོན་གྱི་དགེ་བཤེས་བློ་བཟང་ཕུན་ཚོགས་བར་གཞན་ཡུལ་དུ་སྐྱེ་བ་བཞེས། བློ་བཟང་ཕུན་ཚོགས་ཀྱི་ཡང་སྲིད་ཡུལ་འདིར་སྤྲུལ་སྐུ་བྱོན་པར་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ནི་རྨ་རི་རྒྱབ་ཚང་ལ་འཁྲུངས། སྐུ་ཕྲེང་གཉིས་པ་རྗེ་བློ་བཟང་འཇམ་དབྱངས་ནི་མཁར་ལེབ་ཚང་དུ་འཁྲུངས། སྐུ་ཕྲེང་གསུམ་པ་རྗེ་ཐུབ་བསྟན་མཁས་གྲུབ་ནི་ཨ་གདུགས་མཁར་བཀྲ་ལ་འཁྲུངས། སྐུ་ཕྲེང་བཞི་པ་ཐུབ་བསྲན་བྱང་ཆུབ་རྒྱལ་མཚན་ནི་ལྷ་ས་རུ་འཁྲུངས། མཁར་གསར་སྤྲུལ་སྐུ་རིམ་བྱོན་ནི། མཁར་གསར་གྲོང་དུ་འཁྲུངས་པའི་གྲྭ་བཙུན་ཞིག། ཤེས་ཡོན་རྣམས་ཚེགས་ཆུང་ངུའི་དགོངས་པས་འདིེར་ཕྱོགས་ཀྱིས་བླ་ཆེན་འགའ་ཡིས་རྒྱལ་སྲས་འཕགས་པའི་སར་གནས་ཀྱི་སྤྲུལ་སྐུ་ཡིན་ཞིས་ལུང་གིས་ཟིན་ནའང་ཧྲེ་ཧོར་དཔོན་དགོན་གཉིས་ནས་རྒྱལ་དབང་འཇམ་དཔལ་རྒྱ་མཚོར་ཞུས་ནས་བདག་སྤོད་མཛད་པ་ནི། སྐུ་ཕྲེང་དང་པོ་བློ་བཟང་མཐུ་སྟོབས་རྒྱ་མཚོ་ཡིན། ཁོང་ནི་ས་གནས་ཀྱི་རྒྱ་དང་ཧྲེ་ཧོར་དཔོན་ཐུན་མོང་ནས་ལྕོག་རི་དགོན་དཔོན་དུ་བསྐོ་བཞག་བྱས་པ་ཡིན། འཁྲུངས་ཡུལ་མཁར་གསར་ཚང་ཞེས་ཇིའི་སོང་ཞིག་ཡིན་པས་སྐྱེ་བོ་ཚང་མས་དེ་ནས་མཁར་གསར་སྤྲུལ་སྐུ་ཞུ་བ་རེད། སྐུ་ཕྲེང་གཉིས་པ་རྗེ་བཙུན་བློ་བཟང་ཆོས་འབྱོར་ནི་དཀར་མཛེས་གསེར་ཆུ་སྟོང་གི་གྲོང་དུ་འཁྲུངས། སྐུ་ཕྲེང་གསུམ་པ་ཤབློ་བཟང་དགེ་ལེགས་ཆོས་ཀྱི་ཉི་མ་ནི་དཀར་མཛེས་ཕུ་གཡེར་ནང་དུ་འཁྲུངས། སྐུ་ཕྲེང་བཞི་པ་བློ་བཟངདགེ་ལེགས་ནི་མཁར་ལེབ་ཆུ་ཁ་ཚང་དུ་ཤུག་སྒང་འོལ་མའི་སྤྲུལ་སྐུ་དང་སྐུ་མཆེད་ཀྱི་འཁྲུངས། ད་ལྟ་ལལྩོག་རི་དགོིན་ཉམས་གསོ་གསར་བཞེངས་ཀྱི་འགན་བཞེས་ཡོིད།

དགུ་ནང་སྤྲུལ་སྐུ་ནི། དང་ཐོག་དགུ་གོང་འགབ་མ་ནས་གྲྭ་འཇམ་དབྱངས་ས་མཁས་གྲུབ་ཞེས་པ་འབྲས་སྤུངས་བློ་གསལ་གླིང་ཧྲེ་བོ་ཁམས་ཚན་དུ་གྲྭ་སར་ཞུགས་ཏེ་དཀའ་བཅུའི་མིང་བཏགས་ཐོབ་སྟེ་རང་ཡུལ་དུ་ལོག་ཕེབས། ལོ་གཅིག་གི་མཚམས་སུ་སླར་ཡང་གྲྭ་སར་ཕེབས་ནས་གཞུང་ལུགས་ལ་སྤྱང་པ་གང་འཚམ་བྱས་རྗེས་དགེ་བཤེས་ཀྱི་མིང་ཐོབ་སྟེ་རང་ཡུལ་དུ་བྱོན་པས་དགུ་ནང་དགེ་བཤེས་ཟེར། སྐུ་ཕྲེང་གཉིས་པ་རྗེ་བཙུན་བློ་བཟང་བདེ་ཆེན་ནི་སོག་སྒང་གྲོང་སྟོད་ཚང་ལ་འཁྲུངས། སྐུ་ཕྲེང་གསུམ་པ་བློ་བཟང་དགེ་འདུན་ནི་དག་རྟིང་དུ་འཁྲུངས། ཞིང་དུ་གཟིགས་ནས་ལོ་མང་སོང་བར་ད་ལྟའང་ཡང་སྲིད་རྩད་མ་ཆོད་མཁར་གཉའ་དགོན་གྱི་སྤྲུལ་སྐུ་དགེ་ལེགས་ཀྱི་སྐུ་ཕྲེང་དང་པོ་དཀའ་བཅུ་ཤྰཀྱ་འབུམ་ནི་སྙི་སྡེ་རྒྱ་རུང་དུ་[page 460] འཁྲུངས། སྐུ་ཕྲེང་གཉིས་པ་དགེ་ལེག། སྐུས་བློ་བཟང་འཕྲིན་ལས་སྙི་ཆུ་མ་སྒང་དུ་འཁྲུངས། སྐུ་ཕྲེང་གསུམ་པ་དགེ་ལེགས་བྱམས་པ་ཕུན་ཚོགས་ཧྲེ་ཧོར་སྒོ་ར་ལ་འཁྲུངས། སྐུ་ཕྲེང་བཞི་པ་དགེ་ལེགས་བློ་བཟང་སྙན་གྲགས་རྫིགས་རིའི་གྲོང་དུ་འཁྲུངས། སྐུ་ཕྲེང་ལྔ་པ་དགེ་ལེགས་བསོད་ནམས་ཕུན་ཚོགས་ནི་ཨ་གདུགས་སྒོ་རོང་གྲོང་དུ་འཁྲུངས། སྐུ་ཕྲེང་ལྔ་པ་དགེ་ལེགས་བསོད་ནམས་ཕུན་ཚོགས་ནི་ཨ་གདུགས་སྒོ་རོང་གྲོང་དུ་འཁྲུངས་པས་ད་ལྟ་མཁར་གཉའ་བཀྲ་ཤིས་བདེ་ཆེན་གླིང་ཉམས་གསོའི་འགན་བཞེས་བཞིན་ཡོད། མཁར་གཉའི་ཤིང་བཟོ་སྤྲུལ་སྐུ་ནི་སྣེའུ་ཁུང་ཤིང་བཟོ་ཚང་ལ་འཁྲུངས་པས་ཤིང་བཟོ་སྤྲུལ་སྐུའམ་མཚན་གཞན་དཔལ་ལྡན་རྡོ་རྗེ་ཞུ། སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁས་གྲུབ་ནི་མཁར་གསར་གྲོིང་དུ་ཡབ་ཆོས་གླིང་སྤྲུལ་སྐུ་དང་ཡུམ་ལྷ་མིག་མངོན་ཤེས་མངའ་བ་དེའི། དེའི་ཡང་སྲིད་ཀེའི་ཚང་རིན་པོ་ཆེའི་ངོས་འཛིན་གནང་བའི་སྤང་རིང་སྤུལ་སྐུ་བློ་བཟང་ལུང་རིག་རྒྱལ་མཚན་ནི་སྤང་རིང་དུ་འཁྲུངས། དགོངས་པ་དབྱིངས་སུ་གཤེགས་ཏེ་ལོ་མང་ཕྱིན་པར་ཡང་སྲིད་རྩད་མ་ཆོད། དེ་ལྟར་སྤྲུལ་སྐུ་བརྒྱད་ཀྱི་མཚན་དང་འཁྲུངས་ཡུལ་ཙམ་དང་། སྐུ་ཕྲེང་གི་གྲངས་ཀ་སོགས་བཀོད་རྒྱུ་ལས་ཁོང་རྣམ་པ་ཚོའི་སྤྲུལ་སྐུ་གཞི་དང་། ཁྱད་ཆོས་མཛད་ཕྲིན། སྐུ་ཚེའི་ཚད་སོགས་བཀོད་ན་ཧ་ཅང་ཡེ་གེའི་ཚོགས་མང་ཆེས་པས་མདོ་ཙམ་ཡིན།

དགེ་བཤེས་ཀྱི་གྲངས་ཀ་ནི། ཧོར་ཆོས་རྗེས་དགེ་ལུགས་བར་བསྒྱུར་ནས་ལོ་ངོ་བཅུ་ཕྲག་གཅིག་དང་ཕྱེད་ཚུན་ནས་དམངས་གཙོ་བཅོས་བསྒྱུར་གྱི་བར་དུ་རིམ་པར་བྱོན་པའི་དགེ་བཤེས་ཀྱི་མཚན་གྲངས། དགེ་བཤེས་བློ་བཟང་སྦྱིན་པ། བསམ་གཏན་རྒྱ་མཚོ། བྱམས་པ་བློ་གྲོས། བློ་བཟང་བཤེས་གཉེན། དམ་ཆོས་ཡར་འཕེལ། བློ་བཟང་བཤེས་གཉེན། དམ་ཆོས་ཡར་འཕེལ། བློ་བཟང་བསྟན་འཛིན། ཐུབ་བསྟན་སྨོན་ལམ། ཤེས་རབ་ཡེ་ཤེས། འཇམ་དབྱངས་རྣམ་ཨར་འཚོགས། ཡ་མ་དགེ་འདུན། བྱམས་པ་ཚུལ་ཁྲིམས། བློ་བཟང་བཀྲ་ཤིས། སྐལ་ལྡན་སྨོན་ལམ། ཐུབ་བསྟན་ཆོས་གྲགས། ཡེ་ཤེས་འབྱུང་གནས། དཀོར་ཆོག་བསྟན་འཛིན། བློ་བཟང་ཉི་མ། མཁྱེན་རབ་རྒྱ་མཚོ། རྡོ་རྗེ་དགྲ་འདུལ། བློ་གྲོས་རིན་ཆེན། རྒྱ་མཚོ་ཐོགས་མེད། བློ་བཟང་བསྟན་དགའ། བྱམས་པ་ཕུན་ཚོགས། བློ་བཟང་སྨོན་ལམ། བློ་བཟང་བསྟན་འཕེལ། ཐུབ་བསྟན་རྡོ་རྗེ། ཡ་མ་ཕུར་སྲུང་། པདྨ་མཁྱེན་བརྩེ། མཁར་ལེབ་བསྟན་དགའ། བློ་བཟང་སྐལ་ལྡན་སོགས་བྱོན་ནས་བསྟན་འགྲོའི་དོན་དུ་ཆོས་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེན་པོ་མཛད་ཡོད་པ་ཡིན།

གྲྭ་སའིི་གྲྭ་པའི་འགན་དབང་སྐོར། གཞུང་གི་ཁྲི་པ། མཁར་གཉའི་བླ་མ། རི་ཁྲོད་ལྔའི་ཁྲི་པ། ཧྲེ་ཧོར་རྒྱལ་སའི་དབུ་བླ། དགེ་སྐོས་རྒན་པ། དགེ་གཡོིག། སློབ་གྲྭའི་དགེ་རྒན། དབུ་མཛད་ཆེ་ཆུང་རྣམས་ངེས་པར་དུ་དཀའ་བཅུ་དང་། བར་འབྱམས་པ། རྒྱུད་པའི་སྔགས་རམ་བཅས་ཡིན་དགོས། དགེ་བཤེས་ཀྱིས་ཆོས་རའི་མཁན་པོ་དང་། དབྱར་གནས་མཁན་པོ། བཀའ་ཆོས་བླ་མ། སྨོན་ལམ་འཆད་གཉེར། སྒྲུབ་པའི་རྡོར་སློབ་སོགས་མཛད་དགོས། སྤྲུལ་སྐུ་རྣམས་ཀྱང་འགན་དེ་བཞིན་ཡིན། སྤྲུལ་སྐུ་རྣམས་ཀྱང་འགན་དེ་བཞིན་ཡིན། སོ་སོའི་ཡོང་སྒོ་གང་[page 461] ཡོད་སོ་སོར་དབང་བ་དང་། སྐལ་འཕར་ཡང་ཡོད།

དགོན་པ་དང་དམར་དམག་གཉིས་འབྲེལ་བ་བྱས་པའི་སྐོར། སྤྱི་ལོ་1936ལོའི་སྤྱི་ཟླ་3པའི་སྐོར་ལུའུ་པེ་ཁྲེས་སོགས་ཀྱིས་དབུ་ཁྲིད་པའི་དམར་དམག་དཔུང་ཡུལ་འདིར་ཡོང་སྐབས། མི་བསྤྲུང་པའི་མཐའ་དམག་ཤ་སྟག་ཡོང་གི་ཡོད་ཅེས་དང་། བསྟན་པར་གནོད་འཚེ་ཡོང་ཅེས་གོ་མིང་ཏང་གི་ས་གནས་སྲིད་འཛིན་ཚོས་ཁྱབ་བསྒྲགས་བྱེད་ནའང་། དགོན་པའི་དགོན་དཔོན་བྲག་ཟེ་སྐུ་ཆུང་བློ་བཟང་མཐུ་སྟོབས་ཕྲིན་ལས་རྒྱ་མཚོ་ནས་དགོན་རིལ་པོའི་འགན་ཆ་ཚང་བཞེས་ཏེ་སྡེ་དགོན་གཉིས་ལ་སློབ་གསོ་མཛད་དེ་དེའི་རྨང་གཞི་ཐོག རང་རྟོགས་དང་རང་མོས་ཐོག་ནས་སྐུ་ཆུང་ཁོང་ཉིད་ཏྲེ་ཧོར་དུ་ཕེབས་ནས་དམར་དམག་ལ་དགའ་བསུ་དང་འབྲེལ་ལུང་པ་འདིའི་བརྒྱུད་དུ་དགྲ་ཟོན་མི་དགོས་པར་བག་ཕེབས་ངང་དགོན་དུ་བྱོན་ཞིག་ཞུས་ཏེ་ཕྱིར་དགོན་དུ་ཕེབས། འོན་ཀྱང་དམར་དམག་དེ་ཙམ་ལ་ཡིད་མ་ཆེས་པར་དགྲ་ཟོན་ཆེན་པོ་དང་ཐོག་རུ་སྣ་དེ་དཀར་མཛེས་ཀྱི་ལམ་བརྒྱུད་དེ་གཤར། རུ་མཇུག་དེས་མཁར་གསར་ནས་མེ་མདའི་བརྡ་ལ་བརྟེན་ནས་ཕྱོགས་ཡོངས་ནས་དགོན་པ་དམག་གིས་བསྐོར་ཚར་བར་བྱེད་པ་དང་དཔུང་སྔོན་ཆས་རྣམས་དགོན་མགོར་ཐོན་ནས་སྒོ་ཆེན་དེ་ཁོ་ན་བརྒྱུད་འཆར་གཞི་ལས་གཞན་སྒོ་ཆེན་རྣམས་ནས་མ་ཕེབས། དགོན་མགོའི་སྒོ་ཆེན་ནས་རྒྱ་གླིང་དང་དུང་ཆེན་གྱི་སྒྲའི་སྐུ་ཆུང་དང་སྐད་བསྒྱུར་པ། ལས་སྣེ། གྲྭ་མང་དང་བཅས་པས་བསུས་ཏེ་དགུན་གཞུང་གི་ཁང་འགྲིག་རབ་གསལ་དུ་གདན་དྲངས་ནས་གང་འབྱོར་གྱི་གསོལ་སྟོན་བཤམས། དེ་ནས་ཕན་ཚུན་བློས་འགེལ་ཆོག་པའི་གྲོགས་པོར་གྱུར་ཏེ། དེ་སྐབས་དམར་དམག་འཚོ་བའི་ཐོག་ཏུ་ངལ་བ་ཡོད་རྐྱེན་ལུའུ་པེ་ཁྲིས་ཀྱིས་འབྲུ་སོགས་ཉེར་མཁོའི་མཐུན་རྐྱེན་རྣམས་སྔ་གཡར་གནང་རོགས། རྗེས་སུ་རིན་པའམ་སྐྱེན་པ་ཕུལ་ཆོག་གསུངས། དེ་ནས་བཟུང་མདོར་ན། དགོན་རིལ་པོའི་བླ་གྲྭ་ཡོངས་རྫོགས་ཀྱི་འཚོ་ཆས་ཀྱི་འབྲུ་རིགས་ཡོད་རྒྱུ། གཟན་ཤམ་བྱེད་རྫས་ཀྱི་སྣམ་བུ་ཡོད་ཚད། དེའི་ཐོག་བླ་བྲང་ཁག་བཞི་དང་། དགོན་སྤྱི་དང་། གཉེར་ཁག་བཅུ་གཅིག་བཅས་ཀྱི་འབྲུ་རིགས། ཤ་མར། སྣམ་བུ་དང་། འཚོགས་གདན་ཐམས་ཅད་དམར་དམག་ལ་གོས་ཕོགས་དང་ཟས་ཕོགས་སུ་སྦས་བསྐྲུངས་སོགས་མ་བྱས་པར་ཕུལ་བས། གྲོགས་ངོར་བལྟས་ཏེ་དགོན་གྱི་རྟེན་གསུམ་དང་། གྲྭ་པ་མི་གཅིག་ལའང་གནོད་འཚེ་མ་ཁེལ། འགྲོ་སོང་དེ་བསྡོམས་རྩིས་བྱས་ཚེ་འབྲུ་ཁལ་ཆིག་ཁྲི་ལྷག་ཙམ་དང་། མར་རྒྱ་མ་ཉིས་སྟོང་བརྒྱད་བརྒྱ། སྣམ་བུ་དང་ཐེར་མ། ཕྲུག་ཁྲ་སོགས་འགོ་དྲིལ་ཉིས་བརྒྱ་ལྷག་ཙམ། འཚོགས་གདན་སྣམ་དམར་བརྒྱད་ཅུ་ཙམ་དང་། ཐེར་ཁྲ་ཕྲུག་ཁྲའི་ཀ་མིག་བཞིའི་ནང་དུ་སླེབས་པ་ལྔ་བཅུ་ཙམ་དང་། དམར་དམག་ཡོངས་སུ་འདི་ནས་འགྲོ་ཁར། དགོན་སྤྱི་ནས་རྟ་ཉི་ཤུ། མཛོ་བཞི་བཅུ་བས་ལ་སྒ་སྟན་ཐག་པ་ཆ་འགྲིག ཀླད་ནག་དང་རས་གུར་བཅས་ཉི་ཤུ། ཐབ་ཟངས་རྡིས་འགུ། མེ་ཆ། ཟ་གྲི། སྟ་རེ། སྦུད་པ་བཅས་ཆ་འགྲིག་སུམ་ཅུ་ཐམ་པ་ཕུལ་བ་ཡིན། འདིར་ཟླ་བ་གསུམ་མ་ལང་ཙམ་བཞུགས་རིང་ཡོས་རྡོད་མཁན། སླ་ང་། མཆིག་འཐག་འབུད་ཤིང་བཅས་དགོན་སྤྱི་དང་བླ་བྲང་ནས་ཕུད། [page 462] པ་བཅས་དཀོད་བསྒྲིགས་མཛད། སྐུ་ཆུང་ནི་དམར་དམག་འདིར་བཞུགས་རིང་ཏྲེ་ཧོར་རྒྱལ་སའི་ཕོ་བྲང་དུའང་ངལ་མེད་སྒོས་རྒྱུན་ཕེབས་ཉིན་གསུམ་རེའི་མཚམས་སུ་མཛད་ནས་ཁོང་ནི་ཡུལ་པའི་དྲག་ཞན་ཚང་མས་དད་གུས་དང་ཅི་གསུངས་དང་ལེན་ཡོད་སྟབས་ལུང་པའི་ཕྱུག་ཁག་རྣམས་ལ་སྐུལ་སློང་དང་། དེའི་ཐོག་སང་ལོ་རྗེས་མའི་འབྲུ་ཁྲལ་སྔ་ཕུད། ཕོ་བྲང་དུ་གོ་མིན་ཏང་ལ་སྤྲོད་པའི་འབྲུ་ལྷག་འབོར་ཆེན་ཡོད་པ་རྣམས་འབོར་ནས་ཁལ་ཁྲི་ཚོ་མ་ལོང་ཙམ་འདུ་བ་རྣམས་ཁོང་གི་ཞི་དྲག་ཐབས་ཤེས་གནང་འོག་དམར་དམག་ལ་ལྟོ་ཕོགས་ཕུལ་བའི་ཁར་བྱེད་མཁན་ནམ། དམར་དམག་དཔུང་གསོས་སུ་ཡུལ་པའི་འཐུས་ཚབ་བསོད་ནམས་སྒྲོན་མ་དང་། དགོན་གྱི་འཐུས་མི་འཛི་ལུ་གྭ་པ། རིན་ཆེན་མྱི་རྒན་གཉིས་མངག་པ་རེད། དམར་དམག་འདི་ནས་ཕེབས་མཇུག་སྒྲིལ་ནས་སྐྱེལ་མ་བྱེད་ཁར་ལུའུ་པེ་ཁྲིས་སྐུ་འཁོར་ཉུང་བསྡུས་ཀྱིས་རྔ་སྦུབ་འཁྲོལ་བཞིན་དར་ཆ་གཉིས་དགོན་པར་གནང་ནས་རྟིང་མར་གསུངས་པར། སྐབས་འདིར་བྲག་ཟེ་སྐུ་ཆུང་གཙོར་བྱས་པའི་དགོན་པ་བཅས་ཀྱིས་དམར་དམག་(ཧོང་ཅན)ལ་ཞབས་ཕྱི་ལེགས་འགྲུབ་བྱུང་བས་གྲོགས་པོ་ཡིན། དར་ཆ་འདི་གཉིས་དྲན་རྟེན་དུ་ཕུལ་བ་ཡིན། ང་ཚོ་སྔ་ན་ལོ་བཅུ་གཉིས་སམ། ཕྱི་ན་ལོ་བཅོ་ལྔ་ནང་ཚུན་འདིར་ཡོང་བ་ཡིན་པས་དེ་དུས་ཁྱེད་ལ་དྲིན་ལན་ལྔ་ནང་ཚུན་འདིར་ཡོང་བ་ཡིན་པས་དེ་དུས་ཁྱེད་ལ་དྲིན་ལན་སྤྲོད་ཆོག་ཅེས་གསུངས་པ་དང་། ཡང་བྲག་ཟེ་སྐུ་ཆུང་གི་ཕྱག་ལ་ལུའུ་པེ་ཁྲིས་ཀྱིས་འཆང་སྟེ་གསུང་རྒྱུར། ངེད་ཀྱི་དམར་དམག་ཆུང་ཆུང་འདི་ཚོ་ཐག་རིང་འགྲོ་ནུས་མེད་པས་ཁྱེད་ལ་བཅོལ་དགོས་བྱུང་། འདི་རྣམས་གསོན་པོར་འཚོ་གནས་ཐུབ་པ་བྱེད་དགོས་བྱུང་། མནའ་སྐྱེལ་དགོས་གསུངས་པས་སྐུ་ཆུང་ནས་དང་ལེན་མཛད་དེ། ཕེབས་སྐྱེལ་བྱས་སོ། དེ་ནས་དམར་དམག་(ཧོན་ཅན)རྣམས་གསོ་སྐྱོང་འོག ལ་ལ་བླ་བྲང་ཁག་ལ་སྤྲོད། འགྲོ་མོས་ཡོད་པ་རྣམས་དང་། བེ་རི་དགེ་སྟག་བླ་མས་སྐྱེལ་ཡོང་བ་བཅས་ལ་ལམ་བརྒྱགས་སྤྲོད་དེ་སྐྱེལ་མི་བཅས་བྲག་འགོ་དང་། རྟའུ་བརྒྱུད་ནས་རྒྱ་ཡུལ་དུ་མངག་པ་སོགས་དམར་དམག་ལ་ཞབས་ཕྱིའི་ལས་དོན་རྣམས་མཐའ་འཁྱོལ་མཛད་དོ། འདིའི་སྐོར་ལོ་རྒྱུས་ཙམ་མང་པོ་དེ་སྔ་འབྲེལ་ཡོད་ཀྱི་སྡེ་ཚན་ལ་ཕུལ་ཟིན་པས་ད་རས་འདི་ཙམ་ལས་བཀོད་མེད། དེ་ནས་དང་ཐོག་དམར་དམག་འདིར་མ་ཐོན་སྔོན་ཙམ་ནས་གོ་མིན་ཏང་གི་ས་གནས་སྲིད་འཛིན་པ་རྣམས་སྟོད་ཕྱོགས་སུ་བྲོས་ཕྱིན་པས། དམར་དམག་ཕྱིན་ཚར་བ་དང་ཕྱིར་ཡོངས་ནས་ས་ཚུགས་བཟུང་། དེའི་སྐབས་ལུང་པའི་ནང་གི་དམར་དམག་ལ་རོགས་རམ་བྱེད་མཁན་རྣམས་རྩད་གཅོད་ཀྱིས་མི་རེ་འགའི་སྲོག་ཐོག་ཏུ་གཏུགས་པ་སོགས་གནས་ཚུལ་ཟེང་ཙམ་བྱུང་སྐབས་བྲག་ཟེ་སྐུ་ཆུང་ནས་བསྟན་འགྲོའི་ཆེད་དུ་ཡུལ་དགོན་གཉིས་འཁུར་ནས་དམར་དམག་ལ་མཐུན་རྐྱེན་བསྒྲུབ་པ་དང་། དེའི་ཐོག་ཕོ་བྲང་ནང་གི་འབྲུ་ལྷག་དང་། ལོ་རྗེས་མའི་འབྲུ་ཁྲལ་ཕལ་ཆེར་བསྡུ་རབ་ཀྱིས་དམར་དམག་ལ་རོགས་རམ་བྱས་པར་བརྟེན་ས་གནས་གོ་མིན་ཏང་གིས་སྐུ་ཆུང་ལ་དེ་ཙམ་ཡི་མ་རང་བ་བྱུང་སྟེ་ལབ་གླེང་ཉེན་ཁ་ཅན་གྱི་སྒང་དེར། བྲག་ཟེ་སྐུ་ཆུང་ནས་དམར་དམག་ཅུང་མ་ཕེབས་ཙམ་ནས་ཁོང་གི་སྐུ་ཚེ་གཅིག་[page 463] རིང་ཞིང་འདིའི་གདུལ་བྱ་ཕལ་ཆེར་རྫོགས་ཏེ་གསང་གསུམ་ཐུགས་ཀྱི་ས་བོན་དེ་ལྷུམས་སུ་ཞུགས་ཟིན་ཡང་དམར་དམག་ཡོང་བར་ཡུལ་ལུང་ཕན་བདེའི་ཆེད་དུ་བསམ་བཞིན་སྐུའི་བཀོད་པ་མ་བསྡུས་པར་བཞུགས་པ་དེ། དམར་དམག་ཕེབས་སྐྱེལ་དང་། དམར་དམག་ལྷག་ལུང་རྣམས་ལས་མཇུག་སྒྲིལ་བ་དང་གོ་མིན་ཏང་ས་གནས་ཀྱིས་གླགས་མ་ཁལ་བར་སྐུའི་མེ་ཏོག་འཐོར་བར་མཛད་པས། ཁོང་ལ་མ་འདས་སྤྲུལ་སྐུ་གྲགས་སོ། གནས་ཚུལ་དེ་ལྟ་བུའི་འོག་ཏུ་གོ་མིན་ཏང་ས་གནས་ཀྱིས་དགོན་པར་དམར་དམག་གི་གནང་བའི་དར་ཆའི་འདྲི་རྩད་འགའ་ཞིག་བྱུང་བར། དགོན་པས་དར་ཆ་སྦ་བསྐུངས་བྱེད་མ་ཚུགས་པར་ཡིག་འབྲུ་རྣམས་བཀོག་ཅིང་དར་ཆའི་གོས་ཆེན་དམར་པོ་ནི་བླ་བྲེ་ཞིག་གི་དཀྱིལ་མཐོངས་བྱས་ཏེ་མེད་པར་བྱེད་གོས་བྱུང་བ་ནི་འགྱོད་པའི་ཡུལ་ལོ། གོང་གསལ་རྒྱུ་རྩལ་རྣམས་མེད་པ་ཆགས་ཏེ་ལོ་འགའ་ཡི་རིང་ལ་དོན་གྱི་འཚོགས་རྒྱུན་རྣམས་ཉམས་སོང་བར་རྗེས་སུ་རིམ་པར་སྤྱི་ལོ་1940ལོ་ཡས་མས་ཉམས་གསོ་ཐུབ་པ་བྱུང་ཡོད།

དགོན་པར་སློབ་གྲྭ་ཡོད་པ་ནི་འདོན་ཆོག་རྐྱང་བ་དང་། ཆོ་ག་ཕྱག་ལེན། དབྱངས་དང་བཅའ་བཟོ། དཀྱིལ་འཁོར་དང་། མདོས་བྲན། རྡུལ་ཚོན་སྦྱོང་ས་ཡིན། དགེ་རྒན་གཅིག་ལ་གྲྭ་སློབ་ལྔ་བཅུ་ལྷག་ཙམ་ཡོད། ལོ་རེར་ཕོགས་འབྲུ་འབོ་བཞི་དང་ཇ་བག་གཉིས་རེ་ཡོད། སྤྱི་ལོ་1950ལོར་བཅིངས་འགྲོལ་དམག་དཔུང་ཁམས་སུ་ཕེབས་དུས། གོང་གི་བྲག་སེ་སྐུ་ཆུང་གོང་མའི་ཡང་སྲིད་ད་ལྟའི་བློ་བཟང་ཆོས་གྲགས་བསྟན་པའི་རྒྱལ་མཚན་གཙོས་དགོན་གྱི་འཐུས་མི་འགའ་རྟ་བགྲོད་ཀྱིས་དར་མདོ་རུ་བསུ་བ་སོང་། ཧྲི་པྰ་ཅུན་ལའང་གདན་ཞུའི་སྣེ་ལེན་དང་ཕན་ཚུན་གྲོགས་པོའི་གླིང་མོལ་དང་སྐྱེས་སོགས་གནང་། དགེ་འདུན་གྱི་གྲས་ནས་དབང་རྒྱལ་དང་། མཐུ་སྟོབས། པདྨ་དགེ་འཕེལ་གསུམ་དང་། རྒྱ་དགེ་བཤེས། བསམ་གནས་བྱམས་ཚེ་བཅས་གསར་བརྗེའི་གྲས་སུ་མངག། སྤྱི་ལོ་1956ལོ་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་བྱེད་སྐབས། འགྲོ་བ་མང་ཚོགས་ལ་སྐྱིད་བདེ་འཛོམས་རྐྱེན་ཡིན་རྒྱུའི་སྲིད་ཇུས་ངོ་ཟིན་གཏིང་ཟབ་མེད་པའི་འགོ་གཙོ་ཉུང་ཤོས་ཀྱིས་དབང་བགྱུར་འོག་ཏང་དང་མེས་རྒྱལ་ལ་ངོ་ལོག་སྟེ་བཅིངས་འགྲོལ་དམག་དང་དམར་འཛིང་གདོང་གཏུག་གིས་འཁྲུགས་ཐེངས་བཞི་ཙམ་བྱས་མཐར་འདི་ཕྱི་གཉིས་ཕམ་དང་། ཆོས་པའི་གྲལ་པའི་གྲལ་དུ་ངོ་ཚ་གྲལ་དུ་ངོ་ཚ་དགོས་པའི་ལས་ཤིག་བྱུང་།

དགོན་ཡོངས་སུ་ཉམས་པའི་སྐོར། སྤྱི་ལོ་1958ལོར་རྒོལ་བཞིའི་ལས་འགུལ་ནས། སྤྱི་ལོ་1966ལོར་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་གྱི་བརྒྱུད་རིམ་ནང་དུ་གནའ་རྫས་རྟེན་གསུམ་དགོན་གཞི་དང་བཅས་པ་ཤུལ་ཙམ་དུ་གྱུར། དེ་ནས་ཆོས་བྱེད་ཀྱི་དགེ་འདུན་རྣམས་ཁྱིམ་པའི་ལས་སུ་ཞུགས་དགོས་བྱུང་བར། སྡིག་གྲོགས་དང་བདུད་ལས་ཀྱི་དབང་དུ་གྱུར་པ་རྣམས་ཁྱིམ་ཐབ་བཟུང་ནས་སྐྱ་སར་འབབ་པ་དང་། ལོ་ངོ་ཉི་ཤུ་ལྷག་གི་དུས་ཡིན་རིང་པོའི་ཁང་དུ་རྒན་གྲས་ཕལ་ཆེར་ཞིང་དུ་གཤེགས་པ། ཆོས་ཀྱི་གོ་རྟོགས་དམའ་བ་རྣམས་ནི་མི་དགེ་བ་དང་མཚམས་མེད་ཀྱི་ལས་ལའང་འཇུག་པ། དེ་དག་གི་ནང་གསེས་[page 464] འགའ་ཡིས་ཕྱིའི་དགོན་གཞི་དང་རྟེན་གསུམ་སྐོར་བལྟ་མི་བཟོད་པར་འགྱུར་ཟིན་ཡང་། ནང་རང་རྒྱུད་ཀྱི་བསྟན་པ་བསླབ་པ་གསུམ་ལ་ཐབས་དུ་མས་སྐྱོན་མི་འབྱུང་བར་བྱེད་ནས་རྐྱེན་ཐུབ་པའི་དགེ་ཚུལ་སློང་རྣམ་དག་ཀྱང་མང་དུ་ཡོད་པ་བཅས་མདོར་ན་ཆོས་པ་ཚོ་ཡང་ལྗིད་སྲང་མང་ཐུང་བྲེལ་གཞལ་བའི་དུས་སུ། མི་བཞིའི་ཚོགས་ཁག་རྩ་བ་བསློག་བཏང་བ་ནས་ཏང་གི་དབུ་ཁྲིད་དང་། སྲིད་ཇུས་འོག་རྒྱལ་བའི་བསྟན་པ་སླར་གསོ་མཛད་ཆོག་པའི་ཉི་གཞོན་གསར་བའི་དུས་སྐབས་ཤིག་བྱུང་ངོ་།

དགོན་ཉམས་གསོ་བྱེད་པའི་སྐོར། སྤྱི་ལོ་ལོར་བྲག་འགོ་རྫོང་དུ་དགོན་པ་གསུམ་ཆོས་སྒོ་ཕྱེས་ནས་ཉམས་གསོ་བྱེད་ཆོ་པའི་དཀར་མཛེས་རང་སྐྱོང་ཁུལ་གྱིས་ཆོག་མཆན་གནང་བྱུང་། དེའི་ནང་གི་གཅིག་ནི་ལྕོག་རི་དགོན་པ་ཡིན། དེ་ནས་ལྷག་བསྡོད་ཡོད་པའི་གྲྭ་རྒན་བདུན་ཅུ་ཙམ་གྱིས། ཞལ་བཞུགས་པའི་མཁར་གསར་སྤྲུལ་སྐུ་ལ་ཉམས་གསོའི་འགན་བཞེས་རྒྱུའི་རེ་གསོལ་ཡང་ཡང་བྱས། དེའི་ཐོག་རྫོང་ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་ཚོས་ཀྱང་དགོན་ཉམས་གསོ་བྱེད་པའི་འགན་གཙོ་བོར་ཁུར་རྒྱུའི་རེ་བ་བཏོན་ནས་ཁོང་གིས་ཀྱང་ཞལ་བཞེས་མཛད་དེ། སྲིད་གཞུང་ནས་སྔར་གྱི་དགོན་རྙིང་ཁོ་ནར་ཉམས་གསོ་བྱེད་རྒྱུའི་འཆར་འགོད་མཛད་པར་བརྟེན། བོད་ཟླ་དྲུག་པའི་ཚེས་བཞི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་ཆོས་སྒོ་ཕྱེས་པའི་མཛད་ཚུགས་ཏེ། བླ་སྤྲུལ་གྱིས་འགོ་ཁྲིད་པ་ནས་གྲྭ་རྒན་རྣམས་དང་། མི་མང་ལ་རང་མོས་དང་བསྟུན་པའི་ཞལ་འདེབས་བསློང་ནས་གཉེར་ཁང་གི་གཙོར་བྱས་ཏེ་དང་ཐོག་ཚོགས་ཁང་སྟབས་བདེ་ཞིག་བཞེངས་ནས་དེར་གསོ་སྦྱོང་དང་དབྱར་གནས་དགག་དབྱེ་གསུམ་རྨང་གཞི་བྱས་པའི་དུས་མཆོད་རྣམས་ཀྱང་རིམ་འཛུགས་ཀྱིས་འཚོགས། འདུ་ཁང་རྙིང་པའི་གྱང་རལ་དེ་གཞི་མེད་ཀྱི་ཤུལ་དེར་བདེ་ཐང་ཟླ་བ་བདུན་གྱི་རིང་ལ་བྱས་ཏེ། མཐར་འདུ་ཁང་ཀ་མིག་བདུན་ཅུའི་སར་ཆུད་ཙམ་བྱུང་བས་རྨང་གཞི་དང་གྱང་དང་བཅས་པ་བརྩེགས་གཅིག་བཞེངས་གྲུབ་པ་དང་86ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཕེབས་བསུ་ཞུས། རྗེས་སུ་འདུ་ཁང་རྨང་གཞི་དེ་ས་རོའི་སྟེང་དུ་ཁེལ་སྟབས་ཡོ་འཕྱུག་བྱུང་བར། དེའི་ཐོག་རྗེས་མའི་ཐོག་བརྩེགས་དང་། གཞན་ཡང་ཇ་ཁང་སོགས་ལས་སའི་རྒྱ་མེད་པས་སྔ་ལྟར་ཁང་པ་རྒྱག་ས་རེ་རེ་བཞིན་བདེ་ཐང་གི་ས་ངོས་སྙོམས་དགོས་ཚེ་མ་མཐའ་འང་ལོ་བཅུ་ཕྲག་ཙམ་ལ་འཛོམས་དཀའ་བ། ད་དུང་ས་ངོས་གཟར་ཞིང་རྩིག་རྨང་ཆགས་དཀའ་བས་ཡོ་བཅོས་རྒྱུན་དུ་བྱེད་དགོས་ཡོང་བ་དང་། དགོན་ཤུལ་དུ་གྲོང་སྡེ་ཆགས་ཟིན་པས་དེ་དག་ཀྱང་གནས་གཞན་དུ་སྤོ་སེམས་མེད་པ། གལ་ཏེ་སྤོས་ནའང་འགྲོ་གྲོན་ཚང་མ་དགོན་པས་གཏོང་རྒྱུའི་བསམ་འཆར་འདོན་པ། དེ་དག་དང་མཉམ་དུ་ཡུལ་དགོན་འདྲེས་མ་བྱས་ན་དགོན་པ་ཡིན་པའི་དགོས་པ་ཆུང་བ། ཐ་ན་ལྕང་སྡོང་ཙམ་ཞིག་འཛུགས་ནའང་ར་ལུག་གིས་གཏོར་བརླག་དང་། ཞིང་ཁ་རྨོ་ཚར་བས་འཚོགས་རྣམས་སུ་རྟ་ཟོག་རྟོད་ས་མེད་ཐོག མི་ཚོགས་མང་ན་འང་ངལ་བ་ཆེ་བ། འདུ་ཁང་སྒོ་ཁ་ནས་རྫི་བུ་ཚོས་ཀུ་ཅོ་དང་བཅས་རྟ་ཟོག་ར་ལུག་ཕག་པ་རྣམས་འདེད་ཅིང་ཅི་བྱ་མེད་པ་དུ་མའི་གནས་ཚུལ་དང་འཕྲད་དུས། འདིར་ཡང་བཅོས་ཀྱིས་[page 465] འགྲོ་གྲོན་ལས། ས་ཁད་བདེ་ས་ཤིག་ཏུ་གསར་བཟོ་བྱེད་རྒྱུ་སླ་བ། དེའང་འདི་དང་མི་འདྲ་བའི་སྲ་བརྟན་ཡོང་ཞིང་། མ་འོངས་པ་ན་བསྐྱར་གསོ་སོགས་ཡང་ཡང་བྱེད་མི་དགོ་པའི་གནས་ཚུལ་ངེས་ཏེ། མཁར་གསར་རིན་པོ་ཆེ་ནས་ལྷ་བླ་ཚད་ལྡན་ལ་བརྟག་ཞུ། ཁོང་གིས་དགོངས་དཔྱད། གྲོགས་དགེ་འདུན་ཡོངས་ཀྱི་ཐུགས་བབ། ཆོས་སྡེའི་མང་ཚོགས་བཅས་ལ་རེ་རེ་བཞིན་དུ་ཅི་དགར་གྲོས་མོལ་མཛད་ཅིང་། ས་འདིར་སྒྲོལ་མའི་གནས་དང་། ཅོག་རོ་ཀླུའི་རྒྱན། ཧོར་ཆོས་རྗེ་བཅས་ཀྱིས་ཡང་ནས་ཡང་དུ་དགོན་ས་བསྙོན་མེད་མཛད་ཀྱང་ད་ལྟ་རང་ཤུགས་ཀྱིས་མཐུན་རྐྱེན་རྣམས་མེད་པར་གྱུར་པས་སྐྱེ་བོ་ཚང་མས། ཉིན་

ཕྱོགས་ཀྱི་གཡང་ཐང་དུ་ས་ཆ་ཡངས་ཤིང་། ཉི་འོད་ཀྱིས་འཚོ་བ། སྡེ་གྲོང་དང་གཞན་གྱིས་བདག་ཏུ་བཟུང་བའི་ཞིང་ཁ་སོགས་མེད་པ་ཅུང་དབེན་ལ་མཐུན་རྐྱེན་འཛོམས་པ་དེ་ན་དགོན་པ་ཡོངས་སུ་སྤོ་རྒྱུའི་བསམ་པ་མཐུན་ནོ། དེ་ནས་རང་རྫོང་ནས་ཀྱང་ལྕོག་རི་དགོན་པར་ལས་བསྐུལ་ཐེངས་ཤས་གནང་རྗེ་མཁར་གསར་རིན་པོ་ཆེ་ནས་ས་ཆའི་གནས་ཚུལ་དང་། འགལ་རྐྱེན་རྣམས་འབྲེལ་ཡོད་ཚོ་ལ་དྲང་པོར་ཤོད་རྗེས་ཁོང་རྣམ་པ་ཚོས་ཀྱང་ཐུགས་རྣལ་དུ་ཕབས་ནས་གཟིགས་ཞིབ་མཛད་རྗེས་བདེན་པར་བཟུང་། ཏྲེ་ཧོར་ཆུས་ཤང་དང་བཅས་པས་དགོན་པ་སྤོ་རྒྱུའི་ཡི་གེའང་གོང་ས་ལ་ཕུལ། མཐར་རང་སྐྱོང་ལ་ཞུ་འབྲུལ་གྱིས་ཆོག་མཆན་ཐོབ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལའང་ཆེད་ཞུ་བྱས་ཏེ་ཐུགས་བབ་བྱུང་བ་བཅས་ལ་བརྟེན་ནས་ཉ་བྲག་སྤྲུལ་སྐུ་བསོད་ནམས་རིན་ཆེན་སོགས་ས་བརྟག་མཁས་པ་འགའ་ཡིས་ས་དེ་ལ་དགེ་མཚན་ལས་སྐྱོན་ཆ་མེད་པར་གསུངས་པ་དང་། རང་མི་རྒྱ་གར་ཡོད་པ་འགའ་ཡིས་དགོན་པ་ཆགས་སའི་དོན་དུ་རྒྱལ་དབང་བསྟན་འཛིན་རྒྱ་མཚོར་ཐུགས་བརྟན་ཞེས་ལན་གཡང་ཐང་དུ་བཟང་ཞེས་པ་སོགས་ཆོས་སྲིད་འབངས་གསུམ་གྱི་ཆ་ནས་སྟ་གོན་བློ་བདེ་དང་ཡིད་ཆེས་ཕེར་བ་བྱུང་། སྤྱི་ལོ་1988ལོ་དང་། བོད་རབ་བྱུང་བཅུ་བདུན་པའི་ས་འབྲུག་ཧོར་ཟླ་དང་པོ་བཀྲ་ཤིས་ཟླ་བའི་ཚེས་ཉེར་གསུམ། རེས་གཟའ་པ་སངས་དང་། རྒྱུ་སྐར་ལྷག་མཚམས་ས་ནང་འཕྲོད་དངོས་གྲུབ་སྦྱོར་བའི་ཉིན། རྫ་བྲག་ལྕོག་སྤྲུལ་སྐུ་སེ་རིའི། བྱམས་པའི་མཚན་ཅན་ནས་ས་སློང་དང་ལྟོ་འཕྱེའི་ཐིག་སོགས་དང་། འཇིགས་བྱེད་ཞི་རྒྱས་ཀྱི་སྦྱིན་བསྲེགས་མཛད་པ་དང་། སྣོད་བཅུད་ལ་བཀྲ་ཤིས་དགེ་མཚན་གྱི་ལྟས་བཟང་ཀུན་གྱིས་མཐོང་སྣང་ངོ་མཚར་བ་དུ་མ་བྱུང་། དེ་ནས་འདུ་ཁང་ཀ་མིག་བདུན་ཅུ་དོན་བདུན་དང་། ཇ་ཁང་དང་གཉེར་ཁང་མདོ་འབྲེལ་གྱི་ཀ་མིག་བཞི་བཅུ་ཞེ་གཉིས་ས་དང་། འདུ་ཁང་སྦུག་ཏུ་དྲི་གཙང་བྱམས་ཁང་ཀ་མིག་དྲུག་ཅུའི་ས་རྨང་འདང་པ་ནས། ངལ་རྩོལ་གཉིས་ཀྱི་སྒོ་ནས་ཧུར་བརྩོན་རོགས་སྐྱོར་དང་། ས་གནས་ཀྱི་འབྲེལ་ཡོད་ལས་བྱེད་ཚང་མས་རྒྱབ་སྐྱོར་ཚད་མེད་འོག་རྫོང་སྲིད་གཞུང་ནས་གནང་དངུལ་སྒོར་སྟོང་ཕྲག་བཞི། རྒྱལ་གཞུང་ནས་བྲག་ཟེ་སྐུ་ཆུང་ངོར་ཡིན་ཞེས་སྒོར་སུམ་ཁྲི་བཅས་གནང་བྱུང་བ་སོགས། མཁར་གསར་རིན་པོ་ཆེའི་དབུ་ཁྲིད་དང་བཀོད་འདོམས་འོག་ཏུ་འགན་ཡོད་དོ་དམ་ཚོ་ཆུང་སྶ་སྣེ་དང་། གྲྭ་བགྲེས་གཞོན་ཚང་མས་ཧུར་ཐག་བྱས་པའི་འབྲས་བུ་གཅིག་ཏུ་བསྡོམས་ནས་འདུ་ཁང་བརྩེགས་གཉིས་མདའ་ཡབ་པན་ཆག་[page 466] དང་བཅས་འཛོམས་ཡོད། རྩེ་མོར་རི་དྭགས་ཆོས་འཁོར་དང་། རྒྱལ་མཚན་བཅས་སྦྱིན་བདག་སུད་སི་བག་གྱི་ཟླ་བ་དར་རྒྱས་ཚང་གིས་བཙུགས་པ་དང་། ས་རྡོ་ཤིང་གསུམ་དང་ཚོན་རྩི། ལྕགས་ཆས། ཨར་འདམ་སོགས་ཀྱི་སྤུས་ཚད་ནི་དེང་སང་གསར་པའི་རིང་ལྡབ་ལོག་གི་བཟང་འདུག སྐུ་རྟེན་སྐོར་སྔར་གྱི་སྒྲོལ་མ་གསུང་བྱོན་མ་གཙོས་ལི་སྐུ་རྙིང་པ་ལྔ་མང་ཚོགས་ཀྱིས་ཁྱེར་བ་ད་ལྟ་ཕྱིར་སྤྲོད་བྱུང་། དེའི་ཐོག་ཁྱོན་བསྡོམས་གསེར་ཟངས་ཀྱི་ཆེ་ཆུང་བཞི་བརྒྱ་ཙམ་དང་། འདུ་ཁང་ནང་དུ་བྲག་ཟེ་སྐུ་ཆུང་གིས་སྦྱིན་བདག་མཛད་པའི་འཇིམ་སྐུ་ཤྰཀྱ་ཐུབ་པ། གུ་རུ། ཀུན་རིག ཙོང་ཁ་པ། རིགས་གསུམ་མགོན་པོ། སྒྲོན་དཀར་སྐུ་དང་། ཐང་ཀ་གསར་རྙིང་ཚང་མ་ཉིས་བརྒྱ་ཙམ། དེའི་ནང་དཔག་བསམ་འཁྲི་ཤིང་ཐང་ཀ་བཅོ་ལྔ་དང་། ཙོང་ཁ་བརྒྱད་ཅུའི་སྐུ་ཐང་བརྒྱད། གནས་བཅུའི་སྐུ་ཐང་བཞི། གསེར་ཐང་གཉིས་བཅས་ནི་རྟེན་རྙིང་ཡིན་པ་མང་ཚོགས་ཀྱིས་ཕྱིར་སྤྲོད་བྱུང་བ་ད་ལྟ་ཡོད། ད་རུང་འཇིམ་སྐུ་ཆུང་བ་དྲུག་དང་། ལྷ་ས་ནས་ཆེད་དུ་འདྲེན་ཡོང་བའི་རྗེ་ཡབ་སྲས་གསུམ་གྱི་སྐུ་དང་། ཧོར་ཆོས་རྗེ་དང་། རྒྱལ་དབང་ལྔ་པ་བཅས་བླ་ཆེན་རིམ་བྱོན་ནས་ད་ལྟའི་རྒྱལ་བ་ཡབ་སྲས་ཡན་ཆད་བཅས་ཀྱིས་རྟེན་བཞུགས་དང་རབ་གནས་མཛད་པའི་ཐང་རྙིང་གི་ཡོན་ཏན་རྒྱལ་བློན་གཉིས། ཡང་གསར་དུ་དེ་མཚུངས་ཡོན་ཏན་རྒྱལ་བློན་གྱི་སྐུ་ཐང་གཅིག་བཅས་དང་། སྟོན་པ་གཙོ་འཁོར་གསུམ་གྱི་ཅོབ་ཐང་གཅིག་ཡོད་པ་ནི་དེང་སོང་སྐུ་ཐང་ནང་གི་རྟེན་གཙོ་ཡིན། གསུང་རྟེན་གསར་པ། ལྷ་སའི་ཞོལ་པར་གྱི་བཀའ་འགྱུར་ཆ་ཚང་གསུམ། ཡང་སྡེབ་ཐུང་གི་བཀའ་འགྱུར་གཅིག བསྟན་འགྱུར་གཉིས། འབུམ་ཆ་གསུམ། རྗེ་ཡབ་སྲས་ཀྱིས་གསུང་འབུམ་ཆ་ཚང་། གཞན་ཡང་སྨད་རྒྱུད་ཀྱི་ཡིག་ཆ་དང་། གསུང་འབུམ་སྐོར། རྣམ་ཐར་སྐོར། གཟུངས་འདུས། མཚན་འབུམ། ལམ་རིམ་སྐོར། ལས་ཚོགས་སྐོར་བཅས་ཡོད། ཐུགས་རྟེན་གསར་པ། རག་གི་མཆོད་རྟེན་ཆུང་བ་ཉི་ཤུ་རྩ་བཞི། ཐང་གི་མཆོད་རྟེན་ཆ་བརྒྱད་རིང་ཚད་ཁྲུ་བདུན་པ་ཅན་སུད་སུ་ཆོས་དགའ་ནས་སྦྱིན་བདག་བྱས་ཏེ་བཞེངས། ཡང་དེ་དང་འདྲ་བའི་སྐུ་གདུང་མཆོད་རྟེན་གཉིས། མཆོད་ཆ་རྙིང་པའི་གྲས་ཀྱི་ཧོར་ཆོལ་སྤུས་ལེགས་གཅིག དུང་དཀར་གཉིས་བཅས་མང་ཚོགས་ནས་ཕྱིར་སྤྲོད་བྱུང་། དེ་མིན་གསར་པ་སྦུབ་ཆལ་ལྔ། འདུར་ཆོལ་གཉིས། ཟི་ཁྲོན་ཞིང་ཆེན་ནས་གནང་བའི་དྲིལ་བུ་གཉིས། ཀ་རིང་བརྒྱད་ལ་ཀ་རྒྱན། འཆམ་གོས་དང་ཞལ་འབག་བཞི་བཅུ་ཞེ་དྲུག ཆོས་སྐྱོང་གི་སྐུ་གསོབ་ཆ་ལྡན་གཉིས། རྟེན་མདུང་དང་འཕྱར་དར། གདུགས་རྒྱལ་མཚན། བླ་བྲེ། ཕྱི་འཕུར། ཡོལ་བ། ཐེབ་ཆེ་ཆུང་བདུན་ཚན་བཅུ་གསུམ། བུམ་པ་ཉི་ཤུ། ཟངས་དང་ཐང་གིས་བཟོས་པའི་དུང་ཆེན་ཆ་བཞི། རྔ་ཉེར་ལྔ། དབང་རྫས་ཆ་བཞི་བཅུ། ཁྲི་གདན་གསར་པ། རྒྱལ་བ་ཡབ་སྲས་དང་འཆད་གཉེར་བླ་མ་གསུམ་ལ་ཁྲི་འབོར་ཁྲི་རྒྱན་གདིང་བ། གསོལ་ཁེབ་མདུན་ཅོག རྒྱབ་ཡོལ། གོས་བེར་ཆོས་ཞྭ། གདུགས་བཅས་ཆ་ཚང་གསུམ། འདུ་ཁང་ནང་གི་ཚོན་གསོལ་བརྐོས་དཀྲོལ་ལྡེབས་རིས་དང་། ཆོས་ཁྲ། གཏོར་སྒྲུམ་ཤེལ་སྒོ་ཕྱེ་འཕུར་གྲ་འགྲིག བཞུགས་ཁྲི་ལ་བཞུགས་འབོལ། གྲུམ་ཙེའི་ཚོགས་གདན་སོ་མ་གཅིག ཀན་སུའུ་[page 467] ཚོགས་གདན་གཅིག ཕྲུག་གི་ཚོགས་གདན་བཅས་འདུ་ཁང་ཡོངས་སུ་ཁེབས་པའི་ཚོགས་གདན་ཆ་གསུམ། གཉེར་ཁང་དང་ཉེར་མཁོའི་ཅ་ལག་ཆ་ཚང་དང་། སྣོད་སྤྱད་དང་གཏོང་སྒོའི་དངོས་རྫས། ས་གདན་སུམ་ཅུ་ཁྲི་འབོལ་སྒྲོག་ཙེ་དང་བཅས་པ། རྐོང་བུ་སྣ་ཚོགས་བརྒྱ་ཚོ་གསུམ་ལྷག་ཙམ། རྒྱུ་གདན་ཁྲི་དངུལ་གཅིག་གུར་གཉིས། ཚོགས་ཟངས་རྙིང་པ་ཆུ་ཟོ་དྲུག་ཅུ་འགྲོ་བ་ཞིག་ཡོད་པར་ཕྱིར་སྤྲོད་བྱུང་བར་ད་ལྟ་ཡོད། དེ་མིན་ཐབ་ཀ་གསར་པར་ཧ་ཅང་གི་སྣོད་ཆེན་པོ་གསུམ། གཞན་ཁྲོ་ཟངས་དང་། རྡིས་འགུ་ཆེ་ཆུང་བཅས་ཉི་ཤུ། ལྕགས་ཟོ་སྐྱོགས་བཅས་ཆ་འགྲིག་སུམ་ཅུ། བོང་བ་ཆེན་པོ་གཉིས། ཆོས་ར་ཀ་མིག་བརྒྱ་ཙམ་ལ་ལྡེབས་རིས་བཅས་མཁན་པོ་བློ་བཟང་མཁས་བཙུན་ནས་བཞེངས། སློབ་གྲྭའི་ཁང་པ་ཀ་མིག་ལྔ་བཅུ་ཙམ་དང་། དགེ་རྒན་གསུམ་དང་སློབ་མ་དྲུག་ཅུ་ཙམ་ཡོད། དགེ་རྒན་གཅིག་གིས་འབྲི་ཀློག་དང་། གཅིག་གིས་འཚོགས་འདོན། གཅིག་གིས་མཚན་ཉིད་ཁྲིད་སྦྱོང་བཅས་ཡིན། བྲག་ཟེ་བླ་བྲང་ནི་སྐུ་ཆུང་ནས་བཙུགས་པ་དང་། གྲྭ་ཁང་བཏྲྱ་དང་ལྔ་བཅུ་ཙམ་ལས་ཚར། ད་དུང་ཁང་ས་བདག་པོ་བྱས་ཏེ་ལས་མ་ཚར་མཁན་འགའ་ཤས་ཡོད། ད་ལྟའང་དགོན་ཉམས་གསོའམ་གསར་བཞེངས་གསར་བཞེངས་བྱེད་ཡོད། ད་ལྟ་གྲྭ་གྲངས་ཚང་མ་སུམ་བརྒྱ་ཙམ་ཡོད་པ་དང་། དགོན་རིལ་པོའི་སའི་རྒྱ་ཁྱོན་ལ་མུའུ་བདུན་ཅུའི་ཡོད། གྲྭ་རྒྱུན་འབྱུང་ཁུངས་ཀྱི་ཆོས་སྡེའི་འདུད་གྲངས་ནི་ཤང་གཉིས་ལ་བཞི་བརྒྱ་བདུན་ཅུ་ཙམ་ཡོད། གོང་འཁོད་དགོན་ལག་གི་གྲས་སུ་གྱང་རུང་རི་ཁྲོད་པ་ཞེས་གྲྭ་བ་ལྔ་དྲུག་ཙམ་ཡོད་པ་དེ་ནི་ལྕོག་རི་དགོན་པར་ལོ་གསར་དང་། སྨོན་ལམ་སྐབས་སུ་ཡོང་དགོས་པས་ལྕོག་རི་དགོན་པའི་ཁོངས་སུ་རྩི་དགོས་སོ།

གཉེར་པ་གསར་པ་ནི། ཆོས་ར་གཉེར་པ་བཞི་གསར་བསྐོས་བྱས་ཏེ་མ་དངུལ་ཉིས་ཁྲི་ལྔ་སྟོང་ཡོད་པ་དེའི་རྩ་བ་རྩིས་སྤྲོད་དང་། དེ་མིན་ད་ལྟ་གཉེར་པ་མེད། འཚོགས་རྒྱུན་གསར་འཛུགས་ནི། ལོ་སར་དང་སྨོན་ལམ་ཆེན་མོ། བཀའ་འགྱུར་དག་ཚར། ཟླ་ཆོས་བཞི། རབ་གནས། གསང་འདུས། དྲུག་པའི་ཚེས་བཞི། སྐུ་ལྔའི་དུས་གཏོར་འཆམ་བཅས། དབྱར་གནས། གསོ་སྦྱོང་དགག་དབྱེ། ལྔ་མཆོད་ཆེན་མོ། བདེ་མཆོག ཚེས་བརྒྱད། དགུ་གཏོར་ཆེན་མོ་འཆམ་སོ།།

རྒྱུད་སྨད་སྔགས་རིམ་བྱམས་པ་བཀྲ་ཤིས་ནས་རྡུལ་མཚོན་དང་ཐིག་རྩ་ཉམས་གསོ་གནང་། འདུལ་བའི་བསྟན་པ་ཉམས་གསོའི་ཆེད་དུ་དགེ་ཚུལ་སླིང་གི་སྡོམ་པ་གྲྭ་པ་དྲུག་ཅུ་ཙམ་ལ་བསྩལ་བ་དང་། རིམ་པར་ནགས་གཙང་སྤྲུལ་སྐུ་བྱམས་པ་ངག་དབང་ནས་རབ་བྱུང་དང་བསྙེན་རྫོགས་གནང་བས་ཞི་དུལ་ཁྲིམས་ལྡན་གྱི་ངུར་སྨྲིག་རྒྱལ་མཚན་འཆང་བརྒྱ་ཕྲག་གཉིས་ལྷག་ཡུལ་འདིར་སནང་བར་གྱུར་ཏོ། བྲག་ཟེ་སྐུ་ཆུང་རིན་པོ་ཆེ་ནས་ལུང་པ་འདིའི་སྐྱེ་བོ་ཡོངས་ནད་ཀྱིས་ཉེན་པ་ལས་སྐྱོབས་ཆེད་ཁོང་གི་ཕྱག་རྫས་ཀྱིས་འགྲོ་གྲོན་བཏང་ནས་ཐོག་མར་སྨན་པ་མི་གསུམ་རིག་གནས་ཡོན་ཚད་འདེམས་སེས་ཀྱིས་ཁུལ་སྨན་ཁང་དུ་སློབ་སྦྱོང་མངག་ཡོད་པར། དེ་རྣམས་སློབ་འགོ་ཐོན་རྗེས་ལག་རྩལ་སྣེ་གསུམ་གྱི་ཐོག་ནས་ནད་པ་གང་ཡོད་ལ་སྨན་བཅོས་མཛད་རྩིས་དང་། སྨན་ཁང་ཡང་འཛུགས་རྒྱུ་གཏན་འཁེལ་ཡིན། དགོན་སྤྱི་ལ་ཚོད་ཁང་[page 468] གཅིག་ཡོད། མ་དངུལ་ཆག་ཁྲི་ཉིས་སྟོང་ཡོད། དེའི་ཁེ་སྐྱེད་ཀྱང་དགོན་གསར་བཞེངས་ཀྱི་ནང་དུ་འགྲོ་གི་ཡོད།

ད་ལྟ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་གཙོ་ནི་མཁར་གསར་སྤྲུལ་སྐུ་བློ་བཟང་དགེ་ལེགས་ཡིན། དེ་ནས་ཆོས་རའི་མཁན་པོ་བློ་བཟང་མཁས་བཙུན། ཁྲི་པ་བློ་བཟང་དགེ་ལེགས། དབུ་མཛད་བསྟན་འཛིན་ནོར་བུ། དགེ་སྐོས་བསོད་ནམས་རྡོར་ལུ དགེ་སྐོས་ཟླ་བ་བསམ་འཕེལ། བསམ་གནས་ཟླ་བ། ཡ་མ་བློ་བཟང་། རྩིས་པ་ཚེ་རིང་མཐར་ཕྱིན། སོགས་འགན་ཁུར་པ་ཡིན། ལོ་རེ་རེ་བཞིན་གྱི་ཡོང་སྒོ་དང་འགྲོ་གྲོན་རྩིས་བརྡ་ཞིབ་པར་རྒྱག་དགོས། ལོ་རེ་རེ་བཞིན་ཚུལ་ཕྱོགས་བསྡོམས་ཡིན་ཐོག་ནས་ཕུལ་དགོས། ས་གནས་ཆོས་ལུགས་ཅུས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་དང་། ལམ་ཕྱོགས་མཛུབ་སྟོན་གནང་བ་ཇི་བཞིན་དེང་རབས་ཀྱི་བའ་ཁྲིམས་དང་མཐུན་པར་བྱེད་ནས་རྒྱལ་གཅེས་ཆོས་གཅེས་བྱས་ནས། ལམ་བསླབ་པ་གསུམ་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་སྒྲོས་མི་ཚེ་འདིའི་མདུན་མ་གཏན་ལེགས་ཡོང་བར་གྲྭ་བྲེས་གཞོན་ཀུན་གྱིས་བརྩོན་བཞིན་མཆིས་སོ།། དགོན་པའི་ལོ་རྒྱུས་འབྲི་མཁན་ཚོ་ཆུང་ནས་བྲིས།

ངང་སྒང་ཇོ་མོ་དགོན་གྱི་ལོ་རྒྱུས།

ངང་སྒང་ཇོ་མོའི་དགོན་པ་འདི་ཉིད་བཏབ་མཁན་གྱི་བླ་མ་སུ་ཡིན་ཞེ་ན། རྒྱལ་ཀུན་སྙིང་རྗེའི་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་ཟག་མེད་བདེ་སྟོང་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་སྒྱུ་འཕྲུལ་རོལ་གར་གྱི་བཀོད་པ་མཐའ་ཡས་པ་ཞིག་བསྟན་པ་ལས། བྱེ་བྲག་བྲག་དཀར་སྐུ་ཕྲེང་གསུམ་པ། རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ནས། སྐྱེས་དམན་གྱི་རིགས་རྣམས་ཐར་པ་བླ་མེད་འཐོབ་པའི་དོན་དུ་སྡོམ་བཙུན་དགེ་བ་བྱེད་པའི་གནས་ཤིག་ལ་དགོངས་ཏེ་ཇོ་མོའི་དགོན་འདི་བཏབ། ཇོ་མོའི་དགོན་འདི་ཆགས་པའི་ས་ནི། མདོ་ཁམས་སྨད་ཕྱོགས་ཏྲེ་ཧོར་ཤེས་ཁོག་ལུང་པའི་དཀྱིལ་དང་། དམར་རྫ་སྒང་བརྡ་ཀླུང་དལ་གྱི་འབབ་པའི་སྲིབ་ཀྱི་ཆར། ས་ཁད་ཆེས་མཐོ་བར་གངས་ལྷགས་ཀྱིས་སྐྱོན་མེད་པ། དམའ་ཆེས་ཏེ་གྲོང་སྡེ་དང་། རྒྱུ་འགྲུལ་སོགས་འདུ་འཛི་ཆེ་བའི་སྐྱོན་དང་བྲལ་བའི། གྲོང་ལས་རྒྱང་གྲགས་གསུམ་ཙམ་འདས་ཤིང་། རབ་ཏུ་དབེན་ཞིང་བསམ་གཏན་གྱི་ཚེར་མ་དང་བྲལ་བ། འབུད་ཤིང་དང་བཏུང་ཆུའི་མཐུན་རྐྱེན་འཛོམས་ཤིང་། ཉི་ཟླའི་འོད་ཀྱིས་སྐྱངས་པའི་སྤང་རི་སྣུམ་ལ། མཐའ་ཁོར་ཤུག་པ་དང་། གསམ་སྡོང་གྲངས་ལས་འདྲས་པའི་ནགས་ཚལ་དུས་བཞིར་སྔོ་ལྗང་ལྡན་པ། མེ་ཏོག་སྣ་ཚོགས་བཞད་ཅིང་། རི་དྭགས་དང་། འདབ་ཆགས་རྣམས་བག་ཕེབས་རྒྱུ། འཁོར་ཡུག་བདེ་འཇག་དང་། བཀྲ་ཤིས་ལ་བྱིན་ཆགས་པ། ཧོར་ཏྲེ་ཧོར་ས་སྐྱོང་གི་ཕྱུགས་ལྷས་ངང་པ་མཚེར་ཞེས་པའི་ཁ་ཤར་ལྷོར་[page 469] བལྟས་པའི་ས་ཆ་དེར། ཏྲེ་ཧོར་ས་སྐྱོང་མི་དབང་དངོས་གྲུབ་བསྟན་སྐོང་དང་། བཙུན་མོ་རྒྱ་མཁར་སྲས་མོ་བདེ་སྐྱིད་ཆོས་འཚོ་གཉིས་ལ་ས་དེ་སློང་བ་ལ། བྲག་དཀར་རིན་པོ་ཆེ་དེ་ཉིད་ཏྲེ་ཧོར་དཔོན་ཚང་གི་ཆོས་འཚོ་གཉིས་ལ་ས་དེ་སློང་བ་ལ། བྲག་དཀར་རིན་པོ་ཆེ་དེ་ཉིད་ཏྲེ་ཧོར་དཔོན་ཚང་གི་ཆོས་འབྲེལ་ཞུ་སའི་བླ་མའང་ཡིན་སྟབས་ཕུལ་ལོ། དེར་ཇི་ལྟར་ཆགས་པ་ནི། བྲག་དཀར་རིན་པོ་ཆེ་ནི་རྣམ་དཀར་ལེགས་མཛད་ཀྱི་བྱ་བ་ཧ་ཅང་རྒྱས་སྟབས། སྤྱིར་དུས་སྙིགས་སོང་བ་དང་། སྒོས་སུ་མི་བསྲུན་ཕྲག་དོག་ཅན་གྱི་རིགས་འགས་ཁོང་གི་མཛད་འཕྲིན་ལ་བར་གཅོད་བྱུང་སྟེ་དཀར་མཛེས་བྲག་དཀར་ཆོས་སྒར་ནས་བཞུགས་བཟོད་མེད་པར་གྱུར་ཏེ། དེ་དུས་ཧོར་བྲག་འགོ་དགོན་པ་སོགས་ཀྱིས་དད་བསུ་བྱས་ཏེ་བྲག་འགོའི་མངའ་ཁོངས་དགེ་ཐར་ལུང་དུ་ཆོས་སྒར་སྔར་རྒྱུན་ལྟར་བསྐྱངས་ནས་གང་འཚམ་སོང་རྗེས། དེ་ནའང་སླར་ཡང་ཆོས་ལ་གེགས་ཆེན་བྱུང་ཤོར་ནས་བྲག་དཀར་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་དགེ་ཐར་ལུང་པའི་ཆོས་སྒར་ནས་ཤར་ཁའི་ཕྱོགས་རྣམས་སུ་བྲོལ་བྱོལ་ཐེངས་གཉིས་པ་བྱེད་དགོས་བྱུང་སྐབས་སུ། ཏྲེ་ཧོར་བའི་ཇོ་མོ་ཧྲག་གྲས་རྣམས་བླ་མའི་རྗེས་སུ་འབྲངས། རྒན་གྲགས་དང་འགྲོ་ནུས་མེད་པའི་སྐོར་རྣམས་རང་ཡུལ་ཏྲེ་ཧོའི་ཆ་རྣམས་སུ་ཅི་བདེར་ས་ཕུག་དང་། སྤྱིལ་བུའི་གནས་ལ་བརྟེན་ནས་དགེ་སྒྲུབ་བྱེད་པ་ལས། ཆོས་སྒར་དང་། དགོན་གཞི་སོགས་གཅིག་གྱུར་གྱི་བརྟེན་ས་མེད་པར་གྱུར། ཡང་མཐར་རྒྱ་རིགས་ཀྱི་འགོ་ཁྲིད་ཨམ་བན་སོགས་ཀྱིས་བྲག་དཀར་རིན་པོ་ཆེར་རང་ཡུལ་དུ་ཕེབས་དང་ཆོས་སྒར་སོགས་སྔར་མུས་བཞིན་འཛིན་སྐྱོང་མུས་བཞིན་འཛིན་སྐྱོང་ཆོག་པའི་རྒྱབ་སྐྱོར་ཐོབ་སྐབས། ཏྲེ་ཧོར་བའི་ཇོ་མོ་ལྷག་བསྡད་རྣམས་བྲག་དཀར་ཆོས་གར་དུ་ལྷན་འཛོམས་བྱེད་རྩིས་བྱེད་སྐབས། བྲག་དཀར་རིན་པོ་ཆེ་ནས་གོང་དུ་བཀོད་ཟིན་པའི་ངང་པ་མཆེ་ར་ཞེས་པའི་ས་ཆ་རེད། བཙུན་མ་མང་པོ་བྱ་ངང་པ་མཚོ་ལ་འདུ་བ་ལྟར་ཡོང་བའི་རྟེན་འབྲེལ་ཡོད་ཅེས་ཇོ་མོ་དགོན་པ་དེར་ཆགས་པ་རེད། ཇོ་མོ་དགོན་པ་ཆགས་བཏབ་པའི་དུས་ཚོད་ནི། རབ་བྱུང་བཅོ་ལྔ་པའི་བགྲང་བྱ་ང་བཞི་པ་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེལ་གྱི་ལོ་ཡས་མས་ཙམ་ལ་ཡིན་པར་ཇོ་མོ་རྒན་པ་ཚོའི་ངག་རྒྱུན་ལ་དཔྱད་དེ་བཀོད། དེ་ནས་ད་ལོ་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོ་ཡན་ཆོད་ཀྱིས་ལོ་བདུན་ཅུ་དོན་གསུམ་ཙམ་སོང་ཡོད་པ་རེད། ངང་སྒང་ཇོ་མོའི་དགོན་གྱི་ཆོས་སྲོལ་གྲུབ་མཐའ་ནི། དགོན་པ་འདི་འཛུགས་མཁན་ནི་བྲག་དཀར་རིན་པོ་ཆེ་དགེ་ལུགས་པའི་གྲུབ་མཐའ་འཛིན་སྤེལ་བྱེད་པའི་སྤྲུལ་སྐུ་བསྙོན་མེད་ཅིག་ཡིན་རྐྱེན་རྗེས་འཇུག་གི་ཇོ་མོ་རྣམས་ཀྱང་ཆོས་སྲོལ་ནི་དགེ་ལུགས་པ་ཡིན་ནོ།།

ངང་སྒང་ཇོ་མོ་དགོན་གྱི་བཤད་སྒྱུབ་དང་ཐོས་བསམ་སྒོམ་པའི་སྐོར་ནི། མཚན་ཉིད་གྱི་བཤད་གྲྭ་མེད། འོན་ཀྱང་ཇོ་མོ་སོ་སོའི་བློ་དང་འཚམ་པའི་ཀློག་ཀ་ཁ་ནས་བརྩམས་ཏེ་དགོན་གྱི་ཆོས་སྤྱོད་ཞལ་འདོན་གྱི་རིམ་པ་ནས་ཐུན་མོང་དང་ཐུན་མོང་མིན་པའི་བྲག་དཀར་བླ་མ་ཉིད་ཀྱིས་རྩོམ་པའི་ཆོས་སྤྱོད་རྣམས་བློར་འཛིན་བྱེད་རྒྱུ་ནས། བྱང་ཆུབ་ལམ་གྱི་རིམ་པ། སྤྱོད་འཇུག བྲག་དཀར་རི་ཆོས་མུ་ཏིག་ཕྲེང་བ། བློ་སྦྱོང་སོགས་རྒྱུད་དང་འདྲེས་ངེས་ཀྱི་ཁྲིད་ལུང་ཁུངས་བཙུན་དགོས་པ་ནས། དང་ཐོག་དགེ་ཚུལ་མའི་བསླབ་ཁྲིམས་ཚུལ་བཞིན་མནོས་ཏེ་ཉིན་མཚན་ཐུན་གྲངས་ཀྱི་སྒོ་ནས། སྒོ་གསུམ་བག་ཡོད་ཀྱིས་ཚེ་དང་[page 470] སྒྲུབ་པ་མཉམ་པ་བྱེད་པའོ༎

ཇོ་བོ་དགོན་གྱི་ཆོས་ཀྱི་སྲིད་ལ་དབང་བརྒྱུར་བའི་གདན་ས་འཛིན་མཁན་ནམ་དགེ་དཔོན་གྱི་སྐོར་ནི། ཇོ་མོ་དགོན་གྱི་བསྟན་པ་དང་གདན་ས་རིལ་པོའི་དབང་ཆ་ནི་བྲག་དཀར་རིན་པོ་ཆེ་ཉག་གཅིག་ལས་གཞན་སུ་ཡང་མེད། འོན་ཀྱང་བྲག་དཀར་རིན་པོ་ཆེ་དགེ་དགོན་དུ་གཏན་འཁེལ་བཞུགས་ནས་འགོ་རྫི་བྱེད་སྲོལ་མེད་པར་ཁོང་གི་བཀས་བཅད་པའི་དགེ་དཔོན་ཚད་ལྡན་ཞིག་བསྐོ་བཞག་དགོས་པས། ཇོ་མོའི་དགོན་བཏབ་ཟིན་པ་དང་། བྲག་དཀར་རིན་པོ་ཆེ་ནས་ཇོ་མོ་བསླབ་པ་རྒན་པ་ཚུལ་བཙུན་པའི་བློ་བཟང་དཔལ་མོ་ཞེས་པ་དགེ་དཔོན་དུ་བསྐོས་ཏེ་རེ་ཞིག་གི་བར་འགན་བཞེས་ཀྱང་བཙུན་པ་མང་ཚོགས་ལ་སྒྲིག་ལམ་ཆོས་མཐུན་དུ་སྡོམ་དགོས་སྟབས། གང་ཅིར་མི་མཐུན་འགལ་རྐྱེན་མང་བར་ཐུགས་ངལ་ཏེ་ཕྱོགས་ངེས་མེད་ཀྱི་བྱ་བྲལ་ལ་ཕེབས་ཤོར་བ་དེ་ནི་དགེ་དཔོན་གྱི་གདན་རབས་ལྟ་བུ་ནི་དང་པོའོ། ཡང་བྲག་དཀར་རིན་པོ་ཆེ་ནས། དང་ཐོག་ཁྱིམ་འཛིན་ཏེ་མཐར་ངེས་འབྱུང་གིས་ཆོས་སྒོར་ཞུགས་པའི་ཇོ་མོ་ཚེ་རིང་ལྷ་ལུ་ཞེས་པ་དེ་དགེ་དཔོན་དུ་བསྐོས་ཏེ་ལོ་གྲངས་སུམ་ཅུ་ཙམ་གྱི་རིང་ལ་འགན་བཞེས། ཁོང་ནི་རྣམ་དཔྱོད་ལྡན་ཞིང་ཇོ་མོ་རྣམས་ཀྱང་སྡོམ་ཁྲིམས་ལ་བཀོད་དེ་ཤིན་ཏུ་དགེ་སྦྱོར་དམར་ཞིང་གོང་འོག་ཀུན་གྱིས་དད་གུས་དང་བརྩི་འཇོག་ཡོད་པའི་དབང་གིས་དགེ་མའི་གྲངས་ཀའང་སྔར་ལས་ཆེས་འཕར་ཏེ་བརྒྱ་དང་བདུན་ཅུ་ཙམ་དང་། དེ་མཚུངས་ཀྱི་འདུ་ཁང་རྟེན་བརྟེན་པར་བཅས་དང་། བསམ་གཏན་རང་ཤོང་གི་གྲྭ་ཁང་ཡང་དེ་མཚུངས། གཞན་ཡང་ཆོས་རྒྱགས་འཚོ་བ་སོགས་གང་ཅིར་ཕུན་སུམ་ཚོགས་པ་བྱུང་སྟེ་ལས་འགན་ཁུར་བཞིན་ཞིང་དུ་གཤེགས་པ་ནི་དགེ་དཔོན་གཉིས་པའོ། དེ་ནས་ཡོན་ཏན་དང་བསླབ་པ་ལ་བརྟེན་པ། ཇོ་མོ་ཤོས་ཀྱི་བློ་མོས་ལ་བསྟུན་པའི་ཇོ་མོ་དཔལ་ལྡན་སྨན་འཚོ་ཞེས་པ་དགེ་དཔོན་དུ་བསྐོས་ནས་ལོ་ངོ་གསུམ་ལ་འགན་བཞེས་ཏེ་དགོངས་ཞུ་བྱས་པ་དེ་ནི་དགེ་དཔོན་གསུམ་པའོ། དེའི་རིང་ལ་རང་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་བྱེད་སྐབས་ཡིན་ཇོ་མོ་དགོན་གྱིས་ངོ་ལོག་སོགས་གང་ཡང་བྱས་པ་མེད། དེ་ནས་གོང་ལྟར་བསླབ་ཡོན་ལྡན་པའི་ཇོ་མོ་བློ་བཟང་བསམ་ཤེས་ཞེས་པ་ཇོ་མོ་མང་ཤོས་ཀྱིས་ཡིད་མཐུན་སྒོས་དགེ་དཔོན་དུ་བསྐོས། དེའི་རིང་ལ་རང་རེའི་རྒྱལ་ནང་དུ་རྒོལ་བཞིའི་ལས་འགུལ་སྤེལ་སྐབས་ཡིན་པས་དམ་པའི་ཆོས་སྲོལ་འཛིན་པའི་དགོན་སྡེ་ཁག་ལ་ཉམས་ཉེས་ཀྱི་འཐོར་རླུང་དྲག་པོ་བྱུང་འགོ་ཚུགས་པ་ལྟར། ངང་སྒང་གི་ཇོ་མོ་དགོན་ལའང་དེ་ལྟར་བྱུང་བར། མཇུག་ཏུ་འདུ་ཁང་དང་། གྲྭ་ཁང་ལྷག་ཡོད་པ་རྣམས་ཀྱང་རིག་གསར་འགུལ་བསྐྱོད་ཀྱིས་མཇུག་བསྡུས་ཏེ་དགེ་མའི་དཔོན་བྱེད་ཡུལ་མེད་པར་གདན་རབས་སྟོང་པར་གྱུར་པ་སོགས་དུས་ཀྱི་འགྱུར་བ་བྱུང་ངོ་།།

ཇོ་མོ་དགོན་གྱི་འཚོགས་རྒྱུན་གྱི་སྐོར་ནི། སྤྱིར་བཏང་ལོ་གཅིག་ལ་ཉིན་གྲངས་རེ་རེ་བཞིན་དུ་དགོས་དོན་གལ་ཆེན་དམིགས་བསལ་ཅན་རྣམས་ཕུད་པའི་ཉིན་རེ་རེ་བཞིན་ལ་འཚོགས་ཐེངས་རེ་མེད་དུས་མེད། དེ་ནི་རྒྱུན་སྤྱོད་དགེ་སྦྱོར་དང་། ཆོས་སྤྱོད་ཀྱི་རིམ་པ། དེའི་ཐོག་ཡོན་བདག་ཚོའི་རེ་བ་བྱེད་པའི་འདོན་[page 471] བརྡ་ཡོང་བ་སོགས་དུས་ལས་མི་གཡོལ་བའི་ཆེད་དུའང་ཡིན་ལ། ལྷག་བར་དུ་ཇོ་མོ་རྣམས་སྒོ་གསུམ་བག་མེད་ལེ་ལོའི་དབང་དུ་མི་འགྲོ་བར་སྤྱིའི་སྒྲིག་ལམ་དམ་པོས་བཅད་དེ་རང་དགར་སྤོང་ཁང་དུ་བསྡད་ཐབས་མེད་པ་བཅས་ཀྱི་ཆེད་དུའོ༎ དེའི་ཁར་དགུན་ཟླ་གསུམ་ལ་ཉིན་བདུན་ཕྲག་རེ་རེ་རེས་མོས་ཀྱིས་གནས་བརྟན་ཕྱག་མཆོད་རྒྱས་པ་དང་། སྨན་བླའི་མདོ་ཆོག་རྒྱས་པ། སྒྲོལ་མའི་མཎྜལ་བཞི་ཆོག་གསུམ་པོ་དང་། ལོ་གཅིག་གི་ཟླ་རེའི་ཚེས་ཉེར་དགུ་བྱུང་ངོ་ཅོག་ལ་བཟང་སྤྱོད་འཆི་བླུ་ཚར་རེ་སྟོན་ཟླ་འབྲིང་པོའི་ཚེས་འགོ་ལ་ཉིན་གཉིས་སུ་བྲག་དཀར་སྐུ་ཕྲེང་གསུམ་པའི་དགོངས་རྫོགས་དྲན་དུ་སྨན་བླའི་མདོ་ཆོག་རྒྱས་པ་དང་། བར་གསེང་གི་དུས་ཚོད་གང་ཡོད་ལ་དོན་མེད་རྣམ་གཡེང་མི་བྱེད་པར་ཐུན་གཉིས་སམ་གསུམ་བཅད་ནས་རང་རང་གི་སྤོང་ཁང་དུ་ཆོས་སྤྱོད་བཅུ་ལ་ཐོས་བསམ་སྦྱངས་པ་ལྷུར་ལེན་བྱེད་དགོས་སོ༎

སྐྱེལ་སྟངས་སྐོར་ནི། སྤྱིར་ན་དགེ་སྦྱོར་གྱི་འཚོ་བ་རྣམ་པར་དག་པ་དེས་གང་ཟག་གི་ནང་བསམ་བློ་ཚིམས་པར་བྱེད་རྒྱུ་དང་། ཕྱི་སྒྱུ་ལུས་བརྟེན་སའི་འཚོ་བ་ནི། དང་ཐོག་རང་རང་ཇོ་མོ་བྱེད་དུས་ནས་ཕ་མའམ་ཁྱིམ་པའི་བཟའ་དཔོན་གང་ཡིན་ལ་རང་ཉིད་ཇོ་མོ་བྱེད་པའི་གྲོས་མཐུན་ཡོད་པ་གཞིར་བཟུང་སྟེ། ཁྱིམ་པ་སོ་སོའི་འབྱོར་འཁོས་ལ་བསྟུན་པའི་ཇོ་མོར་རྒྱགས་སྤྲོད་རྒྱུ་དང་།

དེའི་ཐོག་ཆོས་ལ་དད་པའི་གདུལ་བྱ་ཚོས་དངོས་རྫས་ཀྱི་ཞལ་འདེབས་དང་། སྐུ་འགྱེད། འདོན་བརྡ་རྣམས་སྤྱི་གཞུང་དུ་བསགས་ཏེ་[page 472] བརྟེན་རང་མོས་རང་དབང་གིས་ཇོ་མོ་བྱེད་འདོད་ཡོད་པའི་ཁར། ཕ་མ་སོགས་ཁྱིམ་བདག་གིས་ཀྱང་དེར་ཡིད་མཐུན་གྱི་གནང་བ་ཐོབ་དགོས། དེའང་རྟེན་འོན་ལྐུག་སྨྱོན་ལོང་མིན་པ། གཞན་གྱི་ཁྱོམ་ཐབ་སོགས་རྩོད་གཞི་མེད་པའི་ཇོ་མོ་བྱེད་རུང་བ་ཞིག་ཡིན་དགོས། ཐོག་མ་ནས་དགེ་རྒན་ཚད་ལྡན་ལ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྟེན་ནས་ཀ་ཁ་ནས་བཟུང་དཔེ་ངོས་ཀྱི་ཡི་གེ་རྣམས་མགྱོགས་དལ་ཤར་མར་ཀློག་ཐུབ་པ་དང་ཆོས་སྤྱོད་འཚོགས་འདོན་གྱི་རིམ་པ་རྣམས་དཔེ་མཆོག་གམ། བློར་འཛིན་བཅས་ལོ་བཞི་ལྔའི་ཚུན་ཆད་དུ་དུ་ཤེས་ཚད་རྫོགས་པར་བྱེད་རྒྱུ་དང་། དེ་ནས་བཀའ་ལུང་དབང་སོགས་དང་ཁྲིད་རྣམས་ཞུས་ཏེ་མཁན་པོའི་དྲུང་ནས་དགེ་ཚུལ་མའི་སྡོམས་པ་བླངས་ནས་ཇི་སྲིད་འཚོའི་བར་བསླབ་ཁྲིམས་ཀྱི་བཅས་མཚམས་ཕྲ་མོ་ཡན་ཆད་སྲོག་བསྡོས་ཀྱིས་བསྲུང་ཐུབ་པར་བྱེད་དགོས། གལ་ཏེ་རྩ་བ་དང་ཡན་ལག་རྣམས་ངོས་ལྐོག་གཉིས་སུ་མི་སྲུང་མཁན་བྱུང་ན་དགེ་དཔོན་ནས་ཞིབ་རྩད་བྱེད་རྒྱུ་དང་། ཇོ་མོ་དགོན་གྱི་ཆོས་སྐྱོང་ནི་བྲག་དཀར་རིན་པོ་ཆེས་བཀའ་གརད་བྱས་ཡོད་པའི་དཔལ་ལྡན་ལྷ་མོས་ཀྱང་མངོན་སྤྱོད་ཐོག་ནས་རྩད་གཅོད་བྱེད་རྒྱུའོ།།

ཇོ་མོའི་དགོན་གྱི་འདུ་ཁང་དང་། གཉེར་མཛོད་ཁང་། རང་ཤོང་གྲྭ་ཁང་བཅས་གྲངས་ཀ་དང་རྒྱ་ཁྱོན་གྱི་སྐོར་ནི། གནའ་དུས་ནས་རྒོལ་བཞི་སོགས་ཀྱི་བར་དང་། ད་ལྟ་རང་རྫོང་གིས་ཆོས་སྒོ་ཕྱེ་ནས་ཉམས་གསོའམ། གསར་བཞེངས་གཉིས་ཀ་ལ་རྒྱ་ཆེ་ཆུང་དང་། གྲངས་མང་ཉུང་ཧ་ལམ་འདྲ་བ་ལ། དགོན་རིལ་པོ་ཆགས་པའི་ས་གཞིའི་རྒྱ་ཁྱོན་ལ་མུའུ་བཅུ་ཕྲག་གཅིག་གི་ས་དང་། འདུ་ཁང་ཀ་མིག་ཉི་ཤུ་ཐམ་པའི་སྟེང་ཁར་བྲག་དཀར་རིན་པོ་ཆེའི་གཟིམ་ཁང་དང་། ཇ་ཁང་ཀ་མིག་གསུམ་ཅན་གཅིག་སྤྱིའི་མཛོད་ཁང་ཀ་མིག་ཅན་གཅིག། གྲ་ཤག་ཀ་བཞི་གདུང་བརྒྱད་མ་རང་ཤོང་ཙམ་གྱི་ཁང་ཆུང་བརྒྱ་དང་ལྔ་བཅུ་ང་ལྔ་ཡོད། དེའི་ཐོག་སྔར་སྤྱི་ཚོགས་རྙིང་པའི་སྐབས་དང་ད་ལྟ་ཀྲུང་གོ་གསར་པའི་དུས་གཉིས་མི་འདྲ་བ་ཁྱད་པར་བྱུང་བའི་དབང་གིས་ཕྱུགས་ཟོག་བཞོ་མ་འགའ་ཤས་བཙུད་སའི་ཀ་མོག་དྲུག་ཅན་གཅིག་ཡོད་པ་དེ་ནི་བྲག་དཀར་ཡང་སྤྲུལ་བསྟན་འཛིན་བློ་བཟང་སྙན་གྲགས་རིན་པོ་ཆེ་ཉེ་སྔོན་སྤྱི་ལོ་1988ལོར་བོད་ལྗོངས་ནས་ངང་སྒང་ཇོ་དགོན་དུ་ཕེབས་སྐབས། ཁོང་གི་ཡང་ད་སྐབས་ཀྲུང་གོ་གསར་པའི་ཆོས་ལུགས་དོ་དམ་སྲིད་ཇུས་སུ་ཕྱུགས་ལས་དང་ཞོར་ལས་ཀྱི་རང་ཁ་རང་གསོབྱེད་ཀྱིན་ཡོད་པར་བརྟེན་ད་ནས་བཟུང་འདོན་བརྡ་ཡོངབའི་མོ་ཕྱུགས་རྣམས་སྐྱེ་འཕེལ་འཚོ་སྐྱོང་གིས་ཡོང་འབབ་ཀྱིས་རྟེན་མདུན་དུ་མར་མེ་སྦར་རྒྱུ་དང་། ཇོ་དགོན་སྤྱི་ལ་ཉེར་མཁོའི་མར་ཕྱུར་རེ་དང་འོ་ཇ་རེ་སྤྱོད་ཆོག་ཅེས་གནང་བྱུང་བར་ཕྱུགས་ཟོག་བཙུད་སའི་ཁང་པ་ཡོད་པའི་རྒྱུ་མཚན་དེ་ལྟར་དང་། དགོན་གྱི་ཕྱི་རོལ་ནས་ལྕགས་རི་རྩིག་གྱང་གིས་བསྐོར་བ་ནི་གནའ་དུས་དང་། དེང་སོང་གཉིས་ལ་མེད་པར་ཤིང་ར་ཁོ་ནས་བསྐོར་ཏེ་ཕྱོགས་རེ་ལ་སྒོ་རེ་བཞག་ཡོད་དེ།

ཇོ་མོའི་དགོན་གྱི་རྟེན་གསུམ་དང་མཆོད་ཆས་ཡོ་བྱད་ཀྱི་སྐོར་ནི། གནའ་དུས་དགོན་ཐོག་མར་ཆགས་[page 473] ནས་བཟུང་རོག་གནས་གསར་རྗེའི་བར་ལ། དང་ཐོག་ནས་དགོན་བདག་བྲག་དཀར་རིན་པོ་ཆེ་ནས། དགོན་གཞི་གྲྭ་ཁང་དང་འདུ་ཁང་མཆོད་ཆ། གསེར་དངུལ་སོགས་རིན་གོང་ཆེ་གྲས་དང་། ཧ་ཅང་གྲ་རྒྱས་བྱེད་རྒྱུ་ལ་ཐུགས་དེ་ཙམ་མི་མཉེས་པ་དང་། ཁྱད་པར་དུ་ཇོ་མོ་རྣམས་ནི་བུད་མེད་ཀྱི་རྟེན་ཉམས་ཆུང་བས་རིན་གོང་ཆེ་བའི་རྟེན་དང་ཅ་ལག་ཉར་ན་སྙིགས་དུས་ཀྱི་སྐྱེ་བོ་མ་རུང་པ། ནོར་ལ་བརྐམ་སྲེད་ཆེ་བའི་ཆོམ་རྐུན་སོགས་ཀྱིས་ཆོས་པ་ལ་གེགས་ཆེན་པོ་བྱེད་པ་དང་། འདུལ་བ་སོགས་ལ་ཆེར་མི་མཐུན་པས། དེ་བས་འཁོས་གཙང་རང་མི་ཚུགས་ཟིན་ཙམ་གྱིས་དགེ་སྒྲུབ་བྱས་ན་འཐུས་པའི་བཀའ་སློབ་རྒྱུན་གནང་མཛད་པར་བརྟེན། ཕྱག་མཆོད་བྱེད་ཡུལ་གྱི་རྟེན་མི་སྟོང་ཙམ་དུ། འཇིམ་པ་ལས་བཟོས་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུ་གཅིག། རྗེ་གཙོང་ཁ་པའི་སྐུ་གཅིག། སློབ་དཔོན་པད་འབྱུང་གི་སྐུ་གཅིག། འབུམ་ཆ་ཚང་གཅིག། མདོ་སྡེ་སྐལ་པ་བཟང་པོ་མདོ་གཅིག། གཟུངས་འདུས་སོགས་ཉེ་མཁོའི་ཡིག་སྣ་འགའ་ཤས་བཅས་གསུང་རྟེན་ཚུལ་གྱི་ཚུལ་དང་། དེའི་ཐོག་བྲག་དཀར་རིན་པོ་ཆེའི་གསུང་འབུམ་དང་། རྣམ་ཐར་ལ་པུ་སྟི་གཉིས། རས་བྲིས་སྐུ་ཐང་བསྡོམས་སུམ་ཅུ་ཙམ། མཆོད་རྟེན་གཅིག་དངདུང་འཁོར་གཅིག་ཙམ་ལས་དཀར་ཁྲ་དམར་ཁྲའི་མཆོད་རྫས་སོགས་ཅི་ཡང་མེད། ཇ་ཁང་དུ་ཐབ་ཆས་ཆ་ཚང་། མཛོད་གཉེར་ཁང་དུ་གནས་སྐབས་ཀྱི་འབྲུ་རིགས་རེ་ལྡུག་སའི་བོང་བ་གཅིག་དང་། ཁོ་ཤང་གཅིག། སྒྱེ་དང་སྒྲོ་བ་འགའ་ཤས་ཡོད་པ་ཡིན་ནོ།། གུས་སྲོལ་དང་སྒྲིལ་ལམ་གྱི་སྐོར་ནི་ཇོ་མོ་གསར་བུ་ཡོངས་ཀྱིས། ཇོ་མོ་རྒན་རིམ་ཡོངས་ལ་གུས་པ་དང་ཕྱག་གཡོག་ཅི་ནུས་དགོས་རྒྱུ། ཇོ་མོ་རྣམས་ཀྱི་ནང་གསེས་ལ་ཇོ་མོ་བྱེད་རྒྱུ་ཆུ་ཚོད་གཅིག་ཙམ་གྱི་སྔ་ཕྱི་ལ་བརྟེན་ནས་འཚོགས་སུ་གྲལ་གྱི་གོ་རིམ་དང་། དགོན་དུ་བཞུགས་སྔ་ཕྱི་བྱེད་དེ་བསླབ་པ་རྒན་གཞོན་གྱི་གོ་བབས་བརྩི་འཇོག་བྱེད་རྒྱུ་དང་། ཟས་རྒན་གྲལ་ནས་དང་། ལས་གཞོན་གྲལ་ནས་བྱེད་པ། ཇོ་མོ་རྒན་གཞོན་ཚང་མས་དགེ་དཔོན་ལ་གུས་ཞབས་དང་། བརྩི་འཇོག། དགེ་དཔོན་ནས་ཀྱང་ཇོ་མོ་ཡོངས་ལ་ཆོས་མཐུན་དྲང་བཞག་ལྷག་བསམ་རྣམ་དག་མཛད་རྒྱུ་ལས་འཇིག་རྟེན་ཁྱིམ་པའ་བྱ་སྤྱོད་ལྟར་ཉེ་རིང་ཆགའ་སྡང་དང་རྒྱུ་ཟས་ངོར་བལྟ་བ་མི་བྱེད་པ་དང་། ཇོ་མོ་ཡོངས་དང་། དགེ་དཔོན་བཅས་ཀྱིས་དགེ་ཚུལ་མའི་བསླབ་ཁྲིམས་སྤྱི་དང་། བྱེ་བྲག་ནང་ཁྲིམས་དང་འགལ་བ་ཆུང་ངུ་ཙམ་ཤོར་ན། ཕྱག་འོས་པ་འཚལ་ནས་ཉེས་འགལ་དེ་ཆོས་བཞིན་བཤགས་དགོས། བཅས་འབྲིང་ཚམ་ཤོར་ན། ཕྱག་སྐོར་བྱེད་རྒྱུ་མ་ཚད། ཞག་གྲངས་དང་། ཟླ་མཚམས་འོས་བབ་ལྟར་བསྡད་བཅུག་ནས་ཡིག་བརྒྱའམ། མ་ཎི། ལྟུང་བཤགས། སྟུང་བ་སྤྱི་བཤགས་སོགས་བཏོན་ནས་གཉེན་པོ་སྟོབས་བཞི་ཚང་བའི་བཤགས་སྡོམ་བྱེད་དགོས། རྩ་བཞི་ཆང་ལྔ་མི་བསྲུང་ན། ཇོ་མོའི་གྲལ་ནས་གཏན་ཕུད་བྱེད་རྒྱུ་དང་། ཁང་པ་དང་ཅ་ལག་ཇོ་དགོན་སྤྱི་གཞུང་དུ་བསྡུ་རུབ་བྱེད་དགོས། དེ་ལྟར་ཉེས་པ་ཡོད་བཞིན་དགེ་དཔོན་[page 474] དང་ཇོ་མོ་རྒན་གྲས་གཟུར་གནས་ཚོས་སྣང་མེད་བཞག་ཚེ་སྒྲིག་ལམ་གཞི་རྩ་ནས་འཐོར་ངེ་ལ། གནད་དོན་དེ་དགེ་དཔོན་སོགས་ལས་ཀྱང་འབྱུང་བས་ལག་ལེན་བྱེད་ཐུབ་པར་དགོས་རྒྱུ། ཇོ་མོ་རྣམས་ཀྱི་ན་བཟའ་རྣམས་ཀྱང་བཟང་ངན་མཐའ་གཉིས་སུ་མི་ལྷུང་བའི་གཙང་ལ་ཚད་ལྡན་ཡིན་དགོས། ཇོ་མོ་ཚང་མས་སྤྱོད་ལམ་རྣམ་བཞིར་ལུས་སེམས་རབ་ཏུ་བསྲུང་སྟེ་དོན་ལྡན་ཞི་དུལ་བག་ཡོད་མཛད་རྒྱུ་ལས། ཁྱིམ་པ་ལྟར་གླུ་བྲོ་རྒོད་རྩེད་དང་། ཤྭོ་བག་སྒྲུང་ཤོད་མི་རུང་བ་དང་། འཚོགས་སུ་འདོན་པ་རྟ་དབྱངས་དང་མགྱོགས་དལ་རྣམས་དབུ་མཛད་ཁོ་ནར་བརྟེན་ཏེ་གསུང་གདངས་མཐོ་ཙམ་གྱིས་གྲ་འགྲིག་གསུངས་རྒྱུ་ཚིག་དོན་ཡིད་ལ་འཆར་ཞིང་དྲང་བར་འདྲེན་པ་ཞིག་དགོས། དེ་མིན་གཉིད་དང་། ཤབ་ཤུབ་ཀྱི་སྐད་ཆ། ཁ་གཡེང་མིག་གཡེང་། གཡས་འཁེལ་གཡོན་འགྱེལ་མི་རུང་བར་དྲང་པོར་བཞུགས་དགོས། གྲྭ་ཁང་སོགས་དགེ་དཔོན་དང་། རྒན་གྲས་འགན་ཡོད་ཀྱིས་འཆར་གཞི་ལྟར་ཀ་བཞི་གདུང་བརྒྱད་ཅན་ཁོ་ན་དང་། ས་ཆ་གང་དུ་གནང་ཀྱང་དེ་དེ་བཞིན་བྱ་རྒྱུ་ལས་རང་དགར་གང་འདོད་ཀྱི་ཁང་ཆེན་རྒྱག་མི་རུང་། འགྲུལ་པ་བྱུང་ཚེ་དགོངས་ཞུ་དང་། ཁྱད་པར་དུ་དམིགས་བཀར་གྱིས་འགྲུལ་ཁང་བརྒྱབ་ཡོད་པ་དེར་སྣེ་ལེན་དང་། ཁ་བརྡ་དོན་མཐུན་བྱེད་རྒྱུ་ལས་རང་དགར་རང་དགར་རབ་ཤག་དུ་ཁྲིད་ནས་འབྲེལ་གཏུག་བྱ་མི་རུང་། ཇོ་མོ་རྣམས་ནི་དོན་དང་བྱ་བ་ཉུང་བ་ཡིན་པའི་ཕྱིར་དུ་ཆོས་འཕུང་ཇི་སྙེད་ཀྱི་འབྱུང་ཁུངས། སྐབས་གནས་ཀུན་འདུས་ཀྱི་བདག་ཉིད། འདེ་ཕྱི་གཏན་གྱི་སྐབས་གཅིག་བསླུ་བ་མེ་པའི་རང་ཉིད་ཀྱི་དྲིན་ཅན་རྩ་བའི་བླ་མ་གཅིག་པུས་གནང་བའི་གདམས་ངག་ཉམས་སུ་ལེན་རྒྱུ་ལས། དེ་མིན་གྱ་ཚོམ་དུ་བླ་མ་གཞན་དག་བསྟེན་ཁུལ་དང་། ཕྱོགས་མཚམས་ཀུན་ལ་ཕྱིན་ནས་ཟབ་ཆོས་མང་པོ་ཞུ་ཁུལ་བྱས་ཚེ། རང་རྒྱུད་ཀྱི་བསླབ་ཁྲིམས་ཀྱང་རལ་བའི་སྐྱོན་སོགས་འབྱུང་བས་ཕུར་བ་ས་ལ་བཏབ་པ་ལྟར་གཡོ་བ་མེད་པར་ཇོ་མོ་ཚོ་གནས་གཅིག་ཏུ་ན་ནུས་འཆི་ནུས་བྱེད་དགོས། མདོར་ན་ཇོ་མོ་སོ་སོར་ཇི་སྲིད་འཚོའི་བར་གྱི་སྤོང་བྱ་ཉོན་མོངས་དང་། བླང་བྱ་དགེ་བ་གཉིས་འཇུག་ལྡོག་ཕྱིན་ཅི་མ་ལོག་པ་ཚུལ་བཞིན་བྱེད་ནས། བརྗོད་བྱ་ཚུལ་ཁྲིམས་ཡིན་པའི་འདུལ་བ་དང་། བྲག་དཀར་རིན་པོ་ཆེའི་དགོངས་དོན་ཆ་ཡོངས་སུ་ཚང་བའི་ནང་ཁྲིམས་གཉིས་ཟུང་སྦྲེལ་ཏེ་ཁྱིམ་པས་སུན་འབྱིན་མེད་པ། མུ་སྟེགས་ཅན་གྱིས་ཁ་མི་ཟེར་བའི་བླང་དོར་རྣམས་གང་ཟག་གཅིག་གི་ཐོག་ཏུ་བསྒྲིལ་བ་དངམཚུངས་པའི་ཁྲིམས་སུ་བཅའ་བ་ནི་བཅའ་ཁྲིམས་དང་། དེ་དེ་བཞིན་མི་བརྗེད་པ་དང་མི་འགྱུར་བའི་ཡི་གེར་བཀོད་པ་ནི་བཅའ་ཡིག་ཅེས་བཀོད་པ་དེ་བྱུང་བས། ལོ་རྒྱུས་འདིའི་ཐོག་མཐའ་བར་དུ་ཡོད་པའི་བླང་དོར་གྱི་གནད་རྣམས་བྲག་དཀར་རིན་པོ་ཆེ་ཆེས་གཏན་ལ་ཕབ་སྟེ་བཅའ་ཡིག་ལྟར་བཀོད་དོ།།

ཇོ་མོ་དགོན་གྱི་གཉེར་པ་དང་། སྤྱི་རྫས་རྩིས་སྤྲོད་ལེན་གྱི་སྐོར་ནི། ཇོ་མོ་དགོན་སྤྱིའི་ཡོང་སྒོ་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་ལ། དེ་ནི་ཁྲལ་ཟསམ་ཡིན་པར་དད་ཟས་དང་གཤིན་ཟས་ལས་གྲུབ་པའི་ཡོང་སྒོ་ཡིན་པར་དེ་རིགས་ཡོང་སྒོ་གང་ཡོད་ཚང་མ་ཇོ་མོ་རྒན་པ་གཅིག་དང་། བར་ཤག་པ་གཅིག། གཞན་པ་[page 475] གཉིས་བཅས་ཇོ་མོ་བཞི་ལ་མ་དངུལ་དང་། འབྲུ་རིགས་ཇ་བཅས་སྒོར་ཉིས་སྟོང་ཐམ་པའི་རྒྱུད་རྩ་དེ་རྩིས་སྤྲོད་དགོས། དེ་ནི་བོར་བརླག་མེད་པའི་མ་རྩའི་རྒྱུ་ཡིན། དེ་ཡི་ཁེ་པ་དང་། དེ་ཐོག་འདོན་བརྡ་སོགས་ཡོང་སྒོ་གསར་པ་རྣམས་བརྒྱ་ཆའི་བདུན་ཅུ་དེ་གོང་འཁོད་ལྟར་ཇོ་མོ་རྣམས་ལ་བགོ་འགྲེམ་དང་། སུམ་ཅུ་དེ་ཁ་སྣོན་བྱེད་ནས་གོང་དུ་བཀོད་ཟིན་པའི་དུས་མཆོད་རྣམས་འཚོགས་དགོས། དེ་ལྟར་ལོ་མཇུག་ཏུ་ཇོ་མོ་བཞི་པོ་གཉེར་པ་གཟུར་དུས་སྤྱི་རྒྱུ་ནས་སྒེར་གྱིས་སྒོར་ཟུར་དང་སྐར་གང་ཙམ་དུས་གསུམ་ལ་རང་གིས་མ་ཟོས་པའི་མནའ་ཆེན་སྐྱེལ་བ་དང་སྦྲགས་རྩིས་ཁྲ་ཞིབ་བཤེར་གྱིས་འགྲོ་ཡོང་གཉིས་ཀ་རྩིས་བརྒྱབ་སྟེ་ཇོ་མོ་ཚང་མ་བློ་བདེ་བར་བྱེད་དགོས། སྤྱིའི་འདུ་ཁང་དང་། ཇ་ཁང་། ཐབ་ཆ། མཛོད་གཉེ་ཁང་། གཟིམས་ཁང་དང་། སྤྱི་རྒྱུ་རྟེན་གསུམ་དང་བཅས་པ་དེབ་ཐོག་ཏུ་ཁ་གསལ་བཀོད་ཡོད་པ་དེར་གཞིར་བཟུང་སྟེ་རྩིས་སྤྲོད་བླང་བྱས་ནས། ཉམས་པ་སླར་གསོ་དང་། བོར་བརླག་ཤོར་ཚེ་གཉེར་པ་ངོ་མ་ལྟར་སྐྱིན་ཚབ་སྤྲོད་དགོས། ཁང་པ་རྣམས་ཝང་ཆུ་དང་ཐིགས་ཚགས་བྱེད་དགོས་སོ།།

ཇོ་མོ་རྣམས་ལ་ན་རྒ་འཆི་བའི་སྐབས་ལ་ཇི་ལྟར་བྱ་དགོས་པའི་སྐོར་ནི། ཇོ་མོ་སུ་ཞིག་ཡིན་རུང་རིགས་རུས་དབུལ་ཕྱུག་མེད་པར་དགོན་དུ་བཞུགས་ཟིན་ནས་བཟུང་ནད་ཀྱིས་མནར་ཚེ། དགེ་དཔོན་གྱིས་བཀོད་སྒྲིག་ལྟར་ཇོ་མོ་རྣམས་རེས་མོས་དང་། རྒྱགས་བྲོ་རང་ཆས་ཀྱིས་ནད་གཡོགས་མཐའ་འཁྱོལ་བྱེད་རྒྱུ་དང་། སྨན་བཅོས་རོགས་རམ་དང་། སྨན་ཡོན་སྤྲོད་རྒྱུ་མེད་ན་གཞུང་སྤྱི་ནས་སྨན་ཡོན་ཕུད་དེ་དྲག་སྐྱེས་བྱུང་རྗེས་འབྱོར་བ་ཡོད་ན་སྐྱིན་པ་སྤྲོད་རྒྱུ། མེད་ནའང་ཆོག་རྒྱུ། ཇོ་མོ་རྣམས་ལོ་ན་རྒས་ཏེ་འགུལ་བསྐྱོད་མི་ནུས་ན་ཇོ་མོ་གཞན་དང་རང་གི་དགེ་མ་ཚོས་རང་འགུལ་གྱིས་རྒས་གཡོག་བྱེད་དགོས། སྤྱིར་ན་ཇོ་མོ་གཞོན་མ་ཚོས་རྒན་མ་རྣམས་ལ་བུད་ཤིང་འཐུ་རྒྱུ་དང་། ཆུ་ལེན་རྒྱུ། དབྱར་ཐིགས་ཚགས། དགུན་ཁ་བ་འཕྱགས་རྒྱུ་སོགས་རྒན་གྲས་ལ་སྲི་ཞུ་བྱེད་དགོས། ཇོ་མོ་ནད་པ་ཐུ་ཤོས་རྣམས་ན་ནས་མ་འདས་ཀྱི་བར་དུ་གོང་ལྟར་ནད་གཡོག་དང་། དེའི་ཐོག་ཞབས་བརྟན་རིམ་གྲོ་བྱེད་རྒྱུ། གལ་ཏེ་གྲོངས་ཤོར་ན་འཕྲལ་དེ་ནས་ཇོ་མོ་ཚང་མ་འདུས་ཏེ་ཉིན་མཚན་སྦྲེལ་བའི་ཞག་གསུམ་གྱི་རབ་དུ་ཤི་དགེའི་ཆོ་ག་འདོན་རྒྱུ་དང་། ཕུང་པོ་དུར་སྐྱེལ་དང་། བྱར་སྦྱིན་བྱེད་རྒྱུ། རྗེས་རིམ་འདས་མཆོད་ལུགས་ལྟར་བྱེད་རྒྱུ་དང་། འདས་མོ་འདི་ཉིད་ལ་ཤག་ཆས་དང་ནོར་རྫས་ཕྲན་བུ་གང་ཡོད་རྣམས་ཚང་མའི་མཐོང་སར་ཧ་ཅང་དབུལ་བའི་ཇོ་མོ་རྣམས་ལ་བགོ་འགྲེམ་བྱེད་རྒྱུ་དང་། འདས་མོའི་ཁྱིམ་པ་སོགས་ནོར་སྲེད་ཅན་ཡིན་ན་ཁོ་ཚོའི་འདོད་པ་ལྟར་ཁྱིམ་པ་ལ་ནོར་རྣམས་སྤྲོད་ཅིང་རྩོད་གླེང་དང་ཚོགས་ངན་མ་ཡོང་བར་བྱེད་དགོས་སོ།།

གནས་མལ་སྲུང་སྐྱོང་བྱེད་པའི་སྐོར་ནི། གོང་གསལ་ལྟར་འདུ་ཁང་སྤྱི་ཁང་རྟེན་གསུམ་དཀོར་ནོར་བཅས་སྤྱི་ལ་དབང་བ་རྣམས་གཉེར་པ་ཚོས་ཉིན་མཚན་ཀུན་ཏུ་བདག་གཅེས་དང་། རྐུན་བསྲུང་མེ་འགོག་བྱེད་རྒྱུ། དགེ་དཔོན་དང་ལྷན་ཅིག་ཏུ་འདུ་ཁང་གི་ཁོར་ཡུག་དང་། བར་ཁྱམ་དགོན་དབར། ཕྱིའི་ཁོར་ཡུག་བཅས་ལ་ཆུ་རྐ་དང་ཝ་ཆུ། ཆུ་ལམ་ཁ་ལམ་ཚང་མར་བཅོས་ཀ་བྱེད་དགོས། ཇོ་མོ་རྣམས་ཁྱིམ་པར་[page 476] ཐོན་སྐྱེད་རོགས་རམ་འགྲོ་སྐབས་ཁྱིམ་སྲུང་ཉིན་འགོག་ལྷོད་མེད་བྱེད་ནས་ཁེ་ཉེན་ཐམས་ཅད་ཀྱི་འགན་ཁུར་དགོས།

ངང་སྒང་ཇོ་དགོན་འདི་ཆགས་ནས་བཟུང་རང་རིགས་ལུང་པ་འདིར་སྐྱེས་པའི་སྐྱེ་བོ་ཀུན་གྱིས་ཕུ་དུད་དང་བསྙེན་བཀུར་བྱེད་པ་ལས་མ་གུས་པའི་ལོ་རྒྱུས་ཤོད་རྒྱུ་མེད་ཀྱང་། བར་སྐབས་བཅིངས་འགྲོལ་བཏང་མ་བཏང་གི་བར་ལ་ཏྲེ་ཧོར་དཔོན་གྱི་ཇིའི་སང་ཡིན་པའི་དགུ་མདའ་ཚང་ཡར་རྒྱས་ཁས་དྲག་ཆེ་བར་བརྟེན། ཕྱོགས་ཀྱི་མི་འགའ་རེས་སྐྱབས་ཞུ་དང་འབྲེལ་སྔར་མེད་དགུ་མདའ་ཉག་འབྲོག་ཞེས་པའི་ཚོ་ཆུང་འདི་གསར་དུ་ཆགས། དེའི་ནང་གི་མི་ཉུང་ཤོས་ཀྱིས་ངེད་ཇོ་མོའི་དགོན་ལ་མཚོན་ཆ་དང་འཐབ་ནུས་ཞན་པའི་དབང་གིས་ཇོ་མོ་རྣམས་ལ་བརྙས་བཅོས་བྱེད་མཁན་འགའ་ཡོང་ནས་དགོན་ནང་གི་དཀོར་ནོར་རྣམས་འཕྲོག་བཅོམ་བྱེད་སེམས་ཀྱིས་རྡོ་རྡུང་བྱེད་རྒྱུ་དང་། ཆོས་རྒྱགས་མི་རྣམས་འཕྲོག་བཅོམ་དང་། ཆོམ་རྐུན་མཚོའི་གདོང་དུ་བལྟས་ཚེ་ཇོ་མོ་རྣམས་ཀྱི་མིག་ལ་ཐལ་བ་བཏབ་པ་སོགས་ཆོས་པ་ཁྱད་གསོད་ཀྱི་རྒྱུ་འབྲས་རྩིས་མེད་གཏོང་མཁན་ཡོད་པ་དེ་ནས་བཟུང་ད་ལྟའང་ཇོ་མོ་རྣམས་འདུ་ཁང་དུ་འཚོགས་སྐབས་རྐུན་བསྲུང་ཞེས་པའི་ཇོ་མོ་རེ་བསྡོད་དགོས་པའི་རྒྱུ་མཚན་དེ་ནས་བྱུང་ངོ་།

རྒོལ་བཞི་དང་། རིག་གསར་གྱི་སྐབས་སུ་ཇོ་མོ་ཚོའི་བྱ་སྤྱོད་ཀྱི་སྐོར་ནི། རྒོལ་བ་བཞིའི་སྐབས་སུ་ངང་སྒང་ཇོ་མོ་རྣམས་ལྕོག་རི་དགོན་དུ་དེད། དགོན་པ་སྟོང་པར་གྱུར། དེ་དུས་ཇོ་མོ་ལ་ལས་སྐྱེས་པ་ཚོ་དང་ལྷན་སྡེབས་ཀྱི་ཁྱིམ་ཐབ་བཟུང་། ཇོ་མོ་ལ་ལས་ངལ་རྩོལ་དུ་ཞུགས་ཏེ་རྐྱེན་ངན་ལམ་དུ་འཁྱེར་བའི་བསམ་པ་དང་། མཉམ་ལས་ཁང་དཔོན་གྱིས་བཀོད་སྒྲིག་འོག་ཏུ། ཁོངས་མི་ཚོ་དང་མཉམ་དུ་ལས་སྒོ་སྣ་ཚོགས་བརྒྱུད་དེ་མི་ལོ་ཉི་ཤུ་རྩ་བཞི་ལྷག་སོང་བའི་རིང་ལ་ཕྱིའི་གྲྭ་ཆས་མིན་པར་ནང་གི་སྡོམ་པ་སྲོག་བསྡོས་ཀྱིས་བསྲུངས་ནས་རྐྱེན་ཐུབ་པ་དང་། རང་ཚུགས་ཟིན་པའི་ཇོ་མོའང་མང་ཙམ་ལྷག་ཡོད་པ་རེད། འདི་ནི་ཇོ་མོ་རིགས་གཉིས་ཀྱིས་རང་རྐྱ་ཕེར་མིན་གྱི་ཚད་གཞིའི་ལོ་རྒྱུས་སོ། རིག་གནས་གསར་བརྗེ་ལོ་ངོ་བཅུ་ལ་བྱས་ཏེ་རྙིང་བཞིའི་ཁོངས་སུ་རང་རིགས་ཀྱི་རིག་གནས་དང་། ཆོས་སྲོལ། གོམས་གཤིས་རྣམས་རྩིས་མེད་བྱས་རྗེས། མི་བཞི་ཚོགས་ཁག་མགོ་རྟིང་བསྒྱུར་ནས་ཏང་གི་སྐབས་ངཅུ་གཅིག་པའི་ཐེངས་གསུམ་པའི་ཚོགས་འདུ་བྱས་ནས་སླར་ཡང་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་དྲང་བཞག་དོན་འཁྱིལ་རིམ་བཞིན་བྱུང་བས་ཇོ་མོ་རྣམས་ཀྱང་སྔར་གྱི་ཆོས་བྱེད་རང་དབང་སྟེང་དུ་འབྱོར། སེམས་ལ་དགའ་སྤྲོའི་མེ་ཏོག་བཞད་དོ།

དུས་ནམ་ཞིག་དུ་ཇོ་མོ་རྣམས་ངང་སྒང་ཆོས་སྡེ་ཉམས་གསོ་བྱས་ཏེ་དགེ་བ་བྱེད་རྒྱུ་བྱུང་ན་སྙམ་པའི་རེ་བསྒུག་བྱེད་དུས། སྤྱི་ལོ་1987ལོའི་ཟླ་བ་གསུམ་པའི་ནང་རང་རེའི་བྲག་འགོ་རྫོང་མི་དམངས་སྲིད་གཞུང་ནས། ཏྲེ་ཧོར་ངང་སྒང་ཇོ་མོའི་དགོན་པ་དེ་ཉམས་གསོའི་ཆོས་སྒོ་ཕྱེ་རྒྱུའི་ཆོག་མཆན་ཐོབ་བྱུང་བར། དགའ་སྤྲོ་ཚད་མེད་ཀྱི་སྒོ་ནས་ཇོ་མོའི་གྲྭ་རྒྱུན་ཡོང་ཁུངས་ཀྱི་མཚོ་འགོ་ཤང་དང་། ཏྲེ་ཧོར་ཤང་། མདའ་[page 477] མདོ་ཤང་བཅས་སྡེ་དུད་བརྒྱ་ཕྲག་བཞི་ཙམ་ཙམ་ལ་རང་མོས་ཀྱི་སློང་མོ་རེ་བྱས་ནས། གོང་འཕྲོས་དགེ་དཔོན་ལྔ་པ། རྨ་བསྟན་འབྱུང་ཞེས་པ་འདི་ནི་ངལ་རྩོལ་ལས་ཞུགས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་སྡོམ་ཁྲིམས་རྩ་བཞི་ཆང་ལ་སྐྱོན་གྱིས་མ་གོས་པ་དང་། བསླབ་ཡོན་ཡང་རྒན་གྲས། ད་ཐེངས་ངང་སྒང་དུ་ཆོས་སྒོ་མ་ཕྱེས་པའི་སྔོན་སྤྱི་ལོ་ལོ་ནས་ཁྱིམ་བློས་བཏང་ནས་ངང་སྒང་དུ་ཀ་བཞི་དུང་བརྒྱད་ཀྱི་སྤོང་ཁང་བགྱིས་ཏེ་ཆོས་སྤྱོད་ཀྱི་བྱ་བ་ལ་གནས་པ་དེ་ཉིད་རང་ཤུགས་ཀྱིས་དགེ་དཔོན་དུ་གྱུར་ཏེ། ལྷག་བསྡད་ཇོ་མོ་ཚོས་ཀྱང་ཁོང་ལ་བརྩི་མཐོང་ཡོད་སྟབས་དེ་དེ་བཞིན་དུ་ཁོང་གིས་དགོན་པ་ཉམས་གསོའི་འགན་ཁུར་ནས། གཞན་ཇོ་མོ་རྒན་གྲས་འགའ་ཡིས་དགེ་དཔོན་ལ་རོགས་སྐྱོར་ཐོག་འདུ་ཁང་གི་རྨང་གཞི་བཏིངས་བ་ནས་བཟུང་ཉེ་སྐོར་གྱི་གྲོང་ཚོ་ཚང་མས་ཀྱང་ངལ་ལས་ཞལ་འདེབས་རྒྱུན་མི་ཆད་པར་བྱུང་བས། དེ་དག་མཐུན་རྐྱེན་བྱས་ཏེ་གནའ་དུས་འདུ་ཁང་གི་རྒྱ་ཁྱོན་ལྟར་ཐོག་བརྩེགས་གཟིམས་ཁང་ཆ་ལྡན། ཇ་ཁང་ཐབ་ཆས་ཆ་ལྡན། མཛོད་ཁང་དང་ནང་གི་ཡོ་བྱད། གོང་གསལ་རྣམས་ལ་ཕྱིའི་བཀོད་པ། ནང་གི་ཛོན་བཏང་། འདུ་ཁང་ནང་དུ་སྐུ་རྟེན་དུ། བྲག་དཀར་སྤྲུལ་སྐུའི་སྐུ་བརྙན། སློབ་དཔོན་པདྨ་འབྱུང་གནས། གྲུབ་ཆེན་ཐང་སྟོང་རྒྱལ་པོ། དེ་རྣམས་ལ་གཟུགས་འཇུག་དང་རབ་གནས་ཚད་ལྡན་བགྱིས་ཏེ་ན་བཟའ་དང་བཞུགས་སྒོམ་ཆ་ལྡན། གསུང་རྟེན་ལ། རྒྱལ་བའི་བཀའ་འགྱུར་ཆ་ཚང་གཅིག། འབུམ་ཆ་ཚང་གཅིག། སྐུ་ཐང་གསར་རྙིང་སུམ་ཅུ། ཚེམས་འཐག་བྱས་པའི་སངས་རྒྱས་སྟོང་སྐུ། རྗེ་ཙོང་ཁ་བའི་སྟོང་སྐུ། གུ་རུ་རིན་པོ་ཆེའི་སྐུ་ལྔ་བཅུ་ཡོད་པའི་སྐུ་ཐང་བཅས་གནས་དུས་ལས་ད་དུས་དགའ་བའི་རྟེན་དང་བརྟེན་པར་ཡ་མཚན་ཅན་དེ་ལྟ་བུ་འཛོམས་ཡོད། དེའི་ཐོག་བྲག་དཀར་ཡང་སྤྲུལ་ད་ལྟ་ཞལ་བཞུགས་པའི་བསྟན་འཛིན་བློ་བཟང་སྙན་གྲགས་རིན་པོ་ཆེ་ནས་གསེར་ཟངས་ལས་བྱས་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་གཅིག། སྒྲོལ་མའི་སྐུ་གཅིག་བཅས་ཕྱག་མཆོད་ཀྱི་རྟེན་འབྲེལ་དུ་བཞག་ཡོད་དོ། གོང་གསལ་དགེ་དཔོན་ལྔ་པ་བསྟན་འབུང་ནས་འབུང་ནས་ཉམས་གསོའི་བྱ་བ་ལ་འགན་བཞེས་བཀའ་དྲིན་མཚུངས་ཟླ་མེད་པ་མཛད་པ་དང་། ཇོ་མོ་གསར་བ་མང་ལ་བསླབ་ཁྲིམས་ངོ་སྤྲོད་དང་། ཤེས་ཡོན་ཀྱི་རྨང་གཞི་གང་འཚམ་བཞག་སྟེ་གསར་ཞུགས་ཀྱི་ཇོ་མོ་རྣམས་མ་ཁྱིམ་དུ་བུ་མོ་འཛུལ་བ་ལྟར་ཡོང་ཆོག་ཆོག་གིས་ངང་སྒང་ཇོ་མོའི་དགོན་པ་དེ་སྔར་ལྷག་པའི་ཉམས་གསོ་བྱས་ཏེ་དགེ་དཔོན་འགན་དབང་དེ་དགོངས་ཞུ་བྱས་ཏེ་གཟུར། དེ་ནས་གོང་འཕྲོས་དགེ་དཔོན་དྲུག་པ་དང་། དགོན་ཉམས་གསོ་ཚར་རྗེས་ཀྱི་དགེ་དཔོན་གཉིས་པར་སྙན་གྲགས་དཔལ་མོ་ནི་གོང་ལྟར་མཛད་སྤྱོད་ལེགས་ཤིང་བཙུན་མའི་ཡོན་ཏན་ཚང་བ། བྲག་དཀར་རིན་པོ་ཆེ་ནས་ཆོག་མཆན་གནང་ཞིང་། ཇོ་མོ་མང་ཚོགས་ཀྱིས་ཡུད་མཐུན་པར་བརྟེན་དགེ་དཔོན་དངོས་དང་། དེ་དང་མཚུངས་པའི་བསླབ་པ་མཐོ་ཞིང་འདོན་ཆོག་དང་ཉམས་ལེན་ལ་བཟང་བ། གསར་ཞུགས་ཀྱི་ཇོ་མོ་ན་གཞོན་ཕལ་ཆེར་སློབ་གཉེར་ཕུལ་བ་བཅས་ཀྱི་མཐུན་པའི་ཆ་རྐྱེན་ནི་གཞན་ལས་ཆེ་[page 478] བར་ཡོད་སྟབས་ཁོང་ཡང་སྙན་གྲགས་དཔལ་མོ་ལ་ལག་རོགས་སམ་དགེ་དཔོན་ཡང་ཡིན། མཚན་ལ་བསྟན་འཛིན་གྲྭ་མཚོ་ཟེར། ཁོང་གཉིས་ཀྱིས་དགེ་དཔོན་གྱི་འགན་དེ་ལོ་གསུམ་ལ་ཁུར་ནས་ད་ལྟའང་ལས་འགན་ཁུར་བཞིན་ཡོད་དོ། རྒྱལ་གཅེས་ཀྱི་མི་དྲག་དིའུ་འགོ་འགབ་མ་ཚང་གི་ཇོ་མོ་བདེ་ཆེན་དབང་མོ་ནས་ངང་སྒང་དུ་ཇོ་མོའི་དགོན་པ་ཉམས་གསོ་བྱེད་པའི་ཐོག་མཐའ་རབ་གསུམ་ལ་དགེ་དཔོན་རིམ་པར་རྒྱབ་ནོན་དང་། རང་གི་ཆོས་ལུགས་ལ་དོ་དམ་བདག་གཉེར་སྐོར་གྱི་སྲིད་ཇུས་དང་། དེང་རབས་ཀྱི་བཅས་ཁྲིམས་སོགས་དྲིལ་བསྒྲགས་ཏེ་ཇོ་མོ་རྣམས་ཀྱང་ཆབ་སྲིད་ཀྱི་ངོ་ཟིན་དང་། ཆོས་ལུགས་ཀྱི་སྲིད་ཇུས་སོགས་བྱུང་ཚད་མི་དམན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་རྨང་གཞི་རགས་ཙམ་འཇོག་གནང་མཛད་པ་དང་། འབྲེལ་ཡོད་ཀྱི་རྫོང་ཏང་སྲིད་ལས་བྱེད་རྣམས་དང་། རྫོང་ཆོས་ལུགས་ཅུས། མདའ་མདོ་ཤང་མི་དམངས་སྲིད་གཞུང་སོགས་ཀྱིས་ཏང་གི་ཆོས་ལུགས་སྲིད་ཇུས་ལ་གཞིར་བཟུང་བའི་བུ་མོ་ལོ་བཅོ་བརྒྱད་མ་སོན་པ་དང་། སློབ་གསོ་ཐོབ་པའི་གཞུང་གི་སློབ་ཕྲུག་བཅས་ཇོ་མོ་བྱེད་རྒྱུ་བཀག་པ་དང་། ཞུགས་ཟིན་པ་རྣམས་ལ་ཐུན་མོང་བའི་རིག་གནས་ཡི་གེ་འབྲི་ཀློག་དང་། དག་ཆ་ཐོབ་ཐང་བཅས་ཤེས་དགོས་པའི་སྐུལ་བརྡ་གནང་བ་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་ཀྱི་ཡོད་པ་དང་། དྲེ་ཧོར་ཡུལ་གྱི་སྤྲུལ་སྐུ་མཁར་གསལ་རིན་པོ་ཆེ་ནས་ཀྱང་ངང་སྒང་ལ་ཐུགས་རྗེའི་བརྩེ་སྐྱོང་གནང་བར་མ་ཚད་གནས་སྐབས་སྤྱོད་རྒྱུའི་བཅའ་ཡིག་ཞིག་ཀྱང་འབྲི་གནང་མཛད་པའི་བཀའ་དྲིན་ཆེ་བ་དང་། ལྕོག་རི་དགོན་གྱི་མཁན་པོ་བློ་བཟང་མཁས་བཙུན་མཆོག་ནས་ཀྱང་ཆོས་འབྲེལ་དང་གང་ཅིར་དགོན་པར་རོགས་སྐྱོར་གནང་ཡོད་པ་དང་། མདོར་ན་མེས་རྒྱལ་སྤྱི་དང་ཁྱད་པར་བྲག་འགོ་རྫོང་ཨུའི་དང་། རྫོང་སྲིད་གཞུང་། རྫོང་ཆབ་གྲོས། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་ཆོས་ལུགས་ཅུས། ས་གནས་ཀྱི་ཏང་སྲིད་ལས་ཁུངས། ས་གནས་ཀྱི་ཆོས་སྡེ་ཚོ་བའི་དུད་གྲངས་ཉིས་བརྒྱ་ཐམ་པ་བཅས་ཐུན་མོང་གི་བཀའ་དྲིན་བླ་ན་མེད་ལ་བརྟེན་ནས་ངང་སྒང་དུ་ཡོད་པའི་ཇོ་མོ་དགོན་འདི་ཉམས་གསོ་མཐར་ཕྱིན་ཏེ་ཆོས་བྱེད་ཇོ་མོ་བདེ་སྡོད་དགེ་བརྩོན་བྱེད་མཆོག་པ་བྱུང་ལ། སླད་ཕྱིན་ཇོ་མོ་ཡོངས་ནས་རྒྱལ་གཅེས་ཆོས་གཅེས་ཀྱིས་རང་ཁ་རང་གསོའི་ཐབས་ལམ་འཚོལ་བ་དང་། ཞིང་ཆོས་ངལ་རྩོལ་མཉམ་འབྲེལ་སྒོས་ཇི་སྲིད་བསྐལ་བའི་བར་དུ་གནས་པའི་ཕུགས་དང་རེ་སྨོན་ཡིན་ནོ།། ཞེས་སྤྱི་ལོ་1994ལོའི་སྤྱི་ཟླ་9ཚེས་10ལ་རྟ་མགྲིན་ཚེ་དབང་གིས་སྡུད་སྒྲིག་བྱས།

བྲག་དགར་རི་ཁྲོད་ཀྱི་ལོ་རྒྱུས།

བྲག་དཀར་ཆོས་སྒར་རམ་ཆོས་དབྱིངས་དགོན་ནི། བྲག་འགོ་དགེ་ཐར་ལུང་བ་ཞེས་གཡས་རི་ལ་ཡུལ་ལྷ་ཚངས་པ་དང་། གཡོན་རི་ལ་སྟག་བླ་ལྷ་བཙན་དང་། དབུས་རི་ལ་སྤང་ལྗོངས་མེ་ཏོག་སྣ་ཚོགས་བཀྲ་བ། རྩི་ཤིང་ལོ་འདབ་ཀྱི་དྲ་བས་རྒྱན་པ། དྭངས་གཙང་ཆུ་རྒྱུན་ཡན་ལག་བརྒྱད་དང་ལྡན་པ་སོགས་བག་[page 479] ཕེབས་པའི་གནས་དེར། ཤར་ཕྱེས་ལྷ་སྤུངས་སོགས་སའི་ཡོན་ཏན་ཐམས་བཅད་ཚང་བར་མ་ཟད། མདོ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། ལེགས་པར་རྙེད་དང་གནས་བཟང་དང་། ས་བཟང་བ་དང་གྲོགས་བཟང་དང་། རྡལ་འབྱོར་བདེ་བའི་ཡོན་ཏན་ལྡན། ཞེས་གསུངས་པ་ལྟར། གནས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་དེར། ཐོག་མར་ཕྱག་འདེབས་པ་པོ་ནི། བྲག་དཀར་སྐུ་ཕྲེང་གསུམ་པ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཡིན་ནོ།།

ཁོང་རབ་བྱུང་བཞི་པའི་མེ་ཏོག་ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན། དཀར་མཛེས་འབྲུག་ལང་དགོན་དུ་ཡབ་བསམ་ཏན་ཚེ་རིང་དང་། ཡུམ་ཚེ་རིང་མའི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞི་ལོན་སྐབས་བྲག་དཀར་བྱང་ཆུབ་ཆོས་ཀྱི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་ལྔའི་པར་དགེ་རྒན་རྡོ་རྗེ་འབུམ་ལས་ཡི་གེ་འབྲི་ཀློག་གསན། དགུང་ལོ་དགུ་བ་ནས་འབའ་ཕུག་ཡོངས་འཛིན་བློ་ལྡན་ཆོས་འཕེལ་མདུན་ནས། དག་ཡིག་དང་སུམ་རྟགས། སྙན་ངག་སོགས་ཐུན་མོང་རིག་གནས་སྐོར་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་ཡོངས་རྫོགས་དང་། མདོ་སྔགས་ཀྱི་བཤདགཁྲིད་མང་ཙམ་གསན། དགུང་ལོ་བཅུ་བདུན་ཐོག་ལྷ་ལྡན་དུ་ཕེབས་ནས། འབྲས་སྤུངས་བློ་གསལ་གླིང་ཏྲེ་བོ་ཁང་ཚན་དུ་བཞུགས། ཧོར་བྲག་འགོའི་བློ་གླིང་མཁན་ཆེན་བློ་བཟང་དབང་ཕྱུག་མཚན་ཉིད་ཀྱི་ཡོངས་འཛིན་དུ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་གསན་སྦྱངས་རྒྱ་ཆེར་མཛད། དགུང་ལོ་ཉེར་གཉིས་ཐོག་མདི་སྨད་རང་གནས་སུ་ཆེབས་བསྒྱུར་གནང་སྟེ། བྲག་དཀར་བྱང་ཆུབ་གླིང་དུ་གདན་འཇགས། དགུང་ལོ་ཉེར་བདུན་ཐོག་བྲག་དཀར་རི་ཁྲོད་མཱ་ལ་དང་། ཆོས་དབྱིངས་དགོན། བྲག་འགོའི་དགེ་ཐར་ལུང་། དཔལ་སྒང་སོགས་ལ་གདན་ས་མཛད་དེ། སློབ་མ་སྐར་ཚོགས་གྲངས་དང་མཉམ་པ་བསྐྱངས། ཁོང་གི་ལྗགས་རྩོམ་ཡང་པོད་བཅུ་བདུན་ཡོད། མཐར་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ལོར་དགུང་ལོ་རེ་བཞིའི་སྟེང་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།

དགོན་པ་བཏབ་པའི་དུས་ནི། གོང་དུ་རྣམ་མཐར་སྐབས་དགུང་ལོ་ཉེར་བདུན་སྟེང་། ཆོས་དབྱིངས་དགོན་སོགས་ལ་གདན་ས་མཛད་ཅེས་གསུངས་པ་ལ་བརྟག་ན་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲུལ་ལོ་ཡས་མས་(1892)ཞིག་ལ་བཏབ་པ་མངོན་ནོ། དེའི་སྐབས་དགོན་པའི་རྒྱ་ཁྱོན་ནི། འདུ་ཁང་ཀ་ཐག་ཉི་ཤུ། ཐོག་ཁར་གཟིམ་ཁང་དང་། ཇ་ཁང་ཀ་ཐག་ཅུམ་ཅུ། མཛོད་ཁང་ཀ་ཐག་གསུམ་ཅུ། གྲྭ་ཤག་ཀ་བཞི་གདུང་བརྒྱད་ཅན་བརྒྱ་དང་ལྔ་བཅུ་ཙམ་དང་། དགོན་དེིའ་སྐུགསུང་ཐུགས་རྟེན་ནི། རྗེ་ཡབ་སྲས་གསེར་ཟངས་ལས་བསྐྲུན་པ་མིའི་ལུས་ཚད་དང་། རིག་གནས་སོགས་བྲག་དཀར་གསུང་འབུམ་སྐོར་ཁྱོན་པོད་བཅོ་བརྒྱད་ཡོད་པར་མ་ཟད། པར་ཤིང་སྐོར་བྲག་དཀར་གསུང་འབུམ་དང་། སྨོན་ལམ་དྲུག་པོ། སྐུ་རིམ་རྣམ་གསུམ། སྨན་བླ་ཆེ་ཆུང་། གྲྭ་ཚང་གཏོར་འབུལ་བཅས་བཞུགས་ལགས། གྲུབ་མཐའ་དང་ཆོས་རྒྱུན་ནི་བོད་གངས་ཅན་གྱི་ལྗོངས་འདིར་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་ཞེས་[page 480] གྲགས་པ་ནང་ཚན་བཀའ་གདམས་ཞེས་པ་དེ་ལ་གསར་རྙིང་སུ་ཡོད་པ་ལས་འདིར་རྩོད་པའི་བཀའ་བབས་འབྲོག་རི་བོ་དགེ་ལྡན་པ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་མངོན་པར་མཐོ་བ་དེིའི་ཆོས་བརྒྱུད་ཡིན་ནོ།། སྤྱིར་མཆོག་སྤྲུལ་ཉིད་ཞལ་བཞུགས་དུས་ཕྱོགས་བཞི་མཚམས་བརྒྱད་ནས་བྱོན་པའི་མཁས་པ་རྣམས་ལ་སྐལ་བཅུ་དང་དགེ་བཤེས་སོགས་ཀྱི་མཚན་གསོལ་ནས། དགེ་མ་རྣམས་ལ་སྤྱིར་རིག་གནས་དང་། ཁྱད་པར་དུ་གཞུང་ཆེན་བཅུ་གསུམ་སོགས་བསྟན་པ་རིས་མེད་ཀྱི་གཞུང་ལ་འཆད་ཉན་སྒོམ་སྒྲུབ་སོགས་མཛད་པ་ནི་འཕགས་ཡུལ་གྱི་ཆོས་གྲྭ་རྣམས་ལ་ཡང་འགྲན་བཟོད་པ་ལྟ་བུ་ཞིག་ཡོད་ཀྱང་། བསོད་ནམས་དམན་པའི་གང་ཟག་ཁ་ཅིག་ཕྲག་དོག་གི་དུག་ཆུས་སྨྱོས་ཏེ། གནས་དེར་བཞུགས་པའི་གོ་སྐབས་དང་བྲལ་ཏེ་དགོན་འདི་འཐོར་སོང་། བླ་མ་ནི་དཀར་མཛེས་རང་གི་གདན་སར་ཕེབས། ཇོ་མོ་ལ་ལ་བླ་མའི་རྗེས་སུ་སོང་། ལ་ལ་གནས་ངེས་མེད་དུ་ལོ་ཤས་བསྡད། སླར་བླ་མའི་ཕྱོགས་སུ་འགྲོ་ཆས་བྱེད་སྐབས། བླ་མས་བྲག་འགོ་སྨད་པ་སྲིབ་ཕྱོགས་སུ་ཨ་ཕྲོ་སྒང་ལ་དགོན་པ་ཐོབས་ཤོག་ཞེས་བཀའ་གནང་བ་དེར་ཆགས་ནས། འདུ་ཁང་དང་ཇ་ཁང་དང་གྲྭ་ཤག་ཆེ་ཆུང་དང་མང་ཉུང་སོགས་སྔར་བཞིན་དང་། སྐུ་གསུང་ཐུགས་རྟེན་ནི། སྟོན་པ་དང་། རྗེ་རིན་པོ་ཆེ་དང་། གུ་རུའི་སྐུ་བཅས་ས་ལས་བསྐྲུན་པ་རྩེག་ཚད། བླ་མའི་གསུང་འབུམ་ཆ་ཚང་བཅས་ཡོད། སྐུ་ཉིད་ཞལ་བཞུགས་སྐབས་ཕྱོགས་ནས་འདུས་པའི་གྲྭ་བ་དང་རྒྱུན་བཞུགས་ཇོ་མོ་ཚང་མ་སྟོང་གཅིག་ལྷག་ཙམ་ཡོད་ཀྱང་། ངོ་རྒོལ་བཞིའི་དུས་སུ་ས་རྡོའི་གྱུར་སོང་།།

དེང་སྐབས་ཀྱི་གནས་ཚུལ་ནི། དེ་ལྟར་རང་ཅག་ཇོ་མོ་དགོན་གྱི་ཐོས་བསམ་སྒོམ་གསུམ་དང་བཤད་སྒྲུབ་ལས་གསུམ་གྱིས་བསྐྱངས་བས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་སྒོ་ཀུན་ནས་སྤེལ་ནའང་། སྐྱེ་རྒུ་བསོད་ནམས་དམན་པས་བསྟན་པའི་ཉི་མ་ནུབ་རིབ་ཆས་ནས་མི་ལོ་སུམ་ཅུ་ཙམ་སོང་། དེང་ཆོས་དད་རང་དབང་གི་སྲིད་ཇུས་སྤྲིན་གསེབ་ཀྱི་ཉི་མ་འཆར་བ་ན། གནས་མཆོག་འདིའང་སྔར་བཞིན་བྲག་འགོའི་སྨད་ཕྱོགས་སྲིབ། རྦ་དག་གྲོང་ལས་རྒྱང་གྲགས་ཞིག་འཕགས་པའི་སྟེང་ན་བསམ་གཏན་གླིང་གི་དགོན་པ་ཆགས་སོ།

དེ་ལ་འདུ་ཁང་ཀ་ཐག་ཉི་ཤུ་ཡོད་པ་ཞིག་ལ། སྐུའི་རྟེན་ལ་སྟོན་པ་ཐུབ་པའི་དབང་པོ་སོགས་སྐུ་བཅུ་བདུན་དང་། གསུང་གི་རྟེན་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། འབུམ་ཆ་ཚང་དང་། བསྐལ་བཟང་དང་། གཟུངས་འདུས་དང་། བརྒྱད་སྟོང་དང་། གསེར་འོད་ས་བཅུ་མ། དུང་དཀར་གསུམ་དང་། མཎྜལ་གཅིགདང་། མཁར་རྔ་གཅིག་དང་། བདུན་ཚར་ཆ་ལྔ་བཅས་མཆིས་སོ། ཇོ་མོའི་ཁང་བ་བརྒྱ་ལྷག་ཙམ་དང་། ཇོ་མོ་བརྒྱ་དང་སོ་གསུམ་བཞུགས།

སྒྲུབ་མཆོད་ཀྱི་སྐོར་ནི། དགེ་དཔོན་བླ་གྲོས་གཡང་འཛོམས་དང་སྒྲོལ་མ་མཚོ་སོགས་ནས་གཙོ་འགན་[page 481] བཞེས་ནས། ལོ་གཅི་གི་ནང་ལ་དུས་མཆོད་གསུམ་ཡོད། བོད་ཟླ་དང་པོའི་ཚེས་གཅིག་ནས་ཉིན་ཁ་ཤས་དང་། བོད་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ལ་དགའ་ལྡན་ལྔ་མཆོད་དང་། ཉིན་རེར་ཆུ་ཚོད་བཞི་རེ་དུས་རྟག་ཏུ་འཚོགས་རྒྱུ་ཡོད། ཅེས་སངས་དགའ་ནས་བྲིས།

མྱིག་རྗེ་དགོན་གྱི་ལོ་རྒྱུས།

མདོ་སྨད་སྒང་དྲུག་གི་ནང་ཚན་དམར་རྫ་སྒང་གི་ཆར་གཏོགས་པ། ཧོར་བྲག་འགོའི་སྙི་སྨད་ཀྱི་སའི་ཆར། རི་སེང་གེ་འདྲ་བའི་གཡས་ཟུར། སྤང་རྒྱ་སྟག་འདྲ་བའི་ཐང་ལ། ལྷོ་ཆུ་གཡུ་འབྲུག་འདྲ་བའི་འཁྱིལ་སོ། ས་པདྨ་འདབ་བརྒྱད་ཀྱི་ཡར་སྟེང་། གནམ་འཁོར་ལོ་རྩིབས་དགུའི་མར་ཞབས་སོགས་སའི་ཡོན་ཏན་ཕུན་སུམ་ཚོགསཔ་དུ་མ་མངའ་བའི་ཡུལ་དེར། སྤྱིར་བླ་རབས་ལྔ་བཅུ་དང་། སྤྲུལ་སྐུ་བཅུ་གསུམ་ཙམ་བྱོན་མྱོང་བ་ངེས་ཀྱང་། དེ་དག་གི་རྣམ་ཐར་དང་ལོ་རྒྱུས་སོགས་མི་བཞུགས་པས་ཇི་བཞིན་བློས་འཁུམ་དཀའ་ཡང་། ད་ལྟའི་རྒན་རབས་རྣམས་ཀྱི་ངག་རྒྱུན་ལ་གང་ཡོད་རྣམས་བསྡུས་ཏེ་དགོད་པར་བྱ་ལ། རབ་བྱུང་བརྒྱད་པའི་ས་ཡོས་ལོར། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་སློབ་བརྒྱུད་འཇམ་དབྱངས་བཤེས་གཉེན་གྱི་ཚུལ་བཟུང་བ་མཚུངས་མེད་རྒྱལ་མཚན་སེང་གེ་དེ་ཉིད་ཀྱིས་བསྟན་འགྲོ་ལ་ཕན་བདེ་འབྱུང་ཕྱིར་མྱིག་རྗེ་ཕན་བདེ་གླིང་ཞེས་དགོན་འདི་ཕྱག་བཏབ་གནང་། དེའི་རྗེས་རབ་བྱུང་དགུ་པའི་ས་ཕག་ལོར་མཚུངས་མེད་བྷ་རདྷ་ཛས་གསེར་ཁང་གསར་སྐྲུན་གནང་། ནང་རྟེན་དུ་ཙན་དན་ལས་གྲུབ་པའི་དཔལ་ལྡན་ལྷ་མོའི་སྐུ་བརྙན་ཁྲུ་གང་བ་ཞིག་ཡོད་པ་དེ། གསེར་ཁང་ལ་ཕྱིས་སུ་མེས་འཇིག་པ་བྱུང་སྐབས་ཕར་ངོའི་རྫ་ཞབས་སུ་འཕུར་ནས་རྙེད་པ་དེ་ད་ལྟ་ཡང་མཇལ་རྒྱུ་ཡོད། རབ་བྱུང་བཅུ་གཅིག་པ་ལ་འཇམ་དབྱངས་ཀུན་དགའ་ལྷུན་གྲུབ་ཀྱིས་བཤད་སྒྲུབ་བསྟན་པ་དར་རྒྱས་སུ་མཛད། རབ་བྱང་གཉིས་པར་སྐུ་སྐྱེ་བློ་གྲོས་རྒྱལ་མཚན་ཕེབས་ནས་སྙི་རྒྱལ་གྱིས་ཏྲེའུ་དཔོན་བསད་ཚེ་རོ་ལངས་ནས་ཕོ་བྲང་གཏོར་རྩིས་བྱེད་སྐབས་སྐུ་སྐྱེ་བྱོན་ནས་བཀའ་འདམ་ལ་བཞག་པར། བཀའ་དྲིན་གཏང་རག་གི་ཚུལ་དུ་རྒྱུ་རྫས་ཀྱི་འབུལ་བ་ཚན་གྲངསམང་པོ་དང་དགོན་ཆུང་གྲྭ་ཚང་རྣམས་ཕུལ་བ་ཡིན། རབ་བྱུང་བཅུ་གསུམ་པར་གཅོད་རྒན་ཞེས་བྱ་བའི་གྲུབ་བརྙེས་ཆེན་པོ་ཞིག་བྱོན་ནས་འདྲེ་སྲིན་མ་རུང་བ་རྣམས་དམ་ལ་བཞག། རབ་བྱུང་བཅུ་བཞི་པར་དགོན་ཆུང་བླ་མ་ཆོས་འཕེལ་བསྟན་འཛིན་དགོན་བདག་ཏུ་མངའ་གསོལ་ནས་བསྟན་པ་བསྐྱངས། རབ་བྱུང་བཅོ་ལྔ་པའི་དུས་གསེར་ཁང་ལ་མེ་ཡི་འཇིག་པ་བྱུང་ཞིང་། ལུག་ལོར་བླ་གྲྭ་ནང་མ་འཆམ་ནས་བླ་བྲང་སྟོང་ནས་ས་མཐར་ཡུལ་བྱོལ་གནང་དགོས་བྱུང་བའི་རྗེས་སུ་བླ་མ་སྤྲུལ་མེད་ཀྱང་། བསྟན་བདག་གི་འགན་བཞེས་མཁན་ཁྲི་པ་དང་དབུ་མཛད། དགེ་སྐོས་སོགས་ཡིན།[page 482] རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་བྱི་བ་ལོར་ཨོ་རྒྱན་གཏེར་མཛོད་གླིང་པ་བྱོན། དེའི་རྣམ་མཐར་ནི་བསམ་བརྗོད་ལས་འདས་ཀྱང་མདོར་བསྡུས་ཙམ་བརྗོད་ན། འདིའི་ཕྱོགས་སུ་ཀླུ་ནད་ཀྱིས་ཐེབས་པ་མང་བས། རྫ་རྦིའི་སའི་གནས་སུ་གཏེར་ཆེན་ཉིད་ཉིན་གཅིག་ལ་བཟའ་ཐུང་མེད་པར་བསམ་གཏན་གྱི་ཏིང་ངེ་འཛིན་ལ་བཞུགས་སྐབས་མཁའ་འགྲོ་རྣམས་ཀྱིས་ཚོགས་འཁོར་ཕུལ། ས་བྱ་ལོར་སྟོན་ཚུགས་འབྲུ་བཅུད་རྒྱས་པའི་དུས་སུ། ཁྲོ་རྒྱལ་ཁྱུང་ལྗང་གི་ཞལ་དངོས་སུ་གཟིགས་ནས་གཏེར་ཆོས་ཞལ་ནས་གནང་ཀྱང་དུས་ལ་མ་བབ་པའི་ལོ་བཞི་ལ་གསང་རྒྱ་བྱས་ནས་མཐར་མྱོག་རྗེ་ཕན་བདེ་གླིང་དུ་དུས་དང་སྐལ་ལྡན་གནས་གསུམ་རྟེན་འབྲེལ་སཛོམས་པའི་གཏེར་གསར་ཁྱུང་གི་སྒྲུབ་པ་སྡུལ་ཚོན་དང་བཅས་ཉིན་བཞི་ལ་འཚོགས་པའི་དུས་མཆོད་རྒྱུན་ལྡན་བཙུགས་ནས་བཟུང་ཀླུ་ནད་རྒྱུན་ཆད་པ་ཡིན། རང་དགོན་གྱི་མདུན་ཕྱོགས། ཚྭ་ཁའི་བྲག། གོ་ཚང་བྲག་ལ་སོགས་པའི་ཕྱི་ནང་ཀུན་ལ་སྐུ་གསུང་ཐུགས་རྟེན་ཕྱག་ཞབས་ཀྱི་རྗེས་དང་། གནམ་ལོ་སྟག་དང་ཡོས་སྦྲེལ་སོགས་ནམ་ཤར་ལ་གནས་འདུས་སོགས་ཡོད་ལ། ཁོང་གི་སྐུ་ལ་གནས་ཁང་སོགས་ཀྱིས་སྒྲིབ་གཡོལ་མེད་པར་ཟང་ཐང་དུ་བྱོན་པ་ཞིག་ནོ། དགོན་འདི་ཆགས་ནས་ཉག་མ་ལྔ་བརྒྱ་སོ་བཞི་ཙམ་ལ། ནང་གི་སྐུ་གསུང་ཐུགས་རྟེན་དང་མཆོད་ཆས་རོལ་མོ་འཆམ་བེར་སོགས་དགོན་པ་གཞན་རྣམས་དང་འདྲ་བའི་སྤྲུས་གཙང་ཞིང་སྒྲོས་ལེགས་པ་དུ་མ་ཞིག་ཡོད་དེ། ཙན་དན་ལས་གྲུབ་པའི་དཔལ་ལྡན་ལྷ་མོ་ཁྲུ་གང་བ་དང་། ཐུབ་པ་མེ་ཐར་མ། རྟེན་མཆོག་འདི་ཉིད་ནི་སྔོན་གསེར་ཁང་མེས་འཇིག་སྐབསགནོད་པ་ཅི་ཡང་མ་ཐེབས་པས་མེ་ཐར་མ་ཞེས་ཐོགས། འདིའིམདུན་དུ་དགུན་དུས་ཆུའི་མཆོད་ཕེར་བཞག་ན་མི་འཁྱགས་པ་སོགས་ཀྱིས་བྱིན་རླབས་ཀྱི་རྟག་མཚན་ཡོད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསེར་སྐུ་བྱིན་ཅན། འབྱུང་འདུལ་གྱི་སྐུ་བྱིན་ཅན། དེ་མིན་ཐུབ་སྐུ་གཉིས་བཅས་གསེར་སྐུ་སྟོང་ཕྲག་ཁ་ཤས་དང་། གཞན་ཡང་། དུས་གསུམ་སངས་རྒྱས། གནས་རྟེན་བཅུ་དྲུག། རྡོ་རྗེ་འཆང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སོགས་ཀྱིས་གཙོས་པའི་སྐུ་སུམ་ཅུ་ལྷག་དང་། བདེ་ཆེན་ཞིང་བཀོད། ཐུགས་རྗེ་ཆེན་པོ། རྟ་མགྲིན་གྱི་ཞལ་ཐང་སོགས་ཞལ་ཐང་བཞི་བཅུ་ལྷག་ཙམ་དང་། བཀའ་གདམས་མཆོད་རྟེན་ཆ་གཉིས་དང་། བཀའ་བསྟན་ཚར་རེ་རེ་དང་། གསེར་ཞུན་གྱིས་བྲིས་པའི་འབུམ་ཆ་གསུམ་དང་། བསྐལ་བཟང་ཆ་གཅིག་རོལ་ཆས་སྐོར་ལ། ཆ་ལང་འཛམ་གླིང་བཞལ་དང་། རྒྱ་ནག་ཆ་ལང་ཆ་ལྔ་དང་། འདར་ཆལ་ཆེ་ཆུང་ལྔ་བཅས་དང་། གསེར་དངུལ་བཀྲ་བའི་དུང་དམར་ཆ་གཅིག་དང་དུང་དཀར་ཆ་གཅིག་མཁར་རྔ་གྲགས་ཅན་སོགས་བྱིན་རླབས་ཀྱི་གཟི་འོད་འབར་བའི་སྐུ་གསུང་ཐུགས་རྟེན་སྣ་ཚོགས་དང་ཡི་ཤེས་པ་རྣམས་མཉེས་པར་བྱེད་པའི་མཆོད་པའི་རྫས་ཀྱང་དེ་ལྟར་གྲངས་མང་ལ་འགངས་ཆེ་བ་མང་དུ་བཞུགས། ཚོགས་དུས་སྒྲུབ་མཆོས་ནི། ས་སྐྱའི་ཡིད་དམ་དང་གསོལ་བསྡུས་སོགས་འདུས་པ་སོགས་ཀྱིས་རྒྱུན་ཁྱེར་བྱས་པ་སང་། བཤད་གྲྭ་དང་སྒྲུབ་གྲྭས་གཞི་གསུམ་གྱི་ཆོ་ག་དང་དུས་མཆོད་ཟླ་བ་ལྔ་བའི་ཚེས་ཉེར་ལྔ་ནས་[page 483] བཟུང་ཀྱེེ་རྡོར་སྒྲུབ་མཆོད་རྟུལ་ཚོན་དང་བཅས་པ་ཉིན་བདུན་དང་། ཁྱུང་སྒྲུབ་བསྐང་གསོ་བོད་ཟླ་བཅུ་པའི་ཚེས་ཉེར་གསུམ་ནས་བཟུང་ཉིན་བཞི་དང་། ཡིད་དམ་གུར་གྱི་མགོན་པོའི་སྒྲུབ་པ་གར་འཆམ་དང་བཅས་པ་ཉིན་བདུན་ལ་འཚོགས་རྒྱུ་ཡོད། སྒྲིག་ལམ་ལ་གྲྭ་ས་ངོར་དུ་བྱོན་ནས་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་དང་། ས་སྐྱའི་གསུང་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཐམས་ཅད་ཞུ་དགོས། བསླབ་གྲལ་སོགས་ངོར་དང་རྗེས་མཐུན་ཙམ་དང་གུར་ལྷ་བརྒྱད་ཀྱི་བསྐང་གསོ་རྒྱུན་ཆགས་གསུང་པ་སོགས་ས་སྐྱའི་སྲོལ་ལྟར་མ་འཆུག་པར་གནས། དེའི་སྐབས་སུ་གྲྭ་གྲངས་དྲུག་ཅུ་ལྷག་ཙམ་ཡོད། དེ་ལྟར་ཚོགས་དུས་མཆོད་དང་སྲོལ་སྒྲིག་ལམ་དང་བྱིན་ཅན་གྱི་རྟེན་དང་མཆོད་རྫས་ཀྱི་ཕུགས་ནོར་རྣམས་ངོ་རྒོལ་བཞི་པའི་སྐབས་དང་། རིག་གནས་གསར་བརྗེའི་སྐབས་གོང་ལེན་དང་གཏོར་བརླགས་སོང་བར་མ་ཟད་ཕྱིའི་འདུ་ཁང་དང་གྲྭ་ཤག་རྣམས་ཀྱང་དྲན་གསོའི་རྗེས་ཤུལ་ཙམ་ལས་མ་ལུས་པ་རེད། འོན་ཀྱང་ཏང་གི་སྐབས་བཅུ་གཅིག་པའི་ཚོགས་ཆེན་འཚོགས་ནས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱུང་ཞིང་། དགོན་པ་རྣམས་ཀྱང་སྔར་ལྟར་བསྐྱར་བཞེངས་ཆོག་པའི་བཀའི་གནང་བ་ཐོབ་ཚེ་སེར་སྐྱ་ཡོངས་ཀྱིས་དགོན་གནས་གྲོས་མོལ་གནང་སྐབས། སྔོན་གཏེར་མཛོད་གླིང་པས་ཕན་ཆོད་དགོན་འདི་སྤོར་དགོས་པ་ཞིག་འོང་། དེའི་ཚེ་དགོན་རྙིང་དང་རྒྱང་གྲགས་གཅིག་ཙམ་གྱིས་ཆོད་ཡོད་ལ། དེར་དགོན་པ་བཞེངས་ན་ཁང་སྟེང་དུ་གསེར་ཏོག་འཛུགས་ཆོག་པ་ཞིག་འོང་གསུངས་པ་ལྟར། དགེ་བཤེས་རིན་པོ་ཆེ་ཡེ་ཤེས་ནོར་བུས་ཀྱང་ས་འདིར་དགོན་པ་བཞེངས་ན་བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་སུ་འགྲོ་བ་འོང་གསུངས་བ་བཅས་ཀྱི་ལུང་བསྟན་གཙུག་ཏུ་བཀུར་བའི་ཐོག སྔར་གྱི་དགོན་ཤུལ་དུ་གྲོང་ཚོ་ཆགས་ཡོད་པས་དེ་རྣམས་ཀྱང་གཞན་དུ་སྤོར་བསྐྱེད་ཀྱི་དཀའ་ཚེགས་མི་དགོས་པ་སོགས་རྒྱུ་མཚན་དུ་མར་དམིགས་ནས་ཡིད་འོང་ཉམས་དགའི་གནས་མཆོག་དེར་དགོན་པ་གསར་བཞེངས་ཀྱི་གྲོས་འཆམ་བྱུང་། དེ་ནས་རིམ་བཞིན་རང་དགོན་གྱི་གྲྭ་བགྲེས་གཞོན་ཡོངས་རྫོགས་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ནུས་ཤུགས་གཅིག་ཏུ་བསྒྲིམས་ནས་དགོན་པ་བཞེངས་ནས་ད་ལྟ་ཀ་མིག་སུམ་ཅུ་ཙམ་གྱི་ཚོགས་ཁང་ཞིག་བཞེངས་གྲུབ་ལ། ན་རྟེན་དུ་ཙན་དན་ལས་གྲུབ་པའི་དཔལ་ལྡན་ལྷ་མོའི་སྐུ་བརྙན་དང་། གུར་མགོན་གྱི་གསེར་སྐུ་མཐོ་ཕྱེད་ཅན། གོང་མ་རྣམ་ལྔའི་གཙོས་གསེར་སྐུ་བཅུ་དགུ་ཙམ་གྱི་གསེར་སྐུ་དང་། གུར་མགོན་གྱི་གསེར་སྐུ་སྐུ་མཐོ་ཕྱེད་ཅན། གོང་མ་རྣམ་ལྔའི་གཙོས་གསེར་སྐུ་བཅུ་དགུ་ཙམ་གྱི་གསེར་སྐུ་དང་། ཇོ་བོ་རིན་བོ་ཆེ་སོགས་འཇིམ་སྐུ་སུམ་ཅུ་བཞུགས། བདེ་ཆེན་ཞིང་བཀོད། ཐུགས་རྗེ་ཆེན་པོ། རྣམ་སྲས། ས་སྐྱ་གོང་མས་རབ་གནས་མཛད་པའི་རྟ་མགྲིན་གྱི་ཞལ་ཐང་བཅས་ཁྱོན་བཅུ་གཉིས་དང་། བསྐལ་བཟང་གསེར་བྲིས་མ་དང་། བཀའ་བསྟན་ཆ་གཅིག འབུམ་གཟུགས་འདུས་སོགས་གསུང་རབ་ཀྱི་སྐོར་ཀྱང་བཞུགས་སུ་གསོལ་ནས། ལྷ་རྫས་ཕུན་སུམ་ཚོགས་པས་མཉེས་པར་བྱེད་པ་དང་། གྲྭ་གྲངས་ལྔ་བཅུ་རྩ་གསུམ་དང་། དེ་དག་གི་བཞུགས་ཤག་ཀྱང་ཉེར་བརྒྱད་ཙམ་གསར་གྲུབ་བྱུང་ཡོད། ཡོན་གྱི་འབྱུང་ཁུངས་ནི་སྐུ་རིམ་གྱི་ཡོན་ཙམ་ལ་སྐྱབས་བཅོལ་ཏེ་དུས་མཆོད་སྔར་འཚོགས་བཞིན་ཡོད། ད་ལྟའི་ཁྲི་པ་བླ་མ་ཡོན་ཏན་རབ་རྒྱས་ལགས་ནི། རབ་བྱུང་བཅོ་[page 484] ལྔ་པའི་ལྕགས་ཕག་ལོ་ལ་སྐུ་འཁྲུངས། ཤིང་ཕག་ལོར་ངོར་དུ་གྲྭ་སར་ཕེབས་ནས། ཞབས་དྲུང་དམར་པ་ལྷ་དང་། འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་དང་ཁྱད་པར་དུ་ངག་དབང་ཡོན་ཏན་རྒྱ་མཚོ་སོགས་གཙུག་གི་ཅོད་པན་དུ་བཀུར་ནས། ཀྱེེ་རྡོར། འཇིགས་བདེ་གསང་གསུམ་སོགས་དང་། ས་སྐྱའི་གསུང་རབ་རྣམས་ཀྱི་དབང་ལུང་མན་ངག་རྣམས་ཐུགས་ཀྱི་དཔལ་བེར་གཏམས། དེ་མིན་ས་སྐྱའི་ཕྱག་སྲོལ་ལྟར་གར་ཐིག་དབྱངས་གསུམ་དང་བཅའ་འབུད་རྡུང་གསུམ་སོགས་ལའང་ཐུགས་ཆུབ་མཐར་ཕྱིན་གནང་བ་ཞིག་ལགས་པས་དགོན་པ་སླར་གསོའི་བྱ་རིམ་གྱི་ནང་དུ་རྣམ་དཀར་ཕྲིན་ལས་ཀྱི་འཇུག་པ་ཟླ་བའི་ཁམས་བཞིན་བསིལ་ཟེར་སྣུམ་པོས་མ་ཁྱབ་པ་མེད་དོ། ཏྲེ་ཧོར་ཕྲིན་ལས་དོན་འགྲུབ་ནས་སྡུད་སྒྲིག་བྱས།

རྦ་མདའ་དགོན་གྱི་ལོ་རྒྱུས།

མདོ་སྨད་དམར་རྫ་སྒང་གི་ཉེ་ཆར་སྙི་ཁོག་ཆུ་རོང་ཁོག་ཞེས་པར་ས་དཔྱད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཡུལ་དེ་ལ་རབ་བྱུང་དྲུག་པའི་དཀྱིལ་དུ་རྒྱ་མདའ་རི་ནང་ལ་མ་ཞེས་པའི་གཡུང་དྲུང་བོན་གྱི་བཤེས་གཉེན་ཆེན་པོ་དེ་ཉིད་ཀྱིས་ཐོག་མར་ཕྱག་བཏབ་མཛད།

དེའི་དུས་སུ་འདུ་ཁང་བཞི་མིག་བཅོ་ལྔ་ཙམ་དང་། གྲྭ་ཁང་བཅོ་ལྔ་ཙམ་གནས་ལ། དེ་ནས་བླ་རབས་བཞི་ཙམ་གྱི་རིང་ལ་ལོ་བརྒྱ་དང་ལྔ་བཅུ་ཡས་མས་ཙམ་སོང་ནས་ཡུལ་དཔོན་བདུད་འདུལ་གྲགས་པས་དགོན་པ་སྤོས་དགོས་པར་བཀའ་ལུང་སྦྱི་བོར་བབས་ནས། སྤ་དམར་ས་ཆ་སྤོས་ནས་འདུ་ཁང་བཞི་མིག་ཉི་ཤུ་ཙམ་དང་། གྲྭ་ཁང་ལྔ་བཅུ་དང་། གྲྭ་པ་བརྒྱ་ཙམ་ཡོད། དེ་ནས་ཡང་ལུག་གེ་ས་ཆར་བླ་མ་ལྷ་ལུགས་ཚུལ་ཁྲིམས་སོགས་ཀྱིས་དགོན་པ་བཏབ་ནས་བླ་རབས་བདུན་ཙམ་གྱི་རིང་ལོ་སུམ་བརྒྱ་ལྷག་ཙམ་དུ་བསྟན་པ་བསྐྱངས། དེ་ནས་བླ་མ་བྱང་ཆུབ་ནསས་གནས་ཁོག་ཏུ་སྤོས་ནས་རི་ཁྲོད་ལྟ་བུ་ཞིག་བཏབ་ནས་གྲྭ་ཁང་དྲུག་བདུན་ཙམ་ལས་མེད་ལ། དེར་ལོ་ལྔ་བཅུ་ཙམ་ལ་གདན་ས་མཛད། དེ་ནས་ངེས་པ་དོན་གྱི་རྣལ་འབྱོར་པ་གྲུབ་དབང་འཇའ་ལུས་པ་ཆེན་པོ་དོན་གྱི་སླད་དུ། མཚན་ནས་སྨོན་ན་དབྲ་སྲས་ཀླ་བ་གྲགས་པའང་ཀུན་བཟང་ནམ་མཁའི་སྙིང་པོ་ཞེས་འཇིག་རྟེན་ན་ཡོངས་སུ་གྲགས་པའི་དཔོན་གསལ་བླ་མ་འདི་ཉིད་བྱོན་ནས་ས་བདེ་ཆ་ཞེས་པར་བདེ་ཆེན་བསམ་གཏན་གླིང་བཏབ་ནས། འདུ་ཁང་བཞི་མིག་བཅོ་ལྔ་དང་། གྲྭ་ཁང་བཅོ་ལྔ་ཙམ་དང་། གྲྭ་གྲངས་ཉི་ཤུ་ཡས་མས་ཙམ་གནས་པ་དེ་ལ་མི་ལོ་བཅུ་གསུམ་ཙམ་གདན་ས་མཛད་ནས་མཐར་འཇའ་ལུས་འཕོ་བ་ཆེན་པོ་སྐུར་བཞེངས་ཚུལ་སོགས་ནི་རྣམ་ཐར་སྐབས་གསལ་ལ། དེ་ནས་མཆོག་སྤྲུལ་ཟླ་བ་གྲགས་པའི་ཐུགས་སྲས་ཀྱི་སློབ་ཆེན་ཚུལ་ཁྲིམས་འོད་ཟེར་དང་བླ་མ་རྡོ་རྗེ་ཚེ་དབང་གཉིས་བྱོན་ནས། ལོ་བཞི་བཙུ་ཞེ་གཉིས་བར་དུ་བསྟན་པ་བསྐྱངས། དེ་ལས་བླ་མ་ཚུལ། [page 485] ཁྲིམས་འོད་ཟེར་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ལོར་ཡབ་མགོན་པོ་བཀྲ་ཤིས་དང་། ཡུམ་ཤིས་མོས་གཉིས་ཀྱི་སྲས་སུ་ཡུལ་ལུག་གེར་ཞེས་པར་སྐུ་ལུས་ཕྲུ་མའི་གཟན་ཤམ་གྱིས་གཡོགས་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་བལྟམས། དེ་ནས་ནར་སོན་པ་ན་གཙང་སྨན་རིར་བྱོན་ནས་མཁན་པོ་ཕུན་ཚོགས་བློ་གྲོས་མདུན་ནས་རབ་ཏུ་བྱུང་། མཆོག་སྤྲུལ་ཟླ་བ་གྲགས་པ་སོགས་མདོ་སྔགས་ཀྱི་སློབ་དཔོན་དུ་མ་པ་བསྟེན་ནས་ཐོས་པའི་ཡང་རྩེར་སོན། དེ་ནས་མཚམས་བསྙེན་སྒྲུབ་ལ་ཐུགས་ཡིད་གཅིག་ཏུ་གཞོལ་ནས་མི་ལོ་བཅུ་གཉིས་བར་དུ་སྒྲུབ་པ་ཉམས་ལེན་མཛད་ནས་མཐར་དགུང་ལོ་ང་དགུའི་སྟེང་དུ་གཟུགས་སྐུའི་བཀོད་པ་ཀ་དག་ནང་དབྱིངས་སུ་བསྡུས་སོ།

བླ་མ་རྡོ་རྗེ་ཚེ་དབང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྟག་གི་ལོ་ལ་ཡབ་རིག་འཛིན་དང་། ཡུམ་བསོད་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ནས། གྲྭ་སའི་སྨན་རི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མདུན་ནས་བསྙེན་པར་རྫོགས། གཞུ་རིང་བསྐལ་བཟང་གྲགས་པ་དང་། སྤྲུལ་སྐུ་ཟླ་གྲགས་གཉིས་བླ་མར་བསྟེན་ནས་སྤྱི་མདོ་དང་ཁྱད་པར་དུ་རྫོགས་ཆེན་གྱི་བོན་སྐོར་དུ་མ་ཞུས་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བེ་མཛད་ནས་མཐར་དགུང་ལོ་དོན་གསུམ་དུ་གཟིགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ།

བླ་མ་རྡོ་རྗེ་ཚེ་དབང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྟག་གི་ལོ་ལ་ཡབ་རིག་འཛིན་དང་། ཡུམ་བསོད་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ནས། གྲྭ་སའི་སྨན་རི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མདུན་ནས་བསྙེན་པར་རྫོགས། གཞུ་རིང་བསྐལ་བཟང་གྲགས་པ་དང་། སྤྲུལ་སྐུ་ཟླ་གྲགས་གཉིས་བླ་མར་བསྟེན་ནས་སྤྱི་མདོ་དང་ཁྱད་པར་དུ་རྫོགས་ཆེན་གྱི་བོན་སྐོར་དུ་མ་ཞུས་ནས་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་ནས་མཐར་དགུང་ལོ་དོན་གསུམ་དུ་གཟིགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ།

དེ་ནས་སྐུ་གསུང་ཐུགས་རྟེན་སྐོར་ནི། སྤྲུལ་སྐུ་ཟླ་གྲགས་ཀྱི་སྐུ་དངུལ་སྐུ་མདའ་ཚད་མ་དང་། སྐུ་གདུང་གསེར་དངུལ་བཀྲ་མ་མདའ་ཚད་མ་དང་། སྟོན་པ་གཤེན་རབ་ཀྱི་སྐུ་གསུང་འབྱོན་མ་མདའ་ཚད་མ་དང་། སྐྱབས་འགོ་ཚོགས་ཞིང་བཅས་ཁྱོན་ཐང་ཀ་ཉེར་གསུམ་ཙམ་དང་། འདམ་སྐུ་རྣམ་པར་རྒྱལ་བའི་གཙོས་ཁྱོན་བརྒྱད་ཙམ་དང་། མཆོད་ཆས་སྐོར་དུང་དམར་ཆ་གཅིག རྒྱ་གླིང་ཆ་གཅིག དུང་དཀར་ཆ་གཅིག་བཅས་མཆོད་ཆས་ཆ་ཚང་། དེ་ནས་སེམས་ཅན་གྱི་ལས་དབང་བསོད་ནམས་དམན་པས་བསྟན་པ་འཇིག་པའི་དུས་ལ་བབས་ནས་དགོན་པའི་ཕྱི་ནང་གི་རྟེན་དང་བརྟེན་པར་བཅས་པ་ངོ་རྒོལ་བཞིའི་སྐབས་ས་ཕུང་ཆེན་པོ་ཞིག་ཏུ་གྱུར་རོ།

དེ་ནས་སླར་ཡང་ཏང་གི་སྐབས་བཅུ་གཅིག་པའི་གྲོང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འོད་སྣང་ཕྱོགས་བཅུར་འཕྲོས་ནས། ཆོད་དད་རང་མོས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ནས་སྤྲུལ་སྐུ་ནམ་མཁའ་དང་། བླ་མ་འཇམ་དབྱངས་གཉིས་ཀྱིས་གཙོས་བྱས་འདུ་སྡེ་གྲྭ་ཚང་དང་། སྡེ་དམངས་ཚོགས་ཀྱིས་རོགས་ལྡན་ལ་བརྟེན་ནས། འདུ་ཁང་བཞི་མིག་ཉེར་ལྔ་དང་། གྲྭ་ཁང་བཅུ་གཉིས་དང་། གྲྭ་པ་ཁྱོན་སོ་ལྔ་ཙམ་གནས་ལ། སྐུ་གསུང་ཐུགས་རྟེན་ལ་བཀའ་འགྱུར་ཆ་གཅིག ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ་ཆ་གཉིས། འབུམ་ཆ་གཅིག ཁམས་ཆེན་ཆ་གཅིག ཆོ་ག་སྒྲུབ་ཐབས་སྐོར་པོད་བཅུ། གནས་བརྟེན་བཅུ་དྲུག་གཙོས་ཐང་ཀ་ཉེར་གསུམ་དང་། མཆོད་ཆས་སོགས་ཆ་ཚང་ཙམ་ཡོད། ཚེ་དུས་སྒྲུབ་[page 486] མཆོད་ནི། དགུན་བཅའ་རྟ་ཟླ་ནས་སྐུ་གསུམ་སྒྲུབ་པ་ཟླ་བ་གསུམ་འཚོགས་དགོས། ཟླ་བ་བདུན་པའི་ནང་དུ། བསྙེན་གནས་ཆ་བཞི་དང་། སྨྱུང་གནས་ཆ་གཉིས་བཅའ་འཚོགས་རྒྱུ་ཡོད། དགོན་དེའི་མངའ་འོག་གི་དུད་གྲངས་དགུ་ཙམ་ཡོད་དོ། ཏེ་ཧོར་ཕྲིན་ལས་དོན་གྲུབ་ནས་སྒྲིག།།

གཞུང་རིང་དགོན་གྱི་ལོ་རྒྱུས།

ཐོག་མར་རྒྱལ་རོང་དགེ་བཤེས་གདུང་རྒྱུད་ལས་བྱོན་པ། ཡབ་དགེ་བཤེས་རྒྱལ་བོ་གསུང་རབ་འབུམ་ཞེས་པ་དང་། ཡུམ་ཧོར་དྲིན་རྗེ་ཀ་ལི་རྒྱལ་གཉིས་རྒྱ་རྗེའི་རེ་པ་གྲོང་དུ་བཞུགས་དུས་རབ་བྱུང་བཅུ་གཅིག་པའི་ས་ཁྱི་ལོར་ངོ་མཚར་ལྟས་བཟང་དང་བཅས་དགེ་བཤེས་གཡུང་དྲུང་བསྟན་འཛིན་སྐུ་བལྟམས་སོ།།

རབ་བྱུང་བཅུ་གཉིས་པའི་ལྕགས་མོ་ལུག་གི་ལོར་ས་དཔྱད་ཕུན་སུམ་ཚོགས་པ་དང་བཅས་གཞུ་རིང་བཀྲ་ཤིས་སྨོན་གྲོལ་གླིང་གི་དགོན་པ་བཏབ། སྨིན་ནང་དཔོན་ཚང་ནས་སྦྱིན་བདག་དང་བསྙེན་བཀུར་ཚད་མེད་ཞུས། གཞུ་རིང་ཡུལ་དགོན་ཚང་མ་བླ་མའི་ལྷ་སྡེ་རུ་ཕུལ། བླ་མའི་དངོས་སློབ་སྤྲུལ་སྐུ་ཡིད་བཞིན་མི་ཉག་འདུ་ར་དགོན་དུ་མངགས་ཏེ་དགོན་དེ་ནི། གཞུ་རིང་དགོན་གྱི་དགོན་ལག་ཡིན། བྲག་འགོ་རྒྱས་བཟང་དུ་རྒྱལ་དབང་བསྟན་པ་དབང་རྒྱལ་བསྟན་བདག་མངགས་ནས་སྤུང་འཕྲང་གཡུང་དྲུང་གླིང་ཞེས་བཏབ་པ་དང་། ཁྱུང་པོ་དཀར་ནག་སེར་གསུམ། རྒྱལ་མོ་ཚ་བ་རོང་ཉག་རོང་སོགས་ལ་དགོན་ལག་མང་། རྒྱལ་རོང་དགེ་བཤེས་ཙའི་གདུང་རབས་སུམ་ཅུ་ལྷག་སོང་བ་དང་བྲལ་བ་ཞིག་བྱོན། དེའི་ཡང་སྲིད་ནི་སྟོན་བླ་བསྟན་འཛིན་རྒྱལ་མཚན་ཡིན། འདི་སྔོན་བྱོན་གྲུབ་ཆེན་གོང་མའི་ལུས་ཟིན་གྱི་སྐྱེས་བུ་ཡིན། སྔར་དགོན་པ་འདི་ལ་ཁ་ལུང་བླ་མ་ཚང་ལ་ཤེས་རབ་རྒྱལ་མཚན་ཞེས་པ་ནས་དེང་སང་ཚེ་དབང་གཡུང་དྲུང་བར་བླ་རབས་བཞི་ཙམ་བྱོན་མྱོང་། དེ་དང་མཉམ་དུ་རྒྱལ་རོང་གཡུང་དྲུང་ཡེ་ཤེས་ཀྱི་མངོན་སྣང་གཡུང་དྲུང་བསྟན་རྒྱལ་གཙོས་བླ་གྲྭ་ཡོངས་རྫོགས་བརྒྱ་ཡས་རེ་འཚོགས། དགོན་དེའི་ནང་དུ་རྟེན་གཙོ་བོ་གཤེན་ལྷ་འོད་དཀར། དྲན་པ་ཡབ་སྲས། ཡེ་ཤེས་དཔལ་མོ། ཚེ་དཔག་མེད། བདེ་གཤེགས་སོ་ལྔ་གཙོས་རྒྱ་གར་ནག ཞང་ཞུང་། བོད་ཆོས་རྒྱལ་ལི་མ་བཅས་སྐུ་འདྲ་ཆེ་ཆུང་བརྒྱ་དང་། གསུང་རྟེན་ལ་འབུམ་ཉི་མ་དགུ་ཤར། མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗེད་པོ་ཏི་བཅུ་བརྒལ་བ་བཞུགས། ཐུགས་རྟེན་ལ་གཡུང་དྲུང་བསྟན་འཛིན་གྱི་སྐུ་གདུང་གཙོས་སྐུ་གདུང་གསུམ་ཡོད། ཤེལ་ཕུར་ནམ་མཁའི་སྙིང་པོ་གཙོས་མཆོག་མཁའ་འགྱིང་འོད་ལས་གྲུབ་པ། གྲུབ་ཐོབ་སྟོད་རྒྱད་མཐུ་ཆེན་གྱི་ཕྱག་སེན་སོགས་རྟེན་བྱིན་ཅན་མང་དུ་བཞུགས། ཞལ་ཐང་སྐོར། [page 487] གྲུབ་ཆེན་བརྒྱད་ཅུའི་སྐུ་དཔེ་ལྡན་རྒྱ་ནག་གོང་མས་གནང་བའི་མ་རྒྱུད་ལྷ་སུམ་བརྒྱ་དྲུག་ཅུའི་ལྷ་ཚོན་གོས་དྲུབ་ཅན་ཞལ་ཐང་བཞི། མཆོད་ཆས་སྐོར། གོས་ཆེན་ཟ་འོག་གི་རྒྱན་རྫས་ཚང་མ་གསེར་དངུལ་བཀྲ་མའི་མཆོད་ཆས་སྐོར་ཆ་ཚང་། ཆ་ལང་སྐོར་ལ། རྫ་ཆོས་རྗེ། ཡང་ཞུན་རྒྱལ་བོ། དར་མདོའི་ཡབ་རྒྱུས། སྐོར་འབུག་མ། བྲག་སེང་ཐོད། བལ་པོ་ཆ་ལང་ལྔ། དེ་མིན་ཆ་ལང་རྒྱ་ནག་མ་ཆ་དྲུག མཁར་རྔ་ཡར་ཡེར་མགྱོགས་པོ། ཉི་ཟེར་མ། དྲི་མེད་འོད་ཟེར། རྒྱ་ནག་མ་བཅས་སོ། སིལ་ཆེན་གྲ་རྒྱ་མདུད་མ། སིལ་སྙན་རྒྱ་ནག་མ་བཅས་སོ། ཚོགས་ཁང་ཆེ་བ་གཅིག སྐུ་གདུང་ཁང་། གསེར་ཁང་། སྤྱི་ཁང་། ཇ་ཁང་། གྲྭ་ཁང་སུམ་ཅུ་ཙམ། དུང་འཁོར་སོགས་དང་། བླ་མ་ཡང་སྟོན་གྱིས་བཞེངས་པའི་རྣམ་པར་རྒྱལ་བའི་སྐུ་གསེར་ཟངས་ལས་གྲུབ་པ། སྐུའི་ཚད་ཚོགས་ཁང་ཐོག་རྩེག་ལ་ཐུག་ཅིང་རིན་པོ་ཆེའི་རིགས་སྣ་ཚོགས་ཀྱིས་རྒྱན་ཆ་བྱས་ཡོད། ན་བཟའ་བཅས་སྤུས་ལེགས་གསོལ་ལོ། དགོན་པའི་དུས་མཆོད་སྐོར། དབྱར་ལ་དབྱར་ཆོས་ཉིན་བཞི། བསྙུན་གནས་ཉིན་བརྒྱད། མ་རྒྱུད་ཚོགས་ཆེན་ཉིན་གསུམ། སྒྲིབ་སྦྱངས་ཉིན་བརྒྱད་བཅས་སོ། དགུན་དུས་སུ། བོད་ཟླ་དང་པོའི་ནང་སྨོན་ལམ་མཐའ་ཡས་ཉིན་བདུན། མདོ་གཡུང་དྲུང་ཀློང་རྒྱས་ཉིན་བཞི་དང་། དྲན་པ་ཡབ་ཀྱི་ཚོགས་མཆོད་ཉིན་གཉིས། དགའ་ལྡན་དཔལ་རིའི་དུས་མཆོད་ཉིན་གཉིས། དེའི་སྐབས་སུ་འཚོགས་ཀྱི་གཏོང་སྒོ་རྒྱ་རྗེ་ཤ་ར་ཐང་ནས་རྟའུ་དཔྱི་ལོག་སྣ་ཡག་ཆད་དང་། གཞུ་རིང་ཡུལ་འབྲོག་བཅས་གཉེར་བ་ཁུར་བླངས་དགོས། ཁོ་ཚོ་ལ་ཕར་ཆར་ཕབ་པ་དང་། སད་དང་སེར་བ་བཀག་རྒྱུ་དང་ཚུར་ལ་དུད་ཚང་རེའི་འབྲུ་རིགས་ཟོ་བ་གང་རེ་བསྡུ་རྒྱུའི་ལུགས་སྲོལ་དར་རོ། དེང་གི་གནས་ཚུལ་ནི། དེ་ལྟར་རྒྱལ་བའི་བསྟན་པ་འདི་ཉིད་འཆད་རྩོད་རྩོམ་གསུམ་གྱིས་སྒོ་ཀུན་ནས་སྤེལ་ནའང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་བཟང་པོའི་འོག དགོན་ཁག་གཞན་དང་འདྲ་བར་ཆོག་མཆན་ཐོབ་ནས། འདུ་ཁང་། དེའི་ནང་དུ་རྟེན་གསུམ་ནི། ཞང་ཞུང་ལི་མ་གསེར་སྐུ་གཉིས། མཆོད་རྟེན་གཅིག ཞལ་ཐང་ཚེམ་སྐུ་གཅིག རོལ་ཆས་སྐོར་སྔར་བཞིན་བོད་ཟླ་དང་པོ་ལ་སྨོན་ལམ་ཉིན་བདུན། བོད་ཟླ་དྲུག་པའི་ནང་བསྙུང་གནས་ཉིན་བརྒྱད། བོད་ཟླ་བདུན་པ་ནང་མ་རྒྱུད་ཚོགས་མཆོད་ཉིན་གསུམ། འཚོགས་པའི་གཏོང་སྒོ་ནི། སྨོན་ལམ་གྲྭ་བ་ནང་ནས་གཉེར་བ་ཁུར་དགོས། བསྙུན་གནས་དང་མ་རྒྱུད་ཚོད་མཆོད་ལ་ཡུལ་འབྲོག་གཉིས་ནས་སྦྱིན་བདག་བྱས། དགོན་པའི་རྒྱ་ཁྱོན་དང་གྲྭ་གྲངས་ནི། གྲྭ་གྲངས་སོ་ལྔ་ཙམ་མཆིས་ལགས་སོ།། སངས་དགའ་ནས་སྡུད་སྒྲིག་བྱས།

རྒྱ་རོང་དགོན་གྱི་ལོ་རྒྱུས།

སྤྱིར་སེམས་ཅན་གྱི་ལས་དང་བསོད་ནམས་ཀྱི་སྟོབས་ལས་བསྟན་པ་ལ་ཆགས་འཇིག་འབྱུང་བ་དེ་ནི་[page 488] ཆོས་ཉིད་ཤིག་ཡིན་གཤིས། ཁ་བའི་ཡུལ་ལྗོངས་འདི་ན་ཡང་བོན་བསྟན་ལན་གཉིས་སུ་བསྣུབས་པས། ཐ་མ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། བོན་པོ་རྣམས་རྒྱ་ནག སོག་པོ། རྒྱ་རོང་། ཁམས་སོགས་ཡུལ་མཐའ་མེད་དུ་སྤྱུགས་པའི་ནང་ཚན། རྨེའུ་བསོད་ནམས་གཡུང་དྲུང་དེ་མདོ་ཁམས་མོའི་སྒང་གི་ཉེ་ཆར་ཡུལ་ཏྲེ་ཧོར་དུ་བྱོན་ནས། གནས་ཀྱི་ཡོན་ཏན། ཕུན་སུམ་ཚོགས་པ་དུ་མ་མངའ་བའི་ཁྲི་ཚོ་སྒང་ཞེས་པ་དེར་སྒྲུབ་པ་ཉམས་ལེན་ལ་གཞོལ་བའི་སྐལ་ལྡན་གྱི་སློབ་མ་སུམ་བརྒྱ་ཙམ་བསྐྱངས། དེ་དུས་དགོན་པ་མེད་ཀྱང་། གངས་ཁྲོད་ནགས་ཁྲོད་སྒྲུབ་ཕུག་རི་སིལ་སོགས་ལ་བརྟེན་ནས་གྲུབ་པའི་ས་མཐོར་གཤེགས་པའི་གང་ཟག་ཤ་སྟག་བྱང་བ་ལས། ཡུལ་དེ་ལ་སྒྲུབ་སྡེ་དགོན་པར་བཏགས། དེ་ནས་རིམ་བཞིན་ཁྲི་ཚོ་སྒང་དེར་ཁྲི་ཚོ་དགོན་པ་ཆགས། དེ་ཡང་ཡུན་རིང་མ་འགོར་བར་མེས་འཇིག དེ་རྗེས་རྩ་ར་སྟོབས་ལྡན་འོད་ཟེར་རྒྱལ་མཚན་གྱིས་དེའི་འོག་གི་རི་རྐེད་དུ་ཤུག་སྒང་དགོན་པ་བཏབ། དེ་ཡང་གནས་དེར་ཤུག་པ་དུ་མ་ཡོད་པའི་ཡུལ་ཞིག་ཡིན་པས་དགོན་མིང་ཡང་དེ་ལྟར་བཏགས་པ་ཡིན་ལ། དེའི་དུས་འདུ་ཁང་བཞི་མིག་བརྒྱད་ཅན། གྲྭ་ཁང་ཧ་ལམ་ཉི་ཤུ་ཡས་མས་ཞིག་ཡོད། དེའི་རྗེས་གཡུང་དྲུང་རྒྱལ་མཚན་ནི། བོན་གྱི་བསྟན་བྱུང་ལས། ཤེས་ཁོག་རྟོགས་ལྡན་གཡུང་དྲུང་རྒྱལ་མཚན་ནི། གསུམ་ལྡན་དྲང་སྲོང་སྒོམ་གྲོལ་ཐོབ་ཡིན། ཞེས་གསུངས་པའི་སྐྱེས་ཆེན་དམ་པ་ཁོང་གིས་ས་སྔོན་གཡུང་དྲུང་གླིང་ཕྱག་བཏབ་མཛད། དེའི་ཟུར་དུ་ལ་གནས་ཚང་གི་བླ་བྲང་ཞིག་ཀྱང་བཞེངས། དེ་ཡན་གྱི་བླ་རབས་ནི། རྨེའུ་བསོད་ནམས་གཡུང་དྲུང་། རྩ་ར་སྟོབས་ལྡན་འོད་ཟེར་རྒྱལ་མཚན། བཀྲ་ཤིས་བསམ་འགྲུབ། གཡུང་དྲུང་རྒྱལ་མཚན། དགུན་ཚེ་བསྟན། བླ་མ་ལོ་གོད། ལུང་ཕུག་བླ་མ་བསྐལ་བཟང་སྐྱབས། ལུང་ཕུག་བླ་མ་ཆོས་བསྟན། བླ་མ་བློ་ལྡན། བླ་མ་གཡུང་དྲུང་ཡེ་ཤེས་ནི། ཡུལ་ནི་རྒྱལ་རོང་འགྲན་རྫོང་རྒྱལ་པོའི་སྲས། གདུང་རུས་དབྲ་དཀར་ཁྱུང་སྟེ་ཆུང་ནས་མཁས། བླ་མ་ཤེས་རབ་གཡུང་དྲུང་རབ་བྱུང་བཞེས། བཅུ་དྲུག་ལོ་ལ་གཙང་ཕེབས་སྨན་རི་རྒྱུ། མཁན་ཆེན་བསོད་གཡུང་མདུན་དུ་དྲང་སྲོལ་བསྒྲུབ། གཞན་ཡང་ཏྲེ་སྟོན་བསོད་ནམས་འགྱུར་མེད་དང་། ཕྱི་ནང་བོན་སྒོའི་དབང་ལུང་ཡོངས་རྫོགས་གསན། མདོ་དབུས་སྒྲུབ་གནས་ཀུན་ཏུ་ཉམས་ལེན་མཛད། ཤེལ་ཞི་གཏོ་ལུང་ཡང་དབེན་དཔལ་མགོན་བཏབ། ཅེས་གསུངས་པ་ལྟར་ཁོང་གིས་གཏོ་ལུང་ཡང་དབེན་དཔལ་མགོན་ནམ་གཏོ་སྒང་གཡུང་དྲུང་གླིང་ཕྱག་བཏབ་མཛད་ནས། བླ་མའི་མཚན་དགོན་པ་ལ་ཆགས་ནས་རྒྱ་རོང་དགོན་ཞེས་པའི་མཚན་དེ་ནས་བྱུང་བར་གྲགས། དེ་དུས་འདུས་ཚོགས་ཀྱི་གྲྭ་གྲངས་ཀྱང་བརྒྱ་ཡས་མས་ཙམ་དང་། དགོན་པའི་འཆམ་དང་བླ་བྲང་གི་འཆམ་སྣ་ཡང་གཉིས་རེ་ཙམ་ཡོད་མྱོང་། གྲྭ་པ་རྣམས་ལ་སྔོན་འགྲོ་དང་རྩ་རླུང་སོགས་ཀྱང་མི་དམན་པ་རེ་སྦྱངས་སྲོལ་[page 489] ཡོད། དེ་རྗེས་བླ་མ་གཡུང་དྲུང་བསྟན་འཛིན་ནི། དེ་ཉིད་ལས། དེ་སློབ་དགེ་བཤེས་གཡུང་དྲུང་བསྟན་འཛིན་ནི། གྲྭ་ས་ཀུན་འགྲིམས་མཁས་གྲུབ་ཟུང་ལྡན་ལགས། ཞེས་གསུངས་པ་ལྟར། ཁོང་རྒྱ་རྗེ་ར་སར་སྐུ་འཁྲུངས་ནས། ཁོང་གི་རྒྱ་རོང་དགོན་པའི་དགོན་བདག་བྱས། རྗེས་ནས་ཁོང་གིས་གཞུ་རིང་དགོན་པ་ཕྱག་བཏབ་གནང་། དེ་ནས་རྒྱ་རོང་རབ་བརྟན་རྒྱལ་པོས་བཀའ་མངགས་ལྟར་ལྷ་བརྟན་པད་མ་རྣམ་རྒྱལ་རྒྱ་རོང་དགོན་དུ་བྱོན་ནས་ཆོས་ལུགས་གསར་མར་བསྒྱུར། དགོན་མིང་ལ་དགའ་ལྡན་ཕུན་སུམ་ཚོགས་གླིང་ཞེས་མཚན་གསར་བྲིས་ཤིང་སྒོ་ཐོག་ཏུ་དཔྱང་། འདུ་ཁང་ནང་དུ་ཇོ་རྗེ་འབྲོམ་གསུམ་གྱི་སྐུ་ལྕོགས་ཕྱེད་གཉིས་ཙམ་བཞེས། དེ་ནས་ཡུན་རིང་མ་འགོར་བར་རྒྱ་ནག་གོང་མས་རབ་བརྟན་རྒྱལ་པོ་མིང་གིས་ལྷག་མར་བྱས་ནས། དགོན་འདི་ཡང་སླར་བོན་གྱི་གྲུབ་མཐར་བསྒྱུར། དེ་ཡན་གྱི་གདན་རབས་ནི། རྒྱལ་རོང་གཡུང་དྲུང་ཡེ་ཤེས། གཡུང་དྲུང་བསྟན་འཛིན། བླ་མ་གསང་སྔགས་གྲགས་པ། བླ་མ་གྲགས་པ། བླ་མ་ཉི་མ་རྒྱལ་མཚན། བླ་མ་གཡུང་དྲུང་རྒྱལ་མཚན། ཚེ་དབང་བསྟན་འཛིན། བཀྲ་ཤིས་དོན་འགྲུབ་བཅས་བྱོན་ལ། དེའི་རྗེས་སྤྲུལ་སྐུ་ཟླ་བ་གྲགས་པ་ནི། དེ་ཉིད་ལས། དབྲ་སྲས་དྲང་སྲོང་ཟླ་བ་གྲགས་པ་ནི། དབྲ་སྟོན་བསྟན་འཛིན་དབང་རྒྱལ་སྲས་སུ་འཁྲུངས། ཡབ་སོགས་ཕྱོགས་མེད་བླ་མ་བརྟེན་ནས། མདོ་སྔགས་ཟབ་རྒུའི་དབང་ཁྲིད་དམས་པ་གསན། ཁྱད་པར་གྲུབ་དབང་མང་ག་ཝེ་ཞིའི་མདུན། །ཐེག་ཆེན་ཉམས་ཁྲིད་བུམ་པ་གང་བྱོ་ཞུས། རྩེ་གཅིག་ཆུ་བོའི་རྒྱུན་བཞིན་ཉམས་བླངས་པའི། །གདོས་བཅས་སྐུ་གཟིགས་ཟག་མེད་འཇའ་ལུས་སོང་། ཕྱག་ཞབས་སེན་མོ་དབུ་སྐྲ་རྣམས་བཞག་དང་། རྗེས་འཇུག་དད་ལྡན་འདྲེན་པའི་རྟེན་པའི་རྟེན་དུ་བཞུགས། ཞེས་གསུངས་པ་ལྟར། ཁོང་བྱོན་ནས་དགོན་པ་ཞིག་གསོ་བྱས། དེ་དུས་གྲྭ་གྲངས་སུམ་ཅུ་ཙམ་དང་། དགོན་པའི་འདུ་ཁང་བཞི་མིག་བཅོ་ལྔ་ཙམ་ཡོད་ལ། དེ་ལས་སྐུ་གསུང་ཐུགས་རྟེན་སྐོར་ནི། སྟོན་པ་གཤེན་རབ་ཀྱི་ཐང་མོ་ཆེ་དང་། ཁམས་ཆེན་གསེར་བྲིས། དངུལ་བྲིས། དུང་བྲིས་བཅས་ཆ་བདུན། བསྐལ་བཟང་སྟོད་སྨད་བཅས་ཆ་ཚང་བ་དེ་ཡང་གསེར་དངུལ་ལས་བྲིས་པའི་ཆ་གསུམ། ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཆ་གཅིག་བཅས་བཞུགས་ལགས། ཚེས་དུས་སྒྲུབ་ཆོད་ནི། ལོ་གསར་སྔ་གཞུག་ཏུ་ངན་སོང་དོང་སྤྲུགས་ཉིན་ལྔ་དང་། སྨོན་ལམ་ཉིན་ལྔ་དང་། ཚོགས་བརྒྱ་དང་ཀུན་རིག་ཉིན་བཞི་དང་། ཟླ་བ་ལྔ་པའི་ནང་དུ་སྐུ་རིམ་ཟླ་གཅིག་ལ་འཚོགས་སྲོལ་ཡོད། འཆམ་ལ་ལོ་གསར་དདགུ་གཏོར་དུ། དབལ་མོ་ཉེར་བདུན། ཨ་ཙར། སེང་གེ། བཙུན་མོ། གནས་བརྒྱད། གསང་བ་དང་། གཤིན་རྗེ། སྲུང་མ་དམ་རྒྱལ་གསུམ་སོགས་འཆམ་སྲོལ་ཡོད། སྤྱི་ལོོ་1958(རབ་བྱུང་16པའི་བགྲང་བྱ་སོ་གཉིས་པ་ས་ཁྱི་ལོར་)ངོ་རྒོལ་བཞི་པའི་སྐབས་དགོན་པའི་རྟེན་དང་བརྟེན་པར་བཅས་པ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཆོས་དད་རང་མོས་ཀྱི་ཆབ་སྲིད་ལམ་ལུགས་དར་ནས་བླ་མ་རིག་འཛིན་ནོར་བུ་དང་སྤྲུལ་སྐུ་ནམ་མཁའ་འོད་ཟེར་སོགས་ཀྱི་གཙོས་བྱས། འདུ་སྡེ་[page 490] གྲྭ་ཚང་དང་སྡེ་དམངས་ཚོགས་ཚང་མས་བཀའ་དྲིན་ལ་བརྟེན་ནས་འདུ་ཁང་བཞི་མིག་བཅོ་ལྔ་དང་། གྲྭ་ཁང་བཞི་ཙམ། ནང་རྟེན་བཀའ་འགྱུར་ཆ་གཅིག་དང་། མཉམ་མེད་གསུང་ཆོས་སྐོར་དང་། ཁམས་ཆེན་ཆ་གཅིག་བཅས་བཞུགས་ལགས། དེ་ལས་སྔ་སྲོལ་ལྟར་ལོ་གསར་སྔ་གཞུག་ཏུ། ངན་སོང་དོང་སྤྲུགས་ཉིན་ལྔ་དང་། སྨོན་ལམ་ཉིན་ལྔ་བཅས་འཚོགས་རྒྱུ་ཡོས་ལགས་སོ། ཏྲེ་ཧོར་འཕྲིན་ལས་དོན་གྲུབ་ནས་བསྒྲིགས།

འདབ་པ་རྫོང་།

[page 491]

རྫ་དགོན་ལྟག་གྲྭ་ཚང་གི་ལོ་རྒྱུས།

[page 492] དགོན་འདི་རབ་བྱུང་གསུམ་པའི་དུས་སྨད་ཙམ་ལ་མ་ཧ་རྫ་ཁུར་གྱིས་རྫ་བ་ཁུང་ནས་ཇ་བསྐོལ་བར་

ས་ཆ་གང་ལ་རྫ་དེ་ཆག་སོང་ན་དེ་ལ་དགོན་པ་འདེབས་པའི་སྨོན་ལམ་བཟང་པོ་ཐུགས་བསྐྱེད་པས་ད་ལྟའི་རྫ་དགོན་ལྟག་གྲྭ་ཚང་ཆགས་དེར་རྫ་བ་ཆག་པས་དེར་དགོན་པ་བཏབ། དམངས་ཁྲོད་ཀྱི་བཤད་སྲོལ་ལ་བཞིགས་ན་མ་ཧ་རྫ་ཁུར་ཕལ་ཆེར་བླ་མ་འཇམ་སྟོན་པ་ཡིན་པ་འདྲ། དེ་དུས་དགོན་སྡེ་འདི་དར་ནས་གསུངས་ལས། རྫ་དགོན་གྲྭ་བ་སྟོང་ཕྲག་གསུམ། ཞེས་གསུངས་ཡོད། ཀརྣ་དགོན། བྲག་མགོ་དགོན་དང་ཚེ་རྟག་བཅས་འདིའི་དགོན་དུ་གྲགས། དེ་ནས་གདན་རབས་བརྒྱུད་འཛིན་ནི་བླ་མ་དུད་གསང་། མ་ཡོད། ཆོས་འབུམ་སྔོ་མདངས། ཆུ་འཁོར། ཁང་ལྷག་དང་ཨ་མྱེས་བཅས་ཀྱི་དགོན་པའི་བསྟན་བདག་བཞེས་ནས་དགོན་པའི་རྟེན་དང་བརྟེན་པ་གསེར་སྐུ་ནི་སྟོན་པ་སྐུ་དང་མར་པ་སྐུ་བཅས་བདུན་ཅུ་ཙམ་དང་ལི་ནག་གི་མཆོད་རྟེན་བརྒྱད་ཡོད་ཀྱང་བཞི་ནི་དེང་ཕྱིས་གསུམ་མི་འགྱུར་དགོན་ནང་བཞུགས། ཐང་ག་རྙིང་ལྟག་ལུང་ཐང་པ་བཅས་གསེར་ཐང་ང་གསུམ་དང་ཁྱོན་བསྡོམས་བརྒྱ་ལྷག་དང་འཇིམ་སྐུ་ཆེ་ཆུང་མང་པོ་བཞུགས། གསུང་རྟེན་སྐོར། རབ་བྱུང་བཅོ་ལྔ་པའི་དཀྱིལ་ཙམ་ལ་ལྷ་གཉེར་མེ་སྐྱོན་མ་ཤོར་སྔོན་ལ་བཀའ་འགྱུར་བསྟན་འགྱུར་དང་གསུང་འབུམ་པོ་ཏི་མང་པོ་ཡོད་ཀྱང་ཕལ་ཆེར་འཇིག་ཕྱིས་བཀའ་འགྱུར་དང་གསུང་འབུམ་ཁོ་ན་བཞེངས། མཆོད་ཆས་ནང་སིལ་སྙན་བརྒྱད་ཅུ་དང་བྱ་ཤང་ཤང་ཁྱེར་ཡོང་བའི་སིལ་སྙན། གསེར་སྦུག་གཉིས། དུང་དཀར་ནོར་བུ་དེ་ཡང་སྟེང་དགོན་པས་འཕྲོག་ཀྱང་འབུད་དུས་སྐད་མི་སྒྲོག་པས་འདུ་ཁང་ཕྱི་རུ་འཕེན་དུས་རང་སྒྲ་སྙན་པོ་སྟོང་གསུམ་མཁའ་ལ་གྲགས་ནས་ངང་དགོན་ཕྱོགས་སུ་ལྡིང་པ་ནི་དམངས་ཁྲོད་དུ་གྲགས། ཕྱག་ཕྲེང་དང་མཉམ་དུ་མི་ཉག་ས་ཕྱོགས་ཀྱི་དགོན་པ་ཤིག་ནས་འཕྲོག་ཡོང་པའི་འཆམ་ཆས་གསེར་དངུལ་གྱི་འབག་མང་ཙམ་ཡོད་པ་དང་རུས་རྒྱན་ཆ་སུམ་ཅུ་ཡོད་པ་དེ་ནི་ཚང་མ་བ་སོ་ལས་གྲུབ་པ། ཡིན། ཐུགས་ཀའི་ལྷ་སྐུ་ནི་གནའ་བོའི་བོད་མིས་བ་སོ་ཐོག་ལ་སྨན་རྫས་བྱུག་ནས་འབུ་སོགས་ཟས་སུ་བཅུག་ནས་ལྷ་པར་རྐོས་པ་རེད་ཅེས་གསུངས་སོ།། སྔར་རྟེན་གསུམ་དང་མཆོད་ཆས་རོལ་མོ་སོགས་དགོན་གཞན་དག་དང་འདྲ་བ་སྤུས་གཙང་བ་དང་སྒྲོས་ལེགས་པ་སོགས་ནི་དམངས་གཙོ་བཅོས་བསྒྱུར་སྐབས་བརླགས།

དེང་དགེ་འདུན་པ་བརྒྱ་ཁ་ལྷག་སྔོན་མ་ལྟར་དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱིས་ལྷག་བསམ་དཀར་པོས་ཕུལ་བའི་དད་རྫས་དང་དགེ་འདུན་པ་རང་རང་གི་ཁྱིམ་གཞིས་ནས་སྦྱར་བའི་འཚོ་བར་བརྟེན། བཀའ་ཕྱག་བརྒྱུད་པའི་ཆུ་བོ་སྔར་སྲོལ་འཛིན་ནས་གྲྭ་ཤག་དང་འདུ་ཁང་གཉིས་སྔར་གྱི་ཕྱེད་ཙམ་བཞེངས་ནས་བླ་སེར་ཡོངས་ཀྱིས་ཟླ་བ་རེ་རེར་རིམས་པ་འཚོགས་རྒྱུ་དང་སྤྱི་རིམ་སོགས་འཚོགས་བཞིན་ཡོད་དོ།།

བྲག་མགོ་དགོན་གྱི་ལོ་རྒྱུས།

[page 493] བོད་རབ་བྱུང་ལྔ་པའི་དུས་དཀྱིལ་ཙམ་ལ་བྱང་ཆུབ་སེམས་དཔའ་ཀུན་དགའ་བཀྲ་ཤིས་ཀྱི་ཞལ་ལུང་ཐོབ་ནས་གྲུབ་པའི་བྲག་མགོ་དགོན་ནི། ཆགས་པའི་ཡུལ་ནི་བྲག་མགོ་ཡིན་པས་བྲག་མགོ་དགོན་དུ་གྲགས་པ་དང་། བྲག་འདིའི་དབྱིབས་གླང་པོ་ཆེའི་མགོ་དང་མཚུངས་པས་དགོན་འདི་གླང་ཆེན་སྤྱི་བོར་ཆགས་པ་ཡིན་པར་གསུངས་སོ།། དགོན་ཉིད་ཀྱི་རྟེན་གསུམ་སྐོར་ལ་སྐུ་རྟེན་གཙོ་ནི་གསེར་སྐུ་ཐུབ་པ། ཨྱོཾན་རིན་པོ་ཆེའི་སྐུ་དང་སྤྱན་རས་གཟིགས་སྐུ་དེ་གསུམ་ནི་སྔོན་མའི་སྐད་གྲགས་ཡིན། བྱང་སེམས་ཀུན་དགའ་བཀྲ་ཤིས་ཙན་དན་གྱི་སྐུ་མིའི་ལུས་ཚད་ཙམ། བཀའ་འགྱུར་བྲིས་མ་གཅིག་དང་མཆོད་པའི་ཡོ་བྱད་ཚང་མ་དགོན་འདི་ཆགས་ནས་ལོ་ངོ་ལྔ་བརྒྱ་ལྷག་ཙམ་སྐབས་དང་། རིག་གནས་གསར་བརྗེ་ཆེན་པོས་ཉམས་རྒུད་ཐེངས་གཉིས་ཡོད་བས་རྟེན་གསུམ་རྩ་བརླགས་ཀྱིས་སྟོང་བར་གྱུར། སྤྱི་དགོན་གནས་འདི་ཉིད་བཏབ་ནས་བཟུང་སྤྲུལ་སྐུ་ངག་དབང་གི་རྗེས་འཛིན་ནས་སྐུ་རབས་བརྒྱད་ལྷག་ཙམ་གྱི་ལོ་རྒྱུས་ཡོད། ཁོང་ཉིད་སྐུ་རབས་རིམ་བྱོན་གྱིས་དགོན་ཉིད་ཀྱི་ཁོངས་སུ་གཏོགས་པའི་གདུལ་བྱ་རྣམས་ལ་བཅོ་ལྔའི་དུང་ཟླ་ལྟར་ཡོན་ཏན་རྒྱས་པའི་ངང་ཚུལ་སྟོན་པ་དང་། སྤྱི་ལོ་1921བོད་རབ་བྱུང་བཅོ་ལྔ་བའི་ལྕགས་མོ་བྱ་ལོར་འདི་ཕྱོགས་སུ་ཕེབས་པ་དང་རྒྱལ་ཐང་བཀའ་འབྱོར་སྤྲུལ་སྐུ་སོགས་ཕེབས་ནས་དབང་ལུང་མང་ཙམ་གནོས། དགོན་འདི་ལྷ་སའི་སྟག་ལུང་དགོན་དང་འདབ་བ་རྫོང་རྫ་དགོན་ལྷག་མ་སོགས་ཀྱི་དགོན་ལྷག་དུ་གྲགས་སོ། དེང་ལ་དམངས་ཁྲོད་ཀྱི་འབུལ་བ་དང་རང་སྟོབས་རང་གསོ་བྱས་ནས་འདུ་ཁང་། བསྲུང་མ་ཁང་དང་ཇ་ཁང་སྒྲུབ་ཁང་གྲྭ་ཤག་ཉི་ཤུ་ལྷག་ཙམ་འཛུགས་ཡོད། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དགོན་འདིར་བྱོན་ནས་དབང་ལུང་ཡོངས་རྫོགས་གནང་བ་དང་སྟག་ལུང་ཐང་པ། ཨོ་རྒྱན་སྐུ། བཀའ་འགྱུར་སོགས་གནང་བས་གྲྭ་བ་ལྔ་བཅུ་ལྷག་ཙམ་གྱིས་རྫ་དགོན་ལྷག་མ་དང་མཚུངས་པའི་དུས་མཆོད་རྒྱུན་སྲོལ་འཚོགས་བཞིན་ཡོད་དོ།།

མཚོ་སྟེང་དགོན་གྱི་ལོ་རྒྱུས།

དགོན་པ་འདེབས་པ་པོ་ནི། སྟག་ལུང་ཁྲི་ཐོག་བདུན་པ་སྤྲུལ་སྐུ་རཏྣ་ཀ་རས་མདོ་ཁམས་ས་སྨད་མཚོ་སྟེང་དགོན་ཞེས་བྱ་བ་ཕྱོགས་སུ་ཕེབས་ནས་སེམས་ཅན་དཔག་མེད་པ་སྨིན་གྲོལ་མཛད་ཅིང་དགོན་སྡེ་ཆེན་པོ་རྣམ་པ་ལྔ་བཙུགས་ནས་གཅིག་མཚོ་སྟེང་དགོན་འདི་ཡིན་ཞིང་སངས་རྒྱས་ཀྱི་བསྟན་པ་དགེ་འདུན་གྱི་སྡེ་ཚོགས་རྒྱས་པའི་སྨོན་ལམ་མཛད། གྲུབ་རྟགས་བྱིན་བརླབས་དང་བཅས་པ་བསམ་གྱིས་མི་ཁྱབ་པ་མཛད་པའི་ངང་ནས་དགོན་འདི་གསར་བཏབ་རྟེན་བཞེངས་བྱེད་པ་རེད། གདན་ས་ཐང་གི་སྐྱབས་མགོན་རྒྱལ་བའི་སྤྱི་གཟུགས་ངག་དབང་བསྟན་འཛིན་ཉི་མ་དང་ངག་དབང་གྲགས་པ་ཡོངས་ཁྱབ་ཡབ་སྲས་རྣམ་[page 494] གཉིས་ཀྱི་བཀའ་བབས་བདུད་རྩིའི་ཆར་རྒྱུན་གནང་བའི་བཀའ་དྲིན་ལས། རབ་བྱུང་བཞི་པའི་མེ་སྟག་ལོ་སྤྱི་ལོར་1206རིན་ཆེན་ནོར་བུ་ཡོན་བདག་བགྱིས་ཏེ་སེང་གེ་བྲག་གཡུ་མཚོ་འཁྱིལ་བའི་སྟེང་ཉི་མ་ཟླ་བ་རང་བྱོན་དང་ཨ་རང་བྱོན་ཐོག་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས། རབ་གནས་སྐབས་འཇའ་ཚོན་གྱི་གུར་ཕུབ་པ་དར་མེ་ཏོག་གི་ཆར་བབ་པ་སོགས་ཡེ་ཤེས་པ་དངོས་སུ་བཞུགས་པའི་རྟགས་མཚན་བཟང་པོ་མངོན་དུ་གྱུར། བླ་མ་འཇའ་དབྱངས་ཆོས་རྒྱལ་བསྟན་པ་དགེ་ཚུལ་དང་དགེ་སློང་འདུ་བ་འཛིན་པ་སུམ་བརྒྱ་ལྷག་ཙམ་འདུས་ནས་བཞུགས། བཤད་སྒྲུབ་ཀྱི་བསྟན་པ་དང་ཤིང་རྒྱས་པ་འགྱུར་རོ།

དེ་ནས་རིམ་བཞིན་དམ་པ་ཐང་པ་རིན་པོ་ཆེའི་ཐུགས་སྲས་བླ་མ་འཛམ་སྟོན་པ་དང་། དེའི་སློབ་མ་སྤྲུལ་སྐུ་ལྔ་བཅུ་ལྷག་ཙམ་བྱོན་མྱོང་། སྤྲུལ་སྐུ་རཏྣ་ངག་དབང་བསྟན་འཛིན་ཉི་མ། ངག་དབང་གྲགས་པ་ཡངས་ཁྱབ། མཚོ་སྟེང་གདན་རབས་བླ་མ་འཇམ་དབྱངས་ཆོས་རྗེ་བསྟན་པ། སྒྲུབ་གྲྭ་མཁན་པོ་ངག་དབང་ཕུན་ཚོགས་དཔལ་ལྡན་(ལོ་བཅུ་གཉིས་མཁན་པོ་མཛད་)བླ་མ་ཕྱག་རྒྱ། ངག་དབང་སྐལ་བཟང་། བླ་མ་ངག་དབང་བཟོད་པ། བླ་མ་ཚུལ་ཁྲིམས། གྲུབ་ཆེན་འཕྲིན་ལས་བསྟནའཛིན། བླ་མ་ངག་དབང་བློ་བཟང་བསྟན་འཛིན། བླ་མ་བློ་བཟང་བསྟན་འཛིན། བླ་མ་བློ་བཟང་རྒྱ་མཚོ། རྩེ་སྤྲུལ་སྐུ་ཕྲེང་བརྒྱད་པ་ངག་གི་དབང་པོ་སྔར་སྲོལ་གྱི་དབང་ལུང་ཁྲིད་གསུམ་སྤེལ། མཚོ་སྟེང་སྤྲུལ་སྐུ་ངག་དབང་བློ་བཟང་ཚུལ་ཁྲིམས་ཀྱི་གདན་ས་ཡང་ཐང་ནས་གནང་བའི་སྐྱབས་ཡི་བསྟན་འཛིན་དང་སྐུ་གསུང་ཐུགས་རྟེན་རྗེས་སུ་འཛིན། དབང་ལུང་མན་ངག་དང་སྒྲུབ་རྒྱུད་ཀྱི་བསྟན་པ་སྤེལ། མཚོ་སྟེང་སྤྲུལ་སྐུ་ངག་དབང་བློ་བཟང་ཚུལ་ཁྲིམས་མི་འགྱུར་རྒྱུད་རྒྱུད་ཆོས་ཀྱི་ཉི་མ་སོགས་ཀྱིས་རིང་ལ་གདན་ས་བསྐྱངས་ནས་བཀའ་སྟག་གི་ཁྲིད་ལུང་མན་ངག་རྗེ་གནང་དང་བཅས་ཕྱག་སྲོལ་རྒྱུན་འཛིན་གནང་བ་ཡིན་ནོ།།

སྐྱེས་ཆེན་དམ་པ་དེ་དག་གི་སྐུ་རིང་ལ་སྒོམ་སྒྲུབ་མཛད་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་ཚུལ་ནི། དགོན་འདིར་རབ་བྱུང་བཞི་པའི་སྨད་ཙམ་ལ་སྒྲུབ་གྲྭ་དངོས་སུ་ཚུགས། ཁྱད་པར་དུ་སྒྲུབ་གྲྭའི་མཁན་པོ་སྤྲུལ་སྐུ་འཇམ་དབྱངས་ཆོས་རྗེ་བསྟན་པ་ལས་རྒྱུད་སྡེ་བཞི་དང་དཀྱིལ་འཁོར་བཅོ་བརྒྱད་ཕྱག་ཆེན། རྫོགས་ཆེན་ན་རོ་ཆོས་དྲུག་གི་མན་ངག་ཞལ་ནས་སྙན་དུ་རྒྱུད། དམ་ཆོས་ཕྱག་རྒྱ་ཆེན་པོ་འཛམ་གླིང་ཐ་གྲུ་ཀུན་ཏུ་སྤེལ་བའི་ཆོས་འཁོར་རྒྱུན་དུ་མི་ཆད་པར་བསྐོར་བའི་གསོལ་བ་ཡང་དུ་འདེབས་སོ།།

དགོན་འདི་ཆགས་ནས་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པ་གྲངས་ཀ་ཀུན་མཁྱེན་འཇམ་དབྱངས་ཆོས་རྗེ་སྐུ་རིང་ལ་དངོས་སུ་བཞུགས་པའི་མཚན་ཐོ་ཙམ་འགོད་ན། སའི་རྒྱ་ཁྱོན་གཞུ་གདོམ་བཞི་བརྒྱ་ཟིན་པ་ལ། འདུ་ཁང་གཉིས་དང་སྒྲུབ་ཁང་གཅིག། གྲྭ་ཤག་ང་བརྒྱད། ལྷ་ཁང་ནང་གི་རྟེན་གཙོ་ནི་བླ་མ་འཛམ་སྟོན་གནང་བའི་དུས་གསུམ་སངས་རྒྱས་རྒྱལ་བ་བྱམས་[page 495] པ་གསུང་བྱོན་མ། འགྲོ་མགོན་ཕག་མོ་གྲུ་པའི་སྐུ་གསུང་བྱོན་མ། ཐང་པ་སྐུ་གསུང་བྱོན་མ་བདེ་མཆོག་དཀྱིལ་འཁོར་སྐུ་ཐང་དང་རྡོ་རྗེའི་ཕག་མོའི་སྐུ་ཐང་། སྟག་ལུང་མ་སྤྲུལ་རིན་པོ་ཆེ་གནང་བའི་སྐྱབས་ཀྱི་བསྟན་འཛིན་བཞུགས་བཀའ་གདམས་མཆོད་རྟེན་དང་ལི་སྐུ་གསེར་སྐུ་སུམ་བཅུ་ཙམ་བཞུགས། སྤོས་སྐུ་འདམ་ལས་གྲུབ་པའི་རྡོ་རྗེ་འཆང་། ཏེ་ལོ་ན་རོ་མར་པ་མི་ལ་དྭགས་པོ་ཕག་གྲུ་ཐང་པ་ཡབ་སྲས་གསུམ་དང་མཁན་སློབ་ཆོས་གསུམ། བདེ་མཆོག་ཕག་མོ། གནས་བརྟན་བཅུ་དྲུག། ཉེ་སྲས་བརྒྱད། འདམ་སྐུ་བརྒྱ་ལྷག་ཙམ་འདུག། དུས་མཆོད་རྒྱུན་སྲོལ་ཕལ་ཆེར་རྫ་དགོན་ལྟག་གྲྭ་ཚང་དང་མཚུངས་སོ།།

དགོན་སྡེ་འདི་བཤད་སྒྲུབ་འཛུགས་རྟེན་དང་ཚོགས་པའི་གཏོང་སྒོའི་ཡོན་གྱི་འབྱུང་ཁུངས་ནི། སྔོན་ཆེས་རྗེ་དམ་པ་སྐུ་རིང་ལ་དབོན་རིན་ཆེན་ནོར་བུ་དང་ཡོན་བདག་སོ་སོ་བགྱིས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པའི་མཐུན་རྐྱེན་སྒྲུབ་ཡོན་བདག་སོ་སོ་དད་གུས་ཀྱི་འབུལ་བ། ཞིང་པ་ཚོ་ནས་སོགས་འབུལ་འབྱོར་བྱས་པར་བརྟེན་དགོན་པའི་སྔར་རྒྱུན་མཐུད་ནས་འཚོགས་

བཞིན་ཡོད་དོ།།

སྔ་རབས་ཆོས་བརྒྱུད་འདི་སྟག་ལུང་རྡོ་རྗེ་གདན་གྱིས་ཆོས་བརྒྱུད་བླ་མ་འཛམ་སྟོན་པ་གདན་ས་རྫ་དགོན་ལྟག་གྲྭ་ཚང་གྲ་བ་བདུན་སྟོང་ཙམ་བཞུགས། དུས་རྒྱུན་གྲྭ་བ་སུམ་སྟོང་ཙམ་བཞུགས། རྫ་དགོན་གྱི་གདན་རབས་ལས་ཝ་ཤེས་ཟམ་ནག་ཡན་ཆོད། སྟོང་ཞྭ་ཡུངས་ཕུགས་ཡན་ཆོད། སྟོང་ཉིད་ཀ་ར་དགོན། ཐང་མགོན་དགོན། སྟག་ལུང་གི་དགོན་ལྷག་བརྒྱ་དང་བཅོ་བརྒྱད་ཡོད། ཁམས་སྨད་ཀྱི་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་སྨིན་གྲོལ་ལ་བཀོད་བླ་སྤྲུལ་དང་དགེ་འདུན་འདུས་པའི་གྲངས་ལས་འདས། འོན་ཀྱང་མི་ལོ་བརྒྱ་ཕྲག་མང་པོ་ཉེ་བའི་དུས་ཡུན་རིང་ནས་དུས་ཀྱི་འཕོ་འགྱུར་དང་བསྟན་པའི་དར་རྒུད། གྲུབ་མཐའི་གསར་བུད་ཆོས་རྒྱུད་གཞན་དང་གཞན་གསར་དུ་སྤེལ་བ་ལས་གྲུབ་མཐའ་དང་ཆོས་རྒྱུད་འགྱུར་བ་སོགས་མང་ཙམ་ཕྱིན་ཡོད་ཀྱང་སྔ་མོ་ཞིག་ན་སྔ་འགྱུར་སྟག་ལུང་དགོན་སྟེ་ཐམས་ཅད་ཀྱི་ཕྱི་མོ་ལྟ་བུ་ཡིན་ཞེས་པ་དོན་ལ་གནས་པ་སེམས་མོ།།

རྒྱལ་པོ་མཁའ་འགྲོའི་སྐབས་ལ་ངོ་རྒོལ་བྱས་ཏེ་ཕལ་ཆེར་སྟོང་། དམངས་གཙོ་བཅོས་བསྒྱུར་སྐབས་ལ་ཡང་བརླགས་པ་རེད། དེང་བོད་འབངས་ཆོས་དང་རང་དབང་གི་ཉི་མ་ཤར་མ་ཐག་གདན་ས་འདི་སྔར་གྱི་མཁན་སྤྲུལ་རྣམས་གཟུགས་ཁམས་ཆོས་དབྱིངས་སུ་འཐིམ་ཀྱང་། སྤྲུལ་སྐུ་ངག་དབང་བློ་བཟང་ཚུལ་ཁྲིམས་དང་མཁན་ཆེན་རྒྱལ་མཚན་མཚོ་སྟོང་མཁན་ཁྲི་མངའ་གསོལ་བས་གཙུག་ལག་ཁང་། རྟེན་དང་བརྟེན་པ་བཅས་བསྐྱར་བཞེངས་བྱས་ནས་སྔར་ལས་འོད་གསལ་ལྷམ་མེ་འབར་བ་ཞིག་མཛད་དོ།། དགེ་འདུན་མང་ཙམ་གྱིས་སྔ་སྲོལ་དུས་མཆོད་འཆམ་དང་བཅས་རྨང་གཞི་ཚུགས། སྐྱབས་མགོན་སྟག་ལུང་རྩ་སྤྲུལ་རིན་པོ་ཆེ་ལྷ་ས་ནས་མཚོ་སྟེང་དགོན་པ་ཉམས་གསོ་ཆེད་དུ་སྐུ་དངོས་ཕེབས་ཏེ་རྒྱ་ཀར་ཙན་དན་དཀར་པོར་གྲུབ་[page 496] པའི་རྒྱལ་བ་ཐང་པ་རིན་པོ་ཆེའི་སྐུ། ལི་ནག་གསེར་སྐུ། ཐུབ་དབང་གསེར་སྐུ། ཐང་དང་བདེ་གཤེགས་སྐུ་ཐང་བདུན་བཅས་གནང་། དགོན་ཁག་གསུམ་ལ་དངུལ་སྒོ་ཁྲི་བཅུ་ལྷག་ཙམ་གནང་ནས་སྐྱ་སེར་ཡོངས་རྫོགས་ལ་དབང་ལུང་ཁྲིད་གསུམ་གནང་བ་སོགས་འཕྲིན་ལས་བསམ་མི་ཁྱབ་པ་མཛད་དོ།།

འབྲུག་རྗེ་དགོན་གྱི་ལོ་རྒྱུས།

ཐོག་མར་ཕྱག་འདེབས་པའི་ཚུལ། འབྲུག་རྗེ་དགོན་པའི་གནས་ཡིག་ལས། ཆོས་ཚུལ་རྒྱ་མཚོ་ཆེ་ལ་དབང་བསྒྱུར་ཞིང་། །མཁས་གྲུབ་རྒྱ་མཚོའི་འབྱུང་གནས་གཏེར་ཆེན་པོ། །འགྲོ་ཁམས་རྒྱ་མཚོ་འགྲོ་བའི་དེད་དཔོན་ཆེ། །རྒྱལ་སྲས་རྒྱ་མཚོའི་ཐུ་བོ་ཕག་གྲུ་ཞབས། །དབྱར་དུས་མཁའ་ལ་སྤྲིན་འཁྲིགས་ཆུ་རེས་ཅན། །མཐོང་བ་རྨ་བྱ་རབ་ཏུ་དགའ་བ་ལྟར། །ཁྱེད་ཀྱི་ཡོན་ཏན་ཆུ་མཚོ་མཐོང་གྱུར་བས། །ཐར་འདོད་ངང་པའང་མགྲིན་པའི་རྫ་རྔ་བརྡུང་། །ཞེས་གསུངས་པ་ལྟར་དགོན་པ་འདི་འདེབས་པ་པོ་ནི་ཕག་གྲུ་ཡིན། མདོ་ཁམས་སྡེ་དགེའི་ཆ་འབྲི་ཆུའི་རྒྱུད་རྨེ་ཤོད་ཀྱི་རྟག་ངོས་སབ་ཁང་གདུང་རབས་ཡབ་ཝེ་ན་ཨ་ཐར་དང་ཡུལ་བཙན་ནེ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ལྕགས་སྟག་(1110)ལོར་ངོ་མཚར་བའི་རྟགས་དང་བཅས་ནས་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་སྐྱེ་བ་སྔ་མ་དྲན་པ་དང་དགུང་ལོ་བདུན་གནས་ས་རང་འཁྲུངས་སུ་ཡོང་བ་ཞིག་ཡོད། དགུང་ལོ་དགུ་ལ་གནས་བྱ་ཁྱིའི་ལྷ་ཁང་དུ་མཁན་པོ་ཏེང་ངེ་ཚུལ་ཁྲིམས་འབར་བ་དང་། ལས་སློབ་ཏེང་ངེ་འོད་ཟེར་ལས་རབ་ཏུ་བྱུང་། མཚན་རྡོ་རྗེ་རྒྱལ་པོ་གསོལ། ཡི་གེ་དང་ལྷ་བྲིས་ཤེས་པ་དང་འཚོགས་བྲལ་དུས་གཏན་ནས་མི་འཐུང་པའི་དམ་བཅའ་མཛད། ཁམས་ཕྱོགས་སུ་བཞུགས་རིང་སློབ་དཔོན་བཅུ་དྲུག་ཙམ་བསྟེན་ནས་ཐུན་མོང་གི་རིག་གནས་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་ཐོས་བསམ་བྱས། སྤྱོད་འཇུག་བཅས་གཞུང་ལུགས་ལའང་མཁས་པར་སྦྱངས། དགུང་ལོ་བཅུ་དགུ་ལ་དབུས་སུ་ཕེབས། སྟོད་ལུང་དུ་དགེ་བཤེས་རྒྱ་དམར་དང་ཕྱ་བ་ཆོས་སེང་ལ་བསྟེན་ནས་དབུ་ཚད་བྱམས་སྤྱོད་རིགས་ཡང་དག་པ། དོན་ལྡན་པ། བྱ་ཡུལ་བ་སོགས་ལ་བཀའ་གདམས་པའི་གདམས་ངག་མང་དུ་གསན་རིམ་བཞིན་རྗེ་སྒོམ་པོ་བ་དང་མཇའ་ཆོས་ཀྱི་དྲི་བ་མང་དུ་གནང་ནས་དགྱེས་བཞིན་རྗེས་སུ་བཟུང་། དགུང་ལོ་ཞེ་གཅིག་ནས་ལོ་གསུམ་ལ་བསྟེན་ནས་གདམས་ངག་ཞུས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། ཕྱིས་རྗེ་སྒོམ་པོ་བའི་ལུང་བསྟན་ནས་ཁྱེད་ཀྱི་གདུལ་བྱ་ངམ་ཤོད་རི་ནག་གི་དྲུང་དུ་ཡོད་ཅེས་པ་ལྟར། དགུང་ལོ་ཞེ་དགུར་ཕག་མོ་གྲུབ་པ་ཀུན་བཟང་ནགས་ཁྲོད་དུ་གདན་ས་བརྒྱབ་ནས་ཕག་གྲུ་བཟུང་བས་འགྲོ་མགོན་ཕག་མོ་གྲུབ་པ་དང་རིན་ཅན་སྲུངས་པའི་བྲག་རྩར་བཞུགས་པས་མཐའ་རྩ་བ་ཡང་གྲགས། རབས་བྱུང་གསུམ་པའི་ས་ཕོ་སྟག་(1158)ལོ་ཕག་གྲུ་པའི་དགོན་པ་བཏབ་སྟེ་བཞིར་བཟུང་། དེ་རྗེས་ལོ་བདུན་ནང་སྟག་ལུང་ཐང་པ་ལོ་ཉེར་བཞི་ལོན་པ་ཞིག་འཇལ་ནས་ཉེ་གནས་མཛད་རིམ་གྱིས་[page 497] སློབ་མ་འདུས་ནས་ལོ་ངོ་བཅུ་གསུམ་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བས་ཕག་གྲུ་བཀའ་བརྒྱུད་ཅེས་གྲགས་པ་དེ་བྱུང་། ཉེ་ཆ་ཉེ་བརྒྱུད་ནི་དགོན་འདི་མ་བཏབ་སྔོན་འདིར་རི་ཁྲོད་ཞིག་ཡོད་པས་མདོ་ཁམས་སྨད་ཕྱོགས་འབྲུག་རྗེ་དགོན་པ་རི་ཁྲོད་ཞེས་མཚན་ཡང་ཐོབ། ལྕགས་ཕོ་རྟ་(1174)ལོར་ཟླ་བདུན་པའི་ཚེས་ཉེར་ལྔ་སྔ་དྲོ་ད་གཡོ་བ་དང་མེ་ཏོག་གི་ཆར་པ་བབས། བར་སྣང་ལ་སྒྲ་སྙན་ཡིད་འོང་བཅས་དགེ་འདུན་པ་མང་པོའི་སྣང་ངོར་དག་སྣང་སྣ་ཚོགས་ཤར་བ་དང་བཅས་ངོ་མཚར་བའི་ཆོ་འཕྲུལ་བསམ་མི་ཁྱབ་པ་དང་སྐུ་གདུང་བཞུ་སྐབས་རིང་བསྲེལ་ཤིན་ཏུ་མང་པོ། ཐུགས་ལྕགས་སྤྱན་མ་ཚིག་པ་བྱོན་པ་བཅས་ཡ་མཚན་པའི་རྟགས་ཁོ་ན་བསྟན་ནས་ཞི་བ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནོ།།

གདན་རབས་རགས་རིམ། ཕག་མོ་གྲུ་བ་རྡོ་རྗེ་རྒྱལ་པོ་སྐུ་བཤེགས་པ་ནས་བཟུང་རྒྱལ་དབང་ཀརྨ་པའི་ན་རིམ་དང་། ཏའི་སི་ཏུ་རིན་པོ་ཆེ་ན་རིམ་བཅས་སྐུ་ཕྲེང་རེ་རེས་དགོན་འདིར་ཕེབས་ནས་སྐྱིད་སྡུག་གང་ཡིན་ཡང་གཟིགས་མཛད་གནང་བ་དང་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ། དྲུང་པ་སྐུ་ཕྲེང་རིམ་བྱོན་བཅས་ཀྱིས་རྒྱལ་བསྟན་ཡོངས་ཀྱི་སྨིན་གྲོལ་གྱི་རྒྱལ་རྟེན་མཛད་འཕྲིན་འདི་ཕྱོགས་ལ་ཁྱབ། དགོན་འདིར་བླ་སྤྲུལ་སོ་སོའི་འཛུགས་སྐྲུན་དང་རགས་རིམ་གྱི་ལོ་རྒྱུས་ནི་འདིར་བཀོད་པ་མི་ནུས་སོ།།

བཤད་སྒྲུབ་ཀྱི་སྲོལ་ཚུགས་ཚུལ། རིམ་བྱོན་སྐྱེས་ཆེན་དམ་པ་ཡི་སྐུ་རིང་ལ་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཚུལ་ནི་དགོན་པའི་གནས་ཡིག་ལས། རིགས་ལྔ་ཞིང་ཁམས་ཚུལ་དུ་གསལ། འཁོར་ལོ་ལྔ་ལྡན་བསྟན་པའི་གནས། ཡང་དག་སྒྲུབ་པའི་གནས་ཀྱི་མཆོག་རང་བྱོན་གཏེར་སྒོ་གྲངས་ལས་འདས། ཅེས་དང་། རྒྱལ་བསྟན་ཆོས་ཀྱི་ཉི་མ་མཁའ་ལ་ཤར། དེ་འཛིན་པད་མོའི་གེ་སར་ས་ལ་བཞད། བཤད་སྒྲུབ་ལས་ཀྱི་རྒྱལ་མཚན་སྲིད་རྩེ་བསྒྲེངས། གཟི་བརྗིད་འོད་ཀྱི་འཇིག་རྟེན་མཛེས་པར་གྱུར། ཞེས་གསུངས་པ་ལྟར། ཀཾ་ཚང་སྤྱི་མིའི་སྒྲུབ་རྒྱུད་ཀྱི་རིང་རྒྱུད་དང་ཉེ་རྒྱུད་དེ་སྒྲུབ་རྒྱུད་རིན་པ་ཆེའི་རིང་ལུགས་ངེས་ཚིག་སྤྱིར་དམ་པའི་ཆོས་ཀྱི་འཁོར་ལོ་ཐོས་བསམ་ལུང་རྟོགས་ཀྱི་རྒྱུད། རྒྱུ་ཕར་ཕྱིན་ཐེག་པའི་ལུགས་ཀྱི་ལྟ་བ་གཏན་ལ་འབེབས་པའི་རྒྱུད། མདོ་སྔགས་རྟོགས་པ་བསྲེས་པའི་ལུགས་ཀྱི་ལྟ་སྒོམ་གྱི་རྒྱུད། འབྲས་བུ་རྡོ་རྗེ་ཐེག་པའི་ཐབས་གྲོལ་གྱི་རྒྱུད། ཐབས་ལམ་ཆོས་དྲུག་རྒྱུད་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་རྒྱུད་བཅས་བརྒྱུད་ནས་སྒྲུབ་པའི་བསྟན་པ་དབྱར་ཆུ་ཇེ་རྒྱས་སུ་འཕེལ་དང་མཚུངས། ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྡོ་རྗེའི་སྒྲུབ་ཕུག་གཉིས། ཕག་གྲུའི་སྒྲུབ་ཕུག་གཉིས་སོགས་གཙོ་བོ་བྱས་ནས་དགོན་པའི་མཐའ་སྐོར་ལ་སྒྲུབ་ཕུག་མང་ཙམ་ཡོད་པ་མ་ཟད། སྒྲུབ་པའི་སྒྲུབ་བརྒྱུད་རྒྱུན་མི་ཆད་ནས་མི་བཞིའི་ཤོག་ཁག་བར་དུ་བཞུགས་སོ། དགོན་འདིའི་ནང་བཤད་གྲྭ་ནི་བཙུགས་མེད་དོ།

རྟེན་གསུམ་གྱི་སྐོར། སའི་རྒྱལ་ཁྱོན་གཞུ་འདོམ་གྲུ་བཞི་མ་སུམ་བརྒྱ་ཙམ་གྱི་དགོན་རྙིང་འདིའི་ནང་རིམ་བྱོན་སྐྱེས་མཆོག་རྣམས་ཀྱིས་བཞེངས་པའི་རྟེན་དང་བརྟེན་པའི་གྲངས་ཀ་འགོད་མི་ནུས་ཀྱང་རྟེན་གཙོ་འགའ་རེས་བགོད་པ་བྱ་སྟེ། འདུ་ཁང་། བྱམས་ཁང་། གནས་བརྟན་ཁང་དང་པར་ཁང་བཅས་གཙོ་[page 498] བོ་བྱས་ནས་དེ་ནང་དུ་ཀརྨ་པ་སི་ཏུ། གོ་ཤྲི་རྒྱལ་ཚབ་དང་དྲུང་པ་སྤྲུལ་སྐུ་སོགས་རིམ་བྱོན་སོ་སོའི་གཟིམས་ཁང་དང་འབྲུ་ཁང་། དགོན་ཁང་བཅས་ཡོད་པ་ནི་རྟེན་གཙོ་ནི་བདེ་གཤེགས་ཕག་གྲུའི་སྐུ། དུས་གསུམ་སངས་རྒྱས། ཕག་གྲུའི་སྐུས་མཁས་ཆེན་བླ་ཆེན་རྣམ་པ་གནས་འདིར་བམ་བྱོན་སྔོན་ལ་དབུ་ཞྭ་ཕུད་པའི་རྟེན་འབྲེལ་སྟོན་སྲོལ་ཡོད། གསེར་སྐུ་སུམ་ཅུ་ཙམ། གུ་རུ་གཙོ་འཁོར་གསུམ། གཙོ་བོ་གཏེར་སྐུ། ལི་ཁྲའི་དུས་མཁྱེན་སྐུ་གཅིག་དང་ལི་ནག་གི་མི་འདུག་ཚད་གཅིག། ཙན་དན་ཤིང་ལས་བཟོ་བའི་སྤྱན་རས་གཟིགས་སྐུ། སྒྲོལ་མ་དཀར་སྔོན་གཉིས། བདེ་མཆོག་ཕག་མོ། རྟ་མགྲིན། ཕྱག་རྡོར། ཤཱཀྱ་སེངྒེ། ཕ་དམ་པ། མ་ཅིག་ལབ་སྒྲོན། གཙོ་བོ་མགོན་པོ་བེར་ནག་དང་ཕྱག་དྲུག། གུར་མགོན། རྣམ་སྲས། དམ་ཅན་དང་ཞིང་སྐྱོང་སོགས་ལྷ་མང་ཙམ་འདི་ཁང་ཕྱོས་བཞིར་བཞེངས་ཡོད།།

གསུངས་རྟེན་བཀའ་འགྱུར་གཉིས། བསྟན་འགྱུར་ཆ་གཅིག་འབུམ་ཆ་གསུམ། གོཤྲི་རྒྱལ་ཚབ་ཆོས་དཔལ་བཟང་པོ་དང་སྤྲུལ་སྐུ་སངས་རྒྱས་ཆོས་འཕེལ་རྣམ་པ་གཉིས་ཀྱི་ཐོག་མར་དབུ་བརྩམས། དེ་ནས་རིམ་བཞིན་སྤྲུལ་སྐུ་ཆོས་གྲུབ་དང་བླ་མ་བུ། བླ་མ་འཇམ་དཔལ་རིན་ཆེན། དགེ་སློང་འཆི་མེད་འོད་ཟེར་བཅས་ཀྱིས་པར་ཤིང་རྣམས་གསར་སྐྲུན་བྱེད་ཞོར་ལྷག་ཧྲུལ་ཁ་བསྐངས་བཅས་ཡང་བྱས་ཏེ་བདེ་མཆོག་ལྷ་ལྔ། རྒྱལ་བ་རྒྱ་མཚོ་ལྷ་དགུ། ཚེས་བཅུའི་ཞིང་སྐྱོང་། དགུ་ཆེན་བསྐང་གསོ། ཡི་དམ་ཕག་མོ། ཟུང་འཇུག་བརྒྱུད་རིམ། སངས་རྒྱས་སྐྱེས་རབས། ཆོས་འབྱུང་བཀའ་འབུམ། མི་ལའི་རྣམ་ཐར་དང་མགུར་འབུམ། ཟབ་ཏིང་མཎྜལ། རིགས་འདུས་ཀར་གླིང་ཞི་ཁྲོ། སིདྷི་བུམ་སྒྲུབ། བཀའ་བརྒྱུད་གསེར་ཕྲེང་གི་བླ་མ་མཆོད་པ། ཚེ་དཔག་ལྷ་དགུ་བཅོམ་ལྡན་མི་འཁྲུགས། རྣམ་གྲོལ་སྒོ་ཆེན་ཀུན་རིག། དཀོན་མཆོག་སྤྱི་འདུས་བདེ་སྨོན་རྒྱས་བསྡུས་གསུམ། གསུང་མཆོད་འདོད་ཡོན་སྤྲིན་ཕུང་། མཁའ་འགྲོ་འབུམ་སྐུལ། སེང་གདོང་། ཆོས་སྤྱོད་རབ་གསལ་བསྐོར། གདུགས་དཀར། བར་དོ་ངོ་སྤྲོད། སྨོན་ལམ་རྣམ་ལྔ། སྨོན་ལམ་ཆེན་མོ། འཁོར་བ་དོང་སྤྲུགས་བླ་མའི་ཐུན་བཞི་རྣམ་འབྱོར། བསམ་པ་ལྷུན་གྲུབ། བསམ་པ་མྱུར་འགྲུབ་བཅས་ཡོད་པ་མ་ཟད་ལྷག་པར་ཡང་མང་ཙམ་ཡོད་པ་ནི་འདིར་མ་བྲིས་སོ། དགོན་སྐོར་ལམ་ཐོག་ལ་མ་ཎི་འཁོར་ལོ་སུམ་བརྒྱ། དགོན་གྱི་གཡས་གཡོན་དུ་ཆུའི་འཁོར་ལོ་ཉི་ཤུ། སྐུ་ཐང་འཇིགས་པ་བརྒྱད་སྐྱོབ་ལ་སོགས་སུམ་བརྒྱ་ཙམ་ཡོད། དཔལ་རྒྱལ་དབང་ཀརྨ་རིམ་བྱོན་གྱི་གདན་ས་མཚུར་ཕུ་ཆོས་འཁོར་གླིང་གི་དཔེ་རིས་དང་། རྗེ་བྱམས་དགོན་སི་ཏུ་རིན་པོ་ཆེ་རིམ་བྱོན་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་དཔེ་རིས་ཡོད། བཀའ་གདམས་མཆོད་རྟེན་བརྒྱད་བཅས་དགོན་པའི་རྟེན་གཙོ་རུ་གྱུར་ཡོད་དོ།།

དེ་ནས་རིམ་བཞིན་རོལ་མོ་བཀྲ་ཤིས་གསེར་གླིང་དང་ཧོ་ཆུས་ཞེས་རིན་གོང་གཞལ་མེད། འཁར་རྔ་གཟི་བྱིན་འབར་བ་གཅིག། དུང་དམར་ཆ་གཉིས། སྤོས་ཕོར་ཆེ་བ་ཆ་གཉིས་ལག་རྔ་བཅུ་དྲུག རྔ་ཆེན་བཅུ། སྤྲུལ་སྐུ་སངས་རྒྱས་ཆོས་འཕེལ་ཁུར་པོ་ཁུར་ནས་སྡེ་དགེ་དཔལ་སྤུངས་སུ་ལེན་གསུམ་བྱོན། འོ་རྒྱལ་ཆེ་ཡང་དཀའ་བ་ཁྱད་བསེལ་ངལ་བ་དང་དུ་བླངས་ནས་ཀཾ་ཚང་གི་[page 499] དཔེ་ཆ་རྣམས་རང་དགོན་ནང་བསྟན་པའི་ར་ཤིང་རྣམས་གྲལ་སྒྲིག། དཔེ་ཆ། ལྷ་སྐུ། འཁོར་ལོ། དཀྱིལ་ཐང་ཇོ་དང་། གཟུངས་སྔགས་རྣམས་སྨོན་གྲོལ་རྒྱབ་རྟེན་དང་གསན་བསམ་སྒོམ་གསུམ་གྱིས་གདུལ་བྱ་རྣམས་བསྐྱོངས། དེ་ནས་བཟུང་གདུལ་བྱ་རྣམས་ཇེ་མང་དུ་སོང་ངོ་། གནས་དགྲ་སེར་བཀག་པའི་རྐང་གླིང་དང་འཁར་རྔ་རོལ་ཆ་ཀརྨ་རྒྱ་མཚོས་མཚུངས་ཕུ་སྒྲུབ་ཁང་ལོ་གསུམ་བཞུགས། ཕྱིས་རང་དགོན་དུ་བྱོན་ཚེ་དུང་རྒྱ་གླིང་དང་རོལ་སེལ་སོགས་མཆོད་པའི་ཡོ་བྱད་རྣམས་ཚང་བར་གུ་རུ་གཙོ་འཁོར་གསུམ་གདན་དྲངས། བླ་མ་འཇམ་དབྱངས་རྒྱལ་མཚན་གྱིས་འབྲུག་རྗེ་དགོན་སྤྱིར་བརྒྱུད་སྡེའི་དཀྱིལ་འཁོར་རྣམས་ཀྱི་ཐིག་རྩ་བཞག། དགུ་གཏོར་སྐབས་ཀྱི་འཆམ་ཆས་སོགས་འབུལ། དེང་ལ་ཞལ་འབག་ཞེ་གཅིག་ཙམ་ཡོད་པ་ལགས་སོ།།

ལོ་ཟླ་སོ་སོའི་འཚོགས་ཁག་ནི་བོད་ཟླ་དང་པོར་ཡིད་དམ་ཕག་མོ་ཉིན་བདུན་བོད་ཟླ་གཉིས་པ་སྨྱུང་གནས་ཉིན་དགུ། བོད་ཟླ་གསུམ་པ་བཀའ་བརྒྱུད་གསེར་ཕྲེང་བླ་མ་མཆོད་པ་ཉིན་བདུན། བོད་ཟླ་བཞི་པར་བུམ་སྒྲུབ་ཉིན་བཅུ་དྲུག་དང་སིངྷི་རྒྱུན་བསྙེན་འདོན་སྒྲ་ཆད་མི་ཆོག། ཀུན་རིག་ཉིན་བདུན་བོད་ཟླ་བ་དྲུག་པ་རྒྱལ་བ་རྒྱ་མཚོ་ཉིན་བདུན་ཡང་དེ་ནས་དབྱར་སྒྲུབ་ཉིན་བདུན། བོད་ཟླ་བརྒྱད་པ་དནག་དགུ་པ་གཉིས་ཟླ་སྟོང་། བོད་ཟླ་བཅུ་པ་ཀར་གླིང་ཞི་ཁྲོ་ཉིན་བདུན། གཞུང་ཚོགས་ཡིན་ཚེ་དད་ལྡན་དུད་གྲངས་སོ་སོའི་རིམ་གྲོ་དགོས་ཉིན་གྲངས་བཟུང་མེད་པར་འཚོགས་དགོས། དེའི་ཟུང་འཇུག་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་ཉིན་གསུམ། ཟླ་བ་བཅུ་གཅིག་པར་དགུ་གཏོར་ཉིན་བཞི་དེ་ནང་ཡང་གྲོ་ལོད་ཡས་ཟེར་ཉིན་དགུ། ཟླ་བ་བཅུ་གཉིས་པའི་ཐོག་མར་ཚེ་དཔག་ཉིན་བཞི་མི་འཁྲུགས་ཉིན་གསུམ། དེ་ཚེ་འཆམ་པོ་དང་རོལ་དབྱངས་བཅས་ཉིན་བདུནའཚོགས་ནས་འབག་འཆམ་པ་དང་། དེ་ནས་ལོ་གསུམ་ཉིན་གསུམ་འཚོགས་པ་ནང་བླ་སེར་ཡོངས་རྫོགས་བཞུགས་དགོས། སྨྱུང་གནས་ནི་རང་མོས་ཡིན་འདུག རྣམས་ལ་གཞི་གསུམ་གསོ་སྦྱོང་ཆད་མེད། དེས་ཟླ་དང་པོར་འབུམས་གསུམ་རབ་ཀློག རེས་འགའ་ཟླ་དྲུག་པའི་ཚེས་བཞིར་བཀའ་འགྱུར་ཀློག དེས་ཟླ་རེ་ནང་ལ་གྲོང་སྡེ་ནང་གི་གེགས་སེལ་རིམ་གྲོ་གང་བབས་ནི་བླ་སེར་ཡོངས་རྫོགས་འཚོགས་དགོས་སོ།།

ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་པའི་གོ་རིམ། ཐོག་མ་རྒྱལ་མཚབ་རིན་པོ་ཆེ་འདིར་ཕེབས་བྱོན་སྐབས་སྒྲུབ་མཆོད་ཀྱི་ཐེབས་རྩ་ནོར་རྫས་གནང་བ་དང་བར་དུ་ཏའི་སིཏུ་རིན་པོ་ཆེ། ཐ་མ་དྲུང་པ་ནམ་མཁའ་རྒྱལ་མཚན་གྱི་སྐྱེས་རབས་སྤྲུལ་སྐུ་པདྨ་མཐར་ཕྱིན་གྱིས་ཐེབས་རྩ་གནང་བ། དེ་ནས་དགེ་འདུན་རྒན་བཞོན་རྣམས་ཀྱིས་ལོ་ཟླ་རིམ་གྱི་སྒྲུབ་རེས་མོས་ཀྱི་ཡོན་སྦྱོར་སྒྲུབ་མཆོད་རྣམས་ཚོགས།

འགན་འཛིན་ཕྱག་མཛོད་དབུ་ཆོས་ལས་སྣ་དྲུག་གི་གཙོ་མཛད། གནོད་ཆེ་རིགས་རྣམས་དགོན་དེང་རྒན་རབས་དང་འགན་འཛིན་བཅས་གྲོས་བསྡུ་བྱས། ཤིན་ཏུ་གནོད་ཆེ་བའི་རིགས་རྣམས་ཐུན་མོང་ཐོག་གྲོས་མོལ་ཚོགས། དགོན་ཡུལ་གཉིས་ཀྱི་འགན་འཛིན་རྣམས་ཐག་བཅད་པ་མ་ཟད། གོང་མ་དང་རྒྱལ་པོ་[page 500] རྣམས་ལ་ཞུ་ནས་ཐག་བཅད་དེ་ནས་རིམ་བཞིན། རྡོ་སློབ་རབ་འབྲིང་གཉིས་དབུ་མཛད་རབ་འབྲིང་གཉིས། ཆོས་ཁྲིམས་དང་འཆམ་དཔོན་འཆམ་ཁང་གི་རོལ་དབྱངས་རབ་འབྲིང་ཐ་གསུམ་ལས་གཉེར་པ། མཆོད་ཆས་རྟེན་རྫས་ཡོ་བྱད་སོགས་ལས་གཉེར་པ་རབ་འབྲིང་གཉིས་བཅས་དང་སྤྱིར་དགོན་རྫས་ལ་འཚོ་བ་ཚོང་དཔོན་དང་དྲུང་ཡིག་བཅས་རབ་འབྲིང་ཐ་གསུམ། བེར་ནག་ཁང་དུ་སྔགས་རྒྱུན་རབ་འབྲིང་གཉིས། ཆུ་ལེན་དང་ཤིང་ཁུར་མི་གཅིག་དང་སྒྲུབ་གཡོག་མི་གཅིག་བཅས་བླ་སེར་ཡོངས་ཀྱིས་རང་མོས་ངང་ནས་ལོ་ཟླ་ཡི་སྒྲུབ་མཆོད་བཅས་བྱེད་བཞིན་མཆིས་སོ།།

ཡུལ་དགོན་གཞན་དང་འབྲེལ་བ། རིང་བརྒྱུད་ཀྱི་མ་དགོན་ཞིག་ནི་སྟོད་ལུང་མཚུར་ཕུ་དགོན། བར་རྒྱུད་ཀྱི་མ་དགོན་ནི་སྡེ་དགེ་དཔལ་སྤུངས་དགོན་དང་ཉེ་རྒྱུད་ཀྱི་མ་དགོན་ནི་སྤང་ཕུག་དགོན་བཅས་ཡོད། རྗེ་ཕག་གྲུས་དགོན་འདི་བཏབ་རྗེས་ལྡན་པོར་བཀའ་རྒྱུད་སྲོལ་བཟུང་བའི་དགོན་པ་ཞིག་བཏབ་པ་དེ་དགོན་ཉིད་ཀྱི་དགོན་ལྷག་ཏུ་བརྩི་སྲོལ་ཡོད་ཀྱང་དེང་སང་རྙིང་མར་གྱུར་རོ།།

གོང་ལྟར་དགོན་པའི་སྲོལ་རྒྱུན་མི་ཉམས་གོང་སྤེལ་བྱས་ནས་དམངས་གཙོ་བཅོས་བསྒྱུར་བར་དུ་གནས། སྐབས་དེར་དད་ལོག་འགས་འདུ་ཁང་གི་དཀྱིལ་ཀ་གཉིས་འབར་མདེལ་གྱིས་གཏོར་ཡང་འདུ་ཁང་སྔར་བཞིན་གནས་པའི་ཡ་མཚན་པའི་རྟགས་སྟོན་པར་རྫུ་འཕྲུལ་གྱི་བཞེངས་འདུག་ཟེར་ནས་དེ་རྗེས་བཤིག་མི་ཕོད། ཡིན་ནའང་དགོན་པའི་རྟེན་གསུམ་ཧ་ལམ་བརླགས་ཏེ། མི་བསམ་པ་འདུ་ཤེས་བཟང་པོ་འགས་རྟེན་གཙོ་ཕག་གྲུ་བཅས་བསྐུར། ཕྱིས་དགོན་པ་ཉམས་གསོ་བྱས་རྗེས་དགོན་པར་བླར་ཕུལ་མ་ཚད་ལི་སྐུ་གསེར་སྐུ་སོགས་ཡང་འབོར་ཆེན་ཕུལ། རིམ་བཞིན་མཆོད་ཆས་ཡོ་བྱད། འཆམ་འབག་བཅས་ཡང་དག་པ་དང་སྤུས་ལེགས་པ་མང་ཙམ་གྲུབ། བླ་མ་འཇམ་དབྱངས་རྒྱལ་མཚན། བླ་མ་འཇམ་དཔལ་རིན་ཆེན། སྤྲུལ་སྐུ་རྡོར་འཛིན། གོཤྲི་རྒྱལ་ཚབ་རིན་པོ་ཆེ། མི་འགྱུར་སྤྲུལ་སྐུ། དྲུང་པ་སྤྲུལ་སྐུ་དང་རྒན་བློ་བཟང་རྣམས་ཀྱིས་མཆོད་ཐེབས་གཙོ་བོ་དང་ཉམ་རྒུད་གསོ་སྦྱོང་བྱེད་དེང་དགེ་འདུན་པ་ཞལ་གྲངས་བརྒྱ་ལྷག་ཙམ་གྱིས་འདུ་ཁང་། དགོན་ཁང་སོགས་ལེགས་པར་གྲུབ་ཞོར་གྲྭ་ཤག་ལྔ་བཅུ་ཙམ་བཞེངས་ནས་བཀའ་བརྒྱུད་པའི་སྔར་སྲོལ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་འབད་བཞིན་མཆིས།

སྤང་ཕུག་དགོན་གྱི་ལོ་རྒྱུས།

དགོན་པ་ཕྱག་འདེབས་པ་པོ། མཉམ་མེད་དྭགས་པོ་རིན་པོ་ཆེའི་ཞལ་སློབ་ཀརྨ་པ་དུས་གསུམ་མཁྱེན་པའི་གནས་ཆེན་ཡོངས་སུ་གྲགས་པ་སྟེ་བོད་ཁམས་རྣམས་སུ་སྒྲུབ་གནས་བྱིན་གྱིས་རླབས་པ་མཐའ་ཡས་[page 501] པའི་ནང་དུ་ཁྱད་དུ་འཕགས་པ་ནི་དགོན་པའི་གནས་ཡིག་ལས་སྟོད་ལུང་མཚུར་ཕུ་སྐུའི་གནས། ཀརྨ་ལྷ་སྟེ་གསུང་གི་གནས་ཀརྨ་པོ་གངས་ར་ཐུགས་ཀྱི་གནས། ཁ་བ་དཀར་པོ་ཡོན་ཏན་གྱི་གནས། ལི་ཐར་སྤར་ཕུག་འཕྲིན་ལས་ཀྱི་གནས། ཞེས་དང་རྒྱ་བོད་ཚིག་མཛོད་ཆེན་མོའི་མཇུག་གི་དུས་ཚིགས་རེའུ་མིག་དུ། 1169(3)ས་གླང་། དུས་མཁྱེན་གྱིས་འདོན་སྤང་ཕུག་བཏབ་ཅེས་པ་བཞིན། དུས་མཁྱེན་མཆོག་གིས་རབ་བྱུང་གསུམ་པའི་ས་མོ་ཡོས་ལོ་ལ་སྟོད་ལུང་མཚུར་ཕུའི་ཞབས་ཀྱི་བཅགས། རབ་བྱུང་གསུམ་པའི་ཤིང་ཕོ་སྤྲེལ་ཡོར་ཁམས་ཀཾ་པོ་གངས་ར་ཕྱག་བཏབ། རབ་བྱུང་གསུམ་པའི་ཤིང་སྤྲེལ་ལོ་ལ་ཀརྨ་ལྷ་སྟེང་བཏབ། རབ་བྱུང་གསུམ་པའི་ས་བྱ་ལོར་སྟོད་ལུང་མཚུར་ཕུ་བཏབ་པའི་མཛད་པ་གཅིག་ནི་དགོན་འདིར་བྱུང་བའོ། རྗེ་བརྒྱད་པས་མཛད་པའི་རྣམ་ཐར་གསོལ་འདེབས་ལས་ཀརྨ་ཀཾ་པོ་གངས་ར་དང་། ཀཾ་ཁྱིམ་ལ་སོགས་གཙུག་ལག་བཀོད། ཅེས་གསུངས་པའི་ཀཾ་ཁྱིམ་ཞེས་པ་ནི་མཚུར་ཕུ་གོ་ཤྲཱི་རྒྱལ་ཚབ་ཀྱིས་སྤང་ཕུག་དགོན་པར་གནང་བའི་ཀརྨ་པའི་ཁ་བྱང་ལ་བྲིས་འདུག་དམངས་ཁྲོད་ཀྱི་ངག་རྒྱུན་ལ་ཆོས་རྗེ་དུས་གསུམ་མཁྱེན་པ་འདི་ཕྱོགས་སུ་ལོ་ངོ་ཉི་ཤུ་ཙམ་བཞུགས་པའི་ལོ་རྒྱུས་དང་ཁོང་ལ་དགོན་གནས་འདི་ན་སྒྲུབ་ཁང་བརྒྱ་དང་ཉེར་ལྔ་ཡོད་པར་གྲགས་པ་ལས་ད་ལྟ་བཅུ་གསུམ་ཙམ་མཇལ་རྒྱུ་ཡོད་དོ།།

དགོན་པ་འདིའི་སྟེང་ལ་རྨ་ཆེན་རྒྱ་ཞེས་པའི་མཚོ་བདག་དེ་ནི་ཀརྨ་རབ་བྱུང་རྡོ་རྗེའི་ཞལ་ནས་ཀརྨ་རྡོ་རྗེ་རྒྱལ་མཚན་ཞེས་པ་དགོན་གནས་འདིའི་སྲུང་མ་དཀོན་མཆོག་གསུམ་ལ་དད་པའི་ཚུལ་གྱིས་ཐལ་མོར་ཐུགས་གར་སྦྱར་བ་བྲག་པོའི་མངོན་སྤྱོད་དང་ལྡན་པས་ཕུར་བ་སྐེད་བཙུགས་ཏེ་ཀླུའི་དགེ་བསྙེན་ནུས་པ་དང་ལྡན་པའོ། ཞེས་གསུངས་པར་བཞིགས་ན་ཀརྨ་པ་རབ་བྱུང་རྡོ་རྗེ་ཡང་དགོན་པ་འདིའི་ཞབས་བཅགས་མྱོང་བར་ངེས། ཀརྨ་མཐོང་བ་དོན་ལྡན་དང་ཀརྨ་དབང་ཕྱུག་རྡོ་རྗེ་གཉིས་ཀྱི་སྐུ་འདྲ་གསུང་བྱོན་མ་ད་ལྟ་ཕྱག་ཕྲེང་ཁོངས་སུ་བཏོགས་པའི་ལྕགས་ར་མཐོང་བ་དོན་ལྡན་དང་གཏན་ཇན་དབང་ཕྱུག་རྡོ་རྗེ་གཉིད་དང་བཞུགས། དེར་བརྟེན། ཁོང་གཉིས་ཀྱང་དགོན་འདི་རུ་ཞབས་བཅགས་ཡོད་པ་འདྲ། རྒྱུ་མཚན་ནི་དགོན་ཁག་དེ་གཉིས་ད་ལྟ་ཕྱག་ཕྲེང་ཁོངས་སུ་གཏོགས་ན་ཡང་སྔོན་སྤར་ཕུག་དགོན་པའི་དགོན་ལག་ཏུ་རྩིས་དགོས་པར་མ་ཟད་དེ་ཕྱོགས་སུ་སྔགས་རྒྱུན་སོགས་མངགས་སྲོལ་ཡོད། ཀརྨ་ཆོས་གྲགས་རྒྱལ་མཚོ་སྤར་ཕུག་ཏུ་ཕེབས་ནས་བདེ་ཆེན་གླིང་དུ་སྒྲུབ་གྲྭ་གཙུགས་ནས་བྱིན་གྱི་བརླབས་པའི་མཐུས། དགེ་སྦྱོང་བཞིའི་ཆོས་དང་ལྡན་པས་ལུས་དལ་བ་དང་དབག་མེད་གཉིས་ཀྱི་ཏིང་ངེ་འཛིན་སྐྱེས་ནས་སེམས་གྲོས་བ་སོགས་ཡོན་ཏན་མཐའ་ཡས་མཛད་པའི་རྟགས་ཞབས་རྗེས་བཅས་ཡོད་དོ། བྲག་སྟེང་དུ་རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་ཆོས་ཁྲི་དང་དབྱར་གནས་མཛད་པའི་གཙུག་ལག་ཁང་གི་ཤུལ་དུ་ད་ལྟ་བསམ་གཏན་གྱི་རི་ཁྲོད་ཡོད། དགོན་པའི་མདུན་དུ་ཐང་ཆེན་གྱི་མགོ་རུ་ཡོད་པའི་ཀརྨ་ཆོས་གྲགས་རྒྱ་མཚོའི་ཆོས་ཁྲི་གྲགས་ཅན་འདི་ནི་གོང་མ་ཆེན་པོའི་འབུལ་བ་འབྱོར་སྐབས་ཀྱི་ཆོས་ཁྲི་ཡིན་པར་གྲགས། ཉེ་བའི་ལོ་འགའི་[page 502] སྔོན་སྲིད་གྲོས་ཀྱི་བཀའ་བརྒྱུད་ལོ་རྒྱུས་གསར་སྒྲིག་ཅེས་པའི་ཡིག་ཆའི་ནང་གསལ། ཀརྨ་ཆོས་གྲགས་རྒྱ་མཚོའི་ཐང་སྤར་ཕུག་བཞུགས་སྐབས་འཇང་ས་དམ་རྒྱལ་པོས་འབུལ་ཞབས་དང་གོང་མ་ཆེན་པོ་ཆིང་ཧཱའི་ལུང་གི་དབུ་ཞྭ་དང་གསེར་བྲེ་ཆེན་སོགས་ཀྱི་འབུལ་བ་འབྱོར་རོ་ཞེས་གནས་ཡིག་ནང་བྲིས་འདུག ཀརྨ་མི་བསྐྱོད་རྡོ་རྗེ་མཆོག རྗེ་དུས་མཁྱེན་སྒྲུབ་གནས་སྤར་ཕུག་ཏུ་ཕེབས་ནས་སྐུ་འདྲ་གསུང་འབྱོན་མ་དང་མཇལ། དེར་དུས་མཁྱེན་གྱིས་ཞལ་གཟིགས་ཤིང་བྱིན་གྱིས་རླབས་པར་མཛད་ཅེས་ཁོང་གི་རྣམ་ཐར་མདོར་བསྡུས་ན་གསལ། ཀརྨ་ཆོས་དབྱིངས་རྡོ་རྗེ་འདི་ཕྱོགས་སུ་ཕེབས་ནས་ཆོས་དབྱིངས་ཁ་ཞིག་ལུང་པ་ན་སྒྲུབ་རྟགས་དང་ནད་རིགས་མང་པོར་ཕན་པའི་ཚྭ་ཆུ་མང་པོ་ཕུད་རབས་ཡོད། ཀརྨ་མཁའ་ཁྱབ་རྡོ་རྗེ་སྤང་ཕུག་ཏུ་ཕེབས་ཏེ་བྲག་རྡོ་ཞིག་ལ་རྗེ་དུས་གསུམ་མཁྱེན་པའི་སྐུའི་རང་བྱོན་སྔར་མཇལ་མ་མྱོང་བ་ཞིག་ཞལ་ཕྱེས་པ་དང་། བྲག་སྒོམ་པོར་ཚེས་བུ་འོ་མ་ལྟ་བུ་ལྷུང་ལྷུང་དུ་ཕབ་ཀརྨ་རབ་བྱུང་རིག་པའི་རྡོ་རྗེ་སྤང་ཕུག་ཏུ་ཕེབས་ནས་རྡོ་ལ་ཞབས་རྗེས་བཞག་པ་སོགས་སྨིན་གྲོལ་གྱི་བཀའ་དྲིན་སྐྱོང་བ་ནི་བརྗོད་ཀྱིས་མི་ལང་། མདོར་ན་སྔ་ཕྱིར་མགོན་པ་འདི་རུ་བྱོན་ནས་བྱོན་ནས་བྱིན་རླབས་མཛད་པའི་སྐྱེས་ཆེན་དམ་པ་སི་ཏུ་པདྨ་དབང་མཆོག་མཚུར་ཕུག་གོ་ཤྲཱི་རྒྱལ་ཚབ་ཆོས་འཕེལ་བཟང་པོ། མཁན་ཆེན་བཀྲ་ཤིས་འོད་ཟེར། རྗེ་དཔོན་དོན་འགྲུབ་སྤྲུལ་སྐུ། སྒོམ་ཆེན་མེ་ལོང་འབྲུག་གྲགས། དྲུང་བ་ནམ་མཁའི་རྒྱལ་མཚན། ཁྲི་ཆེན་བློ་བཟང་ཡེ་ཤེས། ཛེ་སྨད་སྤྲུལ་སྐུ་རིག་འཛིན་པད་མོ་ཆོས་ལེགས། གྲུབ་ཆེན་པད་མ་བསྟན་འཛིན། བྱང་སྤྲུལ་ཚུལ་ཁྲིམས་རྒྱ་མཚོ། ་ཀུན་བཟང་ཆོས་ཀྱི་ཉི་མ། སྐྱིད་ལེགས་ཆོས་ཀྱི་རྒྱལ་མཚན། ཆོས་གླིང་རྒྱལ་མཚན་རིན་པོ་ཆེ་སོགས་ཀྱི་བྱིན་རླབས་དང་སྨིན་གྲོལ་གྱི་བཀའ་དྲིན་བསམ་ལས་འདས། བོད་ལ་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཀྱི་སྲིད་ཇུས་ཡང་དག་ཐོབ་ནས་དགོན་པ་ཉམས་བཟོ་བྱུང་རྗེས་སུ་དགོན་འདིར་པཎ་ཆེན་རིན་པོ་ཆེ་དང་། སྒོ་ཟོ་ཐམས་ཅད་མཁྱེན་པ། ལི་ཐང་སྐྱབས་མགོན། ལི་ཐང་གླིང་སྤྲུལ། འཛམ་གླིང་ཚ་སྟག་གཙན་ཤོས་རིན་པོ་ཆེ་བཅས་ཀྱིས་ཕྱག་ནས་འཐོར་བ་མཛད། གོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་དང་དབལ་སྤུངས་རིན་པོ་ཆེ་གཉིས་ཀྱིས་དགོན་སྡེ་རྣམས་ལ་དབང་ལུང་དང་གྲ་པ་རྣམས་ལ་རབ་བྱུང་དང་བསྙེན་རྫོགས་བཅས་ཆོས་དང་ཟང་ཟིང་གཉིས་ཀྱི་འགྲོ་དོན་བསམ་འདས་མཛད་དོ།།

གདན་རབས་སྐོར། ཆོས་རྗེ་དུས་གསུམ་མཁྱེན་པས་མགོན་པ་འདི་ཕྱག་བཏབ་ནས་ཡར་ལ་མ་བྱོན་གོང་དུ་དམ་པ་དེ་ཉིད་ཀྱི་ཕྱག་བཟོ་ཡིས་རང་དང་དབྱེར་མེད་པའི་སྐུ་འདྲ་གཅིག་བཞེངས། དེ་ནས་ལྷ་གཉེར་ལ་ང་རང་ལ་དགའ་འམ་སྐུ་འདྲ་ལ་དགའ་ཞེས་དྲི་བ་བཏོན། དེ་སྐབས་སུ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་མེད་རྐྱེན། ཁྱེད་ཉིད་དགོངས་པ་རྫོགས་ཀྱང་སྐུ་འདྲ་ཡུན་རིང་གནས་པས་སྐུ་འདྲར་དགའ་ཞེས་ཞུས། དེས་ན་ཁོང་གིས་སྐུ་འདྲ་ལ་སྐུ་དངོས་དང་དབྱེར་མེད་པའི་བྱིན་རླབས་དང་རབ་གནས་མཛད་དེ་ངོ་མཚར་བའི་རྟགས་ཐོན་པ་དང་ཆོས་གསུང་བ་སོགས་ནི་ཐུན་མོང་དུགྲགས་སོ། རྗེ་དུས་མཁྱེན་ཡར་བྱོན་རྗེས་ཕྱག་བཟོ་དེས་དགོན་བདག་མཛད། དེ་ནི་ད་ལྟའི་འཇང་པ་དྲུང་པ་སྤྲུལ་[page 503] སྐུའི་སྐུ་ཕྲེང་དང་པོ་ཡིན་པར་གྲགས། དུས་དེ་ནས་བཟུང་དགོན་པ་འདི་ལ་སྤྲུལ་པའི་སྐུ་རིམ་བྱོན་གྱི་སྐུ་ཕྲེང་ཡོད་རབས་གོ་ཐོས་མི་སྣང་། དགོན་པ་འདི་ནི་སྟོད་ལུང་མཚུར་ཕུའི་དགོན་ལག་ཏུ་གྱུར་པས་ཀརྨ་པ་སྐུ་ཕྲེང་རིམ་བྱོན་དང་མཚུར་ཕུ་དོན་འགྲུབ་སྤྲུལ་སྐུ་སི་ཏུ་སྐུ་ཕྲེང་ཁ་ཤས་དང་མཁན་ཆེན་བཀྲ་ཤིས་འོད་ཟེར་སོགས་ཀྱིས་དགོན་པ་འདིའི་བསྟན་བདག་གི་འགན་བཞེས་ནས་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་བསྟན་པའི་སྒྲོན་མེ་སྔར་ལས་གསལ་ཞིང་འོད་དཀར་འཕྲོ་བ་མཛད། རབ་བྱུང་བརྒྱད་པའི་དུས་དཀྱིལ་ཙམ་ལ་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་སྤར་ཕུག་ཏུ་ཕེབས་པ་དང་དེར་དུས་ཡུན་རིན་པོ་བཞུགས་ནས་བདེ་ཆེན་གླིང་དུ་སྒྲུབ་གྲྭ་བཙུགས། དགོན་རྒྱབ་བྲག་རིའི་སྟེང་དུའང་སྒྲུབ་ཁང་དང་དབྱར་གནས་མཛད་ནས་དགོན་པ་དར་རྒྱས་བཏང་བ་སོགས་ཀྱིས་ཐམས་ཅད་སྨིན་གྲོལ་ལམ་ལ་བཀོད་པའོ།།

དེ་ནས་རབ་བྱུང་དགུ་པའི་ལྕགས་མོ་ཡོས་ལོར་ཀརྨ་ཆོས་གྲགས་རྒྱ་མཚོའི་དབྱར་གནས་ཁང་གི་སྤྲུལ་པའི་སྐུ་སྒྲུབ་པ་རྡོ་རྗེ་ཞེས་པའི་མཚན་ཅན་གྱིས་སྒྲུབ་ཁང་བཞེངས་ནས་སྒྲུབ་པ་མཛད། ཁོང་གི་འཁྲུངས་ཡུལ་ནི་དཔལ་ཡུལ་ཀཿཐོག་ཡིན་འདུག། ཁོང་ལ་རྡོ་རྗེ་གསུན་འཛོམས་ཀྱི་གནས་སུ་འགྲོ་དོན་ཡོད་པ་བཀའ་ལུང་བབ་དོན་ལྟར། ཀཿཐོག་ནས་སྤང་ཕུག་ཏུ་གཞི་བདག་རྡོ་རྗེ་རྩེ་འབུམ། མཚོ་བདག་རྡོ་རྗེ་རྒྱལ་མཚན། གནས་བདག་རྡོ་རྗེ་སྤང་བཙུན་བཅས་རྡོ་རྗེ་གསུམ་འཛོམས་ཀྱི་རྟེན་འབྲེལ་ནས་བརྩམས་ཏེ་སྤར་ཕུག་སྒྲུབ་ཁང་དང་དགོན་པའི་བསྟན་པ་བསྐྱངས་དམ་པ་དེའི་མཛད་ཆོས་ནི་ཕྱག་རྒྱ་ཆེན་པོའི་སྤྱི་ཆིངས། ཉམས་རྟོགས་གོ་འབྱེད་གསལ་བའི་མེ་ལོང་ཞེས་བོད་གཅིག་དང་ཡུལ་འདིའི་གཞི་བདག་སོ་སོའི་བསངས་མཆོད་སོགས་མང་ཙམ་ཡོད་པས་ཆོས་དང་རྟེན་བཞེངས་ཀྱི་མཛད་རྗེས་ནི་བརྗོད་ཐབས་བྲལ། རྗེ་དེའི་བརྒྱུད་འཛིན་སྤྲུལ་སྐུ་ངག་དབང་དང་དེའི་རྗེས་འཛིན་སྤྲུལ་སྐུ་བསམ་འཕེལ་གསུམ་གྱིས་སྒྲུབ་ཁང་དང་དགོན་པའི་བསྟན་པ་སྐྱོང་གནང་མཛད་པསསྤྲུལ་སྐུ་གསུམ་དུ་གྲགས་ཆེན་གསུམ་ཡིན། དེ་རྗེས་བླ་མ་ལྟོ་ནག་སོགས་བླ་རབས་བཅོ་ལྔ་ཙམ་གྱིས་བརྒྱུད་པའི་འཛིན་ཚུལ་ནི། རབ་བྱུང་བཅོ་ལྔའི་དུས་མགོ་ཙམ་ནས་སྔོན་ཆོས་རྗེ་དུས་མཁྱེན་གྱི་སློབ་མ་འབའ་ཚ་རྟགས་འདེབས་པའི་རྣམ་འཕྲུལ་ཐོགས་མེད་རྒྱ་མཚོ་ནི་འདབ་པ་སུམ་མདོ་ཡུལ་དུ་སྐུ་འཁྲུངས། ཆུང་དུས་ནས་ཆོས་དང་དགེ་སེམས་དང་ཆས་སུ་འབྱུང་ནས་ཕྱིས་དུས་སུ་དཔལ་སྤུངས་སུ་བྱོན་ནས་སི་ཏུ་པདྨ་ཉིན་བྱེད་དབང་པོའི་དྲུང་དུ་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་ཆོས་ཡོངས་རྫོགས་བུམ་པ་གང་བྱོས་གསན་སྦྱོང་མཛད། འཇམ་དགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་རྩ་བའི་བླ་མར་བསྟེན་ནས་དཔལ་སྤུངས་སྒྲུབ་ཁང་ན་མཁན་ཆེན་བཀྲ་ཤིས་འོད་ཟེར་སོགས་རྡོ་རྗེ་མཆེད་སྤུན་རྣམས་དང་མཉམ་དུ་ལོ་གསུམ་ཟླ་གསུམ་གྱི་སྒྲུབ་པ་མཛད་ནས་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་མཐར་ཕྱིན། རྗེས་སུ་རང་དགོན་གྱི་བསྟན་བདག་གི་འགན་བཞེས་ནས་རྟེན་དང་བརྟེན་པ་བཞེངས་པའི་མཛད་རྗེས་གང་མང་བསྒྲུབས་ནས་སྐུ་བྱ་ངན་འདས་སོ། སྐུ་གཤེགས་ནས་ལི་ཐང་བཅའ་ཤེས་ཞིབ་པའི་འབྲོག་ཡུལ་དུ་འཁྲུངས་པའི་ཀུན་བཟང་ཆོས་ཀྱི་ཉི་མ་ཞེས་པ་དེའི་ཡང་སྲིད་དུ་ངོས་འཛིན། [page 504] དེའི་རྗེས་བླ་མ་མཁས་གྲུབ་རྒྱ་མཚོ། བླ་མ་དཔལ་ལྡན་དང་བླ་མ་བསོད་ནམས་བཅས་བླ་རབས་བཅུ་བདུན་ཙམ་གྱིས་མདོ་རྒྱུད་ཐམས་ཅད་ཀྱི་ཉམས་ལེན་སྙིང་པོ་བསྐྱེད་རྫོགས་གཉིས་སུ་འདུ་བའི་བསྐྱེད་རིམ་ནཱ་རོ་ཆོས་དྲུག་དང་རྫོགས་རིམ་ཕྱག་རྒྱ་ཆེན་པོ་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཉམས་ལེན་དེ་བཞིན་དུ་སྒྲུབ་པའི་སྒྲུབ་བརྒྱུད་ཀྱི་རྒྱུན་མ་ཆད་ནས་དམངས་གཙོ་བཅོས་བསྒྱུར་བར་དུ་བཞུགས།

སྒྲུབ་ཁང་ནང་ཐོག་མར་བློ་ལྡོག་རྣམ་བཞི་ནས་དབུ་འཛུགས་ཏེ་མར་མི་དྭགས་གསུམ་བླ་སྒྲུབ་སྒྲོལ་དཀར་བསྙེན་སྒྲུབ། ཞི་གནས་དང་ལྷག་མཐོང་ཡི་དམ་རྡོ་རྗེ་ཕག་མོ་ཕྱི་སྒྲུབ་དང་ནང་སྒྲུབ། ནཱ་རོ་ཆོས་དྲུག་བདེ་མཆོག་ལྷ་ལྔའི་བསྙེན་སྒྲུབ། རྒྱལ་བ་རྒྱ་མཚོ། མགོན་པོ་བསྙེན་སྒྲུབ་བཅས་ལོ་གསུམ་ཟླ་གསུམ་གྱི་སྒྲུབ་པ། བསྒྲུབས་ཟིན་རྗེས་བླ་མའི་མཚན་མིང་ཐོབ། དེ་ཐོབ་པས་སྤང་ཕུག་བླ་མ་ཞེས་པའི་སློབ་དཔོན་གྱི་ཁྲི་འཛིན་དགོས། སྤང་ཕུག་བླ་མ་ཞེས་པ་ནི་ལི་ཐང་སྡེ་བ་དཔོན་གྱིས་ཐོབ་ཐང་ངེས་ཅན་སྤྲོད་པ་དོན་ལ་དགོན་ལག་གཙོ་ལི་ཐང་འབྲུག་རྗེ་དགོན་པ་ལ་སོགས་ཆོས་ཁྲིམས་དང་དགོན་པའི་ངོས་གནད་གལ་ཆེན་རྣམས་སྤང་ཕུག་ཏུ་བླ་མས་འཛིན་སྐྱོང་གནང་དགོས། དེ་ནི་སྤང་ཕུག་དགོ་པའི་ཁྲི་རབས་གདན་རབས་ཡིན་ལ་གཞན་ནི་ཕལ་ཆེར་མེད་པ་འདྲ། དེ་སྔོན་སྤྲུལ་སྐུ་འཁྲུངས་རབས་ཡོད་ཀྱང་དོ་འཛིན་མ་བྱེད་པས་ཚང་མ་བརླགས་སོང་ངོ་།།

རྟེན་གསུམ་སྐོར། དགོན་འདི་ཆགས་ནས་ངོ་ལོ་བརྒྱད་བརྒྱ་ལྷག་གི་རིང་ལ་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པའི་གྲངས་ཀ་ངེས་ཅན་དུ་འགོད་པར་མི་ནུས་ཀྱང་། ཆོས་རྗེ་དུས་གསུམ་མཁྱེན་པའི་ཕྱག་བཟོ་སྐུ་འདྲ་གསུང་བྱོན་མ་དང་སྐུ་མཆོག་དམ་པ་ཉིད་ཀྱིས་འབྱུང་བ་ལྔ་ལ་རང་དབང་ཐོབ་པ་དང་ཀླུ་བདུད་དམ་ལ་བཏགས་པའི་ཆུའི་སཱཙྪ་སོགས་བཞུགས་པ་རབ་བྱུང་བཅོ་ལྔའི་དུས་མགོ་ཙམ་ལ་ལྷ་གཉེར་གྱིས་མེ་སྐྱོན་ཤོར་ནས་ཚོགས་ཁང་ཆེན་པོ་གཅིག་དང་མགོན་ཁང་གཅིག་མེར་ཚིག་སོང་བས་གྱོང་གུད་ཆེན་པོ་ཐེབས་ཡོད་པ་གྲགས། ཡིན་ནའང་དུས་གསུམ་མཁྱེན་པའི་སྐུ་འདྲ་མེར་མ་ཚིག་ནས་ཤུལ་དུ་ལུས་ཤིང་ཆོས་གྲགས་རྒྱ་མཚོའི་ཕྱག་བཟོ་མགོན་པོ་སྐུའི་དབུ་ཙམ་ལུས་འདུག། དེ་དུས་ཆུའི་སཱཙྪ་རྐུན་མར་ཤོར། དེ་རྐུ་མཁན་ནི་ཕྱག་ཕྲེང་གི་དུད་ཚང་དང་མིའི་མིང་བཅས་འདབ་སྟོད་སྤྲུལ་སྐུ་བྱང་ཆུབ་ཀྱིས་གསུངས། རྗེས་སུ་སླར་ཡང་དགོན་པའི་ལག་ཏུ་འབྱོར་ཐུབ་སོང་། དེའི་སྔོན་ལ་སྤྲུལ་སྐུ་ཐོགས་མེད་རྒྱ་མཚོས་སྤར་ཕུག་སློབ་དཔོན་ཁྲི་འཛིན་ནས་རྟེན་དང་བརྟེན་པ་ཡར་རྒྱས་པ་བཞེངས་ཡོད་ལ་ཀརྨ་ཆོས་གྲགས་རྒྱ་མཚོ་སྤང་ཕུག་ཏུ་བཞུགས་སྐབས་བྲག་སྟེང་དུ་ཇོ་བོའི་སྐུ་བཞེངས། སྤྲུལ་སྐུ་ཐོགས་མེད་སྐབས་བཞེངས་པའི་གནས་བརྟན་བཅུ་དྲུག་དང་ཆོས་སྐུ་རྡོ་རྗེ་འཆང་ལ་བཀའ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ལ། རྗེ་དབོན་དོན་འགྲུབ་སྤྲུལ་སྐུའི་ཕྱག་བཟོ་མ་མགོན་མགར་གསུམ། བླ་མ་མཁས་གྲུབ་སྐབས་བཞེངས་པའི་སློབ་དཔོན་པདྨ་དང་གུ་རུ་མཚན་བརྒྱད། བླ་མ་དཔལ་ལྡན་སྐབས་སུ་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་ཐོག་ཚད་སོ་གཉིས་ཙམ་དང་ཀརྨ་པ་སྐུ་རབས་བཅུ་གཅིག་ནས་བཅོ་ལྔའི་བར་གྱི་སྐུ་འདྲ་ལི་རྙིང་[page 505] དང་ལི་ནག། ལི་ཕྲ། ལི་དམར་བཅས་ཀྱི་གསེར་སྐུ་སུམ་བརྒྱ་ཙམ་དང་། བཀའ་གདམས་མཆོད་རྟེན་རིན་ཐང་གཞལ་དཀའ་བ་བདུན་ཙམ་བཞུགས། ཀརྨ་མཁའ་ཁྱབ་རྡོ་རྗེས་དགོན་པ་ཉམས་གསོའི་ཆེད་དུ་གནང་བའི་གསེར་ཐང་བཅུ་ཆ་དང་བླ་མ་འཁྲིན་འཕུག། བླ་མ་བློ་ཆེན་སོགས་ཀྱི་འབྲི་གཡག་ལྔ་བཅུ་ལྷག་གིས་བླུས་པའི་སངས་རྒྱས་སྐྱེས་རབས་རྒྱས་པ་དཔག་བསམ་ཁྲི་ཤིང་སྐུ་ཐང་བཞི་བཅུ་ཙམ་དང་། འབའ་བ་ཚོང་དཔོན་གྱིས་འབུལ་བའི་མགོན་པོ་ཚོག་བདག་ཆ་ཚང་ལ་རིན་ཐང་འཇལ་བར་དཀའ། སྡེ་དགེ་དཔལ་སྤུངས་དང་སྟོད་ལུང་མཚུར་ཕུ་རྒྱལ་ཚབ་ཆོས་འཕེལ་གསུམ་གྱིས་གནང་བའི་སིལ་སྙན་སྤུས་ལེགས་གསུམ། ཧོར་བལ་ལ་སོགས་ཀྱི་ལི་ཡི་ཏིང་ཕོར་བདུན་ཚད་བཅུ་ཕྲག་ཀརྨ་རབ་བྱུང་རིག་པའི་རྡོ་རྗེས་གནང་བའི་གསེར་དངུལ་གྱི་རྐང་གླིང་དང་། སི་ཏུ་པདྨ་དབང་མཆོག་གིས་གནང་བའི་གསེར་དངུལ་ལས་གྲུབ་པའི་དུང་ཆེན་དང་གཞན་རྐང་གླིང་། རྒྱ་གླིང་། དུང་ཆེན། གཡུ། བྱུ་རུ། སྤོས་ཤེལ་སོགས་ཕྲ་དང་ལྡན་པ་ནི་གྲངས་ངེས་ཅན་འདུག། དཔེར་ན། ཕྱག་ཕྲེང་ཕག་རྒོད་ཚོང་དཔོན་གྱི་བརྟན་བཞག་གསེར་དངུལ་ལས་གྲུབ་པའི་རིགས་ལྔ་ཆ་ཚང་བཞི་ལ་དངུལ་སྲང་ལྔ་ཁྲི་གནས་པར་གྲགས། གསུང་རྟེན་ལ་བཀའ་བསྟན་འགྱུར་གཙོས་པའི་པོད་ཉིས་སྟོང་ལྷག་ཙམ་ཡོད་པ་དགོན་པའི་ལག་ཐེབ་ཐོག་ཏུ་བཀོད་འདུག། ཀརྨ་མཁའ་ཁྱབ་རྡོ་རྗེ་དགུང་གྲངས་བཅུ་བཞིར་སོན་པ་ན་ལི་ཐང་སྤང་ཕུག་དགོན་པའི་གཙུག་ལག་ཁང་ཉམས་གསོ་གསར་སྐྲུན་ལ་རབ་གནས་བྱེད་སྐབས་སྤང་ཕུག་དགོན་དུ་མཆོད་སྤྲིན་ཟབ་རྒྱས་སྐབས་སུ་སྤྲིན་དཀར་གསེབ་ནས་འབྲས་རེར་གྱི་ཆར་ཕྱི་ནང་ཁྱབ་པའི་རྟགས་མཚན་བྱུང་ངོ་།།

བཤད་སྒྲུབ་ཀྱི་སྲོལ་ཚུགས་སྲོལ་སྐོར། གོང་གསལ་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་རིང་སྟེ། ཆོས་རྗེ་དུས་གསུམ་མཁྱེན་པའི་དགོན་པ་འདི་ཐོག་མར་ཕྱག་བཏབ་ནས་ཀཾ་ཚང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་ད་ལྟའང་དེ་ལྟར་གནས། དགོན་པ་འདིར་གཞུང་ཆོས་དང་རིག་གནས་ཆེ་ཆུང་ལྔ་བཅས་ལ་མཁས་པའི་དབང་པོའི་སྐྱེས་ཆེན་དམ་པའི་ལོ་རྒྱུས་མེད་སྟབས་བཤད་སྒྲུབ་ཀྱི་སྲོལ་ལེགས་པར་ཚུགས་མི་ནུས་པར་ངེས། སྒྲུབ་པ་རྡོ་རྗེ་རྒྱལ་མཚན་གྱིས་དབུ་བཙུགས་ནས་བཀའ་བརྒྱུད་པའི་ཡི་དམ་རྒྱུད་སྡེ་དང་། ནཱ་རོ་པའི་ཆོས་དྲུག་བཅས་སྒོམ་དྲུག་གཙོ་བོར་བྱེད་པ་རྒྱུན་མ་ཆད་པའི་སྒྲུབ་ཁང་ཁོ་ནའོ།།

དུས་མཆོད་རྒྱུན་སྲོལ་སྐོར། དགོན་སྡེ་འདིའི་མཆོད་སྲོལ་སོགས་ནམ་ཙམ་དར་བ་ནི་གསལ་པོ་ཞུ་རྒྱུ་མེད་ཀྱང་། གང་ལྟར་བདེ་གནས་སྐབས་ཀྱི་ཚོགས་ལུགས་ནི་བོད་ཟླ་དང་པོའི་ཚེས་གཅིག་ཆོས་སྤྱོད་ཉིན་གཅིག། ཚེས་གཉིས་ལ་ཚེ་རིང་མ་གསུམ་ཡུལ་ལྷ་བསངས་མཆོད། ཚེས་བཅོ་ལྔ་ནས་ཚེ་དཔག་ལྷ་དགུ་སྒྲུབ་མཆོད་ཉིན་བཅུ་གསུམ་རིག་བྱེད་མ་ཉིན་གསུམ། དེའི་ཟུར་དུ་བླ་མ་གྲྭ་པ་བཅུ་གསུམ་ཙམ་གྱིས་དྲུག་གཏོར་ཉིན་དགུ། བོད་ཟླ་གཉིས་པའི་ཚེས་བརྒྱད་ནས་བཟུང་སྨྱུང་གནས་ཉིན་བརྒྱད་དང་བླ་མས་སྐྱ་སེར་རྣམས་ལ་དབང་ཉིན་གཅིག་གནང་སྲོལ་ཡོད། བོད་ཟླ་གསུམ་པའི་ཚེས་བཅུ་ནས་མི་འཁྲུག་པའི་ཚོགས་ཉིན་བཅུ་གཉིས། བོད་ཟླ་བཞི་པའི་ཚེས་བརྒྱད་ནས་འཁོར་བ་དོང་སྤྲུག་ཉིན་བདུན་དང་ཚེས་བཅུ་དྲུག་ནས་ཀུན་[page 506] རིག་སྒྲུབ་མཆོད་ཉིན་བཅུ་གཉིས། བོད་ཟླ་དྲུག་པའི་ཚེས་གཅིག་ནས་བཟུང་བཀའ་འགྱུར་ཉིན་ལྔ། ཚེས་ཉེར་གཅིག་ནས་ཕག་མོ་ཉིན་ལྔ་དང་བདེ་མཆོག་ལྔ། བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ནས་བཟུང་རྒྱལ་བ་རྒྱ་མཚོ་ཉིན་བདུན་དང་དབྱར་སྒྲུབ་ཉིན་དགུ། བརྒྱད་པ་ནི་ཆོས་མཚམས་ངལ་གསོ། བོད་ཟླ་དགུ་པའི་ཚེས་བཅོ་ལྔ་ནས་ཞི་ཁྲོ་ཉིན་བདུན་དང་ཚེ་སྒྲུབ་ཉིན་གསུམ། བཅུ་པར་ཆོས་མཚམས། བོད་ཟླ་བཅུ་གཅིག་པའི་པའི་ཚེས་ཉེར་དྲུག་ཉི་ལྡོག་སྐུ་རིམ་ཉིན་ལྔ། བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་འཆམ་པ་གར་འཆམ་ཉིན་བདུན་དང་ཚེས་ཉེར་གཉིས་ལ་གར་འཆམ་ནས་གསན་གང་ཉིན་དངོས་གྲུབ་ལེན་ཆོག་བཅས་སོ།།

ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་གོ་རིམ་སྐོར། དམངས་གཙོ་བཅོས་བསྒྱུར་མ་བྱེད་སྔོན་ལ་དགོན་པར་ཁྲལ་འཇལ་དགོན་པའི་དུད་ཚང་བཞི་བཅུ་ཞེ་ལྔ་དང་ཟུར་སྡོད་དུད་ཚང་བཞི་བཅུ་ཞེ་བདུན་ཁྱོན་བསྡོམས་དུད་གྲངས་དགུ་བཅུ་གོ་གཉིས་ཡོད་ཀྱང་དེ་རྗེས་སུ་དགོན་སྡེ་འདིར་བསྟན་བདག་འགན་བཞེས་ཀྱི་སྤྲུལ་སྐུ་དང་དཔོན་པོ་གྲགས་ཆེན་མེད་སྟབས། དུས་མཆོད་རྒྱུན་སྲོལ་གྱི་གཏོང་སྒོ་དང་མཆོད་ཐེབས་ཀྱི་འབྱུང་ཁུངས་ནི་གོང་གསལ་སློབ་དཔོན་ཁྲི་འཛིན་གྱི་ཁྲི་རབས་རིམ་བྱོན་དང་། དུད་ཚང་དཔལ་འབྱོར་ནོར་ཕྱུགས་ལེགས་བ་རྣམས་ཀྱིས་འབུལ་བཞག་རྣམས་སོ།།

སྤང་ཕུག་སློབ་དཔོན་དང་དེའི་མིང་བཏགས་བཀོད་པའི་རྒན་གསུམ་མི་བཞི་ལོ་གསུམ་གྱི་རིང་ལ་གྲྭ་ཚང་སྤྱི་ཁྱབ་ཀྱི་ལས་དོན་མཐའ་དག་འགན་བཞེས་དགོས། དེ་ནས་གཉེར་པ་ཞེས་པའི་གྲྭ་པ་མི་བརྒྱད་ཀྱིས་ལོ་ངོ་བརྒྱད་རེའི་འགན་ལེན་བཟུང་དགོས། དེ་ནས་རིང་ལུགས་ཀྱི་དཀྱིལ་འཁོར་ཆོ་ག་ཚོགས་ལ་ཕྱག་ལེན་སྦྱོང་གྲུབ་ལེགས་པ་རྣམས་པ་ལས་རྡོར་ལོ་གཅིག་དེ་ནས་དབུ་མཛད་ལོ་གཅིག། དེ་ནས་སྒྲུབ་ཁང་ནང་བསྙེན་སྒྲུབ་ལོ་གསུམ་ཟླ་གསུམ་བསྒྲུབས་ཟིན་རྗེས། དགེ་སྐོས་ལོ་གཅིག་དེ་ནས་གོང་ལྟར་སྤང་ཕྱག་བླ་མ་ཞེས་པའི་སློབ་དཔོན་གྱི་ཁྲི་ལ་ལོ་གསུམ་བཞུགས་དགོས། དེ་ནས་ཕྱག་འགན་ལོངས་སུ་རྫོགས་ནས་སློབ་དཔོན་ཁྲི་ཟུར་ཞེས་པ་ཡོངས་སུ་གྲགས་སོ།།

དེང་གི་གནས་ཚུལ། ཆོས་རྗེ་དུས་གསུམ་མཁྱེན་པས་དགོན་པ་འདི་ཕྱག་བཏབ་ནས་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་རྒྱལ་བསྟན་སྤྱི་བྱེ་དང་ཁྱད་པར་ཀརྨ་ཚང་བསྟན་པའི་ཆུ་བོ་སྐྱེས་ཆེན་རྣམས་ཀྱི་སྤྱན་ལམ་དུ་ཉིན་བྱེད་དབང་པོར་གྱུར་ནའང་། ངོ་རྒོལ་བཞི་ཞེས་པའི་དུས་སུ་སྒྲུབ་བརྒྱུད་ཀྱི་རྣམ་པ་ཐམས་ཅད་སྟོང་ནང་གི་རྟེན་གསུམ་ལྷག་ལུས་མེད་པར་བརླགས། རིག་གནས་གསར་བརྗེ་ཞེས་པའི་སྐབས་གཙུག་ལག་ཁང་དང་སྤྲུལ་སྐུ་གསུམ་གྱི་སྐུ་གདུང་མཆོད་རྟེན་ལྷག་ཡོད་པ་རྣམས་ཀྱང་དེ་དུས་བརླགས། དེ་ལྟ་ནའང་ཆོས་རྗེ་དུས་གསུམ་མཁྱེན་པའི་ཐུགས་བསྐྱེད་དུས་སུ་སྨིན་པས་སྐུ་འདྲ་གསུམ་མ་དེ་མི་བསམ་ཤེས་འགས་རང་སྲོག་ལ་མི་བལྟ་བར་ཉར་བས་མི་ལོ་སུམ་ཅུའི་རིང་སྐུ་འདྲ་འདི་ཉིད་ལ་སྐུ་ལགས་ལ་སོགས་སྐྱོན་ཅི་ཡང་མ་ཞུགས་པར་བཅོ་ལྔའི་ཟླ་བ་སྤྲིན་ལས་གྲོལ་ནས་ཤར་རིའི་རྩེར་བསིལ་ཟེར་སྦྱིན་པ་ཇི་བཞིན་དུ་རང་གདན་ཀཾ་ཁྱིམ་[page 507] སྤང་ཕུག་འཕྲིན་ལས་གནས་སུ་གདན་དྲངས་སྐབས་སྐུའི་ཞལ་དགོན་པར་གཟིགས་མ་ཐག་དབུ་ཞྭ་རང་ཕུད་ཀྱི་རྟགས་ངོ་མཚར་བ་བསྟན་ནོ།། ཆོས་ལྡན་སྐྱ་སེར་རྣམས་ཀྱིས་སྒོ་གསུམ་གུས་པའི་འབྲས། གཙུག་ལག་ཁང་ཉམས་གསོ་གསར་སྐྲུན་ལ་བློ་ཤུགས་གཅིག་སྒྲིམ་བྱས་ནས་འདུ་ཁང་ཆེན་པོ་སྤུས་ལེགས་གཅིག་དང་སྒྲུབ་ཁང་། ཕྱག་མཛོད་ཁང་དང་ཇ་ཁང་བཅས་གྲུབ། དེ་བཞིན་དད་ལྡན་བོད་འབངས་མི་ཉུང་བ་ཞིག་གིས་རྟེན་དང་མཆོད་རྫས་ཅུང་ལྷག་ཡོད་པའི་གསེར་སྐུ་སུམ་ཅུ་ཁ་ལྷག་དང་ཧོར་བལ་གྱི་ལི་ཏིང་སྦུག་ཆོལ། སྐུ་ཐང་དང་ཚོགས་ཟངས་སྤྱོད་ཆས་མང་པོ་ཞིག་རང་མོས་ཀྱིས་དགོན་ལ་ཕུལ་བས་གྲྭ་བ་བརྒྱད་ཅུ་གྱ་ལྔ་སྲོལ་དུས་མཆོད་དང་མགོན་པོ་གར་འཆམ་དང་བཅས་པའི་རྨང་གཞི་ཚུགས། གསུང་རྟེན་ནི་འབྲས་ལྗོངས་ཀྱི་ལ་ཆུང་དོན་གྲུབ་ཞེས་པས་རྒྱལ་བའི་བཀའ་འགྱུར་ཆ་ཚང་གཅིག་དགོན་འདིར་བཞག་འབུམ་ཞུ། སྐབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ཀྱང་སྒྲུབ་ཁང་གསར་བཞེངས་ཀྱི་མཐུན་རྐྱེན་སྒྲུབ། དེ་ཡང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡང་དག་དང་དཔལ་འབྱོར་རྒྱབ་སྐྱོར་རོགས་རམ་དང་ཆོས་ལྡན་མི་དམངས་རྣམས་གཅིག་མཐུན་འབད་བརྩོན་ལས་བྱུང་བའི་གྲུབ་འབྲས་ཡིན་ནོ། བླ་མ་དོན་འགྲུབ་ཕུན་ཚོགས་དཔལ་སྤུངས་སྒྲུབ་ཁང་ནས་མཐར་ཕྱིན་ནས་ད་ལྟ་དགོན་འདིའི་བསྟན་བདག་གི་འགན་བཞེས་གནང་བཞིན་མཆིས་སོ།།

ཀ་ར་དགོན་གྱི་ལོ་རྒྱུས།

དགོན་པ་འདི་ནི་ས་ཆ་མཐོ་ཞི་ཡངས་བ། ཁམས་དྭངས་པ་དང་ཤིན་ཏུ་དབེན་ཤིང་ལྟ་ན་མཛེས་ཤིང་ལྟ་ན་མཛེས་པའི་གནས་དེར་ཆགས་ཡོད། ཕུག་གི་མཁའ་སྤྱོད་གནས་དང་། གཡས་ཀྱི་ཕར་རི་ས་སྤྱོད་གནས། གཡོན་གྱི་པདྨ་ཀློང་ཆེན་གནས་བཅས་གནས་རི་གསུམ་གྱི་དཀྱིལ་དུ་རི་བོ་རྟ་རྒོད་ཕུང་མདོ་ལྟ་བུ། གཡས་གཡོན་གྱི་རི་ལ་ས་དང་རྡོ་རྣམས་དཀར་ཞིང་མཛེས་པ། ཤེལ་ཀ་ར་དང་བྱེ་མ་ཀ་ར་ལྟ་བུ་ཆགས་ཡོད་པས་ཀ་ར་དགོན་ཞེས་མིང་ཐོག། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མདུན་དུ་སྒྲོག་ཙེ་བཞག་པ་ལྟ་བུར་ཆགས་ཡོད།

གནས་དེར་དགོན་པ་བཏབ་མཁན་ནི་སྤྲུལ་སྐུ་བྱང་ཆུབ་རྒྱ་མཚོ་ཡིན་ལ། བོད་རབ་བྱུང་ལྔ་པའི་ལྕགས་ཕོ་སྟག་སྤྱི་ལོ་1290ལོར་རི་ཁྲོད་ཆུང་ངུ་ཞིག་བཞེངས། ཁོང་ཉིད་ནི་སྒྲུབ་བརྒྱུད་ཤིང་རྟའི་བརྒྱུད་པ་ལས་མཉམ་མེད་དྭགས་པོ་ལྷ་རྗེ་རིན་པོ་ཆེའི་ཐུགས་སྲས་ཀ་བཞི་དང་ཆུང་བརྒྱད་ལས་ཐང་པ་བཀྲིས་དཔལ་ལས་སྟག་ལུང་བཀའ་བརྒྱུད་པའི་རྒྱུད་པ་ཆུ་བོའི་རྒྱུན་ལྟར་མི་ཆད་པའི་སྟག་ལུང་བཀའ་བརྒྱུད་པའི་ཆོས་རྒྱུད་ཡིན། ཁོང་ཉིད་ཀྱིས་དང་པོ་གདན་ས་བཏབ་དུས། སྦྱིན་བདག་རྒྱུ་འབྱོར་མཁན་བྲག་དགོན་ནང་སོ་ཚང་དང་རི་ཕུག་སྟག་ལུང་ཚང་། སྲིད་ཤིང་འབད་སྲས་མགོན་མོ་ཚང་བཅས་དུད་ཚང་རེ་གཉིས་ལ་མེད་ཀྱང་དེ་རྗེས་རིམ་བཞིན་དར་ཁྱབ་ཆེ་བར་བྱུང་བ་རེད། བྲག་མགོ་ནང་སོ་ཚང་ལ་དཔའ་ཤིང་བཏུལ་ཕོད་པ། མཁས་མཛངས་གཉིས་ལྡན་གྱི་བན་ནག་བསྟན་འཕེལ་འཁྲུངས། ཁོང་གིས་རྒྱ་གར་འཕགས་པའི་ཡུལ་དུ་སྐུ་རྒྱུ་[page 508] ལི་ནག་གི་ཆོས་སྐུ་རྡོ་རྗེ་འཆང་མདའ་ཚད་ཞིག་དང་དུང་དཀར་གཡས་འཁྱིལ། གནམ་ལྕགས་དྲིལ་བུ་རྩེ་གསུམ་བཅས་རང་ཡུལ་དུ་གདན་དྲངས་ཐུབ་པར་བརྟེན། དགོན་པ་དེའི་སྙན་གྲགས་ཇེ་ཆེར་སོང་ངོ་།། དེ་ནས་སྟོང་གཉན་ཆ་ཕྱི་གྲོང་རྒྱག་ལོག་འབད་སྲས་བསོད་ནམས་དང་། གྭ་འབད་སྲས་ཨ་ཧྲལ། དབང་རྩ་འབད་སྲས་དམ་པ། ཝ་སི་འབད་སྲས་རྒྱ་མཚོ་སོགས་ཀྱིས་རང་རང་མངའ་འོག་མི་སེར་རྣམས་མཐུན་རྐྱེན་སྐུལ་སློང་བྱས་ནས་རང་མོས་ཀྱི་ཞབས་འདེབས་དང་ལྷག་བསམ་རྣམ་དག་གི་སྦྱིན་བདག་ཞུ་བཅུག་ནས་དགོན་ཉིང་དང་ཁྱབ་ཆེན་པོ་བྱུང་། སྟོད་གྲྭ་ས། བྱང་སྟག་ལུང་དང་འོག་རིམ་ནས་འདབ་རྫ་དགོན་ལྟག་མ། འབའ་ཐང་རྡོ་འཆང་དགོན། སྡེ་རོང་ཤིང་མཁའ་དགོན། རྒྱལ་ཐང་སྔགས་འཕེལ་དགོན་བཅས་གོང་འོག་གྲུབ་མཐའ་གཅིག་པ་རྣམས་དང་འབྲེལ་བ་ཧ་ཅང་དམ་ཟབ་བྱུང་བ་རེད། དེ་རྗེས་རི་ཕུག་ངག་དབང་ཆོས་བཟང་ཞེས་པ་དང་། སྐྱེས་མཆོག་མཁས་གྲུབ་དམ་པ་མཆོག། མཁས་པའི་དབང་པོ་ཆོས་མཛད་དུ་མའི་ཕྱག་བཞེས་ལས་བྱུང་བའི་མཆོད་རྫས་རིན་ཐང་གཞལ་བ་དཀའ་བ་མང་པོ་ཡོད་པར་གྲགས།

བོད་རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྤྲེལ་སྤྱི་ལོ་1716ནང་ཡན་ཏན་རྒྱལ་ཐང་རྫོང་དང་སི་ཁྲོན་ཁུངས་གཏོགས་སྟོང་གཉེན་ཆུས་གཉིས་ཕན་ཚུན་ནང་འཁྲུག་བྱུང་ནས་དགོན་པ་དེ་ཉིད་ཉམས་བརླགས་བཏང་བ་དང་། མེར་བསྲེགས་ནས་མིང་མེད་ཤུལ་དུ་བཏང་། དེ་ཚེ་རི་ཁྲོད་ཆུང་ངུ་ཞིག་ལས་བཞེངས་མ་ཐུབ་པས་ལོ་མང་པོའི་རིང་དཀའ་ངལ་འོག་སྡོད་དགོས་བྱུང་། དེ་ནས་དམ་པའི་སྐྱེས་བུ་ལྷ་མོ་བྱ་དཀར་བླ་མ་ཚུལ་ཁྲིམས་རྣམ་དག་རིན་པོ་ཆེའི་ཞལ་ལུང་ལྟར། སྤྲུལ་སྐུ་ངག་དབང་ཐུབ་བསྟན་ཤཱཀྱ་དང་བླ་མ་སྒྲུབ་བརྒྱུད་ཉི་མ་རྣམ་པའི་སྐུ་རིང་ལ། མཁས་གྲུབ་དམ་པ་རྣམས་དང་། ཆོས་མཛད་རྣམས་རིམ་བཞིན་ཐུགས་གྲོས་ཡང་མཛད་ནས། རབ་བྱུང་བཅུ་གསུམ་པའི་མེ་ཕོ་སྟག་ལོ་སྤྱི་ལོ་1800ལོ་ནང་དགོན་པ་དེ་ཉིད་སྔོན་གྱི་གདན་ས་རུ་བསྐྱར་དུ་བཞེངས་ཐུབ་བོ།།

གོང་གི་གྲྭ་ས་བྱང་སྟག་ལུང་དང་ཁམས་ཁུལ་གྲུབ་མཐའ་གཅིག་པའི་དགོན་པ་སོ་སོའི་རོགས་རམ་འོག་འོག་རིམ་དཔོན་པོ་ཚེ་རིང་དབང་འདུས་དང་ཕ་རྒན་བཀྲ་ཤིས་རྡོ་རྗེ་གཉིས་ཀྱི་མངའ་འོག་སྟེ་འབངས་ཀྱི་འབུལ་འབྱོར་བཅས་ལ་བརྟེན་ནས་དགོན་པའི་སྟོབས་ཇེ་རྒྱས་དང་དེ་མ་ཚད་དགོན་པའི་འགན་འཁུར་དགེ་སློང་ངག་དབང་གྲགས་པ་དང་དབུ་མཛད་འཇིགས་མེད་བཟོད་པ། ངག་དབང་ཚུལ་ཁྲིམས་མཐར་ཕྱིན་བཅས་ཀྱིས་ངར་ཤུགས་གཅིག་ཏུ་སྒྲིམ་ནས་ཆོས་སྐྱོང་ཞལ་འབག་རིགས་ལྔ། དབུ་རྒྱན། སྙན་རྒྱན། མགུལ་རྒྱན། མེ་ལོང་། དྲིལ་བུ་དང་ཆོས་སྐྱོང་ཕྱག་མཚན་བཅས་དང་མཆོད་རྫས་རྣམས་གསེར་དངུལ་ལས་གྲུབ་པ་སྟག་གདན་དྲངས། སྡེ་འབངས་དད་འབུལ་གྱི་ནོར་རྫས་ལ་བརྟེན་གྲྭ་བ་ཉིས་བརྒྱ་ཙམ་རེ་འདུས་ནས་ལོ་ལྟར་བདེ་མཆོག་མཆོད་ཚོགས་དང་ཀུན་རིག་མཆོད་ཐིགས། དབྱར་སྐྱིད་ཀྱི་དུས་ཚིགས། ཞི་ཁྲོ་མཆོད་ཐིགས། མགོན་པོ་བྱ་རོག་མཚན་ཅན་གྱི་གཏོར་སྒྲུབ། དགུ་གཏོར་གྱི་དུས་ཚིགས་སོགས་འཆར་གཞི་ལྡན་ཞིང་སྲོལ་རྒྱུན་ཆགས་ཡོད་པ་མ་ཟད་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་[page 509] དུ་འཆད་རྩོད་རྩོམ་གསུམ། གར་ཐིགས་དབྱངས་གསུམ་སོགས་ཧ་ཅང་ལེགས་པར་གྲུབ་ཡོད་ཀྱང་། རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱིའི་སྤྱི་ལོ་1958ལོར་དུས་བབས་ཀྱི་དབང་གིས་དྲག་པོའི་ཟིང་འཁྲུགས་ལངས་ནས། དགོན་པ་དེ་ཉམས་རྒུད་བྱུང་ནས་དགོན་ཤུལ་ཙམ་མ་གཏོགས་མཐོང་རྒྱུ་མེད་པར་གྱུར།

བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཕག་ལོ་སྤྱི་ལོ་1983ལོར་ནང་བསྟན་ཆོས་ལུགས་གི་སྒོ་ཆེན་ཕྱེ་བའི་དུས་སུ་བླ་མ་གྲྭ་པ་རྒན་རབས་རྣམས་སྐུ་གཤེགས་པ་དང་ལོ་ཆུང་བ་རྣམས་འཁོར་བའི་འདམ་དུ་བྱིང་ནས་ཉིན་མོའང་གཉིད་མ་ཟད་པ་ལྟར་ད་ལྟ་དགོན་པ་འདིའི་ཤུལ་དུ་རི་ཁྲོད་ཆུང་ངུ་ཞིག་བཞེངས་ཐུབ་རྒྱུ་ནི་མི་དམངས་ཡོངས་ཀྱིས་སྐོམ་པའི་ཆུ་འདོད་ལྟར་རེ་བ་ཡོད་ཀྱང་ལེགས་གྲུབ་མ་ཐུབ་པོ།།

གནས་སྒོ་ཟིལ་གནོན་ལྷ་ཁང་གི་ལོ་རྒྱུས།

འདབ་པ་ས་ཁུལ་གྱི་གནས་སྒོ་ཟིལ་གནོན་ལྷ་ཁང་ནི་འཛམ་གླིང་ཟུལ་གནོན་ལྷ་ཁང་བཞིའི་ནང་གསེས་གཅིག་ཡིན་པ་དང་། གངས་འབར་བདེ་མཆོག་གི་གནས་ཀྱི་སྒོ་རུ་ཡོད་པས་གནས་སྒོ་སྲིད་གསུམ་ཟིལ་གནོན་ལྷ་ཁང་ཡང་འབོད། དམངས་ཁྲོད་ཀྱི་ངག་རྒྱུན་དང་ད་ཡོད་པའི་ལོ་རྒྱུས་ཆ་རེར་བཞིག་ན། ལྷ་ཁང་འདི་ཉིད་མ་བཞེངས་པའི་གོང་ལ། ཡུལ་ཁམས་འདི་རུ་དགྲ་ཡོངས་པ་དང་བུད་མེད་རྣམས་ཕྲུ་གུ་བཙས་དུས་འཆི་བ། རིམས་ནད་མང་པོས་མི་རྣམས་དུས་མིན་དུ་འཆི་བ། མུ་གེ་མང་ཙམ་འབྱུང་བས་མི་རྣམས་དབུལ་ཞིང་ཕོངས་པའི་སྐབས་དེར་ཁམས་པ་མི་གསུམ་འདི་ཕྱོགས་སུ་བྱོན་ནས་དུས་གསུམ་མཁྱེན་པས་རྒོད་དཀར་བྲག་ལ་བབ་འདྲ་ཡི་སྤང་ཕུག་དགོན་དང་ཕག་མོ་གྲུ་པས་སྟག་མོ་ནགས་ལ་ཉན་འདྲའི་འབྲུག་རྗེ་དགོན། གསལ་སྐོང་ཤེས་སྒོམ་གྱིས་ཝ་མོ་ཐང་ལ་རྒྱུག་འདྲའི་ཟིལ་གནོན་ལྷ་ཁང་བཅས་བཞེངས། ལྷ་ཁང་སྔར་བཀའ་བརྒྱུད་ཡིན་ཡང་ཕྱིས་དགེ་ལུགས་སུ་འགྱུར་བ་ཡིན་ནོ།།

དེང་སྐབས་ལྷ་ཁང་བཞེངས་ས་དེ་གར་སྲིན་མོ་གཉིས་དང་ཀླུ་བརྒྱད་ཡོད་པས་ལྷ་ཁང་བཞེངས་པའི་ཚེ་ཉིན་མོ་བཞེངས་ན་མཚན་མོར་བཤིགས་བས་ཁམས་པ་མི་གསུམ་གྱིས། སང་ཉིན་ལྟད་མོ་ངོ་མཚར་ཅན་སྟོན་རྒྱུ་ཡོད་པས་བལྟ་བར་ཤོག་ཅེས་བསྒྲགས། འོན་ཀྱང་ཀླུ་བརྒྱད་ནང་གི་ཀླུ་གཅིག་གིས་ལྟད་མོ་ཅི་ལ་རང་གི་འདུག་ས་ཤོར་གྱི་རེད་ཟེར་ནས་སྔར་བཞིན་འདུག། དེ་ཉིན་དུས་གསུམ་མཁྱེན་པའི་ལྷ་བསང་མཆོད་ནས་སྲིན་པོ་དང་ཀླུ་རྣམས་གནམ་དང་ས་བར་ཀང་བ་དེ་ནམ་ཙམ་བཙུགས་ཐུབ་ལྟ་བ་དང་ཕག་མོ་གྲུ་པས་ཚྭ་ཆུ་དེ་ཕར་ཁྲིད་ཚུར་ཁྲིད་བཟོས་ནས་སྦྲུལ་ལྟར་སྤྲུལ་ནས་དུས་ཚོད་དེའི་བར་ལ་གསལ་སྟོང་ཤེས་སྒོམ་གྱིས་སྤྲུལ་པའི་ངན་ནས་དགྲ། ཆུང་། འཆི། ནད་བཅས་ཟུལ་ཞིའི་བུམ་པ་ལྷ་ཁང་བཞེངས་ཚར་རྐྱེན། ལྷ་ཁང་ཞབས་ཀྱི་མཚོ་ནང་དུ་གནས་དགོན་པརགྲགས་སོ།། ལྷ་ཁང་འདི་ཉིད་འདི་དུས་ཀྱི་དབང་གིས་ཐེངས་[page 510] གཉིས་བརླགས། སྔོན་རྒྱ་དོ་ཐས་(ཨམ་བན་ཀྲོ་ཨུར་ཧྥོད་)སྐབས་ལ་བརླགས་རྗེས་རྫོང་དཔོན་རྒྱ་ཀོ་ཆོས་འཛིན་གྱི་གསར་དུ་བཞེངས་ནས་ལྷ་ཆེན་གསུམ་ལོངས་སྐུའི་ཆ་ལུགས་སུ་བཞེངས། ཕྱིས་དེ་རྣམས་དམངས་གཙོ་བཅོས་བསྒྱུར་སྐབས་ལ་བརླགས། ཆོས་དད་རང་མོས་ཀྱི་སྲིད་ཇུས་ཁྱབ་བསྒྲགས་བྱས་རྗེས་སྤྲུལ་སྐུ་རྒྱལ་མཚན་གྱིས་གསར་དུ་བཞེངས།

དེང་དུས་བརྟེན་པ་ལྷའི་སྐུ་བརྙན་ལ། སྟོན་པ་ཤཱཀྱ་ཐུབ། འོད་དཔག་མེད། རྒྱལ་བ་བྱམས་པ་བཅས་ལྷ་ཆེན་གསུམ་གཙོས། འཁོར་སྨན་བླ་མཆེད་བརྒྱད། ཉེ་སྲས་བརྒྱད། མི་འཁྲུགས་པ། ཡུམ་ཆེན་མོ། རྣམ་རྒྱལ་མ། ཀླུ་དབང་གི་རྒྱལ་པོ། གྲུབ་ཐོབ་ཐང་སྟོང་པ། ཁྲོ་བོ་མི་གཡོ་བ་དང་རྟ་མགྲིན། བསྟན་སྲུང་དམ་ཅན་སོགས་བཞེངས་ཟིན་ལ། དུས་རྒྱུན་དགོན་བླ་གཅིག་གིས་བསང་གསོལ་གེགས་སེལ་གྱི་རིམ་འགྲོ་སྒྲུབ་པ་ཙམ་ལས། དགེ་འདུན་འདུས་པའི་སྡེ་དང་། བཤད་སྒྲུབ་དུས་མཆོད་ཀྱི་རྒྱུན་ཚུགས་པ་གང་ཡང་མེད་ལ། གོང་གིས་སྤྲུལ་སྐུས་རྟེན་བཞེངས་དང་མང་ཚོགས་ཀྱི་དད་འབུལ་ཙམ་ལས། དམིགས་བསལ་ནོར་གྱི་འབྱུང་ཁུངས་ཀྱང་མེད་དོ།།

ཡང་སྟེང་དགོན་གྱི་ལོ་རྒྱུས།

མདོ་ཁམས་འདབ་པ་ཡུལ་གྱི་རི་བོ་དགའ་ལྡན་པའི་རིང་ལུགས་འཛིན་པའི་དཔལ་ལྡན་ཡང་སྟེང་དགོན་ཞེས་ཡོངས་སུ་གྲགས་པའི་དགོན་ཆེན་འདི་ནི། ཁམས་པ་སྤུན་གསུམ་ཟེར་བ་ནི་ཀརྨ་དུས་གསུམ་མཁྱེན་པ་དང་། རྗེ་ཕག་མོ་གྲུ་པ། གསལ་སྟོང་ཤེས་སྒོམ་བཅས་ཁོང་རྣམས་པ་གསུམ་དབུས་ཕྱོགས་ལ་ཆོས་འཚོལ་དུ་བྱོན་དུས་སྡེ་དགེ་ས་ཁུལ་ཞིག་ལ་ཆོས་སྦྱོང་མཁན་གསུམ་པོ་དེ་ཚེ་སྔ་མའི་ལས་དབང་གིས་འཛོམས་ནས་རྗེ་བཙུན་མི་ལའི་དངོས་སློབ་མཉམ་མེད་དྭགས་པོ་ལྷ་རྗེའི་ཞབས་ལ་གཏུགས་ནས་ཆོས་ཞུས་སྟེ་བསྒྲུབས་ལ་མངོན་པར་བརྩོན་བསམ་པའི་སྒྲོ་འདོགས་མ་ལུས་ཐམས་ཅད་ཆོད་ནས་གྲུབ་པའི་མཆོག་བརྙེས་ནས་ཐུགས་བདེ་སྟོང་ལ་མཉམ་པར་བཞུགས་བཞིན་པའི་སྐབས་ཤིག་ལ། བླ་མས་ཕྲལ་འབོད་བརྡ་སྟེ་ཕྲལ་དུ་སྐུ་མདུན་དུ་བཅར་བར། བླ་མས་འདི་ལྟར། ཁྱེད་ད་ལྟ་ཉིད་དུ་ཕ་ཡུལ་ལ་སོང་ཤིག། གནས་ཙ་རི་ཕྱོགས་སུ་གཏེར་དེ་གནས་སྒོ་འབྱེད་རིར་གིན་འདུག་པས་དེ་མ་ཐག་འགྲོ་དགོས་གསུངས། བླ་མས་ཡང་གདམས་ངག་གང་ཡོད་རྣམས་ལུས་པ་མེད་པར་གསུངས། ཚེ་དང་སྒྲུབ་པ་མཉམ་པ་བྱེད་དགོས་ཤིང་སྒྲུབ་གནས་ཡང་ཀ་མ་རུ་པའི་གངས་རི་ཁྱད་པར་ཅན་ཡོད་པས་དེར་བདག་བཟུང་བྱོས། དེ་ནས་སུམ་མདོ་སྤང་ཕུག་ཕྲིན་ལས་ཀྱི་གནས་རིར་སྒྲུབ་པ་ཀྱིས་ཤིག་དེའི་ཉེ་བསྐོར་ལ་སྦྱིན་བདག་དང་སྒྲུབ་གྲོགས་བཟང་པོ་ཡོང་བས་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་དགོན་པ་ཡང་འདེབས་ཤིང་། བསྟན་པ་དང་འགྲོ་བ་ལ་ཕན་པའི་བྱ་བ་ཅི་ནུས་བྱ་དགོན་གྱི་མ་འོངས་ལུང་བསྟན་གྱིས་ཞལ་བརྡ་ཅི་རེ་བར་གསུངས། དེ་ནས་རྩ་བའི་བླ་[page 511] མའི་བཀའ་ལྟར་ཁམས་པ་སྤུན་གསུམ་པོ་འདས་པ་སུམ་མདོའི་ཕྱོགས་སུ་ཕེབས་ནས་ཀརྨ་དུས་མཁྱེན་གྱིས་སྤང་ཕུག་སྒྲུབ་བརྒྱུད་དགོས་དང་། ཕག་མོ་གྲུ་པས་འབྲུག་རྗེ་དགོན་པའི་སྒྲུབ་སྡེ་བཙུགས། གསལ་སྟོང་ཤེས་སྒོམ་གྱིས་འདབ་སྨད་ཀྱི་གངས་བར་ལ་གནས་ཆེན་བདེ་མཆོག་དྲིལ་བུ་ལྷ་ལྔའི་གནས་དེའི་རིང་རྒྱལ་མཚན་དབྱིབས་འདྲ་བའི་རྩ་བར་གནས་སྒོ་ལྷ་ཁང་དུས་གསུམ་སངས་རྒྱས་བཞུགས་པའི་ལྷ་ཁང་རྟགས་མཚན་ངོ་མཚར་བ་དང་བཅས་བཞེངས།

དེ་ལྟར་ཁོང་གསུམ་གྱིས་ཀརྨ་བཀའ་བརྒྱུད། ཕག་མོ་བཀའ་བརྒྱུད་དང་སྟག་ལུང་བཀའ་རྒྱུད་བཅས་བཀའ་བརྒྱུད་ཀྱི་དགོན་པ་མང་པོ་བཏབ་ནས་བཀའ་ཕྱག་རྒྱུད་པའི་བསྟན་པ་དར་སྤེལ་དང་། ཡུལ་ལུང་འདིའི་ནང་གྲྭ་བ་དང་ཇོ་མོ་ཆོས་པ་བཅས་རང་རང་སོ་སོའི་ཡི་དམ་ལ་བསྒྲུབས་གྲུབ་ཚད་མ་ཐོབ་ནས་སྤྱི་སྨོན་ལ་ཞི་རྒྱས་དབང་དྲག་གི་ལས་ཅི་སྒྲུབ་ཡང་བཤད་རྒྱུན་བཅས་མ་ཉམས་པ་ཡོད། དགོན་འདིའི་གྲྭ་པ་རྣམས་ཀྱང་དབེན་པའི་རི་སུལ་དུ་བྱོན་ནས་ཚེ་དང་སྒྲུབ་པ་མཉམ་པའི་རང་གཞན་གྱི་དོན་གཉིས་པོ་བསྒྲུབས་པའི་བྱ་བཞག་རྣམས་ཚད་ལས་འདས་པའི་ཚུལ་གྱི་ངག་རྒྱུན་མང་པོ་སྣང་། དེ་ནས་དུས་མི་རིང་བ་ཞིག་སུམ་མདོ་ནས་སོ་ཚང་དང་གླིང་ནས་སོ་ཚང་གཉིས་པོ་ཡུལ་འདིའི་དཔོན་པོ་ཡིན། ཁྱིམ་གཉིས་པོ་ཡང་ནང་བསྐོར་ཡིན་འདུག་དེ་འདྲ་རྒྱལ་བ་ཀརྨ་སྐུ་ཕྲེང་བཞི་པའི་སྐབས་སུ་ཤར་རྒྱལ་བ་འཇམ་མགོན་བླ་མ་བློ་བཟང་གྲགས་པའི་དཔལ་གྱིས་ཞྭ་སེར་བསྟན་པའི་སྲོལ་གསར་དུ་འབྱེད་པའི་དུས་མཚམས་སུ་སླེབས་ཡོད་ལ། གླིང་ནས་སོ་ཚང་གི་བླ་མ་བློ་གྲོས་རྣམ་རྒྱལ་དེ་ཉིད་རང་གི་གྲུབ་མཐའི་རྩ་བླ་ཀརྨ་མཇལ་སར་ཨ་ཇོའི་ཚུལ་དུ་བྱོན། དེ་དུས་བླ་མ་འཇལ་ཞུ་ཞུ་སྐབས་བླ་མའི་སྤྱན་ངར་བླ་མར་འབུལ་བ་ཅི་ཡོད་དྲིས། བློ་གྲོས་རྣམ་རྒྱལ་གྱིས་ཕྱག་ནང་གི་འཁར་དེ་སྟོན་ནས་འདི་འབུལ་རྒྱུ་ཡིན་ཞུས། འོན་ཀྱང་བླ་མའི་སྤྱན་སྔར་དབྱུག་པ་དེ་ནང་རིན་ཆེན་དང་པོ་གསེར་ཡོད་མ་ཤེས་ནས། སྦྲང་རྒན་ཞིག་གིས་བླ་མར་འདི་འདྲ་བརྩི་བཀུར་མེད་པ་ལ་སོགས་སྨྲས་ནས་བླ་མ་དང་འཇལ་དུ་མ་བཅུག། ཚེ་སྔོན་མའི་ལས་དང་སྨོན་ལམ་དབང་གིས་བླ་མ་བློ་གྲོས་རྣམ་རྒྱལ་ཀརྨ་པ་དང་འཇལ་མ་ཐུབ་ཀྱང་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ་ལ་མཇལ་གཏུག་བྱས་པ་འགྲོ་ཞེས་བསམ་པའི་འདུ་ཤེས་རང་ཤུགས་ནས་སྐྱེ། མཇལ་བ་ཞུ་བ་མ་ཟད་ལོ་བདུན་ལྷག་ཙམ་གྱི་རིང་ལ་རྗེའི་ཞབས་གཏུག་ནས་ཐོས་བསམ་བྱས་དངོས་སློབ་རྩེར་སོན་པར་གྱུར། དེ་ནས་དུས་ཡུན་མི་རིང་བ་ཞིག་ཏུ་རྗེ་རང་གིས་བློ་གྲོས་རྣམ་རྒྱལ་ལ་དངོས་སུ་ལུང་བསྟན་ནས་ད་ཁྱེད་རང་ཡུལ་དུ་སོང་། དེ་མཚམས་སུ་དགོན་གསར་ཞིག་ཐོབ་ཅེས་གསུངས། ལས་བཀའ་སྒྲུབ་ཇི་ལྟར་བྱས་ཞུས་པ་ན། རྗེ་ཡི་ཞལ་ན། བསླབ་གསུམ་གོས་དང་ལྷག་བསམ་ནོར་བུའི་ཏོག ཐུབ་བསྟན་རྒྱལ་མཚན་འཆད་པ་བསླབ་གསུམ་སྡེ། འཕགས་པའི་ནོར་བདུན་རབ་ཏུ་བརྟན་པའི་མཛོད། དགེ་འདུན་རྒྱ་མཚོ་རྟག་ཏུ་རྒྱལ་གྱུར་ཅིག། ཅེས་སོགས་ཐུགས་སྨོན་མཛད་ནས་ཁྱེད་ཀྱིས་སྡེ་འཛུགས་པའི་ཚེ་བཀའ་སྲུང་ཆེད་མངགས་ཐོག་ངས་རབ་གནས་[page 512] དང་ཤིས་པ་བརྗོད་པའི་རྟགས་དགེ་མཚན་གསལ་བར་བྱེད་ཡོང་ཞེས་གསུངས་བས། རྗེ་བློ་གྲོས་རྣམ་རྒྱལ་དགའ་བཞིན་དུ་ལེགས་སོ་ཞུས་རང་ཡུལ་དུ་སླེབས་སོ།།

རྗེ་བློ་གྲོས་རྣམ་རྒྱལ་ཀྱིས་འདབ་ཁུལ་གྱི་ས་གནས་ལ་གཟིགས་ཞིབ་གནང་ནས་སྔར་བཀའ་བརྒྱུད་ཨོཾ་བླ་མ་ཤེས་རབ་སེང་གེས་བཏབ་པའི་དགོན་པ་ཨོཾ་དགོན་ཡང་མའི་ཞབས་ལ་དཀྱིལ་ཐབས་སོགས་གྲ་སྒྲིག་བཟོ་སྐབས། བྱ་རོག་ཞིག་འཕུར་ཡོང་ནས་དཀྱིལ་ཐེབས་ཁྱེར་ནས་ཨོཾ་དགོན་ལྟག་གི་ཞབས་ལ་བཞག ཡང་ཁྱེར་ནས་དེ་ཕར་གྱི་ཐང་ཆེན་ཐོག་བཞག་པས་ཡང་སྟེང་། ཡང་སྟེང་ཞེས་སྨྲ་བས་ཡང་སྟེང་དགོན་ཟེར་བའི་མིང་འདོགས། བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོར་དགོན་མཆོག་དུ་གྱུར་བ་འདིའི་ཐོག་ཏུ་རི་བོ་དགའ་ལྡན་པའི་ལུགས་སྲོལ་བཟུང་བའི་ཡང་སྟེང་དགོན་པ་བཏབ། དེ་སྔོན་འདི་གར་ཡོད་འི་ཨོཾ་དགོན་ལྟག་མ་དང་ཡང་མ་གཉིས་ཀྱང་བཏབ་ནས་ལོ་ངོ་བཞི་བརྒྱ་སོ་བདུན་སོང་། དེ་ནས་ཨ་ཇོ་ཞེས་ཡོང་ནས་ང་ནི་ཤར་རྒྱལ་མངགས་བ་ཡིན་གསུངས། འོན་ཀྱང་བློ་གྲོས་རྣམ་རྒྱལ་གྱིས་ཤར་རྒྱལ་ངེད་ལ་སྲུང་མ་མངགས་གསུངས་བ་མ་བཏོགས་ཨ་ཇོ་ཞིག་མངགས་མ་གསུངས་ཟེར། ཨ་ཇོ་དེ་ག་ལེར་འགྲོ་ནས་དགོན་པའི་གྱང་ངོར་ཐིམ་སོང་། ཕྱིས་དགོན་པ་གསར་སྐྲུན་དུས་གྱང་དེ་བཤིག་མ་ཕོད། དམངས་གཙོ་བཅོས་བསྒྱུར་མ་བྱས་སྔོན་ལ་རང་ཞིག་ཏུ་བྱུང་སོང་ངོ་།

དགོན་འདི་ཐོག་མ་འདེབས་དུས་གྲྭ་བ་བདུན་ཙམ་འདུག། དེ་ལྟར་དགོན་པ་འདི་ཉིད་ཀྱི་གཞི་གསུམ་ཆོ་ག་དང་བརྒྱུད་སྡེ་བཞིའི་སྒྲུབ་མཆོད། ལྷག་པར་དུ་གསང་འདུས་ཀྱི་ཆོ་ག་སྒྲུབ་མཆོད་གཙོ་བོ་བྱས་ནས་འཛུགས་པ་རེད། དེ་རྣམས་ཕྱོགས་ཙམ་ཞིག་འགྲུབ་ཚེ། རྗེར་ལ་ཡར་ཞུ་བྱས། རྗེས་ཆོས་འདི་འདྲ་ཞིག་ལ་གད་བདར་དང་གཙང་སྦྲ་བཟང་ཆེས་བྱོས། མེ་ཏོག་དང་མཆོད་པ་ཅི་ནུས་དང་གསོལ་བཏབ་དང་བདེན་ཆོས་ཅི་རིགས་པར་གྱིས། གསུངས་བ་ལྟར་དུས་ཚེས་དེ་ལ་དངོས་སུ་དགོན་འདི་ཉིད་བཀའ་སྲུང་ཡང་གོང་ཞུ་ལྟར་དངོས་ཕེབས་པའི་མཚན་མ་ཡ་མཚན་ཆེ་བས་སྐྱེ་བོ་ཕལ་པས་ཡང་མཐོང་བ་དང་། དྲི་ཞིམ་གྱིས་ཁྱབ་པ་མཇའ་ཚོན་ཤར་བ། རྗེ་རིན་པོ་ཆེ་དགའ་ལྡན་ནས་རབ་གནས་མཛད་པས་འདི་མཚམས་སུ་མེ་ཏོག་དང་ནས་ཀྱི་ཆར་བབས་པ་སོགས་ཀུན་གྱི་སྔགས་པའི་ཡུལ་དུ་གྱུར་ཏོ།།

དེ་ནས་རིམ་བཞིན་གྲྭ་བ་ཇེ་མང་ལ་སོང་བས་ཚང་མས་བྱ་ཉུང་དོན་ཉུང་གི་བསླབ་གསུམ་ཉམས་ལེན་ལ་བརྩོན་ནས་སྒྲུབ་ལ་རྩེ་གཅིག་ཏུ་བཞུགས་པ་སྔ་ཕྱི་རིམ་བྱོན་མང་རབ་བྱུང་འདུག། སྔ་ཡུལ་འདི་ཆོས་སྲིད་ཟུང་འབྲེལ་གྱི་ཡུལ་ཞིག་ཡིན་པར་བརྟེན། ཡུལ་གྱི་རྒྱལ་པོ་རྣམས་ཀྱི་འབངས་མི་སེར་རྣམས་དགེ་བཅུའི་ཁྲིམས་ལ་སྦྱོར་བ། དེ་ཡང་རྒྱལ་བ་གོང་མས་ལུང་བསྟན་པ་ལྟར་མ་བྱས་ན་ཡུལ་ཕྱོགས་འདི་ལ་བདེ་སྐྱིད་ཉམས་པ་སྟེ། རྒྱལ་བ་གོང་མའི་ཞལ་ལས། ཡུལ་ན་ཉེས་བྱེད་གནས་པ་དག། སྡིག་པ་ཅན་གྱི་སྐྱེ་བོ་ལ། མཐུན་པའི་ཆད་པ་མི་གཅོད་ཅིང་། ཉེས་པ་བྱས་པ་ཡང་བོར་བ། དེ་ཚེ་ཆོས་མིན་ཤིན་ཏུ་སྤེལ། འཐབ་མོ་གཡོ་སྒྱུ་རྐུན་ཇག་སྤེལ། ཕུན་ཚོགས་ཡོངས་སུ་ཉམས་པ་ཡིན། ཞེས་དང་། འབྱུང་བཞི་ཆོས་མིན་ཉིན་པ་[page 513] དང་། ས་བོན་ལོ་ཏོག་མེ་ཏོག་འབྲས། ལེགས་པ་མི་སྨིན་མུ་གེ་འབྱུང་། ལྷ་ཀླུ་རྣམས་ཡང་མི་དགའ་ནས། ལྷ་དབང་ཡུལ་ལ་སྨད་པ་ཡིན། ཞེས་གསུངས་སོ། དེ་སྐབས་ཀྱི་འདབས་པའི་ལུང་པ་འདིར་རྐུན་ཇག་མི་ཁྲམ་གཡོ་སྒྱུ་བྱེད་པའི་མི་མེད་ཟེར་ཆོག་མ་ཚད། ས་གནས་འདིར་འབྲུ་འཕེལ་ཕུན་ཚོགས་དང་ཤ་མར་ཕྱུགས་གང་ཐད་ལ་ལོངས་སྤྱོད་འཕེལ་བོ་ཡིན་རྐྱེན་གོང་མར་རྐུན་ཇག་སོགས་ནི་མེད་པར་སྣང་། འོན་ཀྱང་རྒྱལ་མཆོག་གོང་མས་གསུངས་བ་ནང་ལྟར་ལོ་བཅུ་ཕྲག་ཁ་ཤས་སོང་བའི་དུས་ཚིགས་ཞིག བོད་རབ་བྱུང་བཅོ་ལྔའི་པའི་ཤིང་མོ་སྤྲུལ་ལོར་ཁྲོན་དང་ཡན་ནན་མཐའ་བཞུགས་བློན་ཆེན་ཀྲོའ་ཨུར་ཧྥོང་བོད་དུ་ཐལ་ཟེར་བ་ཞིག་ཡོང་ནས་ནང་བ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་འུ་དུམ་བཙན་པོས་བསྟན་པ་བསྣུབ་སྐབས་བཞིན་ཡང་སྟེང་དགོན་པ་བརླག་བཤིག་བཏང་། དེ་ཅིའི་ཕྱིར་ཞེས་ན་ཕྱག་ཕྲེང་རྫོང་གི་ཡུལ་དགོན་དཔོན་བཤལ་འཇབ་ཕན་གྲངས་དང་རྒྱ་དྲོ་ཐབས་གཉིས་ཀྱིས་འདབས་པ་ས་ཁུལ་གྱི་མི་དམངས་རེ་རེ་ལ་ཁྲལ་ར་དངུལ་རྒྱ་ཌམ་ཕྱེད་རེས་བསྡུ་དགོས་རྒྱུ་གྲོས་ཇུས་གཞི་མཉམ་བཀོད་ནས་རྒྱ་མི་ལོག་ཡན་ཟེར་བ་དེ་ཁྲལ་བསྡུ་མི་མངགས། འོན་ཀྱང་ཡུལ་སྡེ་འདིའི་སེར་སྐྱ་རྣམས་འབངས་གྱེན་ལོག་ནས་ལོག་ཡན་བསད་བས་འཁྲུགས་གཞི་ཐོག་མ་བསླང་བ་རེད། རྒྱ་དོ་ཐམ་ཀྱིས་འདབས་རྫོང་ཐོག་ལ་དམག་དྲངས་ནས་འཛིང་སྐབས་སེར་སྐྱ་རྣམས་ཀྱིས་མཉམ་ཤུགས་གཅིག་སྒྲིམ་བྱས་ནའང་དོ་ཐམ་གྱི་རྒྱལ་ཁ་བླངས་པ་མ་ཟད་རྒྱ་མི་དེའི་གཡོ་འོག་ཏུ་ཚུད་ནས་ཡང་སྟེང་དགོན་པའི་ཆོས་ར་ནང་གྲྭ་མི་ཞེ་བརྒྱད་ཀྱི་སྐེ་བཅད། དེའི་རྗེས་ཡང་ཕྱག་ཕྲེང་ས་ཆ་ནང་གོ་གནས་ལེན་ཤོག་ཟེར་ནས་བླ་མ་དབུ་མཛད་དང་དགེ་སྐོས་གསུམ་བཅས་ཀྱི་སྐེ་བཅད་པ་རེད། དེ་ནས་ལོ་ཤས་སོང་རྗེས་སུ་ཕྱག་ཕྲེང་དང་འདབ་པས་སྟེ་དམག་དྲངས་ནས་རྒྱ་ཕུད་པ་ཡོང་བ་ཡིན་ཟེར་ནས་རྒྱ་མིས་ལྷ་ཁང་གཅིག་མ་གཏོགས་མེར་བསྲེགས། དགེ་འདུན་པ་ཁྱིམ་དུ་ལོག་ཡོང་བ་དང་བསྟན་པའི་ཉི་མ་ནུབ་རིང་ཡལ་བ་ལྟར་དགོན་པའང་ལོ་བཅུ་ལྷག་ཙམ་གྱི་རིང་ལ་གྱང་རལ་དུ་གྱུར། རིམ་བཞིན་རྒྱལ་མཆོག་ལྔ་པས་གསུངས་བ་ནང་ལྟར་ལོ་བདུན་ལ་མུ་གེ་བྱུང་། རྐུན་ཇག་ཁྲམ་པའི་སྤྱོད་ངན་ཕྱོགས་ཀུན་དུ་དར་བ་དང་ཆོས་མིན་དང་གནས་མིན་གྱི་བྱ་བ་སྒྲུབ་མཁན་ཇེ་མང་དུ་སོང་། སྤྱི་ལ་གཅིག་སྟོང་དགུ་བརྒྱ་བཅུ་དགུ་ལོར་དད་ལྡན་མི་འབངས་ཀྱི་རེ་སྨོན་བཞིན་དེ་དུས་ཀྱི་རྫོང་དཔོན་ཧུ་ཚི་ཅན(何此建)གཡུ་ཤོག་ཡོན་ཏན། སྟག་ཁྱིམ་པ་ཕུན་ཚོགས་འཇམ་དཔལ་གསུམ་གྲོས་མཐུན་བྱུང་ནས་དགོན་པ་སླར་ཡང་འཛུགས་པའི་འགོ་ཚུགས། རྫོང་ཁག་ནང་རྒྱ་རྫོང་སྡེ་དཔོན་འཐེན་ནས་གཞུང་དཔོན་གཏོང་རྗེས་ཀྱི་སྲིད་གཞུང་གིས་ཀྱང་སྔ་མ་ལྟར་ཆོས་ལུགས་དང་འབྲེལ་བའི་སྲིད་ཇུས་ཆོས་ལྡན་མི་འབངས་མགོ་འདྲེན་བྱེད་པའི་བསམ་གཞི་ཡོད། ལོ་དེར་དགུ་གཏོར་དང་འབག་འཆམ་སོགས་འགོ་ཚུགས། ཡ་མཚན་པ་ནི་འབག་འཆམ་པའི་ལོ་དེ་ནས་བཟུང་ཡུལ་ཕྱོགས་འདིར་ལོ་ཀག་དང་མུ་གེ་མ་བྱུང་། ཡུལ་མི་རྣམས་ཀྱང་རིམ་བཞིན་ཆོས་སུ་ཕྱོགས། དགོན་པ་རང་གི་ཡང་སྡེ་འབངས་རྣམས་ཀྱིས་ལོ་རེར་བཞིན་ཆད་མེད་ཤུགས་སྒྲིམ་བྱེད་པར་བརྟེན། ལོ་ཉི་ཤུ་ལྷག་ཙམ་ལ་འདུ་ཁང་ཚོགས་ཆེན་དང་ལྷག་མཚམས་ཁང་། [page 514] བྱམས་ཁང་། རྗེའི་ལྷ་ཁང་བཅས་ཡོངས་སུ་གྲུབ་པ་རེད། དེ་ནས་དགོན་གནས་འདི་ཉིད་ཀྱིས་སྔར་གྱི་ཆོས་རྒྱུན་སྨོན་ལམ་ཆེན་མོ་ཉིན་ཉེར་གཅིག་གཙོས་ཆོས་རྒྱུན་རེར་ཉིན་བཅོ་ལྔ་ཙམ་ཡོད་པའི་ཆོས་གཉེར་ཁག་བརྒྱད་ཀྱི་ཐིག་རྩ་སོགས་བསྐྱར་དུ་འཛུགས་ཐུབ་པ་མ་ཟད། ལོ་ཉི་ཤུར་ཉེ་བའོ་རིང་ལ་སྤྱོད་ཡོན་གཉིས་ལྡན་གྱི་དགེ་འདུན་པ་ལྔ་བརྒྱ་ཙམ་དང་བརྒྱུད་སྡེ་བཞིའི་ཆོ་ག་ཕྱག་ལེན་གར་ཐིག་དབྱངས་སོགས་ཀྱང་འཕེལ་རྒྱས་དང་བཟང་པོའི་ཕྱོགས་སུ་བསྐྱོད། ཡང་ལྡིང་དགོན་པ་འདི་སྡེ་པའི་སྲིད་གཞུང་དང་དད་ལྡན་སེར་སྐྱ་ཡི་རྒྱབ་སྐྱོར་དང་བསྙེན་བཀུར་འོག་སྟོབས་ཇེ་རྒྱས་སུ་སོང་ནས་ཡུལ་ཕྱོགས་འདིའི་དགོན་སྡེ་ཆེ་ཤོས་སུ་གྱུར་ནས་དམངས་གཙོ་བཅོས་བསྒྱུར་བར་དུ་གནས། འདིར་དགོན་པའི་བསྟན་པའི་སྒྲོན་མེ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བ་དང་དགེ་འདུན་པ་བདུན་བརྒྱ་ལྷག་ཙམ་བཞུགས་སྟབས་བསྟན་པ་མཁའ་དང་མཉམ་པའི་སྐབས་སུ་བབ།

གདན་རབས་རགས་རིམ། སྔར་དགོན་འདི་ལ་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་མེད། གཙོ་ནི་གླིང་ནས་སོ་ཚང་གི་གདུང་རྒྱུད་བླ་མ་ཚང་མས་བསྟན་འགྲོ་ལ་ཞབས་འདེགས་བཟང་པོ་བསྒྲུབ་པའི་སྐྱེས་ཆེན་ཤ་སྟག་བྱོན། བླ་རབས་ལྔ་པ་བཀྲ་ཤིས་རྒྱལ་མཚན་ཟེར་བ་དེ་ནི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཁྱད་དུ་འཕགས་པ་ཞིག་ཡིན་འདུག་ཁོང་རྒྱལ་དབང་ལྔ་པའི་དངོས་སློབ་བྱས་ནས་དབང་དཀའ་ཁྲིད་སོགས་གང་མང་ཞུས། པཎ་ཆེན་བློ་བཟང་ཡེ་ཤེས་མདུན་དབང་ཁྲིད་ཞུས་མྱོང་། ཡང་སྟེང་དགོན་པའི་གྲྭ་བ་དབང་ངེས་དཔོན་ཚང་ཚང་གི་བློ་བཟང་ཆོསའཕེལ་རྗེས་སུ་དབུས་ཕྱོགས་སུ་དཔེ་ཆ་སློབ་གཉེར་བྱས་ཏེ་སྐྱེས་སྦྱོང་གི་ཤེས་རབ་ཁྱད་དུ་འཕགས་པས་དགའ་ལྡན་ཁྲི་རབས་ཞེ་བདུན་པར་གྱུར། བཀྲིས་རྒྱལ་མཚན་ཡང་དེ་རྩར་དབང་ལུང་མང་ཙམ་ཞུ་འདུག། དེ་ཉིད་ཀྱི་དགོན་སྡེ་འདི་ཆོས་ཕྱོགས་དང་དཔལ་འབྱོར་ཅི་ས་གང་ཐད་ལ་མཐུན་རྐྱེན་བཟང་པོ་བསྒྲུབས།

ཡང་སྟེང་ནང་གསུམ་གྱིས་དབང་པོ་དང་བླ་རབས་རྣམས་གཅིག་ལས་གཅིག་ལྷག་ཕེབས་འདུག། ལོ་བཅུ་ཕྲག་ཁ་ཤས་སོང་རྗེས་སུ་དགའ་ལྡན་ཤར་རྩེ་གྲྭ་ཚང་གསར་འཛུགས་ཆེད་དུ་སྐུ་ཞབས་ཐ་པོ་རིན་པོ་ཆེ་ཡུལ་ཕྱོགས་འདིར་ཕེབས་སྐབས་དགོན་པའི་ཉེ་འདབས་སུ་ཐང་བསུ་བྱེད་ཚེ་དགོན་གནས་འདི་ཀླུ་ཆེན་བརྒྱད་ཀྱི་སྟེང་དུ་ཆགས་ཡོད་པས་གྲྭ་པ་རྣམས་མཛེ་ནད་འགོལ་ཡོད་པ་རེད་བསམ་ཀྱང་། གདན་ས་ཁྱད་པ་ཅན་འདིར་གཟིགས་ནས། དགོན་པ་ཆགས་ས་འདི་མཁའ་དབྱིངས་ནི་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཡིན་འདུག་ཡ་མཚན་ཆེ། ཡ་མཚན་ཆེ། གྲྭ་པ་རྣམས་ཀྱང་རིམ་གཉིས་ཀྱི་རྣམ་འབྱོར་ལ་བརྩོན་པ་ཞིག་ཡིན་པར་ངེས། ཅེས་ཁོང་རབ་དུ་དགྱེས་པའི་ངང་ནས་ཞལ་གསུངས་གནང་། དགོན་སྡེ་འདི་ཉིད་ལ་ལོ་གཅིག་ལྷག་ཙམ་བཞུགས་ནས་བསྟན་པ་ལ་བསྲེ་སླད་ཡོད་པ་རྣམས་སྔ་མ་བོན་གྱི་ལུགས་ཅུང་ཟད་ཡོད་རིགས་རྣམས་གསལ་ནས་ནང་བ་སངས་རྒྱས་པའི་བསྟན་པ་མུན་འཇོམས་ལྟར་གསལ་བར་མཛད་དེ་ཆོས་བྱང་ཆུབ་ལམ་རིམ་དང་། གསང་འདུས་དབང་ཆེན་རིམ་གཉིས་ཀྱི་ཁྲུས་གསོལ་བཅས་[page 515] གནང་ཡོད་པ་མ་ཟད། ཉིན་གཅིག་དགོན་པ་ཞལ་བསྐོར་ཕེབས་སྐབས་ཇོ་སྨད་ཚང་གི་གྲྭ་བ་ལོ་གསུམ་ལོན་པ་ཞིག་གིས་ལྕི་བ་སླེལ་པོ་གང་ཁུར་ནས་ཡོང་བ་དང་འཕྲད་པས། ཁོང་གིས་ཁོང་ཉིད་ཕེབས་ཞུ། ཉེ་ཤིང་། ཛེ་སྨད་ཚང་གི་གྲྭ་བ་དེར་ཛེ་སྨད་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་སྤྲུ་སྐུ་འཇམ་དཔལ་དཔལ་ཆོས་འཕེལ་བསྩལ། སྐུ་ཕྲེང་དང་པོ་སྐལ་བཟང་ཆོས་འཕེལ་ཡང་སྒྲུབ་པའི་རྒྱལ་མཚན་འཛིན་པ་དང་ཕྱོགས་ངེས་མེད་ཀྱི་ཨ་ཇོ་ཞིག་ཡིན་ད་ལྟའི་སྐུ་ཕྲེང་འདི་ནི་མཁས་པའི་ཡང་རྩེར་སོན་པ་ཞིག་ཡིན་ཕྱིན། དེང་སང་རྒྱ་གར་རྡོ་རྗེ་གདན་ལ་ཆོས་དོན་གསལ་འབྱེད་སློབ་དཔོན་གྱི་མཚན་གསོལ་ཡོད་པ་རེད། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞིའི་དགེ་རྒན་གྱི་འགན་བཞེས། ཛེ་སྨད་སྤྲུལ་སྐུ་འཇམ་དཔལ་ཆོས་འཕེལ་ངོས་འཛིན་བྱས་པ་ནས་བཟུང་ཡང་སྟེང་དགོན་པའི་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་བཙུགས་པ་རེད། དེ་ཉིད་ཀྱི་སྐུ་ཕྲེང་གསུམ་པ་འཕྲིན་ལས་རྣམ་རྒྱལ། བཞི་པ་བློ་བཟང་དཔལ་ལྡན་སོགས་མཁན་ཆེན་མཁས་པ་དང་རྒྱ་ར་སྤྲུལ་ཕྲེང་སྐུ་བཞི། ཨ་རྫ་སྐུ་ཞབས་ཕྲེང་བཞི། མཁྱེན་རབ་སྤྲུལ་སྐུ་སྐུ་ཕྲེང་དང་པོ་མཁས་གྲུབ་དང་གཉིས་པ་བློ་བཟང་མཁྱེན་རབ་སྐལ་བཟང་འཇམ་དབྱངས། མཁྱེན་དུ་བཞུགས་པའི་སྲིད་སྐྱོང་དབང་པོ་རྒྱ་མཚོ་དོན་འགྲུབ་དང་དཀའ་འགྱུར་འཕགས་པའི་མཚན་ཅན་རྣམས་སྡེ་འབངས་སྤྱི་དང་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དམིགས་ནས་རང་ཉིད་ཀྱི་དངོས་པོ་ཡོད་དོ་ཅོག་ནས་རང་ཁྱིམ་དུ་བཀའ་འགྱུར་པོད་གསུམ་བསྟན་འགྱུར་པོད་གཅིག་བྲིས། རྗེས་སུ་དགའ་ལྡན་ཤར་རྩེ་གྲྭ་ཚང་དང་དགའ་ལྡན་དོ་ཁང་མཛོད་ནང་བཀའ་འགྱུར་བྲིས་མ་ཆ་རེ་རེ་རྟེན་འཇོག་མཛད་པ་རེད། ཆོས་གླིང་སྤྲུལ་སྐུ་བློ་བཟང་བློ་བཟང་ཕུན་ཚོགས་དང་དེའི་ཡང་སྲིད་བློ་བཟང་ཀུན་དགའ་འཕྲིན་ལས་རྒྱལ་མཚན་ཕྱོགས་བཅས་ཀྱི་སྨིན་གྲོལ་གྱི་ལམ་ལ་གསན་གསམ་སྒོམ་གསུམ་གྱིས་ཐུགས་ཉམས་སུ་བཞེས། གདན་ས་འདིར་དོན་གཉིས་མཐར་ཕྱིན་པར་བསྒྲུབས། སྔགས་རམ་དགེ་བཤེས་ཕུན་ཚོགས་དང་ཚོགས་རམ་དགེ་བཤེས་བརྒྱ་དང་དུ་མ་བྱོན་ནས་མཛད་པའི་འཕྲིན་ལས་ནི་ལྟ་བས་མི་ངོམ། བསམ་ཡུལ་ལས་འདས་དང་བརྗོད་ཐབས་དང་བྲལ་བའོ། བཤད་སྒྲུབ་ཀྱི་སྲོལ་ཚུགས་ཚུལ། སྐྱེས་ཆེན་དམ་པ་དེ་དག་གི་སྐུ་རིང་ལ་ལུང་རྟོགས་གཉིས་ཀྱི་བསྟན་པ་སྔར་ལས་རྒྱས་པའི་དར་སྤེལ་བཏང་། འོན་ཀྱང་ལོ་རྒྱུས་ཀྱི་ཡིག་ཆ་ཐམས་ཅད་དུས་དབང་གིས་ཐམས་ཅད་མེད་པར་གྱུར། ད་ལྟ་ནི་དམངས་ཁྲོད་ཀྱི་ངག་རྒྱུན་ལ་བརྟེན་པ་མ་གཏོགས་ཁུང་བཙན་པོ་ཞིག་ལ་གཏུག་འདོད་ཡོད་ཀྱང་ཧ་ཅང་དཀའ། དེ་བས་དམངས་ཁྲོད་ཀྱི་བཤད་སྲོལ་ལྟར་རགས་ཙམ་བཀོད་ན། དམངས་གཙོ་བཅོས་བསྒྱུར་མ་བྱེད་སྔོན་ལ་དགོན་ནང་བཤད་གྲྭ་མཁན་པོ་ཡང་མང་ཙམ་ཡོད་དེ་སྐབས་སུ་མཚན་ཉིད། ནང་དོན། གསོ་བ། སྒྲ་བཟོ་བཅས་ཀྱི་ཚོགས་ཆུང་འཛུགས་ཡོད་དེ་གསན་སྦྱོང་བྱེད་པའི་དགེ་འདུན་ཡང་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་ལ་སྦྱོང་ཐོབ་ཀྱི་བརྩོན་འགྲུས་ཡང་ཆེ། དེ་རྣམས་བསླབས་གསུམ་ལ་ཉམས་ལེན་དང་མདོ་སྡེའི་དགོངས་པ་དོན་བཞིན་སྒྲུབ་པའི་[page 516] དགེ་འདུན་སྡེའི་རིག་གནས་ཆུ་ཚད་ཀྱང་མཐོ་རུ་བསྐྱོད་དོ།

སྒྲུབ་གྲྭ་ནི་དགོན་པའི་མཐའ་བསྐོར་ན་སྒྲུབ་ཕུག་ཡོད། དཔེར་ན་སྟག་ཚང་རི་ཁྲོད། ཡང་དགོན། དགོན་སྟོད། ཆོས་གླིང་། རྫ་ནག། དབང་ངེས་དང་ནག་འབངས་བཅས་ཡོད་པ་མ་ཟད་སྟག་པ་ཚང་གི་ཞང་པོ་དམ་ཆོས་ལོ་ཉི་ཤུ་ཙམ་མཚམས་བསྒྲུབས། འཕྲིན་ལས་འཕགས་པ་ཡང་ལོ་བཅུ་ཕྲག་ཁ་ཤས་མཚམས་སུ་བཞུགས། དབང་འབྲི་དགེ་བཤེས་དང་ངག་དབང་སྦྱིན་པ། ཨྱོཾན་དགེ་བཤེས་བཅས་ཀྱིས་སྒྲུབ་པ་བཙུགས་སོ།།

དགོན་འདི་མ་བརླག་སྔོན་དང་རྒྱས་པའི་དུས་ཀྱི་དུས་མཆོད་རགས་ཙམ་བཀོད་ན། བོད་ཟླ་དང་པོར་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཞི་བར་ལ་ལོ་གསར་ཉིན་བཞི་དེའི་རྗེས་སྨོན་ལམ་ཉིན་བདུན་ཚོགས་ནས་ཚེས་བཅོ་ལྔར་བཅོ་ལྔ་མཆོད་པ་འཚོགས་པ་དང་། ཚེས་བཅོ་བརྒྱད་ཉིན་ལ་རྒྱལ་བ་བྱམས་པ་ཆོས་འཁོར་བསྐོར་བ། བོད་ཟླ་གཉིས་པའི་ཚེས་བདུན་ནས་བཅོ་ལྔའི་བར་ཉིན་བརྒྱད་རིང་ལ་བཀའ་འགྱུར་འདོན་པ་དང་ཀུན་རིག་ཉིན་བདུན་འཚོགས། བོད་ཟླ་གསུམ་པའི་ཚེས་བརྒྱད་ནས་བཅོ་ལྔ་བར་གསང་བ་འདུལ་བ་འཚོགས། བོད་ཟླ་བཞི་པའི་ཚེས་བརྒྱད་ནས་བཅུ་གཅིག་བར་སྦྱར་ཆོས་དང་ཚེས་བཅུ་གཉིས་ནས་བཅོ་བརྒྱད་བར་བདེ་མཆོག་འཚོགས། བོད་ཟླ་ལྔ་པའི་ཚེས་བདུན་ནས་བཅོ་ལྔ་བར་ཡི་དམ་དབང་མཆོག་ཉིན་བཞི་དང་རབ་གནས་དགེ་ལེགས་ཆར་འབེབ་ཉིན་བཞི་ཚོགས། བོད་ཟླ་དྲུག་པའི་ཚེས་དྲུག་ནས་བཅོ་ལྔ་བར་གསང་འདུས་དབང་མཆོག་འཚོགས། ཚེས་བཅོ་ལྔ་ནས་བོད་ཟླ་བརྒྱད་པའི་ཚེས་གསུམ་བར་དབྱར་གནས་ཉིན་ཞེ་བདུན་འཚོགས། དེ་རྗེས་ཡང་བླ་གྲྭ་བརྒྱ་དང་ལྔ་བཅུ་ཙམ་གྱི་སྤྱི་རིམ་ཉིན་ཞེ་གཅིག་འཚོགས། བོད་ཟླ་བཅུ་པའི་ཚེས་ཉེར་བཞི་དང་ཉེར་ལྔ་དགའ་ལྡན་ལྔ་མཆོད། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ནས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་བར་དགུ་གཏོར་འཚོགས་པའི་སྐབས་སུ་འབག་སོགས་ཉིན་གསུམ་འཆམ། གནའ་སྔ་ཡང་སྟེང་དགོན་པས་གྲྭ་བ་བདུན་ལ་གསེར་ཁལ་བདུན་བསྐུར་ནས་འབག་འཆམ་སློབ་སྦྱོང་བྱེད་པར་མངགས། འོན་ཀྱང་དཀའ་ཚེགས་ཆེ་བས་གཉིས་མ་གཏོགས་ཚུར་བཟློག་མ་ཐུབ་གཞན་རྣམས་ནི་གཟུགས་ཁམས་ནུབ་བདེ་ཞིང་དུ་ཕེབས་སོ།། བོད་ཟླ་བཅུ་གཉིས་པར་བདེ་མཆོག་ཉིན་བདུན་སོགས་ཕྱག་ལེན་བཅའ་རྡུང་འབུད་དཀྲོལ་དང་ཐིག་ཚད་བཅས་ལུགས་སོ་སོ་མ་འདྲེས་བར་འཚོགས་རྒྱུ་མཆིས་སོ།།

དགོན་འདི་སྔར་ལྷ་ས་སྡེ་པ་གཞུང་དང་ལི་ཐང་སྡེ་མངའ་ཁོངས་ཡིན་པས། གཞུང་ས་མཆོག་ནས་རྒྱུན་ཇ་དང་སྨོན་ལམ་ཉིན་ཉེར་གཅིག ཆོས་གཞི། འཇང་རོང་སྡེ་བཞིས་དགོན་པར་འབུལ་དགོས་པའི་བཀའ་དང་དེའི་བཀའ་བརྟེན་ཐམ་ག་གནང་བ་སོགས་ཀྱི་མཐུན་རྐྱེན་སྒྲུབ། གླིང་ནང་སོ་ཚང་གི་གཞིས་ཕུལ་ནས་གཞན་རྣམས་འདིར་མི་ཁྲལ་དང་གཡོ་ཁྲལ་འཇལ་དགོས་ཚུལ་འདུག གྲྭ་རྣམས་ནས་གཙང་དག་གད་རྒྱག་པ ཤིང་འབུད་རྒྱུ། ཐབ་གཡོ། གླིང་སྲུང་གཞུང་ལས་ཁང་གསར་ལས་ན། དེ་འཁོར་བཞུགས་[page 517] པའི་དགེ་འདུན་པ་རྣམས་ལ་བསྐོར་ནས་ལོ་རེར་ཉིན་གཉིས་རེ་དང་དགོན་པ་ནང་མི་ཅུང་གྲགས་པ་རྣམས་ཆོས་ཐོབ་ལོ་གསུམ་རེས་བྱས་པ་ཆོས་ཐོག་ཁག་བརྒྱད། ཆོས་ཐོག་ཁག་རེ་ཉིན་ཐོབ་ཉིནབཅོ་ལྔའི་འགྲོ་སོང་གི་འགན་བཞེས། དགོན་པ་ལ་ཡང་རིམ་བཞིན་གྲྭ་པ་དང་ཇོ་མོ་རྣམས་ཞིང་དང་འབྲོག་ཕྱུགས་དབུལ་བ་རྣམས་ཞིང་པ་དང་འབྲོག་པ་རྣམས་ལ་ཕྱེད་ཐོབ་བྱས་ནས་སྤྲད། ཡུལ་འཁོར་འདིའི་འོག་གི་འབངས་མི་རྣམས་རང་མོས་ཀྱི་འབུལ་བའི་ཅ་ལག་སོགས་ནི་དགོན་པའི་ཡོན་གྱི་འབྱུང་ཁུངས་གཙོ་བོ་ཡིན་ནོ།།

ཤེས་ཡོན་ཅན་གྱི་སྤྲུལ་སྐུ་མཁན་པོ་བླ་མ། སློབ་དཔོན། དབུ་མཛད། ཕྱག་མཛོད་དང་དགེ་སྐོས་བཅས་རིམ་བཞིན་རང་རང་གི་འོས་འགན་དབུ་ཞབས་མ་ནོར་ནས་དགོས་པའི་ལས་གཉེར་བ་དང་བཤད་གྲྭ་གཞུང་བཅས་སྐྱོང་བ་དང་། དགོན་པ་ནང་གི་ལས་དོན་ཐམས་ཅད་དབུ་ཆོས་ཚོགས་པ་གྲོས་བྱས་ནས་ཕྱག་མཛོད་མི་གསུམ་ལ་སྤྲད་ནས་ཐག་གཅོད་བྱས། གཏོང་སྒོའི་ཐོག་ལ་གཙོ་བོ་ཕྱག་མཛོད་མི་གསུམ་གྱིས་འགན་བཞེས་དང་ཕྱི་རོལ་ལ་འབྲེལ་བ་སོགས་ཀྱང་འགན་བཞེས་སོ། དགོན་འདི་ལི་ཐང་བྱམས་པ་གླིང་དང་དགའ་ལྡན་གྱི་དགོན་ལག་ཡིན་པར་གྲགས། དེ་ཡི་དགོན་ལག་ནི་ད་ལྟའི་དགོན་ཡོད། འོན་ཀྱང་འདབས་པའི་ས་ཁུལ་གྱི་སྤང་ཕུག། འབྲུག་རྗེ། བྲག་ནག་དང་རྫ་དགོན་ལྟག་ཞབས་བཅས་དགོན་ཉིད་ཀྱི་དགོན་ལག་ཏུ་རྩི་སྲོལ་དམངས་ཁྲོད་དུ་ཡོད་མོད། དེ་ཕྱོགས་ཀྱི་ཡིག་ཆ་སོགས་ནི་ནམ་མཐོང་བས་ཐེ་ཚོམ་གྱི་ཡུལ་དུ་གྱུར་ཏོ།།

དེང་གི་གནས་ཚུལ། དེ་ནས་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ལོར་དམངས་གཙོ་བཅོས་བསྒྱུར་སྐབས་དགོན་རྙིང་བརླག་རྗེས། ཀྲུང་དབྱང་སྐབས་བཅུ་གཅིག་པའི་ཚོགས་ཆེན་ཐོག་བོད་ལ་ཆོས་དད་རང་མོས་ཀྱི་ཡང་དག་སྲིད་ཇུས་ནམ་མཁའི་སྒྲོན་མེ་ལྟར་ངོམ་ཚེ་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གྱ་གསུམ་ལོ་ཟླ་གསུམ་པའི་ཚེས་ཉེར་ལྔར་ཡང་སྟེང་དགོན་པ་ཡང་སྔ་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་བཙུགས། དེ་ནས་བཟུང་དད་ལྡན་མི་འབངས་རང་མོས་ཀྱི་ངང་ནས་འབུལ་འབྱོར་དང་རྒྱལ་ཁབ་ཀྱིས་རོགས་རམ་ཀུན་དགའ་དོན་འགྲུབ་ཁྲི་ཉེར་བདུན་གནང་བ་སོགས་དགོན་ཡང་སྔར་ལྟར་ཡར་རྒྱས་དང་སྐྱེས་ཤུགས་ངོམ་བཞིན་མཆིས།

ཐོག་མ་དགོན་ནང་གྲྭ་བ་བདུན་ཅུ་ཙམ་དང་ཕྱིས་སུ་རིམ་བཞིན་འཕེལ་རྒྱས་འགྲོ་བས་ད་ལྟ་སུམ་བརྒྱ་དྲུག་ཅུ་ལྷག་ཡོད། བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་བྱི་ལོར་གཞུང་ལམ་དགོན་པ་ནང་ལ་དྲངས་ནས་འདུ་ཁང་། བྱམས་ཁང་། ལྟག་མཚམས་ཁང་། རྟེན་གསུམ་དང་མཆོད་ཆས་རྣམས་ཀྱང་ལྷུན་གྱི་གྲུབ་སོང་།

དེ་དུས་དགོན་པ་འདི་ཉིད་ལ་དཀའ་དྲིན་ཤིན་ཏུ་ཆེ་བའི་ཆོས་གླིང་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་བློ་བཟང་ཀུན་དགའ་འཕྲིན་ལས་རྒྱལ་མཚན་མཆོག་ནི་(རབ་བྱུང་བཅོ་ལྔ་པའི་ཕོ་འབྲུག་ལོ་ནས་རབ་བྱུང་བཅུ་བདུན་པའི་ཆུ་མོ་བྱ་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་བར་བཞུགས)གཟུགས་ཁམས་ཆོས་དབྱིངས་སུ་མ་བྱོན་སྔོན་དགོན་པའི་ལུང་རྟོགས་ཀྱི་བསྟན་པ་དང་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་བསྐྱངས་བས་ཡུལ་གྱི་[page 518] སྲིད་གཞུང་དང་འབངས་མི་སེར་རྣམས་ཀྱི་ཐལ་མོ་སྙིང་ཀར་སྦྱར་ནས་སྐྱབས་གསུམ་མགོན་པོར་དད་པའི་ཚུལ་དུ་ཁོང་ཉིད་ལ་དད་པ་དང་ཡིད་ཆེས་པའི་ཡུལ་དུ་གྱུར། ཁོང་ཉིད་སྐུ་བཤེགས་རྗེས་ཀྱི་ལོ་གཅིག་ནང་སེར་སྐྱ་རྣམས་རང་མོས་ཀྱི་ངང་ནས་འབུལ་བ་འབྱོར་ནས་དངུལ་དང་རིན་ཆེན་སྣ་ལྔའི་ཕྲ་དང་ལྡན་པའི་སྐུ་གདུང་མཆོད་རྟེན་མི་ལུས་མཐོ་ཚད་ཞིག་བཞེངས། ད་སྐབས་ཡང་དགོན་པའི་མི་དགའ་ཡིས་ན་གཞོན་རྣམས་ལ་དཔེ་ཆ་སློབ་པའི་དགེ་བའི་བཤེས་གཉེན་ཡང་དག་ཞིག་ཡིན་པ་མ་ཟད། མཆོད་རྟེན་དང་ཆུ་འཁོར་ལོ་ཁོ་ན་བཞེངས་ནས་ཆོས་ཕྱོགས་ཀྱི་བྱ་བཞག་བླ་ན་མེད་པ་བྱེད་བཞིན་ཡོད།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དང་སྐྱིད་ལེགས་ཆོས་ཀྱི་རྒྱལ་མཚན་བཅས་བོད་ཁམས་ཡོངས་ལ་གྲགས་པའི་སྤྲུལ་སྐུ་མང་པོ་དགོན་འདིར་ཕེབས་ནས་དབང་ལུང་སོགས་ཀྱི་བཀའ་དྲིན་གཞལ་མེད་སྐྱོངས་བར་བརྟེན་བླ་མ་དང་དགེ་འདུན་པ་རྣམས་ཀྱི་གྲྭ་ཤག་བརྒྱ་ཙམ་བཞེངས། གཞི་གསུམ་གྱི་ཆོ་ག་བརྒྱུད་སྡེ་བཞིའི་སྒྲུབ་མཆོད། རྒྱལ་བསྟན་དར་རྒྱས་དང་བསྟན་འཛིན་གྱི་སྐྱེས་བོ་དམ་པ་རྣམས་ཞབས་བརྟན་འགྲོ་བ་རྣམས་བདེ་སྐྱིད་འབྱུང་བའི་ཐུགས་བསྐྱེད་ཀྱི་སྤྱི་རིམ་གནད་སྨིན་དགེ་འདུན་འདུས་སྡེ་ཡོངས་ནས་ལོ་ལྟར་འཚོགས་བཞིན་པ་བཅས་སོ།།

མཚོ་མགོ་དགོན་གྱི་ལོ་རྒྱུས།

གནས་ཆེན་རིགས་གསུམ་མགོན་པོའི་ནུབ་ཕྱོགས་སུ། ཀརྨ་པཀྵི་ཡིས་ཐོག་མར་ཕྱག་བཏབ་པའི་མཚོ་འགོ་དགོན་ཞེས་པ་ཞིག་ཡོད། དགོན་དེ་བར་སྐབས་སུ་ཤུལ་མེད་དུ་སོང་ནས་ས་ཆ་དེ་ཡང་མཚོར་གྱུར་ཏོ།། དེ་ནས་ཡང་བོད་ར་བྱུང་བཅུ་པའི་དཀྱིལ་ཙམ་ལ་གནས་ཆེན་གྱི་དྲུང་དུ་ཆགས་པའི་མཚོ་ཐོག་རགས་སྦས་ཚང་གི་བཟའ་མི་གཉིས་ལ་བུ་ཕྲུག་མ་སྐྱེས་པས་རེ་ཞིག་གནས་ཆེན་འདི་བསྐོར་སྐབས་ཆོས་སྐོང་བྲག་འགག་ཟེར་བའི་ས་གནས་དེའི་མཚམས་ལ་བུ་ཞིག་རྙེད། བཟའ་མི་གཉིས་རབ་ཏུ་དགྱེས་པས། དཀོན་མཆོག་མཁྱེན། དེ་རིང་ལྷའི་བུ་ཞིག་རྙེད། ཡ་མཚན་ཆེ་ཟེར་ནས་ཁྱིམ་དུ་ཁྲིད་ནས་གསོ་སྐྱོང་བྱས། ལྷ་བུ་འདི་ཉིད་ལོ་ན་ཆུང་དུས་གངས་དཀར་རྣམ་པར་རྒྱལ་བའི་དུ་ལྔ་ཟུང་རིག་གནས་སློབ་སྦྱོང་བྱས། ལོ་བཅུ་བདུན་ལོན་པའི་ཉིན་ཞིག་ལ་བར་སྣང་དུ་མཁའ་འགྲོས་རོལ་མོ་དཀྲོལ་ནས་མཚོ་མགོ་རུ་ཁྲིད། དེ་ནས་བཟུང་ཁོང་ཉིད་ཡར་བརྟན་ནག་མོ་ཡུལ་སྒོམ་སྒྲུབ་མཛོད་ནས་བཞུགས། ཉིན་གཅིག་ལ་ཁོང་གི་དབུ་ཞྭ་འཕུར་ནས་ཕ་རོལ་ཐང་ཞིག་ཏུ་བབས། ཁོང་གིས་ཕྱག་མཛོད་ལ་དབུ་ཞྭ་ཡོད་ས་དེར་རྟགས་རྒྱོབ་གསུངས། འོན་ཀྱང་ཕྱག་མཛོད་ཀྱིས་དབུ་ཞྭ་ཡོད་ས་དེར་རྟགས་འཇོག་རྒྱུ་བརྗེད་ནས་དེ་ཡི་འོག་གི་ས་གནས་ཞིག་ལ་རྟགས་བརྒྱབ། ཕྱིས་ལྷ་བུ་རབ་འབྱམས་དཀོན་མཆོག་རྒྱལ་མཚན་གྱི་གནས་དེར་དགོན་པ་བཏབ། རྒྱལ་བ་ཀརྨ་པས་ལྷ་སའི་སྟོད་ལུང་ནས་རབ་གནས་མཛད་སྐབས་དགོན་འདིའི་ཐོག་ལ་ནས་ཀྱི་[page 519] ཆར་པ་བབས་མྱོང་བ་སོགས་དང་། དགོན་ས་འདི་སྔོན་དུ་མཚོ་ཡིན་པ་མ་ཟད་ཀླུ་ཆེན་བརྒྱད་ཀྱི་གནས་ཡིན་པས་མཚོ་སྒོང་དགོན་ཞེས་གྲགས་ཀྱང་ཕྱིས་ལོ་དུས་འགྱུར་བའི་དབང་གིས་མཚོ་མགོ་དགོན་དུ་གྲགས་སོ།།

ལྷ་ཁང་རྙིང་པ་དེ་ནང་མཉམ་མེད་དྭགས་པོ་ལྷ་རྗེའི་སྐུ་བརྙན་བཞེངས་ཡོད་པས་དྭགས་པོའི་ལྷ་ཁང་ཡང་ཟེར། ལྷ་ཁང་གསར་པའི་ནང་ཇོ་མོ་སྐུ་གཅི་དང་བཀའ་བསྟན་འགྱུར་ཆ་གཅིག་བཞུགས་ཡོད། དགོན་འདིའི་གྲུབ་མཐའ་ཐོག་མ་དྭགས་པོ་བཀའ་བརྒྱུད་ཡིན་པ་འདྲ། ཕྱིས་རི་བོ་དགེ་ལྡན་ལུགས་སུ་བསྒྱུར། དེང་གངས་དཀར་གླིང་གི་དགོན་ལག་ཏུ་གྱུར།

ཆོས་གླིང་དགོན་གྱི་ལོ་རྒྱུས།

ཆོས་གླིང་དགོན་ནི་བོད་རབ་བྱུང་བཅོ་ལྔ་པའི་མེ་ཕོ་སྟག་ལོར་སྔགས་རམས་དགེ་བཤེས་འཇམ་དབྱངས་གྲགས་པས་བཏབ་པའི་དགོན་པ་ཞིག་ཡིན་ལ་དེ་དུས་ཀྱི་དགོན་པ་ནི་སྒྲོན་ཤིང་ནགས་ནང་བཏབ་ཡོད་རྐྱེན་སྒྲོན་རྒྱབ་དགོན་ཟེར། ཕྱིས་སུ་དེང་གི་ལི་ཐང་སྐྱབས་དགོན་གྱི་སྐུ་ཐོག་གོང་མ་ཤོག་དྲུག་སྐྱབས་མགོན་དགོན་འདིར་བྱོན་ཚེ་མིང་ཆོས་གླིང་དགོན་དུ་བཅས་སོ།། སྔར་རྒྱ་དོ་ཐས་ཨམ་བན་ཀྲོའ་ཨུར་ཧྥོང་མ་འོང་སྔོན་ལ་བླ་སྤྲུལ་གྲྭ་བ་ཐམས་ཅད་ཡང་ལྡིང་དགོན་ནང་འཚོགས་སར་ཡོང་དགོས་པའི་ལོ་རྒྱུས་སྣང་། རྗེས་སུ་ཡང་ལྡིང་དགོན་དོ་ཐས་བརླགས་ནས་ཉམས་གསོ་བྱེད་སྐབས་སྔགས་རམས་འཇམ་དབྱངས་གྲགས་པས་ཡང་ལྡིང་དགོན་གྱི་སྟག་ཁྱིམ་པ་ཕུན་ཚོགས་འཇམ་དཔལ་ལ་དགོན་པ་ཞིག་བཏབ་བཅུག་རོགས་སོགས་ཡང་ནས་ཡང་དུ་ཞུས་པར་ཆོས་གླིང་དགོན་

བཏབ་ཆོག་པའི་གནང་བ་ཐོབ་པའི་ཕྱིར་ཡང་ལྡིང་དགོན་གྱི་དགོན་ལག་ཡིན་པར་གྲགས་སོ།།

དགོན་འདི་བཏབ་ནས་དེང་བར་བགྲང་བྱ་བདུན་ཅུ་མ་བརྒལ་བའི་རིང་ལ་སྔགས་རམས་འཇམ་དབྱངས་གྲགས་པའི་ཡང་སྲིད་ཆོས་ལྡན་རྒྱ་མཚོ། ནམ་མཁའི་སྤྲུལ་སྐུ་དང་ཨཾ་རྫ་བླ་མའི་སྐུ་ཐོག་གོང་མ་འཕྲིན་ལས་སྙན་གྲགས་རྒྱ་མཚོ་འཕྲིན་ལས་བསྟན་འཕེལ་རྒྱལ་མཚན། སྐལ་བཟང་མཁྱེན་རབ་བློ་བཟང་དགེ་ལེགས་མཁས་གྲུབ་རྒྱ་མཚོ་སོགས་ཀྱིས་ཁ་ཞེ་གཉིས་མཐུན་ལྷག་བསམ་དག་

པའི་སྒོ་ནས་དགོན་དེར་ཐུགས་ཁུར་བཞེས། བྱམས་ཁང་དུ་འཇིམ་སྐུ་བྱམས་པ་དང་དེ་བཞིན་གཤེགས་པ། རྗེ་ཡབ་སྲས་གསུམ། ཇོ་བོ་ཤཱཀྱ་མུ་ནེ། སངས་རྒྱས་མི་འཁྲུགས་པ། རྗེ་ཡབ་སྲས་གསུམ། སློབ་དཔོན་པད་འབྱུང་སོགས་བཞེངས་རྒྱ་གར་རྡོ་རྗེ་གདན་ནས་རྗེ་ཡབ་སྲས་གསུམ་དང་ཐུབ་སྐུ་གཉིས། རྒྱལ་བ་བྱམས་པ་གསེར་ཟངས་ཀྱི་སྐུ་བབས་གདན་དྲངས།

ངོ་རྒོལ་བཞིའི་རིང་ལ་ཚང་མ་བརླགས་ཀྱང་བོད་རབ་བྱུང་བཅུ་དྲུག་འི་ཆུ་མོ་ཕག་ལོར་སླར་དགོན་[page 520] གསར་བཏབ། དེང་སང་གཙུག་ལག་ཁང་ཉམས་གསོས་བསྟན་པ་དར་ཆེད་བཅའ་ཡིག་སོགས་བཀོད་པ་མ་ཟད་གྲྭ་ཤག་ཉེར་གསུམ་སོགས་སྐྲུན་ཞོད་ཡང་ལྡིང་དགོན་ལྟར་དུས་རྒྱུན་མཆོད་སྲོལ་མ་ཆད་པར་འཚོགས་བཞིན་ཡོད་དོ།།

ས་གདུལ་རི་ཁྲོད་ཀྱི་ལོ་རྒྱུས།

ས་གདུལ་རི་ཁྲོད་ལ་ཐེག་ཆེན་བཤད་སྒྲུབ་ཕུན་ཚོགས་ཆོས་སྡེ་དགོན་ཡང་འབོད། བོད་རབ་བྱུང་བཅུ་གཉིས་པའི་སྨད་ཙམ་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྨད་མདོ་ཁམས་སུ་རྒྱལ་དབང་དྲུག་པའི་ཡང་སྲིད་བསྐལ་བཟང་རྒྱ་མཚོ་འཚོལ་སྐབས། འབུམ་མཛེས་དཔོན་གྱིས་དགའ་བསུ་ལེགས་རབ་བྱས་ནས་མགོ་རིམ་ས་གནས་ཀྱི་རི་ཐོག་ལ་དགོན་ཞིག་བརྒྱབ་ཆོག་གི་འདུག་ཅེས་གསུངས་བར་བརྟེན། ཁྲི་བྱང་སྐུ་རབས་གཉིས་པ་ཚུལ་ཁྲིམས་དཔལ་ལྡན་གཙོ་བཞེས་ཀྱིས་དགོན་པ་བཏབ། ཕྱིས་གངས་དཀར་རྣམ་རྒྱལ་གླིང་གི་བུ་དགོན་དུ་གྱུར། དགོན་སྡེ་གཞན་དག་དང་འདྲ་བ་དགོན་འདི་ཡང་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་ཆེན་མོར་བརླགས་པ་སྟེ། རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི་ལོར་དགོན་པ་བཤིག། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་ཁྱི་ལོར་སླར་གསར་དུ་བསྐྲུན།

དགོན་སྡེ་འདིར་སྐུ་རྟེན་ཇེ་ཡབ་སྲས་གསུམ་གྱི་འཇིམ་སྐུ་དང་བལ་ཡུལ་ནས་གདན་དྲངས་པའི་གསེར་གྱི་ཐུབ་སྐུ། འཇིགས་བྱེད་ལྷ་བཅུ་གསུམ། གསང་བ་འདུས་པ། བདེ་མཆོག། མགོན་པོ་ཕྱག་དྲུག་པ་སོགས་ཡོད། གསུང་རྟེན་བཀའ་འགྱུར་ཁོ་ནའོ། བཅའ་ཡིག་དང་བསྟན་འགྱུར་གྱི་ཡི་གེ་ནི་འབར་སེར་དགོན་མཆོག་ལ་གནང་ཡོད་ཀྱང་ཕྱིས་སུ་བོད་དུ་དགྲ་འཁྲུགས་ལངས་ནས་ཁང་པ་དང་བཅས་མེར་བྱོན་སོང་བའི་ངག་རྒྱུན་ཡོད། དེང་དུས་དགོན་འདི་ནང་གྲྭ་བཞི་བཅུ་ཞེ་གྲངས་ཡོད། དུས་རྒྱུན་ལུང་པ་འདི་ཡི་སྲུང་མ་གསོལ་རྒྱུ་དང་སྤྱི་རིམ། ཆར་འབེབས་བྱེད་པ་ཙམ་ལས་འཚོགས་ཆེན་སོགས་ནི་མེད། བཤད་གྲྭ་དང་སྒྲུབ་གྲྭ་སླར་འཛུགས་བྱེད་བསམ་གྱིན་ཡོད་ཀྱང་ད་དུང་མངོན་དུ་མ་གྱུར་རོ།།

གངས་དཀར་དགོན་གྱི་ལོ་རྒྱུས།

དགོན་པ་འདི་ཐོག་མར་ཕྱག་འདེབས་པའི་སྐོར། རྒྱལ་བ་སྐུ་ཕྲེང་ལྔ་བ་བློ་བཟང་རྒྱ་མཚོའི་སྐུ་རིང་ལ་གུ་ཤི་བསྟན་འཛིན་ཆོས་རྒྱལ་གྱི་སྲས་རྒྱལ་པོ་མཁའ་འགྲོ་ལ་ཁམས་ཕྱོགས་སུ་རྒྱལ་བ་ཙོང་ཁ་བ་ཆེན་པོའི་མདོ་སྔགས་བསྟན་པ་དྲི་མ་མེད་པར་འཛིན་པའི་སྔགས་གླིང་བཅུ་གསུམ་འདེབས་དགོས་པའི་བཀའ་ལྟར། རྒྱལ་པོ་མཁའ་འགྲོ་སྨད་མདོ་ཁམས་སྒང་དྲུག་ཏུ་བྱོན་ནས་གདན་ས་ཁྱད་པར་ཅན་འདིར་གཟིགས་པས་ཐུགས་རབ་ཏུ་དགྱེས་ནས་ཡི་དམ་ལྷ་ལ་གསོལ་བ་བཏབ་ནས་ས་གཞི་བྱིན་རླབས་མཛད། དེའི་རྗེས་དེ་[page 521] བཞིགས་ཀྱི་བླ་སྤྲུལ་སོགས་དུ་མ་གདན་བསུ་ཞུས་ནས་ས་གདུལ་གྱི་ཆོ་ག་དང་ཐིག་འདེབས་མཛད། རྒྱལ་པོས་དཔོན་བཞི་དང་ལ་བརྒྱ་ཚོ་གསུམ་གྱི་གཙོ་རྒྱལ་མཆོག་ལྔ་བ་ཆེན་པོའི་བཀའ་བཞིན་སྔགས་གླིང་བཅུ་གསུམ་འདེབས་དགོས་པའི་དོན་ལྟར་གནས་ཆེན་གངས་དཀར་རིགས་གསུམ་གྱི་མདུན་དུ་གངས་དཀར་རྣམ་པར་རྒྱལ་བའི་ཆོས་འཁོར་གླིང་ཞེས་གྲགས་པ། རྒྱལ་པོ་དང་དཔོན་གཡོག་དགོན་བདག་བླ་མ་བློ་བཟང་དར་རྒྱས་རྒྱ་ར་བླ་མ་མཆོག་སྤྲུལ་དགའ་ལྡན་ཆོས་གྲགས་བཅས་ཀྱི་གཟའ་སྐར་བཟང་འཕྲོད་ཕུན་སུམ་ཚོགས་པའི་ཉིན་འདུ་ཁང་ཆེན་མོ་རྒྱ་ཁྱོན་དཀྱིལ་ཀ་བརྒྱད་ཅུ་སོགས་ལས་འགོ་ཚུགས་སོ།

གདན་རབས་རགས་རིམ། དེ་ནས་རིམ་བཞིན་སྐྱེས་ཆེན་དམ་པ་སྐུ་ཞབས་ཤེས་རབ་སྐུ་ཕྲེང་ལྔ་པ་སྨག་པོ་ཡུལ་དུ་སྐུ་བལྟམས། ཨ་སྟེན་བླ་མ་སྐུ་ཕྲེང་བཞི་བ་དགེ་ལེགས་དབང་གྲགས་ནོར་བུ་ཚང་དུ་སྐུ་བལྟམས། དེ་ནས་བཟུང་ཨ་མདོ་དགེ་བཤེས། ཐང་བསྟན་བླ་མ་སྐུ་ཕྲེང་གསུམ་པ། དཔོན་ཚང་བླ་མ་མཁས་གྲུབ་བསྟན་པའི་སྒྲོན་མེ། རྒྱ་གར་གྲུབ་ཆེན། མི་ཉན་དགེ་བཤེས་འཇམ་དབྱངས་དགེ་ལེགས་སྐུ་ཕྲེང་གསུམ་པ། དགེ་བཤེས་བྱང་ཆུབ་ཆོས་འཕེལ། འག་སེར་སྐར་མ་དགེ་བཤེས། སྟོང་གཉན་ཡག་ཡག་དགེ་བཤེས། མཁས་འགོ་སྟག་དགེ་བཤེས། མགོ་རིམ་འབྲུག་དགེ་བཤེས། དབྲུ་སྡོམ་ཕར་ན་དགེ་བཤེས། འབུམ་མཛེས་ཕྱག་རྡོར་དགེ་བཤེས། མགོ་ཕྱག་བཅུད་རོལ་དགེ་བཤེས། ཕྱ་མཐོང་དགེ་བཤེས། ཕོབ་འབྲུག་ཚུལ་ཁྲིམས་གྲགས་པ། སྐུ་ཞབས་སྐྱ་ངག་དབང་བློ་བཟང་། རྣ་རྦ་བླ་མ་བློ་བཟང་ཡེ་ཤེས། བདུད་ལོག་བླ་མ་བློ་བཟང་བསྟན་འཛིན། མགར་ཐར་བླ་མ་སྐུ་ཕྲེང་གཉིས་པ། སྤང་ལོང་རྒྱལ་ཆེན་སྐུ་ཕེབས་གྲུབ་པ་ཐོབ་པའི་བྱང་སེམས་དངོས་བཞུགས་ཀུན་དགའ་གྲགས་པ་རྒྱལ་མཚན་སོགས་ཀྱིས་གངས་དཀར་གླིང་འདིར་ཐུགས་ཁུར་རབ་ཏུ་བཞེས་ཏེ་ལུང་གི་བསྟན་པ་འཆད་ཉན་དང་རྟོགས་པའི་བསྟན་པ་སྒོམ་སྒྲུབ་འཕྲིན་ལས་བསམ་ལས་འདས་པ་མཛད་ནས་རྒྱལ་བ་བསྟན་པའི་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་བཤད་སྒྲུབ་ཀྱི་སྲོལ་ཚུགས་པའི་ངག་རྒྱུན་སྣང་། བླ་རབས་དང་མཁས་རབས་ལོ་རྒྱུས་ཀྱི་ཡིག་ཆ་མེད་པས་རྒན་རབས་རྣམས་ཀྱི་བཤད་སྲོལ་ནང་ད་ཡོད་ལོ་རྒྱུས་ཆ་མ་ཚང་རྣམས་ལ་དཔྱད་དེ་དངོས་ཐོག་བདེན་འཚོལ་གཞི་བཟུང་ནས་འཁྲུངས་ཡུལ། མཚན། ཡབ་ཡུམ་བཅས་གསལ་པོ་མ་མཆིས་ལ་འདིར་བརྗོད་པ་ནི་རགས་ཙམ་ཡིན་ནོ།།

རྟེན་གསུམ་སྐོར། དེ་ཡང་རྒྱལ་པོ་མཁའ་འགྲོས་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟའི་ལོར་དགོན་འདི་བཏབ་ནས་བཟུང་། བླ་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པ་རྣམས་གྲངས་བགྲང་བ་དཀའ་ཡང་དེའི་ནང་དུ་སྐུ་རྟེན་གཙོ་བོ་རིན་ཆེན་སྣ་ལྔ་ལས་བྱུང་བའི་རྗེ་བཙུན་བྱམས་པ་མགོན་པོ་བལྟས་ན་མི་ངོམས་སྐུ་བྱིས་པ་ལོ་བརྒྱད་ཀྱི་མཐོ་ཚད་དང་། གསེར་སྐུ་ལི་མ་དྲུག་ཅུའི་ལྷག་ཙམ། བཀའ་གདམས་མཆོད་རྟེན་[page 522] དྲུག འཇིམ་ལས་གྲུབ་པའི་སྐུ་དང་ཐང་ཀ་སོགས་མང་པོ་ཡོད་པར་གྲགས། གསུང་གི་རྟེན་ལ་རྒྱལ་བའི་བཀའ་འགྱུར་དང་དེ་ཡི་དགོངས་འགྲེལ་བསྟན་འགྱུར་སོགས་གྲངས་མེད་པར་བཞུགས། གཞན་ཡང་སྲུང་མ་ཁང་ཀ་བ་བཞི་ཅན་དང་ཇ་ཁང་ཀ་བ་བཞི་ཅན། པར་ཁང་ཀ་བ་གཉིས་ཅན་སོགས་གྲུབ། དེ་རྣམས་ལས་ཁྱད་དུ་འཕགས་པ་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པའི་ཀུན་མཁྱེན་བདུན་པ་བསྐལ་བཟང་རྒྱ་མཚོ་ཉིད་ཀྱིས་གནང་བའི་བཅའ་ཡིག་ཤེལ་དཀར་མེ་ལོང་བཞུགས་ལ། བཅའ་ཡིག་འདི་ནི་ཀ་འཕེན་ལྟར་རིང་པོ་འདུག། གོང་ལ་རྗེ་ཡབ་སྲས་གསུམ་གྱི་སྐུ་དང་། གཡས་གཡོན་དུ་བློ་བཟང་རྒྱ་མཚོ་དང་བསྐལ་བཟང་རྒྱ་མཚོ། བསྟན་པའི་ཉི་མ་གསུམ་གྱི་སྐུ་འདྲ་བཞེངས་ཡོད། འོག་ལ་ཆོས་རྒྱལ་མགོན་པོ་ཕྱག་དྲུག་པ། རྒྱལ་ཆེན་བསྲེ་ཡི་ཁྲབ་ཅན། དཔལ་ལྡན་ལྷ་མོ་སོགས་བཞེངས་ཡོད་པ་མ་ཟད་རྒྱལ་མཆོག་གཉིས་ཀྱིས་ཐང་ཀ་ཆེ་ཆུང་གཉིས་ཕྱག་པར་དང་བཅས་གནང་ཡོད། དགོན་སྡེ་འདིས་ཀྱང་བཅའ་ཡིག་རིན་ཆེན་ཕྲེང་བ་གཉིས་ལ་བརྟེན་ནས་རྗེ་བདག་ཉིད་ཆེན་པོའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་མདོ་སྨད་ཡུལ་གྱི་ཕྱོགས་ཐམས་ཅད་ལ་ཁྱབ་པར་མཛད་པ་དེས་མདོ་སྔགས་ཀྱི་བསྟན་པ་རྟ་བདུན་འོད་བཞིན་གསལ་བ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་བཤད་སྒྲུབ་ཀྱི་འཁོར་ལོ་ལེགས་པར་བསྐོར་ཅིང་རྒྱལ་བའི་བསྟན་པ་སྟོན་ཟླ་རྒྱས་པའི་དཔལ་ལ་འགྲན་པའོ། དགོན་འདི་བསྟན་པ་དར་ཆེ་ཤོས་ཀྱི་ཚུལ་ནི་ཧ་ལམ་དེ་ཙམ་ཡིན་ནོ།།

དགོན་འདི་ཆགས་ནས་བགྲང་བྱ་མི་ལོ་ཉིས་བརྒྱ་སུམ་ཅུ་ལྷག་ཙམ་སོང་རྗེས་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་ལོའི་སྐབས་སུ་རྒྱ་དོ་ཐས་(རྒྱ་མིང་”ཀྲའོ་ཝུ་ཧྥང་”)ཟེར་བ་ཞིག་ཡོང་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་སྔགས་རྡོ་རྗེ་ཐེག་པའི་རིང་ལུགས་ལ་འཚེ་བ་ཤིང་ཏུ་ཆེན་པོ་བྱས། དགོན་པའི་གཙུག་ལག་ཁང་སོ་སོའི་ཡིག་ཆ་དང་རྟེན་གསུམ་ཐམས་ཅད་མེར་བསྲེགས་པ་མ་ཟད། གྲྭ་པ་བཅུ་ལྷག་ཙམ་གྱི་སྐེ་བཅད་པའི་གནས་ཚུལ་སོགས་བྱུང་། བསྟན་པའི་ཉི་མ་ནུབ་རིའི་རྒྱབ་ཏུ་ཡལ་ནས་ལོ་ངོ་བཅུ་གཉིས་བར་དུ་ལུས་སོང་། དེ་ནས་ཨ་རྫ་བླ་མ་ངག་དབང་འཕྲིན་ལས་འག་སི་རུ་གདན་དྲངས་ནས་གནས་དེར་བླ་མ་དང་དགེ་འདུན་མི་སེར་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དབང་ཆེན་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་ཚེ་དབང་དམིགས་བརྩེ་མ་སོགས་ཀྱི་ལུང་མང་པོ་

སྩོལ་བ་མཛད་སྐབས། མཚོ་ཐོག་དཔོན་ཨ་དཔེ་བླ་མའི་དྲུང་དུ་སོང་སྟེ་རབ་གནས་ཆེན་པོ་དང་དབང་ལུང་སོགས་གནང་བཞུ་བས་བླ་མས་ཡུད་ཙམ་གཟིགས་ཏེ་ཞལ་ནས། ཁྱེད་ཀྱི་བདག་ལ་རབ་གནས་ཆེན་པོ་བྱས་དགོས་ཟེར་བ་ནི་དགོས་པ་ཆུང་ཤོས་ཡིན། དེ་ལས་ཀྱང་གལ་འགངས་ཆེ་བ་ནི། ཁྱེད་རང་ས་དགོན་རུལ་ནང་རྩྭ་དང་ཤིང་ཕུང་བྱ་ཚང་ལྕི་བ་སོགས་ལ་ལྟ་འདོད་དམ། དེ་ལས་ན་མི་འགའ་འམ། སྔར་ཁྱེད་རང་གི་དགོན་འདིར་ནི་རྗེ་བདག་ཉིད་ཆེན་པོའི་མདོ་སྔགས་ཐམས་ཅད་ཡོངས་སུ་གྲགས་པ་རེད་མོད་གསུངས། དཔོན་གྱི་ལག་སོ་དེ་ལྟར་ཡིན། དགོན་འདི་སྔར་བཞིན་དར་རྒྱས་བཏང་རྒྱུ་ནི་བདག་གིས་ཁས་བླངས་སོགས་ཞུ། བླ་མ་ཐུགས་རབ་ཏུ་དགྱེས་ནས་[page 523] དེ་འདྲ་ཡིན་གསུངས་ཏེ་གཙོ་བོ་དམ་པ་གོང་མ་རྣམས་ཀྱིས་དགོན་པ་ཕྱག་འདེབས་ཚུལ་དང་རི་བོ་དགའ་ལྡན་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དེ་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་ལུགས་སོགས་མང་པོ་གསུངས་ནས་བསྔགས་པར་མཛད་པའོ། མཚོ་ཐོག་དཔོན་ཨ་དཔེ་དང་གཟི་བ་དཔོན་ཨ་གྲང་གཉིས་ཀྱིས་རི་ཁྲོད་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་དགོན་པ་ཉམས་གསོ་དགོས་པའི་ཞུ་བ་མང་པོ་ཕུལ་བས་བླ་མ་ཡང་དགོངས་མཐུན་བྱུང་ནས་བོད་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ལུག་སྤྱི་ལོ་1883ལོ་ཧོར་ཟླ་དང་པོའི་ཉིན་ལ་དཔོན་གཉིས་ཀྱིས་ལས་བཟོ་ལ་སོགས་བསྡུས་ནས་སྔར་ལས་ལྷག་པའི་འདུ་ཁང་དཀྱིལ་ཀ་བརྒྱ་དང་ཉི་ཤུ་ཅན་དང་ཁྱམས་ཁང་དང་སྲུང་མ་ཁང་དཀྱིལ་ཀ་དྲུག་སོགས་ལས་རྒྱུའི་འཆར་གཞི་བྱས་ནས་ལས་འགོ་ཚུགས། རྒྱ་དོ་ཐས་མ་ཡོང་སྔོན་ལ་སྐུ་ཞབས་ཤེས་རབ་ལྷ་སར་ཕེབས་ཏེ་ལོ་བཅུ་གསུམ་སོང་བས་ཁོང་རྒྱལ་མཆོག་གི་སྐུ་མདུན་དུ་ཕེབས་ནས་ལྷ་སར་ཆོས་སྒྲུབནས་སྡོད་པ་དང་ཕ་ཡུལ་དུ་མར་འགྲོ་བ་གཉིས་གང་ལེགས་ཞུ་བར། རྒྱལ་མཆོག་གི་མར་འགྲོ་བར་ལེགས་ཤིང་བསྟན་དོན་རྒྱ་ཆེན་ཡོང་གསུངས། དེ་བརྟེན་སྐུ་ཞབས་བྱོན་ནས་ཕ་ཡུལ་དུ་སླེབས་སྐབས་འདུ་ཁང་ལས་མཚམས་སྤེན་པད་མཚམས་སུ་ཡོད་དོ། སྐུ་ཞབས་ཤེས་རབ་ཡང་རི་ཁྲོད་བླ་མ་དང་དཔོན་གཉིས་ལ་རོགས་སྐྱོར་མཛད་ནས་གཙུག་ལག་ཁང་ཐམས་ཅད་ལེགས་པར་གྲུབ། དེའི་རྗེས་སུ་ཚོགས་ཁྲོ་ཆེན་པོ་བཞི་བླུག། གཞན་ཡང་གསེར་ཟངས་ལས་གྲུབ་པའི་གཉྫི་ར་གསུམ། རྒྱལ་མཚན་དྲུག། རི་དྭགས་གཉིས་ནོར་བུ་ཆོས་འཁོར་སྤེན་རྒྱན་དང་བཅས་པ་བཞེངས། རྒྱལ་དབང་ལྔ་པས་གནང་བའི་སྲས་བརྒྱད་ལས་རྗེ་བཙུན་བྱམས་མགོན་གྱི་སྐུ་དང་གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གསེར་སྐུ་དང་ལི་མ་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་གོས་ཆེན་ལས་གྲུབ་པའི་རྗེ་ཙོང་ཁ་བ་གོས་སྐུ་ཐོག་ཚད་གཉིས། འཇིམ་ལས་གྲུབ་པའི་སྐུ་གྲངས་མེད་པ་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆ་རེ་དྲུག། དེ་ཡི་དགོངས་འགྲེལ་བསྟན་འགྱུར་ཚར་གསུམ། གསེར་བིས་དང་དངུལ་བྲིས་ཀྱི་འབུམ་མདོ་བསྐལ་གསུམ་དང་པོད་གཞན་ནི་གྲངས་མེད་པ་བཞུགས་སོ། ཐུགས་རྟེན་ལ་བཀའ་གདམས་མཆོད་རྟེན་དྲུག་བཞུགས་ལ་མཆོད་ཆས་ནི་ཆ་ཚང་བ་མ་ཟད་མང་པོ་ཡོད།

དེ་ནས་སྤྱི་ལོ་1956ལོར་དགོན་པའི་སྐུ་གྲགས་དང་ས་ནས་དཔོན་གྲགས་རྣམས་ཀྱིས་བཅོས་བསྒྱུར་བཀག་འགོག་བྱས་ཟེར་ཆ་དང་འཁྲུགས་རྩོད་བསླངས། ཕན་ཚུན་བྱས་པ་ངན་པས་མཇལ་དཀའ་རྒྱལ་བའི་བསྟན་པ་བརླགས་བཤིག་བཏང་། དཔེ་ཆ་དང་ཐང་ཀ་སོགས་མེར་བསྲེགས་པ་མ་ཟད་མི་དམངས་ཀྱི་མཆོད་ཆས་སྐུ་རྟེན་ཐམས་ཅད་བཙན་ལེན་བྱས། དགེ་འདུན་གྱི་སྡེ་འཛུགས་

མི་ཆོག་པའི་བཀའ་བཙན་བསྩལ། དེ་ལྟ་ནའང་མི་དམངས་དང་ཆོས་ལུགས་བར་གྱི་ཐུན་མིན་པའི་བརྩེ་དུང་ལ་གནོད་པ་ག་ལ་ཐེབས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ཀྲུང་དབྱང་གི་སྒོ་ཀུན་ནས་ཟིང་བཅོས་ཡོ་བསྲང་དང་རྩ་བའི་ཐོག་ནས་བསྒྱུར་བཅོས་བྱེད། ཏང་གི་ཆོས་ལུགས་ལས་དོན་ཐོག་ཀྱི་ཡང་དག་པའི་སྲིད་ཇུས་དང་བྱེད་ཕྱོགས་རིམ་བཞིན་ཉམས་གསོ་བྱུང་། བོད་རབ་བྱུང་བཅུ་དྲུག་[page 524] པའི་ལྕགས་བྱ་ལོ་སྤྱི་ལོ་1982ལོའི་ཟླ་བཅུ་པའི་ཚེས་ཉེར་བཞི་དགའ་ལྡན་ལྔ་མཆོད་དུས་བཟང་ཉིན་ཆོས་ཀྱི་བྱེད་སྒོ་སྤེལ་སྲོལ་བཙུགས་པ་སོགས་རིམ་བཞིན་དགེ་འདུན་གྱི་སྡེ་བྱུང་། སྔར་གྱི་མཚོ་ཐེག་དཔོན་གྱི་དེ་ཚོགས་ཁང་བྱས་སོ། 1982ལོ་ཟླ་བ་དང་པོའི་ཚེས་བདུན་ལ་ཀུན་དགའ་བླ་མ་གྲགས་པ་རྒྱལ་མཚན་དང་ཐོས་བསམ་བླ་མ་བློ་བཟང་ཡེ་ཤེས། འག་འཐས་བླ་མ་གྲགས་པ་རྒྱལ་མཚན་དགེ་སློང་ཆོས་བཟང་ཚུལ་ཁྲིམས་བཅས་ཀྱིས་དབུ་བྱས་ཏེ་གངས་དཀར་གླིང་ཡང་སྔར་ལྟར་བཙུགས་སོ།།

དུས་མཆོད་རྒྱུན་སྲོལ། རྒྱལ་དབང་རིན་པོ་ཆེ་དང་རྒྱལ་པོ་མཁའ་འགྲོས་དགོན་འདི་བཏབ་ནས་བཟུང་ལོ་རེའི་དུས་མཆོད་རགས་ཙམ་བཀོད་ན། བོད་ཟླ་དང་པོའི་ཚེས་གཅིག་ལ་དཔལ་ལྡན་ལྷ་མོའི་དུས་གཏོར་དེ་ནས་ཚེས་བཅོ་ལྔའི་བར་དུ་ཆོ་འཕྲུལ་སྨོན་ལམ་གསུང་ཆོས་དམ་བཅའ་འཇོག་པ། མཆོད་དབྱངས་དང་བསྔོ་སྨོན་གྱི་མཚམས་སྦྱོར་ནས་རྒྱལ་བ་བྱམས་པ་གདན་འདྲེན་སོགས། ཚེས་བཅུ་དྲུག་ནས་ཉིན་བར་འཇམ་དཔལ་མཚན་བརྗོད་ཚོགས། བོད་ཟླ་གཉིས་པ་ནས་དགུ་པ་བར་མ་ཎི་བུམ་སྒྲུབ། ཚེ་གསུམ་ལ་རྒྱལ་མཆོག་བསྐལ་བཟང་རྒྱལ་པོའི་དུས་མཆོད་ལ་འཇིགས་གསང་གཉིས་དང་བླ་མ་མཆོད་པ་ཚོགས། ཟླ་བ་གསུམ་པའི་ཚེས་གཅིག་ནས་བདུན་གྱི་བར་གསང་འདུས་དབང་ཆོག་དང་རྒྱས་པའི་སྦྱིན་བསྲེག། ཚེས་བརྒྱད་ནས་བཅུ་གསུམ་རིང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བླ་མ་མཆོད་པ་ཚོགས། ཚེས་ཉེར་གཅིག་ནས་ཉེར་ལྔ་བར་དང་ཟླ་བཅུ་པའི་ཚེས་དྲུག་ནས་ཚེ་བཅུའི་བར་འཁོར་ལོ་བདེ་མཆོག་གི་བདག་འཇུག་ཁ་སྐོང་སྦྱིན་བསྲེགས། ཟླ་བཞི་པའི་ཚེས་གཅིག་ནས་ཉིན་བཅུ་གཅིག་བར་རྡུལ་ཚོན་ལ་བསྟེན་པའི་གསང་འདུས་བདག་འཇུག་དང་མཇུག་ཏུ་ཞི་བའི་སྦྱིན་བསྲེགས། ཟླ་བ་ལྔ་པའི་ཚེས་གསུམ་ནས་དྲུག་པའི་ཚེས་གསུམ་བར་ལ་ཆོས་མཚམས། དྲུག་པའི་ཚེས་གསུམ་ནས་ཚེས་བཅོ་ལྔའི་བར་ཆོས་སྤྱོད་དུས་བཟང་དེར་ཆོས་བཟང་མ་གཏོགས་ཟླ་བ་གང་ཤར་གྱི་གནམ་གང་ཟླ་བ་དང་པོ་གསུམ་པ་བདུན་པ་བཅུ་པ་བཅུ་གཉིས་བཅས་ཀྱི་ཚེས་བཅོ་ལྔ་ལ་ཆོས་སྤྱོད་དུས་བཟང་དང་ཚེས་མཚམས། བདེ་མཆོག་ཚོགས། ཟླ་བ་བདུན་པའི་ཚེས་གཅིག་ནས་ཉིན་དྲུག་གི་རིང་རས་བྲིས་ལ་བརྟེན་ནས་འཇིག་བྱེད་ཀྱི་དབང་ཆོག་སྦྱིན་བསྲེགས། ཟླ་བ་བརྒྱད་པའི་ཚེས་གཉིས་ནས་ས་ཆོག་ཉིན་གསུམ་བྱས་ཏེ་རྡུལ་ཚོན་ལ་བརྟེན་པའི་འཇིག་བྱེད་ཀྱི་བདག་འཇུག་ཉིན་བཅུ་གཅིག་བླངས་ཏེ་མཇུག་ཏུ་ཞི་བའི་སྦྱིན་བསྲེགས། ཟླ་བ་བཅུ་པའི་ཚེས་ཉེར་གཉིས་ནས་གནམ་གང་གི་བར་དགའ་ལྡན་ལྔ་མཆོད་ཆེན་པོ་ཚོགས། བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔར་ཚོགས་ནས་ཉེར་བདུན་ཉེར་བརྒྱད་ཉེར་དགུ་གསུམ་ལ་འབག་འཆམ་ཉིན་གསུམ་ཡོད། ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ནས་ཆོས་ཐེག་ཚོགས་ཏེ་ཚེས་ཉེར་གསུམ་ནས་ཉེར་དགུའི་བར་སྤྱི་སྒྲུབ་ཆེན་མོ་ལོ་གསར་ཚོགས་མཆོད་སོགས་ཀྱང་ཚོགས་སོ།།

ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་པའི་གོ་རིམ། གངས་དཀར་དགོན་པའི་ཡོན་གྱི་འབྱུང་ཁུངས་ནི་སྔོན་རྒྱལ་བ་བློ་བཟང་རྒྱ་མཚོ་དང་སྐལ་བཟང་རྒྱ་མཚོ། རྒྱལ་པོ་མཁའ་འགྲོ་སོགས་ཀྱི་ཡོན་བདག་[page 525] བགྱིས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པའི་མཐུན་རྐྱེན་བསྒྲུབས། དེ་རྗེས་ཡུལ་དཔོན་སོ་སོ་དང་འབངས་མི་རྣམས་ཀྱིས་རང་མོས་ཀྱི་སྒོ་ནས་འབུལ་སྲོལ་ཡོད། བླ་སྤྲུལ་སོགས་ཀྱིས་ཀྱང་དེ་ཚོ་ལ་དམ་འཛིན་བྱེད་ཀྱི་ཡོད་དོ། འགན་བཞེས་པའི་གོ་རིམ་ཕལ་ཆེར་བྱང་རྟེན་དགོན་དང་མཚུངས།

དེང་གི་གནས་ཚུལ། དམངས་གཙོ་བཅོས་བསྒྱུར་གྱི་དུས་སུ་དགོན་པ་ཁག་ལ་ཉམས་རྒུད་བཏང་བས། དེ་ཚེ་དགོན་ནང་རྟེན་དང་བརྟེན་པ་མཇལ་བ་ཤིན་ཏུ་དཀའ། འོན་ཀྱང་དགོན་པ་གསར་བཙུགས་རྗེས་ཀུན་དགའ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས། རིན་ཐང་གཞལ་དཀའ་བའི་གནའ་རྫས་སོགས་རིམ་བཞིན་དད་ལྡན་འབངས་མི་རྣམས་ཀྱི་ཕྱིར་དགོན་པར་འབུལ། དགོན་འདིར་ད་ལྟ་གྲྭ་ཤག་ལྔ་བཅུ་ཙམ་དང་། གྲྭ་བ་སུམ་བརྒྱ་དང་སུམ་ཅུ་ཁ་གྲངས་ཡོད། བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་སྤྱི་ལོ་1986ལོའི་ཟླ་4པའི་ཚེས་21ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིལ་ལས་ཆོས་ཀྱི་རྒྱལ་མཚན་དགོན་འདིར་ཕེབས་ནས་ཆོས་ལུགས་ཀྱི་སྲིད་ཇུས་ཞིབ་གསུང་དང་དབང་བསྐུར་གནང་བ་ཆོས་རྭ་ནང་དུ་ཁོང་གི་ཕྱག་དབང་དང་ཕྱག་མདུད་གནང་བའི་བསྐལ་བ་བཟང་པོ་ཞིག་བྱུང་། དེ་ནས་བཟུང་བླ་སྤྲུལ་གྲྭ་བ་ཐམས་ཅད་རང་ཉིད་ཀྱི་སྡོམ་པ་ཁས་བླངས་པ་ལྟར་བསྲུང་བ་མ་ཟད་ཚུལ་འཆལ་གྱི་དྲི་ཙམ་མ་གོས་ནས་ཆོས་མཐུན་གྱི་མཛད་སྤྱོད་གནང་ངོ་།།

བྲག་ནག་དགོན་གྱི་ལོ་རྒྱུས།

དགོན་པ་འདེབས་པ་པོ་ནི། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པའི་རྣམ་རོལ་བཀའ་གཏེར་ཆོས་འཕེལ་འོད་ཟེར་མཆོག་ཡིན། ཁོང་ཉིད་ཆུང་ངུ་དུས་ནས་འཇམ་དཔལ་མཚན་བརྗོད་མ་སློབ་པར་མཁྱེན་ཅིང་དགུང་ལོ་བཅོ་ལྔ་ལོན་ཚེ་མདོ་སྔགས་ཡོངས་སུ་ཁོང་དུ་ཆུད་པ་དང་། ངོར་ཆེན་ཀུན་དགའ་སྙིང་པོ་སོགས་བླ་མ་ལྔ་བཅུ་ཙམ་བསྟེན་ནས་ཐམས་ཅད་མཁྱེན་པར་གྲགས། ཁོང་ཁམས་ཕྱོགས་སུ་བྱོན་དུས་ཤྭ་བ་ཐོག་ལ་ཀཿགདམ་མཆོད་རྟེན་ཆ་གཅིག་འགེལ་ནུས་རབ་བྱུང་བདུན་པའི་ཤིང་ལུག་ལོར་འདབ་སྟོད་ས་སྐྱ་བརྒྱུད་འཛིན་པའི་བྲག་ནག་ནོར་བུ་གླིང་བཏབ། དགོན་འདི་བཏབ་ནས་གཙུག་ལག་ཁང་གསར་དུ་བཞེངས་པ་དང་སྨན་འདམ་གྱི་ལྷ་སྐུ་མང་དུ་བཞེངས་ནས་རབ་གནས་མཛད་དུས་ཤིན་ཏུ་ངོ་མཚར་བའི་རྟགས་མཚན་མང་དུ་བྱུང་། དེ་དུས་དགེ་འདུན་གཅིག་སྟོང་ཙམ་བཤད་གྲྭ་མཁན་པོ་འཇམ་དབྱངས་བསྟན་པ་རྒྱ་མཚོ་དང་སྒྲུབ་གྲྭ་མཁན་པོ་ཀུན་དགའ་བསྟན་པའི་ཉི་མ་བསྟན་པ་ཕྱོགས་བཅུར་ཁྱབ་པར་མཛད། དགོན་འདིའི་འདེབས་པ་པོ་དགུང་ལོ་བདུན་ཅུ་ཙམ་ལ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་གཤེགས་པར་གསུངས།

དེ་ནས་བརྒྱུད་འཛིན་གྱི་སྐྱེས་ཆེན་དམ་པ་རིམ་བྱོན་ནི་འོད་ཟེར་རྒྱལ་མཚན་དགེ་ལེགས་བཟང་པོ། [page 526] རྗེ་བཙུན་ཀུན་དགའ་བཟང་པོ། བརྩོན་འགྲུས་བཟང་པོ། ནམ་མཁའ་རྒྱལ་མཚན། བསྟན་པ་རྒྱ་མཚོ། མཁན་པོ་བསྟན་པ་འཇིགས་མེད། འདི་ཁོང་རྣམ་པའི་དུས་ལ་དགོན་གསར་དང་གནས་འཇི་གཉིས་ཀྱི་འབྲེལ་བ་བཙུགས། ལྷ་སྲུང་། བླ་མ་བྱང་ཆུབ་ཆོས་འཕེལ་སྐུ་ཕྲེང་མང་དུ་ངོས་འཛིན་ནས་ཟླ་བ་བཟང་པོ་བར་དུ་འབྱུང་། ཀུན་དགའ་ཆོས་ཀྱི་ཉི་མ། ཀུན་དགའ་འབྱུང་གནས་སོགས་ཀྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་ནས་བརྒྱུད་པ་དགོན་འདིར་བྱུང་ངོ་། འདབ་ཛེ་སྨད་ཚང་ལ་བླ་རྒྱུད་ཆད་བླ་རབས་བརྒྱ་དང་སུམ་ཅུ་སོགས་སོ་གཉིས་བཞུགས། དེ་ལྟར་སྐྱེས་ཆེན་དམ་པ་རྣམས་ཀྱིས་སྐུ་ཚེ་ཧྲིལ་པོ་རིང་ལ་ལུང་རྟོགས་ཀྱི་བསྟན་པ་སྒོམ་སྒྲུབ་མཛད་པ་དགོན་འདི་ཐོག་མ་ནས་བཤད་སྒྲུབ་ཀྱི་སྲོལ་ལེགས་པར་ཚུགས་ཏེ་དཔལ་སྡེ་ཁག་མ་ཟད་ལི་ཐང་། ཕྱག་ཕྲེང་། མུ་ལི་སོགས་ཐམས་ཅད་འདུས་ཤིང་སྙན་གྲགས་ཕྱོགས་ཀུན་དུ་ཁྱབ། བཤད་གྲྭ་དེ་དག་གི་ཉིན་ལན་གསུམ་ཡི དམ་སྒོམ་བཟླས་དང་དེང་རྒྱུན་དུ་མདོ་སྔགས་སོགས་ཀྱི་འཆད་ཉན་མཛད་དེ་འཆད་རྩོད་རྩོམ་གསུམ་ལ་མཁས་ཤིང་མང་། དེ་ཕྱིས་སུ་ཡུལ་འཁོར་འདི་ལ་རྒྱ་དམག་སོགས་ཡོན་ནས་དགོན་པ་གཞན་བརླགས་པར་བྱེད། རང་གཞན་ནི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་རྣམས་བརླགས། ཡུལ་སྡེ་རྣམས་ལ་མུ་གེ་འབྱུང་ནས་བཤད་གྲྭ་རྒྱུན་ཆད། དེའི་རྗེས་བླ་མ་རབ་འབྱམས་སོགས་ཀྱི་དུས་ལ་བཤད་གྲྭ་དངོས་སུ་མེད་ཀྱང་འཆད་ཉན་མཛད་པ་སྔར་བཞིན་ནོ།

དགོན་འདི་ཆགས་ནས་བཟུང་སྐྱེས་ཆེན་དམ་པ་རྣམས་ཀྱིས་བཞེངས་པའི་སྐུ་གསུང་ཐུགས་རྟེན་ནི། ལྷ་ཁང་ཆེ་ཆུང་གཉིས། བྱམས་ཁང་། ཇོ་ཁང་། གསེར་ཁང་། ལམ་འབྲས་ཁང་། སྲུང་མ་ཁང་། པར་ཁང་དང་། གྲྭ་ཤག་ལྔ་བཅུ་ཙམ་མོ། གསེར་ཁང་ནང་རྟེན་གཙོ་ནི་ཆོས་འཕགས་ཀྱིས་བཞག་པའི་རྒྱ་ནག་ལི་མ་ཚེ་དཔག་མེད་ཀྱི་སྐུ་ལུས་ཚད་དམ། བཀའ་གཏེར་ཆོས་འཕེལ་འོད་ཟེར་ཤྭ་བ་ལ་འགེལ་ནས་གདན་དྲངས་པའི་ཀཿགདམ་མཆོད་རྟེན་ལུས་ཚད་དང་མཉམ་པ་ཆ་གཅིག བཀའ་གདམས་མཆོད་རྟེན་ཆུང་བ་མཐོ་གང་དང་ཆེ་བ་ཁྲུ་གང་མང་སྐྱོན་མེད་ཁོ་ན་ལྔ་བཅུ་ཡོད་པར་གྲགས། འགྲོ་མགོན་ཆོས་འཕས་ཀྱི་སྐུ་ཁྲུ་གང་ཙམ་གཅིག། སྟོན་པ་ཐུབ་པའི་དབང་པོ་ལུས་ཚད་ལྡན་གཉིས་ཉེ་བའི་སྲས་ཆེན་བརྒྱད། འོད་དཔག་མེད། ཚེ་དཔག་མེད། སྒྲོལ་མ་དང་རྣམ་འཛོམས་སོགས་དེ་ཐམས་ཅད་ལི་མ་ཁོ་ན་ཡིན་པ། ཁང་ལམ་འབྲས་ནས་སྨན་འདམ་ལས་གྲུབ་པའི་གོང་མ་རྣམ་ལྔ་དང་གུ་རུ་སོགས་ལྷ་བརྒྱ་ཙམ། ལྷ་ཁང་ཆུང་བ་ནང་རྒྱ་གར་ལི་མ་གཏེར་མ་ཞེས་གྲགས་པའི་ཀྱེེ་རྡོར་ཡབ་ཡུམ་དང་དཀྱིལ་འཁོར་གསང་བདེ་འཇིགས་གསུམ་སྔོན་རྫིའུ་ཞིག་གི་གདན་དྲངས་པའི་གསུང་བྱོན་མ་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་གཅིག་བཞུགས། གསུང་རྟེན་ཐད་འགའ་ཙམ་ཞུ་ན་བྲིས་རྙིང་སྐྱེས་རབས་དཔག་བསམ་འཁྲི་ཤིང་དང་གསེར་བྲིས་བཀའ་འགྱུར་དང་འབུམ་བཞུགས། ཚོན་པར་དང་སྣག་པར་གཉིས་ཀྱི་བཀའ་འགྱུར་ཆ་ལྔ་བསྟན་འགྱུར་ཆ་གསུམ། གཞན་ཡང་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་འབུམ་དང་གྲུབ་མཐའ་ངེས་མེད་པ་རྣམས་ཡང་མང་དུ་བཞུགས་སོ། མཆོད་པའི་ཡོ་བྱད་ནི་འཁར་རྔ་སྦུག་ཆལ་སིལ་སྙན་ཧོར་ཧ་ཤང་། རྒྱ་དང་བལ་ཡུལ་[page 527] སོགས་ནས་བླུས་པའི་ལི་རྙིང་ལས་གྲུབ་པ་བདུན་བཅུ་ལྷག་ཙམ། རྒྱ་གླིང་རག་དུང་དང་དུང་དཀར་གཡས་འཁྱིལ་དང་ལི་གསེར་དངུལ་རག་བྱུ་རུ་གཡུ་སྤོས་ཤེལ་སོགས་ཀྱི་ཕྲ་དང་ལྡན་པའི་མཆོད་རྫས་དུ་མ། གཏོར་ཆས་འཕན་གདུགས་ཡོ་བྱད་ནི་གོང་གཞལ་དཀའ་བའི་འཆམ་ཆས་དང་ཤོག་འདམ་གྱི་འབག་དང་གཏེར་དངུ་རྒྱན་དང་མཚོན་བཅས་ཀྱང་བཞུག་པ་ལགས་སོ།།

འདི་ལྟར་སྤྱོད་པའི་གང་གི་ཡུལ་ནི་སྒྲུབ་མཆོད་རེ་དང་རྒྱུད་སྡེ་རེ་ཡི་ཚོགས་དེ་ནི་ཟླ་བ་དང་པོ་ཚེ་བརྒྱད་ནས་བཅུ་དྲུག་བར་ལ་སྨོན་ལམ་བླ་མཆོད་ཞེས་པ་དང་ཟླ་བ་གསུམ་པའི་ཚེས་བཅུ་བཞི་ནས་ཉིན་གསུམ་ལ་སྨན་མཆོག། ཟླ་བཞི་པའི་ཚེས་གསུམ་ནས་འཕགས་པ་དབང་ཕྱུག་ཞལ་བཅུ་གཅིག་བསྙུང་གནས་ཆ་བརྒྱད་དང་ཚེས་བཅོ་ལྔ་ལ་ཚེ་དཔག་མེད་དཀྱིལ་འཁོར་སྒྲུབ་མཆོད་ཉིན་གཅིག ཟླ་ལྔ་པའི་ཚེ་བརྒྱད་ནས་ཉིན་བདུན་ཀུན་རིག་བསྙེན་རྒྱས་སྒྲུབ་མཆོད་ཞེས་པ་ནས་ཉེར་བརྒྱད་གནམ་སྟོང་བར་སྤྱི་རིམ་འཚོགས་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་བས་ཟླ་ཕྱེད། དབྱར་གནས་གྲྭ་བ་ཉེར་ལྔ་འཚོགས། ཟླ་བ་བརྒྱད་པ་སྤྱི་རིམ་ཉིན་གསུམ་དང་ཟླ་བ་བཅུ་པའི་ཚེས་ཉེར་བཞི་ཀྱེེ་རྡོར་སྒྲུབ་མཆོད་ཉིན་བདུན་འཚོགས། ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གསུམ་ནས་མགོན་པོ་ལྷ་བརྒྱད་སོགས་སྒྲུབ་མཆོད་འབག་འཆམ་དང་བཅས་པ་འཚོགས་རྒྱུ་མཆིས་སོ།

ཆོས་སྡེ་འདི་ཚོགས་པའི་གཏོང་སྒོ་ནི། སྔོན་རྗེ་བླ་མ་དུས་ལ་དགེ་རྒྱས་སེང་གེ་ཞེས་བྱ་བས་གསེར་དངུལ་གནང་བ་འབྱོར་དང་ནོར་ལྡན་རྣམ་ཐོས་བུ་དང་འགྲན་པའི་འཇིག་རྟེན་བྱ་བ་སྙིང་པོ་མེད་པ་རྟེན་དང་བརྟེན་པ་བཞེངས་པའི་མཐུན་རྐྱེན་བསྒྲུབས་པ་དང་སྡེ་འཁོར་རྣམས་ཀྱིས་ཀྱང་དེ་བཞིན་དུ་སྒྲུབ་བགྱིས་སོ། དགེ་འདུན་པའི་འཚོ་བ་ནི་བསོད་སྙོམས་ཁོ་ན་མ་གཏོགས་གྲྭ་གཉེན་ཆགས་སྡང་ཀྱི་འདུ་ཤེས་ཀུན་སྤངས་ནས་ཆོས་གྲྭ་འདིར་བསྟན་པ་བཤད་སྒྲུབ་ལས་ཀྱིས་བསྐྱངས་པར་བརྟེན། སྔ་རབས་པའི་སྐབས་ལ་བླ་རབས་གོང་མའི་ཐུགས་སྲས་གཙོ་བོ་རེས་གདན་པ་འཛིན་པ་ལས་བླ་མའི་སྤྲུལ་སྐུ་ངོས་འཛིན་སྲོལ་མེད། དེའི་རྗེས་བཤད་སྒྲུབ་གྲྭ་རྒྱུན་ཆད་ནས་གནས་འཇི་མཁན་པོས་དགོན་ལག་ལྟར་སྐྱོང་བས་གནས་འཇི་དགོན་གྱི་དགོན་ལག་རྩིས། བྱང་ཆུབ་ཆོས་འཕེལ་གྱི་ཡང་སྲིད་ངོས་འཛིན་ནས་གསེར་ཁྲིར་མངའ་གསོལ་ནས་བཟུང་སྟེ་སྐུ་ཕྲེང་རིམ་བྱོན་གྱི་བསྟན་བདག་གི་འགན་བཞེས། དེའི་འོག་ཕྱག་མཛོད་མི་གསུམ་རེ་དང་འཚོགས་པ་ནས་དགེ་སྐོས། དཔལ་འབྱོར་གྱི་འགན་ཁུར་མི་བརྒྱད་གཏོང་སྒོ་ལས་ཐོག་གི་མི་བརྒྱད་ལོ་གསུམ་རེར་འཁོར་རོ།། དེ་ལྟར་བྲག་ནག་ནོར་བུའི་གླིང་གི་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་སྔགས་ཕྱི་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས། གཙུག་ལག་ཁང་ནང་གི་རྟེན་དང་བརྟེན་བཅས་ལན་གསུམ་བསྐོར་ན་ངན་སོང་གསུམ་ལས་ཐར་བར་གྱུར་བ་སོགས་དམངས་ཁྲོད་དུ་གྲགས་སོ།།

འོན་ཀྱང་རིག་གནས་གསར་བརྗེ་དུས་སྐབས་ལ་ཡང་གཙུག་ལག་ཁང་གཅིག་མ་གཏོགས་བརླགས། བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཕག་ལོར་ཆོས་དད་རང་མོས་ཀྱི་སྦྲང་ཆར་བབས་བཞིན་རང་དགོན་མེ་[page 528] ཏོག་ཅུང་ཞིག་འཁྲུངས་པ་ལྟར། སྔར་གྱི་ལི་མ་གསེར་སྐུ་དང་མཆོད་རྟེན་འགའ་རེ་དད་ལྡན་རྣམས་ཀྱིས་ཕུལ་བར་བརྟེན་དགོན་པ་ཡང་གསར་དུ་སྐྲུན་པའི་འགོ་ཚུགས་ནས་གསེར་སྐུ་ཁང་དང་གཙུག་ལག་ཁང་བཞེངས། དགེ་འདུན་པ་བརྒྱ་དང་སུམ་བཅུ་ཡས་མས་ཀྱིས་སྒྲུབ་མཆོད་ལྟར་དུ་རྒྱུན་བསྐྱངས། དུས་རྒྱུན་སྒོར་ཁྲི་མང་ཙམ་ཞིག་ཚོང་ལས་སུ་སྤྲོད་ནས་ཁེ་སྤོགས་དང་སྐྱབས་རྗེ་གནས་འཇི་སྤྲུལ་སྐུ་རྒྱ་གར་ནས་བྲག་ནག་དགོན་ཉམས་གསོ་ཆེད་དུ་སྒོར་ཁྲི་བཅུ། སྟོན་པ་སྐུ་ལུས་ཚད་དང་མཉམ་པ་གཅིག སྒྲོལ་དཀར་ཁྲི་གང་གནང་བ་དང་ངག་དབང་བསྟན་འཛིན་སོགས་ཀྱི་ཐུགས་ཁུར་འོག་དགེ་འདུན་དེ་དག་གི་སྡོམ་པ་གསུམ་གྱི་བསླབ་པ་ཡོངས་སུ་བསྐྱངས་ནས་རྒྱུད་རྣམ་པར་དག་ནས་བཞུགས་སོ།།

རྫ་དགོན་ཞབས་གྲྭ་ཚང་གི་ལོ་རྒྱུས།

རྫ་དགོན་ཞབས་གྲྭ་ཚང་ནི་མ་ཧ་རྫ་ཁུར་འདེབས་པའི་རྫ་དགོན་ལྟག་གྲྭ་ཚང་གི་ཞབས་ཕྱོགས་ལ་ཆགས་ཡོད་པས་ས་དཔྱད་སོགས་ནི་མཚུངས་བས་མཚན་དེ་ལྟར་ཐོགས། དགོན་འདི་བླ་མ་འཇམ་དབྱངས་བཀྲ་ཤིས་ཕུན་ཚོགས་ཀྱིས་རབ་བྱུང་བརྒྱད་པའི་སྨད་ཙམ་ལ་བཏབ་པའི་ས་སྐྱ་དགོན་པ་ཞིག་ཡིན། རིམ་བཞིན་བླ་མ་དེ་ཡི་བརྒྱུད་པ་ངག་དབང་བསྟན་འཛིན་ཀུན་དགའ་འཕྲིན་ལས་རྒྱ་མཚོ་སོགས་མཁན་རབས་སོ་གཉིས་ཡོད། ལི་ཐང་དགོན་གསར་གྱི་དགོན་ལྷག་ཏུ་གྲགས་སོ།། སྔར་བཀའ་འགྱུར་གསེར་དངུལ་ཀྱིས་བྲིས་མ་དང་སྒྲོལ་ཐབས་དུམ་བུ་བཅུ་བཞི། ས་སྐྱ་བཀའ་འབུམ། མ་ཎི་བཀའ་འབུམ་བཅས་དང་། གསེར་སྐུ་ལྔ་བརྒྱ་ཙམ། བཀའ་གདམས་མཆོད་རྟེན་མིའི་སྐུ་ཚད་གཅིག་ཡོད། ལྷ་ཁང་དུ་ཚེ་དཔག་མེད་ཐོག་ཚད་གཅིག བྱམས་པ་དང་ཚེ་དཔག་མེད་གཉིས་ཀྱི་སྐུ་གཡས་གཡོན་དུ་བཞུགས། འདུ་ཁང་ནང་དུ་ས་པཎ་དང་འགྲོ་མགོན་ཆོས་འཕགས། ཡི་དམ་བཅས་ཡོད། ཆུང་བ་རྣམས་ནི་མང་ཙམ་ཡོད་དོ།

གངས་ཅན་སྤྱིའི་དགོན་ལྟར་ངོ་རྒོལ་བཞི་བའི་ཚེ་དགོན་འདི་ཡང་བརླགས། བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཕག་ལོར་སླར་སྐྲུན། མི་འགྱུར་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཐེངས་གཉིས་བྱོན། མགོན་པོ་བསོད་ནམས་མཆོག་ལྡན་སྐྱིད་ལེགས་ཆོས་ཀྱི་རྒྱལ་མཚན་བཅས་བྱོན་ནས་འབངས་མི་སེར་ལ་དབང་ལུང་སོགས་གནང་བར་བརྟེན། སྔར་གྲྭ་བ་ཞེ་ལྔ་དང་དེང་སོ་གཅིག་ཙམ་ཟླ་བ་བཞི་པའི་སྨྱུང་གནས། གནས་བརྟེན་ཕྱག་མཆོད་ཉིན་བཞི། སྨན་ལྷ་ཉིན་བཞི། གུ་དྲགས་ཉིན་དྲུག། སྐྱེས་བཟློག་ཉིན་བདུན། སྤྱི་རིམ་ཉིན་གསུམ། དགུ་གཏོར་ཉིན་བདུན་དང་སྨོན་ལམ་ཉིན་བདུན་བཅས་སྔར་བཞིན་ཚོགས་ཡོད་དོ།།

འཕྲིན་ལས་བསམ་འཕེལ་གླིང་གི་ལོ་རྒྱུས།

འཕྲིན་ལས་བསམ་འཕེལ་གླིང་ཆགས་སའི་ཡུལ་ལ་ལྡན་མོ་ཞེས་པའི་མིང་ཐོགས་ཚུལ་ནི། གནའ་སྔ་མོ་[page 529] ས་ཆ་འདིར་དུད་ཚང་བཅུ་བདུན་ཆགས་ཡོད། ཉིན་ཞིག་ལ་ཚོང་པ་ཞིག་ཡོང་ནས་གསེར་བྲེ་གང་དུད་ཚང་གཅིག་ཏུ་བརྗེད་ནས་འགྲོ། སླར་ཚུར་ལོག་ནས་ལེན་ཡོང་སྐབས། གསེར་བྲེ་གང་དེ་སྔར་བཞིན་ཡོད་པས་ཚོང་པ་དེས་ལྡན་པོ། ལྡན་པོ། ལྡན་པོ་ལན་གསུམ་ཟེར་བས་ཕྱིས་སུ་ཡུལ་དེའི་མིང་ལ་ལྡན་པོ་ཞེས་ཆགས་པ་མ་ཟད་ལྡན་པོ་ལུང་པ་འདི་ཨྱོཾན་གྱི་སྡེ་སྐུང་དུ་ཡང་གྲགས་སོ།།

དང་ཐོག་དགོན་པ་འདིའི་མིང་ལ་དཔལ་ལྡན་ན་ལེན་གྲྭ་ཚང་ཟེར། དེ་དུས་གྲུབ་མཐའ་ནི་ཕག་གྲུ་བཀའ་བརྒྱུད་ཡིན། རབ་བྱུང་གསུམ་པའི་སྟོད་ཙམ་དར། རབ་བྱུང་བཞི་པའི་སྨད་ཙམ་ལ་འགྲོ་མགོན་ཆོས་འཕགས་རིན་པོ་ཆེས་ས་སྐྱ་རུ་བསྒྱུར། དེ་དུས་གྲྭ་བ་ལྔ་བཅུ་ཡོད་པས་ལན་བཅུ་དགོན་པ་ཞིག་འབོད་པ་དང་ལི་ཐང་སྤྲུལ་སྐུ་རྣ་ལྷུག་ཟེར་བ་དེ་ཉིད་ཀྱིས་དགོན་བདག་བྱས་པས་དེ་ལ་རྣ་ལྷུག་དགོན་ཡང་འབོད། ཁྲལ་ནི་ལི་ཐང་དགོན་པར་འཇལ་དགོས་པར་གྲགས་ལ། སྤྲུལ་སྐུ་དེ་ཉིད་ཀྱི་རྗེས་ལ་སྤྲུལ་སྐུ་ཨོ་རྒྱན་བསྟན་སྐྱོང་ཞེས་པའི་དུས་ལ་ཕྱག་ཕྲེང་རྫོང་གི་ཆོམ་རྐུན་རྙིང་ནང་ཟླ་བ་ཟེར་བ་དེས་རྣ་ལྷུག་དགོན་པ་མེར་བསྲེགས་དུས་དཔལ་ལྡན་ལྷ་མོ་ཞལ་དངོས་མགོན་པའི་ཐོག་ཏུ་བྱོན་མྱོང་བར་གསུངས། སྤྲུལ་སྐུ་ཨོ་རྒྱན་བསྟན་སྐྱོང་དང་རྙིང་ནང་ཟླ་བ་གཉིས་པར་འདུམ་བཟོ་སྐབས་སྤྲུལ་སྐུས་མ་ཎི་ཕྲེང་བ་སྤྲུལ་དུ་བསྒྱུར་བ་སོགས་ཡ་མཚན་ཆེ་བའི་རྟགས་བསྟན། རྙིང་ནང་ཟླ་བས་གྲོགས་རྣམས་ལ་སྨྲས་པ། ད་འགྲོ་སུ་གཅིག་གིས་ཀྱང་དོ་ཟླ་མི་ཡོང་། དེའི་རྐྱེན་གྱིས་རྙིང་ནང་ཟླ་བ་ཕ་བུ་གཉིས་ཀྱི་རིང་ལ་ལྡན་པོ་ལུང་པར་དགོན་འཚེ་མི་སྐྱེལ་བ་སོགས་ཁས་བླངས། འོན་ཀྱང་ལྡན་པོ་འབྲོག་པའི་ཕྱུགས་སོགས་འཕྲོགས་བས་ལི་ཐང་ཚོགས་གསུམ་དང་དགྲ་འཛིངས་སྐབས་ཕམ་པ་སོགས་ཀྱི་ལོ་རྒྱུས་ཡོད། ངོ་རྒོལ་བཞིའི་རིང་དགོན་པ་བརླགས། རབ་བྱུང་བཅུ་དྲུག་པ་འདིའི་གྲུབ་མཐའ་ཡང་སྤྲུལ་སྐུ་འཕྲིན་ལས་རྣམ་རྒྱལ་གྱིས་རྙིང་མ་རུ་བསྒྱུར་ཅིང་གདན་ས་འདིར་ལྷག་བསམ་དག་པའི་ངང་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་མཛད་པའོ།།

ད་ལྟ་དགོན་པ་དེའི་ཉེ་དྲུང་དུ་བྱང་ཆུབ་མཆོད་རྟེན་ཞིག་ཡོད་པ་དེའི་རྨང་གཉིས་བཏིང་པའི་ཉིན་དེ་སྤྲུལ་སྐུ་དེ་ཉིད་སྐུ་མྱ་ངན་ལས་འདས་ནས་ཞག་བདུན་ཕྲག་བདུན་ཚང་བའི་ཉིན་ཡིན། ཉིན་དེར་མི་རྒན་དང་རྒྱ་ལས་བཟོ་བ་རྣམས་ཀྱིས་འཇའ་ཚོན་དམར་གསེལ་ཀུན་གསལ་ལམ་དུ་ཁྱབ་པ་དང་རིམ་བཞིན་མཇའ་ཚོན་དེ་རྣམས་ཨོ་རྒྱན་གྱི་སྐུ་རུ་གྱུར་བ་སོགས་རྟགས་མཚན་མཇལ་བ་ནི་ཟོས་ཟེར་བའི་མ་རྒན་ཞིག་གི་ངག་ལས་ཐོས་སོ།

དེང་གི་དགོན་འདིར་ལྷ་ཁང་གཅིག་དང་སྔགས་རྒྱུན་ཁང་གཅིག་ལྷ་ཁང་ནང་དུ་ལྡེབས་བྲིས་ཨོ་རྒན་ཆེན་པོ་སོགས་བཞེངས་ཡོད། གཞན་འགྲོ་མགོན་དུས་ནས་ཤུལ་དུ་ལུས་པའི་ཟངས་གསེར་སྐུ་རྡོར་སེམས། ཚེ་དཔག་མེད། ཐུབ་སྐུ་གཉིས། འཇམ་དཔལ་དབྱངས། ས་པཎ་དང་ཨོ་རྒྱན་ཆེན་པོའི་སྐུ་བརྙན་བདུན། ཨོན་རྒྱན་གསེར་སྐུ་གཅིག སྦུབ་ཆོལ་དང་དུང་དཀར། དཔལ་ལྷ་མོའི་ཐང་ག་རྙིང་པ་སོགས་དང་། གསུང་གི་རྟེན་ལ་བཀའ་བསྟན་འགྱུར་གཅིག་ལས་གཞན་མེད། གྲྭ་རྒན་གསུམ་དང་གྲྭ་ཕྲུག་གསུམ་བཅུ་[page 530] ཙམ་ཡོད། དུས་རྒྱུན་གྱི་སྒྲུབ་མཆོད་སོགས་ནི་མེད། དགོན་འདིའི་ལོ་རྒྱུས་ནི་གནའ་ཡིག་དང་ལོ་རྒྱུས་བཅའ་ཡིག་སོགས་གང་ཡང་མེད་རྐྱེན་ཆ་ཚང་བ་དང་རྒྱས་པ་བྲིས་བསམས་ཀྱང་བྲིས་མ་ནུས་སོ།།

Back To Top

ཁམས་ཕྱོགས་དཀར་མཛེས་ཁུལ་དགོན། དེབ་གསུམ་པ།
Collection Tibetan Monastic Guidebooks
Visibility Public - accessible to all site users
UID mandala-texts-14566
DOI