ཐང་ཀ་མཚམས་སྦྱོར།

ཐང་ཀ་མཚམས་སྦྱོར།

 

ཁྲི་ཀ རྡོ་རྗེ་འབུམ།

 

   ཐང་ཀ་ནི་རྒྱ་ནག་ས་ཁུལ་གྱི་བྲིས་ཐང་དང་མཚུངས་པར་རས་དང་ཤོག་བུར་འབྲི་བ་མང་ཞིང་། དེའི་རྗེས་སུ་དར་གོས་ཀྱིས་མཐའ་བརྒྱན་ཞིང་ལེགས་པར་འཚེམ་སྟེ་མཛེས་བཟོ་བྱེད་པ་དང་། འགེལ་བདེ་བར་འཁོར་མདའ་གོང་མར་སྐུད་ཐག་ཕྲ་མོ་བརྒྱུས་ཡོད་པ་དང་། འཁོར་མདའ་འོག་མའི་སྣེ་གཉིས་ཀྱི་འཁོར་མགོ་ལེགས་པར་བརྒྱན་ཡོད། ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་དང་འབྲེལ་བའི་ཐང་ཀ་ལེགས་པར་གྲུབ་རྗེས་བླ་མས་རབ་གནས་མཛད་དེ་བྱིན་རླབས་གཞུག་དགོས་པ་མ་ཟད།    ཐང་ཀའི་རྒྱབ་ངོས་སུ་ཕྱག་རྒྱ་གདབ་དགོས། ད་དུང་སི་བཏགས་འཚེམ་དྲུབ་མ་དང་མུ་ཏིག་གི་ཐང་ཀ་ཡང་ཡོད་དོ༎

ཐང་ཀ་འབྲི་བཟོ་བྱེད་པ་ནི་རྙོག་འཛིང་ཆེ་བའི་ལས་ཤིག་ཡིན་པ་དང་བཀོལ་སྤྱོད་བྱེད་པར་དང་དོད་བྱེད་པ་དང་། བྲི་བྱེད་ཀྱི་ཚོན་རྒྱུ་ཐམས་ཅད་རང་བྱུང་གི་གཏེར་རྫས་དང་སྐྱེ་དངོས་ལས་བྱུང་ཞིང་།  ཚོན་མདངས་མཛེས་ཤིང་ཡལ་བ་མེད་པར་ཡུན་རིང་ལ་གནས་པ་ཡིན་པས། སྒང་པ་བོད་ཀྱི་ཁྱད་ཆོས་ཀྱིས་མངོན་པར་ཕྱུག    ཐང་ཀའི་ནང་དོན་གྱི་ཐད་ནས་མང་ཆེ་བ་ཆོས་ལུགས་དང་། ལོ་རྒྱུས།  རིག་གནས་སྒྱུ་རྩལ་དང་ཚན་རིག་ལག་རྩལ་སོགས་དང་འབྲེལ།    དེར་བོད་རིགས་མི་དམངས་ཀྱི་དད་མོས་དང་བློ་གྲོས་ཀྱི་བཅུད་འདུས་ཤིང་། དེས་བོད་དུ་ཤེས་རིག་དར་ཚུལ་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་མཚོན་པས།    ཀྲུང་ཧྭ་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཁྲོད་རིན་ཐང་གཞལ་དུ་མེད་པའི་གཟུགས་འདས་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་ཡིན་ནོ༎