ཤིང་རྩའི་བརྐོས་རིས་མཚམས་སྦྱོར།

ཤིང་རྩའི་བརྐོས་རིས་མཚམས་སྦྱོར།

 

ཁྲི་ཀཚེ་ནོར།

 

ཤིང་རྩ་སྟེལྗོན་ཤིང་གི་རྩ་བའམ་གཞིར་གོརང་བྱུང་སྐྱེ་ཁམས་ཀྱི་ཀྱ་ཀྱུའི་མཚར་ཉམས་དེ་སྒྱུ་རྩལ་བརྩམ་ཆོས་ཀྱི་གཞིར་བཟུང་ཞིང་། རིག་པས་རྣམ་པར་དཔྱད་དེ་སྒྱུ་རྩལ་དང་བཟོ་རྩལ་ཞིབ་ལས་བྱས་ཏེ། མིའམ་སྲོག་ཆགས། སྣོད་ཆས་སོགས་སྒྱུ་རྩལ་སྣང་བརྙན་སྐྲུན་ཅིང་། ཤིང་རྩའི་བརྐོས་རིས་སྒྱུ་རྩལ་ནི་རང་བྱུང་མཚར་ཉམས་ངོམ་པའི་ཞིབ་ལས་ཀྱི་རྣམ་པའི་སྒྱུ་རྩལ་ཏེ། སུམ་ཆ་མིས་བཟོས་ཤིང་བདུན་ཆ་རང་གྲུབ་ཅེས་པ་ཤིང་རྩའི་བརྐོས་རིས་བརྩམ་ཆོས་ཡིན་ཕྱིན།   ཤིང་རྩ་མང་ཤས་རང་བྱུང་གི་སྒྱུ་རྩལ་ཉམས་འགྱུར་ཐོན། ཉུང་ཤས་མིས་བཟོ་བཅོས་སྒྱུ་རྩལ་ཅེས་འབོད། རྩ་བ་ལེགས་བཅོས་བྱེད་ཚེ།    ཁུ་ཤུན་གཙང་འཁྲུད་བྱས་ཏེ་ཆུ་སྐམས་ཚེ་འཛེར་བ་གཞོག་སྟེ་རགས་རྡར་དང་ཞིབ་རྡར། ཚོན་འབྱུག་པ། མིང་འདོགས་པ་སོགས་གོ་རིམ་བརྒྱད་ཡོད། རྩ་བ་མཛེས་བཟོར་ལོ་རྒྱུས་ཀྱི་དུས་ཡུན་རིང་ལ། ཀྲན་གོའི་དུས་ནས་མིང་ཆིང་གི་རྩ་བ་མཛེས་བཟོའི་བརྩམ་ཆོས་དར་ཞིང་རྒྱས་པར་འདུག