སྐྱུར་ཚག་གི་མཚམས་སྦྱོར། སྐྱུར་ཚག་གི་མཚམས་སྦྱོར།   (ཁྲི་ཀ)དགེ་འདུན།   མངར་ཚག་སྟེ་ནུང་བྱང་ས་ཁུལ་གྱི་ཁྱད་ལྡན་སིལ་ཟས་ཤིག ཡུག་གོའམ་ནས་བསྙལ་ནས་བཟོས་ཤིང་མཚོ་སྔོན་མཐོ་སྒང་གི་གནའ་མཁར་ཟི་ལིང་དང་རོང་འབྲོག་ཡུལ་གྲོང་སོ་སོར་ཁྱབ་པའི་དམངས་ཁྲོད་ཀྱི་སིལ་ཟས་ཡིན། སྐྱུར་ཚག་སྟེ་མཚོ་བོད་མཐོ་སྒང་དུ་འཁྱག་འགོག་སྨིན་སྔ་བའི་འབྲུ་རིགས་ཤིག་ནས་ཞིབ་ལསབྱས་པའི་ཡུལ་གྱི་ཁྱད་ལྡན་སིལ་ཟས་ཏེ།  མང་ཚོགས་གྱི་ངག་རྒྱུན་ལྟར་ན། སྐྱུར་ཚག་མངར། རན་བྱིས་འགྲམ་ཆུ་ལྡང་། དཀར་ཡལ་གང་དོས་ཟས་འཇུ་བཟང་། དཀར་ཡོལ་སུམ་བཞིས་ལྟོ་བ་འགྲངས། ཞེས་བཤད་ལ། དེར་དྲི་ལད་ལྡང་ཞིང་འཁྱག་ཅིང་བསིལ་བ། རོ་མངར་བའི་ཁྱད་ཆོས་ལྡན་ལ། ཟས་ན་ལོ་ཆང་བསིལ་མའི་དྲི་ལད་ཞིང་ལྡང་ལ།   དབྱར་ཀར་ཟས་ན་ལུས་ཁམས་དྭངས་ཤིང་རྣམ་རིག་གསལ་ལ་ངལ་དུབ་སེལ་ཐུབ། དགུན་ཁར་ཟས་ན་ལུས་སྟོབས་རྒྱས་ཤིང་ཟས་འཇུ་བཟང་བས།   མཚོ་སྔོན་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་བྲོ་ལྡན་སིལ་ཟས་ཤིག་ཡིན། Food subjects 2585 For more information about this term, see Full Entry below.Subjects Tibet and HimalayasTopicsFull EntryRelated Subjects (6)Related Texts (5)Related Audio-video (29)Related Images (242) Triga places 1176 For more information about this term, see Full Entry below.Feature Type CountyPlaces EarthAsiaChinaQinghaiTsolho Tibetan Autonomous PrefectureFull EntryRelated Subjects (1)Related Places (76)Related Texts (116)Related Audio-video (81)Related Images (192) ནས terms 107791 Wylienas/ExpressionFor more information about this term, see Full Entry below.Terms nanar ma/Full EntryRelated Texts (1)Related Audio-video (1)Related Images (6)