Skip to main content Skip to search
རྙེ་ལྷུན་གྲུབ་ཆོས་རྫོང་ངོ་སྤྲོད་མདོར་བསྡུས།

  དགོན་པ་འདི་ནོར་འཛིན་ས་ཡི་ཐིག་ལེ་ཁྲི་ཀ་གསེར་མོ་ལྗོངས་ཞེས་པའི་ས་ཆར་འཕྲང་དམར་ཚོ་སྐོར་བཅུ་གཉིས་ཀྱི་ནང་ཚན་སྟག་ རིག་སྡེ་བའི་ཉེ་འདབས་ཀྱི་དཔལ་འཁོར་ལོ་སྡོམ་པའི་ཞིང་བཀོད་ནོར་བུ་གསུམ་སྤུངས་འདྲ་བའི་རི་ཆུང་གསུམ་གྱི་ལྟེ་བ་རུ་ཆགས་ ཡོད་ལ་རྫོང་མཁར་ནས་སྤྱི་ལེ་སུམ་བཅུ་ཡས་མས་ཡོད། དགོན་པ་དེ་ཁྲི་ཀའི་དགོན་མ་ལག་ཉེར་ལྔའི་ཡ་གྱལ་དགེ་ལུགས་པའི་རི་ཁྲོད་དགོན་པ་ཞིག་ཡིན་ལ། དངོས་མིང་ནི་རྙེ་རི་ཁྲོད་ལྷུན་གྲུབ་ཆོས་རྫོང་ཟེར།

  དགོན་པ་འདི་ཕྱག་འདེབས་གནང་མཁན་ནི།

ལྷར་བཅས་སྐྱེ་དགུའི་གཙུག་ནི་ནོར་བུ་སྟེ་རྗེ་བཙུན་༧བློ་བཟང་ནམ་མཁའ་རྒྱལ་མཚན་མཆོག་ཉིད་ཡིན་ལ། རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་བྱི་ལོའི་སྤྱི་ལོ་༡༦༦༠ལོ་དང་། རབ་བྱུང་བཅུ་གསུམ་པའི་མེ་ཕག་སྟེ་སྤྱི་ལོ་༡༧༦༧ལོ། རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་སྟེ་སྤྱི་ལོ་༡༧༧༠ལོ་སོགས་བཏབ་གནང་མཛད་དུས་མི་མཐུན་པ་གང་མང་ཡོད་མོད། ཕྲན་གྱིས་ལོ་རྒྱུས་དང་ངག་རྒྱུན་ལ་དཔྱད་བསྡུར་བྱས་མཐར། སྤྱི་ལོ་༡༧༡༠ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པས་བླ་བྲང་བཀྲ་ཤིས་འཁྱིལ་བཏབ་པ་དང་དུས་མཚུངས་ལ་གཙིགས་ཆེ་བས་ དུས་དེར་ངོས་འཛིན་བཞིན་ཡོད། དགོན་པ་འདིའི་གསེར་ཏོག་སེར་པོའི་གཟི་འོད་དང་གཡུ་གྱོ་སྔོན་མོའི་རྒྱ་ཕིབས་འོག་ནས་འཔལ་འབར་བའི་བསྟན་པའི་མངའ་བདག་འགའ་བརྗོད་ན། སྒོམ་སྡེ་མན་མཁའ་རྒྱལ་མཚན་མཆོག་གིས་སྐུ་ཚེ་གང་བོར་རྣམ་དཀར་དགེ་བའི་ལས་ཁོ་ནར་ཐུགས་གཞོལ་པས་ བསྟན་པའི་མངའ་བདག་ཏུ་གྱུར། ངག་དབང་བསྟན་འཛིན་མཆོག་གིས་སྦྱངས་བརྩོན་ལྷོད་མེད་བྱས་པས། སྐྱེ་སྦྱངས་ཀྱི་ཤེས་རབ་ལ་ཐོགས་པ་མེད་པའི་རྣམ་དཔྱོད་ཀྱི་ཀློང་བརྡོལ་ཞིང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་ཟབ་མོའི་དོན་ མཐའ་དག་ཐུགས་སུ་ཆུད་པ། གོང་ས་༧རྒྱལ་དབང་མཆོག་གིས་ཐམས་ཅད་མཁྱེན་པའི་མཚན་གསོལ་ཚུལ་སོགས་བསིལ་ལྡན་འཛིན་མའི་ཁྱོན་ན་འབར་བས་ འདིར་རྒྱས་བཤད་བྱ་དགོས་དོན་མེད།

བསྟན་པའི་རྒྱལ་མཚན་མཆོག་གིས་རིག་པའི་སྒོ་འབྱེད་བསྡུས་གྲྭ་ནས་དབུ་ཕར་སོགས་གཞུང་པོད་ཚང་མའི་མཐའ་དཔྱོད་ལ་སློབ་ གཉེར་གནང་མཐར་བདུད་རྩིས་ཐུགས་ཀྱི་བུམ་བཟང་གང་བར་བྱས་ཤིང་། སྐྱེས་ཆེན་དམ་པ་མང་པོས་བསྔགས་བརྗོད་ཀྱི་སྦྲང་ཆར་ བསྙིལ་བ་སོགས་ལོ་རྒྱུས་སུ་གསལ། ད་དུང་བསྟན་འཛིན་བྱེ་བའི་གཙུག་རྒྱན་གང་མང་བྱོན་མྱོང་ལ། ད་ལྟའང་གསང་ཆེན་གྲུབ་པའི་རྣལ་འབྱོར་བ་དགེ་སློང་ཆོས་གྲགས་རྒྱ་མཚོ་ཞེས་པའི་སྔགས་ནུས་ལ་ཀློང་བརྡོལ་བའི་དད་ལྡན་འགྲོ་ བའི་མགོན་པོ་ཞིག་དངོས་སུ་བཞུགས་ཡོད་ལ། ཁོང་གི་བྱིན་རླབས་ཕྲན་བུ“གསོ་ཐབས་རྡོ་རྗེ་ལྷུན་པོ ”རུ་གསལ། འདི་འདྲའི་སྐྱེས་ཆེན་དག་གི་གདན་ས་བླ་ན་མེད་པ་འདིའི་ལྷ་རྟེན་འགངས་ཆེན་དང་གནས་ཀྱི་བྱིན་རླབས་སོགས་རགས་བཤད་བྲིས་ཀྱང་མང་འགྲོ་བས་མ་བྲིས་སོ།།

Places Amdo Nye Drupdé Lhündrup Chödzong
རྙེ་ལྷུན་གྲུབ་ཆོས་རྫོང་ངོ་སྤྲོད་མདོར་བསྡུས།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Trisé Penden and the Red Garland Editorial Board
Year published 2018
Language Tibetan
Subjects
Places
UID shanti-texts-49826
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence